ཉེ་བའི་ཆར་མདོ་སྨད་སྤྱི་འཐུས་སྒྲོལ་མ་མཚོ་མོས་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག་པ་དང་། དགོངས་ཤོག་ནང་རྒྱུ་མཚན་བལ་ཡུལ་དུ་ཧི་མ་ལ་ཡའི་མི་རིགས་དང་བོད་མི་ཟུང་འབྲེལ་གྱི་བུད་མེད་ཀྱི་ལས་དོན་ཡར་རྒྱས་གཏོང་ཆེད་ཚོགས་པ་གསར་འཛུགས་ཀྱིས་ཁུར་གཙོ་བོ་ལེན་མཁན་ཡིན་པས། ལས་ཀ་མང་པོ་མཉམ་དུ་ལྕོགས་ཀྱི་མི་འདུག་ཅེས་འཁོད་ཡོད་ཚུལ་འདུག
དེ་ཡང་མདོ་སྨད་སྤྱི་འཐུས་འཕེལ་རྒྱས་ སྒྲོལ་མ་མཚོ་མོ་སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས་ནས་སྤྱི་འཐུས་སུ་འདེམས་ ཐོན་བྱུང་ཡོད་པ་དང་། མུ་མཐུད་སྐབས་བཅུ་བཞི་པར་ཡང་འདེམས་ཐོན་བྱུང་ཡོད་པས་ལོ་བཅུ་ལྷག་སྤྱི་འཐུས་ ཀྱིས་འགན་ཁུར་བླངས་ཡོད་པ་རེད། སྤྱི་འཐུས་སྐབས་བཅོ་ལྔ་པའི་ནང་ནས་རྩ་དགོངས་ཞུས་ཡོད་པ་དང། སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་བལ་ཡུལ་དུ་ཧི་མ་ལ་ཡའི་མི་རིགས་དང་བོད་མི་ཟུང་འབྲེལ་གྱི་བུད་མེད་ཀྱི་ལས་དོན་ཡར་རྒྱས་གཏོང་ཆེད་ཚོགས་ པ་ཞིག་གསར་འཛུགས་ཀྱིས་འགན་ཁུར་གཙོ་བོ་ལེན་བཞིན་ཡོད་སྟབས། ལས་ཀ་མང་དྲགས་ནས་སྤྱི་འཐུས་ཀྱི་འགན་དེ་ཁྱོག་གི་མི་འདུག་ཅེས་རྩ་དགོངས་ཞུས་ ཡོད་ཚུལ་འདུག། མདོ་སྨད་ཀྱི་སྤྱི་འཐུས་སྒུག་ཐོ་དང་པོ་དེ་སྨན་པ་མཁྱེན་རབ་ལགས་ཡིན་པ་དང་། ཁོང་གིས་དམ་བཅའ་ཕུལ་ཟིན་པའི་རྗེས་སུ་མདོ་སྨད་སྤྱི་འཐུས་བཅུའི་ནང་སྤྱི་འཐུས་ གསར་པ་དྲུག་སླེབས་ཡོད་པ་རེད།།
༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས།༽
རེད་ཡ། ད་ནི་རྩ་དགོངས་ལ་བསྙད་ནས་གནས་སྐབས་གྲོས་ཚོགས་ནས་མ་ཐོན་རང་ཐོན་རང་རེད། གང་ཡིན་ཟེར་ན་སྐབས་གསུམ་པའི་སྲིད་སྐྱོང་བ་བཀའ་བློན་ཁྲི་པ་ནས་རྩ་བའི་དམ་བཅའ་གསུམ་ནང་གསེས་ཀྱི་ཡ་རྒྱལ་ ༼ཆིག་སྒྲིལ་༽ཟེར་བ་འདི་ནི་འཕེལ་རྒྱས་སྒྲོལ་མཚོའི་ལྟག་པའི་གཉའ་ཤིང་དུ་ཁེལ་བ་འདྲ། ལར་ནི་ཁྱེད་རང་བོད་ཀྱི་གཏམ་དཔེར། སོ་མེད་ན་སྲིན་བུ་མེད། མིག་མེད་ན་ལིང་ཏོག་མེད་ཞེས་པ་ལྟར་ཁྱེད་རང་ཚོ་འདས་པའི་ལོ་བཅུ་ཕྲག་ནང་སྐབས་འཚོལ་རིང་ལུགས་ལ་བསྟེན་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་དཀྲུགས་ཤིང་བྱེད་གཏེ་རྣམས་རིམ་པར་རྩ་དགོངས་དུ་བསྙད་ནས་ཐོན་ན་ཡག་ཤོས་རེད།
རྟ་ལམ་བུང་བས་མ་བཀག་ནས་རྩ་དགོངས་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྨན་དགེ་མཁྱེན་རབ་ལགས་སྤྱི་འཐུས་སུ་྄ཐོན་པར་དགའ་བསུ་ཞུ།
དངོས་སྐྱོན་མཐོང་ཐུབ་པའི་སྤྱི་མཐུས་ཞིག་རྩ་དགོངས་ཞུས་པར་བློ་ཕམ་བྱུང་སོང་།
ད་དུང་ཐོན་ཤིག་ཐོན་ཤིག ཁྱེད་རང་གི་ཁ་གཏད་དུ་ཡོད་པའི་ཤེས་ཡོན་མེད་པའི་ཆོལ་ཁའི་ལྟ་ངན་འཁྲེག་འཛིན་མཁན་དུག་གི་སྡོང་པོ་བསོད་ནམས་སྟོབས་རྒྱལ་ཐོན་ཤིག
དེ་ཡི་རྒྱབ་རྩར་ལངས་མཁན་གང་དུ་སོང་ཀྱང་ཞབས་འདྲེན་ཅན། ཆོལ་ཁ་དང་ཆོས་ལུགས་མིང་བྱང་ཁུར་ནས་ཁྲག་དཀྲུགས་ཀྱི་ཐུར་མགོ་ཀརྨ་ཆོས་འཕེལ་ཐོན་ཅིག
སྤྱི་རྒྱུ་སྒེར་བདག་དང་རང་ཉིད་སྒེར་གྱི་རྙོག་དྲ་གྲོས་ཚོགས་སུ་ཁུར་ནས་བཙན་ཤེད་ཀྱིས་ཆོལ་ཁ་དང་ཆོས་ལུགས་ནང་ལ་དུག་གི་ས་བོན་འདེབས་མཁན་ཟླ་བ་ཚེ་རིང་ཐོན་ཤིག
དངོས་གནས་བུད་མེད་འཇོན་པོ་ཞིག་ལུས་ཡིན། བལ་ཡུལ་དུ་བོད་མི་ ༡༣༥༡༤ ལྷག་ཞིག་ཡོད་ཀྱང་བུད་མེད་ཀྱི་སྣེ་ཁྲིད་ཐུབ་མཁན་མོ་མ་གཏོགས་མེད་པ། ད་དུང་གནས་ཚུལ་གཞན་པ་ཞིག་ཏུ་མོའི་དགོངས་ཤོག་ནང་དུ་ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་རབས་ཀྱང་བྲིས་ཡོད་སྐད། བལ་ཡུལ་དགོན་སྡེ་བཅུ་ཕྲག་མང་པོ་ཡོད་ཀྱང་ནང་ཆོས་སྤེལ་ཐུབ་མཁན་མོ་མ་གཏོགས་མེད་པ། དེ་དང་དེ་འདྲ་བ་མང་པོ་ཞིག་ཡོད་ནི་རེད། ཨོ་་་ད་དུང་གཅིག་རྗེད་གྲབས་བྱེད་ཀྱི་འདུག རྒྱ་ནག་གིས་བལ་ཡུལ་དུ་ཐུགས་སྤྲོ་གཏོང་སྐབས་ཀྱང་མོ་རང་སྐུ་མགྲོན་གཙོ་གྲས་སུ་མེད་ཐབས་མེད་པ་ཞིག ད་དུང་དེ་སྐབས་མོའི་བོད་དུ་ཡོད་པའི་བོད་མི་རྣམས་ལ་ཆོས་ལུགས་རང་དབང་དང་འཚོ་གནས་སོགས་གང་ཅིའི་ཐད་ནས་འདོད་བློ་ཚིམས་པ་ཡོད་རབས་ཀྱི་གནས་ཚུལ་བལ་ཡུལ་གྱི་ཚག་ཤོག་ནང་ཐོན་པ་དེ་དག་ཡང་སྐྱར་བཟློས་བྱ་རྒྱུར་མེད་ཐབས་མེད་པ་ཞིག གང་ལྟར་གྲོས་ཚོགས་ནང་ནས་འུ་ཐུག་སྟེ་སོང་བ་ཡིནའང་འདྲ། ཨ་ཞང་ཚང་གི་མངགས་ཆ་འགྲུབ་ཚར་ནས་བོད་མི་མང་ལ་སེམས་ཁུལ་མེད་ནས་སོང་ཡོད་ནའང་འདྲ་ན་ཚ་ཞིག་ཉུང་སོང་ནི་རེད།
ཁོང་གིས་ཞལ་ཅི་མ་ཡིན་ལ་གྲག་གི་མ་རེད། གཅིག་གྲག་ན་གདའ་སྲན་ཕུང་དབྱུག་པས་རྡུང་པ་བཞིན་སྟོར་འཇོག་གི་རེད། ད་ཡང་སྙིང་རྗེ་ཚོགས་པ་དེ། ཚིག་གཅིག་གིས་ཐལ་བ་རླུང་གིས་ཁུར་བ་ལྟར་རྩ་མེད་གཏོང་གི་རེད། ལྟོས་ཨ།
ཨོའོ། །ད་ཡིན་ན་ནོར་སོང་། ཁོང་ལ་རྣམ་པ་ཡོད་ནི་རེད། རྒྱུ་ཡོད་ནི་རེད། རྒྱབ་རྩ་ཡོད་ནི་རེད། ཀླད་པ་ཡོད་ནི་རེད། སྐྲབ་ལག་མང་ནི་རེད། ང་ཚོས་ཁོང་གི་སྐྱོན་ཕྱོགས་གླེང་བ་དེས་ཆག་སྒོ་བཟོ་ནི་རེད། དཔེ་བསགས། འོ་རེད། སྨྱུག་མིང་གི་འོག་ཏུ་ཡིབས་ནས་རྟག་པར་གཞན་གྱི་སྐྱོན་མཚང་ཁོ་ན་འབྲུ་འདུག་པའི་དྲ་འབུ་མགོ་ནག་མ་དག་རབ་འབྱམས་དེ་ཚོ་གདའ་གང་སྐྱོན་མི་ཡོང་ཀོ། །
ཕྱོགས་ག་པར་ཐོན་ན་ཐོན། གཞན་དོན་ཆེད་དུ་ཡིན་ན་གུས་བཀུར་ཡོད། སྤྱི་ཚོགས་ཞབས་ཞུ་ཡིན་ན་བསྔགས་བརྗོད་ཡོད། དགོངས་ཤོག་ཚད་འཕེར་ཡིན་ན་གདེང་འཇོག་ཡོད། འདི་ནས་བལ་ཡུལ་ཡིན་ན་ངོ་སོ་ཡོད། ཁ་ཁོག་གཉིས་མེད་ཡིན་ན་ཡིད་རངས་ཡོད། ཕྱོགས་ག་པར་ཐོན་ན་ཐོན། རང་དོན་སྒྲུབ་ཆེད་ཡིན་ན་ངོ་རྒོལ་ཡོད། ཁྱིམ་ཚང་ལས་གཉེར་ཡིན་ན་བློ་ཕམ་ཡོད། དགོངས་ཤོག་རྫུན་བཀོད་ཡིན་ན་ཁ་ངན་ཡོད། ཁ་ཁོག་ལྟག་སྤྲོད་ཡིན་ན་དམོད་ངན་ཡོད། འདི་ནས་ཨ་རིར་ཡིན་ན་རྗེས་དེད་ཡོད། ཨ་རིར་གཡོག་ལས་ཡིན་ན་འགྲམ་ལྕག་ཡོད།
གོང་གི་གྲལ་ནས་གཅིག་བརྗེད་འདུག་པས་དགོངས་འགལ་མེད་པར་ཞུ། མུ་མཐུད་ནས་འགོད་རྒྱུ་ལ།
ཆོལ་ཁའི་གཡོན་ཕྱོགས་རིང་ལུགས་ཀྱི་ལྟ་ངན་གྱིས་བསླད་ཅིང་། ཕ་ངན་དུག་ཤིང་ལས་འཁྲུངས་པའི་བུ་མོ་ཧ་ལའི་མེ་ཏོག་འཇུ་ཆེན་དཀོན་མཆོག་ཀྱང་ཤེས་མེད་གཏམ་གྱིས་དཀྲུགས་ཤིང་དེ་མཚམས་བཞག་ནས་གྲོས་ཚོགས་དཀྱིལ་འཁོར་ཆེན་མོ་འདི་ལས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག
གོང་དུ་ཀརྨ་ཡེ་ཤེས་ཀྱིས་གཅིག་གཅིག་མིག་མིག་མང་པོ་ཞིག་ཉ་ཉུང་མཉམ་བསྲེ་བྱེད་ཡོང་གི་འདུག སྒྲོལ་མཚོའི་སྐོར་གླེང་བཞིན་དུ་དོན་མེད་མི་གཞན་དག་སྐྱོན་འདོགས་ན་གང་ཡོང་། གལ་སྲིད་དེ་སྔོན་གྲོས་ཚོགས་ཀྱི་ནད་རྙིང་དེ་དག་སྐྱར་སློང་བྱ་རྒྱུ་ཡིན་ན་མ་གཏོགས་ཕན་ཐོག་མེད་པ་རེད།
ད་སྒྲོལ་མཚོའི་རྐུབ་སྟེགས་ཚ་བོ་དེ་སྨན་པ་མཁྱེན་རབ་ཀྱིས་བཟུང་བ་ཡིན་ན་ཕལ་ཆེར་ལྟད་མོ་ཆེན་པོ་ཡོད་འགྲོ། སྨན་པ་མཁྱེན་རབ་ཟེར་བ་དེ་ལོ་སྔོན་ཞིག་ཏུ་རྡ་སར་དབུ་མའི་ལམ་གྱི་ལས་འགུལ་ཁང་བཙུག་མཁན་གྲལ་དེ་མ་རེད་པས། དེས་ན་མི་དེ་བྱེད་རྒྱུ་འབེལ་པོ་ཡོད་མཁན་ཞིག་ཡིན་རབས་གོ་མྱངས། གལ་སྲིད་ཁོང་མིན་ན་དགོངས་དག་ཞུ།
ཐོན་ན་ཏག་ཏག་རེད། སྐབས་བཅུ་བཞི་པའི་གྲོས་ཚོགས་ལམ་ལྷོངས་མ་བྱུང་བའི་སྐབས་ངར་ངར་བྱེད་མཁན་གྱི་གྲས་ཞིག་རེད། འདི་ཚོའི་གྲས་དེ་མང་ཙམ་འཐོན་ན་ཡག་གི་རེད།
དེང་རབས་ཀྱི་སློབ་སློབ་སྦྱོང་དང་། སེམས་ཤུགས་རྣམ་པ་རྒྱུ་ནོར་ཀུན་ལྡན་གྱི་གཞོན་སྐྱེས་ཤིག་སྤྱི་འཐུས་ནས་དགོངས་པ་ཞུས་པར་བློ་ཕམ་ཡོད། རང་རེའི་སྤྱི་ཚོགས་ནང་དྲང་པོ་བཤད་ན་མི་དགའ། དབྱུག་པ་ཁུར་ན་ཁྱི་མི་དགའ་ཞེས་པའི་དཔེ་ལྟར་སྤྱི་འཐུས་སྐབས་སྔོན་མར་སྤྱི་འཐུས་རྒྱུན་ལས་ནས་དྲང་པོ་མ་བྱས་པའི་གནས་ཚུལ་རྣམས་ཁྱེད་ནས་ཐེར་བཏོན་གནང་བར་ཆོལ་ཁའི་དུག་ཆང་གིས་མྱོས་ཤིང་གཅིག་སྒྲིལ་ལ་ཇི་སྙམ་པར་གཞིས་ལུས་བོད་མི་བློ་ཕམ་ཏུ་བཅུག་མཁན་སྤྱི་འཐུས་དགེ་བཤེས་ཆེན་མོ་དང་། སྤྱི་འཐུས་དེང་རབས་ཀྱི་ཤེས་ཡོན་ཅན། སྤྱི་འཐུས་ར་བཟི་བ་བཅས་ནས་ཁྱོད་ལ་གཅིག་ཏུ་སྡང་བ་ནི་བློ་ཕམ་ཅན་རེད།
ཨ་མདོ་ཞི་མོ་ལ་བཤད་རྒྱུ་ཟིག་མེད་ཀི སློབ་སྦྱོང་དགོས་ན་སློབ་སྦྱོང་ཡོད། རྣམ་པ་དགོས་ན་རྣམ་པ་ཡོད། འཇོན་ཐང་དགོས་ན་འཇོན་ཐང་ཡོད། ལས་ཀ་དགོས་ན་ལས་ཀ་ཡོད། རྒྱུ་ནོར་དགོས་ན་རྒྱུ་ནོར་ཡོད། ལྷག་བསམ་དགོས་ན་ལྷག་བསམ་ཡོད། ཕྱག་ལས་གནང་པ་རེད། བཙན་བྱོལ་བོད་མི་ཞིག་ཡིན་པའི་འགན་ཁས་ཚར་བ་རེད། སྤྱི་བའི་ལས་ཀ་ལས་པ་རེད། ད་ནི་སྤྱི་འཐུས་ལས་གཞན་པའི་ལས་ཀ་ལས་ན་ནུས་པ་ཐོན་བཟོ་འདུག་ན་ལོས་ཡིན། ཐུགས་དགོངས་ལྟར་སྒྲུབས། གང་བརྩམས་ཕྱག་ལས་རྣམ་ཅི་བསམ་བཞིན་འགྲུབ་པའི་སྨོན་འདུན་ཞུ།།
ཡག་པོ་བྱུང་འདུག ཨོ་ཟེར་ལེ་མིན། ད་སྤྱི་འཐུས་རྣམས་མིག་སྒྱོ་རྒྱབ་ས་མེད་ན་ཚོགས་འདུ་ལ་ཨེ་འོང་། ལས་དོན་ལ་ཐུགས་ཤོར་འགྲོ་འོང་།
མདོ་སྨད་སྤྱི་ཟུར་སྒྲོལ་མ་མཚོ་མོས་སྤྱི་འཐུས་ལས་རྩ་དགོངས་ཞུས་པར། ཧང་སང་མདོག་དང་། ཡ་མཚན་པ་ཞིག་བཤད་རྒྱུ་ཡོད་ཁུལ་དང་། ཆོས་ཁའི་འཐེན་འཁྱེར་གྱི་ནད་རྙིང་ངམ་གླེང་རྙོག་འདི་རུ་འདིང་བ་ཤིན་ཏུ་སྐྱུག་བྲོ་བ་ཞིག་རེད། སྤྱི་འཐུས་ལས་རྩ་དགོངས་ཞུ་མཁན་སྒྲོལ་མ་མཚོ་མོ་རང་རེད། ང་ཚོའི་ངོས་ནས་མོའི་དམིགས་ཡུལ་ལ་ཚོད་བགམ་འདྲ་བྱེད་པའམ། ཡང་ན་ནག་ཁུང་ནང་ནས་སྐྱོན་མཚང་སྔོག་འདོན་བྱ་བའི་དགོས་དོན་མ་མཆིས། གལ་སྲིད་སྤྱི་འཐུས་བྱེ་བྲག་པ་ཞིག་གིས་སྤྱི་འཐུས་ལས་རྩ་དགོངས་ཞུ་མི་ཆོག་པ་དེ་འདྲ་ཡིན་ན། གནས་ཚུལ་གཞན་རེད། དེ་ལ་སྤྱི་འཐུས་ལས་ཁུངས་ཀྱིས་བརྡ་ཡིག་དང་བསམ་བློ་བཏང་ཡོད་མདོག་རེད། འོན་ཀྱང་བློ་ཕམ་ཞིག་འབྱུང་སྲིད་པ་ནི་མདོ་སྨད་མི་མང་གང་འཚམས་ཞིག་གིས་སྒྲོལ་མཚོར་བཅིངས་པའི་མ་འོངས་པའི་རེ་བ་དང་འོས་ཤོག་རྩིས་མེད་དུ་སོང་བ་དེ་ཡིན་པས་ཁོང་ཚོའི་ངོས་ནས་སྒྲོལ་མཚོར་བློ་འགྱོད་དང་བརྡ་ཡིག་འདྲ་བཏང་ན་འོས་ཤིང་འཚམས་པ་ཞིག་རེད་འདོད་དོ།
སྤྱི་འཐུས་ཐོབ་བཞིན་དུ་དགོངས་པ་ཞུ་མཁན་ཧ་ཅང་དཀོན། དགོངས་པ་ཞུ་དོན་གཞན་ཞིག་ནི་སྨན་པ་མཁྱེན་རབ་ལགས་ལ་ཞབས་སྟེགས་དེ་ཕུལ་ན་ཡག་པོ་ཡིན་པར་མཐོང་བ་ལོས་ཡིན་སྙམ། ཁོང་གི་རྣམ་དག་གི་ལྷག་བསམ་ནི་ངོ་མ་ངོ་གནོང་མི་དགོས་པ་ཞིག་ཡིན། མ་དགའ་བ་དང་མ་ཤེས་པ་ཚོས་ཅི་བཤད་ན་ཡང་བཤད་དུ་ཆུག ད་དུང་ཚེ་ལྷག་གི་མེ་ཚེ་ཇི་ལྟར་སྐྱེལ་རྒྱུ་ཡིན་ཚུལ་ཚང་མས་མཐོང་རྒྱུ་ཞིག་རེད། ང་ཁྱེད་ཀྱི་ལས་དོན་ཚང་མ་ལེགས་འགྲུབ་ཡོང་བར་ཡིད་ཆེས་དང་རེ་བ་ཡོད།
ད་ངས་བསམས་ན་དངོས་གནས་ལྷག་བསམ་ཅན་མང་བོ་གཅིག་རྗེས་གཅིག་གིས་དེད་དེ་འགྲོ་མི་འོང་སྙམ། ༧གོང་ས་མཆོག་བོད་པའི་ཆབ་སྲིད་ལས་ཡོངས་སུ་ཕེབས་སོང་དུས། དོན་དངོས་ཅི་འདྲ་ཞིག་ཡིན་པ་མཐོང་མཁན་ཚོའི་སེམས་ནང་ལ་གསང་བ་ཞིག་ཡོད་པ་འདྲ། སྒྲོལ་མ་མཚོ་མོའི་ལྷག་བསམ་དང་དྲང་བདེན་གྱི་གཤིས་ཀ་ལ་སྨོན་པ་བཅས་དགོངས་ཞུ་གནང་བར་བློ་ཕམ་བྱུང་།
དགོངས་པ་ཞུས་ནོ་ཡག་པོ་རེད།ཁོང་ཚོའི་གྲས་སྤྱི་འཐུས་བྱས་ནས་ཡུན་རིང་འགོར་རེད།
ད་ཡང་དེ་མིན་གྱི་ལས་ཀ་གནད་ཅན་རེ་དང་སྤྱི་པར་ཕན་ཐོགས་རེ་སྒྲུབ་ཐུབ་ན་བཟང་བར་སྙམ།
བཟང་གི་ངོ་མ་བཟང་གི ཐོན་རོགས་གནང་མུ་མཐུད་ནས་གྲོས་ཚོགས་སྐྲུག་མཁན་དེ་ཚོ་ཐོན་རོགས་གནང་། མི་གསར་པ་ལ་གོ་སྐབས་སྤྲོད་རོགས་གནང་།
རེད།
ལས་ཁུངས། ཚོགས་པ། སྐྱིད་སྡུག གཞུང་། སྒྲིག་འཛུགས། སློབ་གྲྭ། སོགས་ག་ས་གང་ན་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མཁན་ཞིག་ཡིན་ན་མི་དེར་གཡས་གཡོན་ཟ་ཟུར་ནས་ཁབ་གཙགས་འབིག་གཙགས་གིས་གང་ལྟར་གཡག་སྙིང་ཅན་ཚོས་འདུག་བློ་མི་བ་བཟོ་གི་རེད། ལྷག་བསམ་ཅན་གི་མི་དེ་་་དེ་འདྲ་ཨུ་ཚུགས་བྱེད་ནས་སྡོད་གི་ཡང་མ་རེད། ད་སྔ་དེ་འདྲ་མང་པོ་བྱུང་ཡོད་པ་རེད། ད་རེས་ཡང་དཔེ་མཚོན་གཅིག་རེད།
ཡིན་ན་ཡང་། ལྟོས་དང་། གཡག་སྙིང་མཁྲེགས་འཛིན་ཅན་ཚོ་ནི་མུ་མཐུད་གོ་སྐབས་ཨུ་ཚུགས་གིས་མཐའ་བསྐྱེལ་བྱེད་གི་རེད།
སྒྲོལ་མ་མཚོ་མོས་རང་དབང་གིས་རང་མོས་ལྟར་ཕྱག་ལས་གནང་བར་བྱ་བ་ལམ་འགྲོ་རྒྱུགས་པར་སྨོན།
ད་ཡག་པོ་རེད དགོངས་པ་ཞུ་ན
བོད་དེ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡིན་ཟེར་བ་དེ་ཤིན་ཏུ་བདེན། ང་ཚོའི་བོད་ཀྱི་སྤྱི་འཐུས་ཚོ་ལས་དོན་ཆེད་ཚང་འཛོམས་གནང་སྐབས་འཇིག་རྟེན་མི་ལུགས་མིན་པར་ལྷའི་ལུགས་ཀྱི་མིག་རྒྱོ་སྐྱོན་གྱི་ཡོད་པ་དེ་ངའི་གཞི་ནས་ཤེས་བྱུང་། ལྷ་ཡུལ་དུ་སྐྱེ་བར་ཤོག
ཨོའོ། སྒྲོལ་མ་མཚོ་མོ་ལགས་གློ་བུར་ཐོག་རྒྱག་སྤྱི་མཐུས་ནས་རྩ་དགོངས་ཞུ་དགོས་དོན་གང་ཡིན་ནམ། རྩ་དགོངས་ཞུ་དགོས་ན་སྐབས་བཅོ་ལྔ་པར་ལངས་དགོས་དོན་མི་འདུག་ལ་གཞུང་གྲོན་ཡང་འཕྲོ་བརླག་བཏང་བ་རེད་ལ་དེ་ལ་རྣམ་པ་མི་མངོན་པའི་གནད་དོན་གཅིག་འདུག།
ལྷག་བསམ་ཤེས་འཇོན་ཅན་གྱི་མདོ་སྨད་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་ལོ་བཅུ་ལྷག་རིང་ད་བར་ཕྱག་ལས་རྣམ་དག་གནང་བར་ཐུགས་རྗེ་ཆེ་ཡོད། དྲ་འབུ་རེ་ཟུང་གིས་མིང་རྫུན་འོག་ནས་ག་རེ་བཤད་ཀྱང་ང་ཚོས་གནས་ཚུལ་ངོ་མ་གང་ཡིན་ཤེས་བཞིན་པ་ཡིན།
ཁོང་ལྟ་བུའི་ཤེས་འཇོན་ཅན་ཚོས་དགོངས་པ་ཞུས་སོང་བ་ནི་བློ་ཕམ་དགོས་པ་ཞིག་རེད། ༧གོང་ས་མཆོག་གིས་ཐུགས་འགན་བཞེས་རིང་གྲོས་ཚོགས་ནང་ལས་ཀ་བྱས།
༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་མ་ཐག་དགོངས་པ་ཞུས་པ་དེ་ཡང་ཡ་མཚན་ཞིག་རེད།
བོད་མི་ལྷག་བསམ་ཅན་གང་མང་ཞིག་གིས་འདི་ལྟར་གནང་ན་གང་ཞིག་ཏུ་སླེབས་མིན་སུས་ཤེས།
གང་ལྟར་ལོ་མང་རིང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཡོད།
སྤྱི་འཐུས་འོས་འཕེན་ཐད་ལ་འགྲོ་སོང་ཐེངས་གཅིག་ནི་ཆོལ་གསུམ་ཐུན་མོང་ལ་གཅིག་གྱུར་རེད། མདོ་སྨད་སྤྱི་འཐུས་ནང་ལ་ད་དུང་དགོངས་པ་ཞུ་མཁན་ཡོད་ནའང་སྒུག་ཐོའི་ནང་ན་མི་ཡོད་པས་འོས་འཕེན་བསྐྱར་མ་མི་དགོས། དབུས་གཙང་ལ་སྤྱི་འཐུས་མ་འདང་པར་སླར་ཡང་འགྲོ་གྲོན་འཕར་མ་གཏོང་བཞིན་ཡོད།
གསེར་འབྲུག་སྡེར་ལྔ། མིང་དེ་འདྲའི་སྙན་པོ་ཞིག་བཏགས་ནས་སྐད་ཆ་ཆོ་མེད་འདི་འདྲ་རང་བཤད་ན་རང་མཚང་མ་རེད་དམ། གྲོགས་པོ་ལགས། མ་དགའ་ན་ཡང་ཉེས་མེད་ཉེས་འདོགས་བྱས་ནས་ཅི་ཕན།
སྒྲོལ་མ་མཚོ་མོ་མཆོག་གིས་དགོངས་པ་ཞུས་སོང་བ་དེ་ལ་ཧ་ཅང་བློ་ཕམ་ཡོད། འོན་ཀྱང་ད་བར་ལྷག་བསམ་ཟོལ་མེད་ཀྱིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ། མི་ངན་རེ་ཟུང་གིས་སྨྱོ་བཤད་བྱས་མིན་ལ་ཁྱད་པར་གང་ཡང་ཡོད་པ་མ་རེད།
ཆབ་བྲག་ལགས་དེ་འདྲའི་ལུང་མཚན་གྱི་ཕྱོགས་རིས་མ་གནང་། འགྲོ་སོང་ཐེངས་གཅིག་དེ་ཡང་གཞུང་གྲོན་མ་རེད་པས། མ་གཞི་སྐུ་ཉིད་ཀྱང་ས་རཱ་མཐོ་སློབ་ཀྱི་སྙན་ངག་དགེ་རྒན་ལས་བཤོལ་ཏེ་སྤྱི་མཐུས་ཀྱི་གར་སྟེགས་འདི་བརྒྱུད་མྱོང་མཁན་ཞིག་མ་རེད་པས། ཡང་གར་སྟེགས་འདི་ལས་བཤོལ་ཏེ་ནུབ་ཕྱོགས་སུ་བཞུད་པའི་རྣམ་ཐར་ལ་གཞིག་ན་སྐུ་ཉིད་སྐབས་འཚོལ་རིང་ལུགས་ཀྱི་ཆབ་སྲིད་པ་ཞིག་ཡིན་པ་རང་བཞིན་གྱི་མངོན་ཡོང་གི་འདུག། ང་གསེར་འབྲུག་སྡེར་ལྔ་ཞེས་པའི་མིང་སྙན་མོ་འདིས་གར་སྟེགས་འདི་འདྲ་བརྒྱུད་ནས་རང་ཉིད་ཀྱི་གོ་སྐབས་དམ་འཛིན་བྱེད་མྱོང་མེད་ལ་གཞུང་གྲོན་ནི་དེ་བས་སྤྱོད་མྱོང་མེད། མ་གཞི་སྒྲོལ་མ་མཚོ་མོ་ལ་དགའ་མི་དགའི་རྣམ་རྟོག་གང་ཡང་མེད་ཀྱང་ཁོ་མོས་སྐབས་བཅོ་ལྔ་པའི་དམ་འབུལ་མཛད་མ་ཐག་རྩ་དགོངས་ཞུ་སྟངས་ལ་དོགས་པ་ཅུང་ཟད་ཡོད། སྐུ་ཉིད་བཙན་བྱོལ་ནང་སྙན་ངག་རིག་པའི་གཞུང་ལུགས་ལ་མཁས་པའི་སྙན་ངག་གི་ཚད་མའི་སྐྱེས་བུ་ཞིག་ཡིན་པར་ངས་ངོས་འཛིན་ཞུ་གི་ཡོད་ལ་ཡིད་སྨོན་ཡང་ཤོར་གྱིན་ཡོད། འོན་ཀྱང་སྐུ་ཉིད་ལ་ཡ་མཚན་སྐྱེ་གཞི་ཞིག་ཡོད་པ་ནི་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་ཆ་རྐྱེན་མི་ལྡན་པའི་དབུ་ལམ་ལྟ་གྲུབ་པའི་སྲིད་དོན་པར་རློམས་པ་དེ་རེད། དྲང་པོར་ཞུས་ན། སྐུ་ཉིད་བཙན་བྱོལ་ནང་སྙན་ངག་གི་ཚད་མའི་སྐྱེས་བུར་སོང་དགོས་ངེས་ཅན་གྱི་ས་རཱ་མཐོ་སློབ་ཏུ་མུ་མཐུད་བཞུགས་ནས་སྙན་ངག་གི་བྱིས་པ་གང་མང་གསོ་སྐྱོང་མཛད་ན་ངས་ནམ་ཡང་སྟོད་གླུ་ལེན་ཆོག། སེམས་བསམ་པའི་དྲང་གཏམ་ཡིན་པས་དགོངས་འགལ་མ་མཛད་རྒྱུའི་རེ་བ་ཡོད།
གོང་དུ་དྲ་གྲོགས་འགའ་ཤས་ཀྱིས་སྤྱི་འཐུས་སྒྲོལ་མ་མཚོ་མོར་མ་སྒྲིག་པ་མང་པོ་བྲིས་འདུག ངས་ལྟས་ན་དོན་དངོས་དང་མི་འཚམས་པར་མཐོང་། བལ་ཡུལ་ནང་བོད་མིར་དཀའ་ངལ་འཕྲད་ས་མང་པོར་མོ་རང་གི་ཕྱག་རོགས་གནང་ཡོད་པ་རེད། བོད་ནས་སྐྱབས་བཅོལ་ལ་ཡོང་མཁན་བོད་མི་གསར་འབྱོར་བ་བལ་ཡུལ་ཉེན་རྟོག་པས་བཟུང་བཙོན་ལ་བཅུག་པ་ཚོར་སྣེ་ལེན་ཁང་དང་དོན་བཅོད། མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་ལྟ་རྟོག་བྱེད་མཁན་ཡོད་ཀྱང་ཁག་ཅིག་དངུལ་སྤྲད་ནས་འདོན་དགོས་ཀྱི་ཡོད་པ་རེད། དེ་འདྲའི་རིགས་མང་པོར་མོ་རང་གི་སྦྱིན་བདག་ཚོལ་རོགས་བྱས་ནས་སྟོན་པ་དང་། ཁག་གཅིག་བཙོན་ཁང་ལ་ཡུན་རིང་ལུས་པ་དེ་ཚོར་ཨ་གསར་ཙམ་མིན་པར་བཙོན་ནས་མ་དོན་བར་སྐོར་བ་རྒྱབ་པར་འགྲོ་ནས་འཕྲོད་བསྟེན་ཐོག་ལྟ་རྟོག་དང་དགོས་མཁོ་སྒྲུབ་རོགས་བྱེད་ཀྱི་ཡོད་པ་རེད། དེ་ཚོ་ཤེས་པ་དགོས་ཀྱི་རེད། ལོ་ཤས་གོང་མོ་རང་གི་འགན་འཁྱེར་ནས་བཙུགས་པའི་ཧི་མ་ལ་ཡའི་གཞོན་སྐྱེས་དང་བུ་མེད་ཀྱི་ཤེས་ཡོན་ཡར་རྒྱས་ལྟེ་ཟེར་བའི་སློབ་གྲྭ་དེས་དེང་སྐབས་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་ཡོད་པའི་བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་མི་རིགས་མང་པོར་བོད་ཀྱི་སྐད་ཡིག་དང་ནང་ཆོས། དབྱིན་ཇི་སོགས་རིན་མེད་ངང་སློབ་སྦྱོང་སྤྲོད་བཞིན་པ་རེད།
མོ་རང་རྒྱུན་དུ་གནས་བྱེད་ས་བལ་ཡུལ་ཁུལ་གྱི་བོད་མི་རྣམས་ཀྱི་སྤྱི་ཡོངས་ནས་མོ་རང་ལ་ལྟ་སྟངས་ལེགས་པོ་ཡོད་པ་རེད།
ཡིན་ད་ཡིན། ཤེས་འཇོན་གཉིས་ལྡན་གྱི་མཛངས་མ་སྒྲོལ་མ་མཚོ་མོ་ལགས། ཁྱོད་ཀྱི་ཤེས་ཡོན་དང་འཇོན་ཐང་ལ་བརྩི་བཀུར་ཡོད། ལྷག་པར་བལ་ཡུལ་ནང་གི་བོད་མ་མང་པོ་ཞིག་གི་དཀའ་སྡུག་ལ་ལུས་སེམས་གཉིས་ཀྱི་ངོས་ནས་ཕན་ཐོག་བསྒྲུབས་པར་བཀའ་དྲིན་ཆེ། ཕྱིར་མིག་ཅིག་བལྟས་ན་ད་བར་རང་ཉིད་ལ་ཤེས་འཇོན་གང་ཡང་མེད་པར་ཕན་ཚུན་ཆོལ་ཁ་དང་། ཆོས་ལུགས་ཀྱི་དུག་རླངས་ཀྱིས་བཟི་བའི་སྤྱི་འཐུས་གླང་རྒན་དམར་པོ་༼xxxxxxxxxxxxxxxxxxxxxxxxxxxxxxxxxxxxxx སོགས་་་་༽ཀྱི་གྲལ་ནས་ཁྱེད་ཕྱིར་ཐོན་འདུག་པས་དགོས་འོས་པ་ཞིག་ཞིག་རེད། ཁྱོད་ཀྱི་གཤོག་པ་གཉིས་སྐྱོང་སའི་ཁོར་ཡུག་བདེ་བོ་ཞིག་རེག་སོང་བ་རེད། འོན་ཀྱང་ཁྱེད་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཁུངས་ལས་དང་པོར་དགོངས་ཞུ་མ་གནང་བར་བློ་འགྱོད་ཡོད།
དྲྭ་གྲོགས་ཚོ་དོན་མེད་ཁ་སྡིག་མ་གསོག སྟོན་པས། ང་ཡི་རྗེས་འཇུག་ཇི་ལྟར་སྡུག་ན་ཡང་། སྐྱེ་བོ་ཕལ་པ་བརྒྱ་ཡིས་དོ་ཟླ་མེད། ཞེས་གསུངས་འདུག་པས་དགེ་འདུན་པ་ལ་གླང་རྒན་ཞེས་བཏགས་ན་མྱོང་མཁན་རང་ཉིད་ཡིན་འགྲོ།
སྤྱི་འཐུས་ཀྱི་སྒྲོལ་མ་འཚོ་མོ་ཟེར་པ་འདི་བུད་མེད་ཀྱི་ནང་ནས་ཀྱང་གཡོ་རྒྱུ་ཆེན་པོ་ཞིག་ཡིན། སྤྱི་འཐུས་ཡིན་སྐབས་ཛ་དྲགས་ཚོགས་ཆུང་གི་མིང་ཐོག་ནས་བལ་ཡུལ་མི་མང་གིས་ཕུལ་བཞག་པའི་དངུལ་བལ་སྒོར་འབུམ༡༥༠ཙམ་འཕྲོ་རླག་ཏུ་བཏང་པ་རེད། བལ་ཡུལ་བྷོ་དྷའི་བུ་དོན་འགྲུབ་དང་། ཚེ་ཏན་ནོར་བུ། བོན་པོ་གཡུང་དྲུང་རྒྱལ་མཚན། རྒྱལ་ནོ་ཚེ་དབང་བཅས་ཀྱིས་ལྷག་འཕྲོ་དེ་ཚོ་ཡང་ག་རེ་བྱས་ཡོད་མེད་སུ་ལ་ཡང་གསལ་ཁ་མེད།
མོས་ད་དུ་བལ་ཡུལ་ནང་བུད་མེད་ཀྱི་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་ཟེར་པ་ཞིག་བཙུགས་ཡོད་པའི་སྐད་སྒྲོགས་ཀྱིན་ཡོད་པ་རེད། བལ་ནང་མེད་མཁན་ཞིན་ཡིན་ཕྱིན་གནས་ཚུལ་ཧ་མི་གོ། དོན་དངོས་པོའི་གནས་ཚུལ་བརྗོད་ན་དྲ་ལམ་ཁག་ཏུ་བོད་ལ་རོགས་སྐྱོར་བྱེད་མཁན་གྱི་ཚོགས་པ་ཡིན་ཚུལ་ཕྱི་རྒྱལ་ཁག་ལ་སློང་མོ་རྒྱབ་ནས་དངུལ་འབོར་ཆེན་བསྡུ་རུབ་བྱེད་ཀྱིན་་ཡོད། བསྡུ་རུབ་བྱས་ཀྱང་བོད་ལ་ཕན་ན་འགྲིག་ཀྱང་། དེས་བོད་ལ་ཕན་པའི་ལས་ཀ་སྣ་གཅིག་ཀྱང་ལས་མེད། ཁང་མིག་ཁ་ཤས་ཤིག་གླས་ནས་དེའི་ནང་དང་པོ་སློབ་གྲྭ་འདྲ་བོ་ཞིག་གཙུགས་སོང་། ང་ཡང་ལྟ་ཙམ་བྱེད་དུ་སོང་བ་ཡིན། བོད་མི་རིགས་ལ་ཕན་པ་དང་ཧི་མ་ལ་ཡའི་མི་རིགས་ལ་ཕན་པའི་ལས་ཀ་སྣ་གཅིག་མཐོང་རྒྱུ་མི་འདུག ཡང་ཉེ་ཆར་ཡང་གཟའ་སྤེན་པ་ཞིག་ལ་ང་སོང་པ་ཡིན། བགྲོ་གླེང་འདྲ་ཞིག་ཚུགས་འདུག་དེ་ལ་དབྱིན་ཇི་སྐད་མ་གཏོགས་བོད་པ་ཡིན་ཡང་བོད་སྐད་བཤད་ཆོག་གི་མི་འདུག གྲྭ་པ་ཞིག་གིས་དབྱིན་ཇི་མགོ་སེར་ཁ་ཤས་ཤིག་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱིན་འདུག གྲྭ་པ་བླ་རྒན་ཞིག་འདུག ཁོང་ནི་ཀོ་པན་དགོན་པའི་དབྱིན་དགེ་རེད། དབྱིན་སྐད་ཧ་ལས་པ་ཡག་པོ་ཡོད་ཀྱང་ནང་ཆོས་གཏིང་ཟམ་མོ་མི་ཤེས་མཁན་ཞིག་རེད། དེའི་ཐོག་བླ་རྒན་དེ་ཡང་སེམས་ཧ་ཅང་ཐང་པོ་མེད་མཁན་ཞིག་འདུག དེས་བོད་མི་རིགས་ལ་ཕན་རྒྱུ་ཕར་བཞག་ནས་བོད་མི་རིགས་ཀྱི་རིག་གཞུང་འདི་ཧ་ཅང་སླ་བོ་བཟོ་ས་རེད་བསམ་ནས་ངག་མཆི་མས་གདམས་ཡོང་གི་འདུག
གང་ལྟར་ཀྱང་ཁག་གཡས་འཇོག་གཡོན་འཇོག་བྱེད་སྟངས་ལ་བལྟས་ན་དེ་སྔོན་གྱི་གཡོ་སྒྱུ་ཁྲབ་པའི་རང་མཚང་ཕྱི་ལ་འདོན་མཁན་གྱི་བཀའ་ཁྲི་རི་དྭགས་རྒྱལ་པོའི་མིང་ཅན་གྱིས་ནུས་པ་ཐོན་པའི་རྟགས་དངོས་མ་དེ་རེད། ད་དུང་ཡ་མཚན་པ་ཞིག་ལ་མོ་བོད་གཞུང་གི་སྤྱི་འཐུས་ཤིག་རེད། མོའི་སྤུན་འཕེལ་རྒྱས་བློ་བཟང་ཟེར་པ་དེ་བལ་ཡུལ་ནང་གི་མདོ་སྨད་སྤྱི་སྡུག་ཚོགས་པོའི་ཚོགས་གཙོ་ཡིན་པའི་སྐབས། ཕྱི་ལོ་༢༠༠༨ལོར་བོད་ནང་གི་ས་བྱི་ཞི་བརྒོལ་ཆེན་པོའི་དོན་རྐྱེན་གྱི་མི་ལྕེ་དེས། བོད་མི་ཚང་མ་ཕལ་འགྲོ་དང་ཚུར་འགྲོ་ལ་ལོ་དང་ཟླ་བ་བྱས་ནས་དཀའ་ཁག་ཡོད་དུས་བློ་བཟང་ཟི་ལིང་ལ་རྒྱའི་ཚོང་པའི་འགྲེམ་སྟོན་ཞིག་ལ་སོང་ཡོད་པ་བོད་པ་མང་པོས་ཤེས་རྟོགས་བྱུང་འདུག ད་དུང་དེའི་མ་ཚད་བླ་བཟང་རྒྱ་མིའི་གཞུང་ཚབ་དང་ཡང་འབྲེལ་བ་ཡག་པོ་ཡོད་པ་རེད། འདི་ཚོའི་བྱེད་སྟངས་ལ་བལྟས་ན་བོད་བཙོང་མི་ཡོང་ངམ་བསམ་ནས་དེ་སྔོན་ནས་སེམས་འཁྲེལ་བྱུང་། ཡིན་ནའང་ད་བར་ཁུང་དུ་བསགས་ནས་བསྡད་པ་ཡིན། ད་རེས་གསལ་བཤད་ཅིག་མ་བྱས་ན་ད་དུང་སྤྱི་ཚོགས་ནང་ག་རེ་བྱས་ཡོང་མི་ཤེས་པ་ཡིན་ཙང་བཤད་དགོས་ཐུག་སོང་།
མཐའ་དོན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གསར་པས་བལ་ཡུལ་ནང་གི་བོད་མིའི་སྐྱིད་སྡུག་ལ་གཟིགས་ཞིབ་གནང་ནས་མགོ་བདེ་དྲན་འཕྲུལ་འདི་ཚོར་བོད་མིའི་སྤྱི་ཚོགས་ནང་དུག་ལྕེ་སྲིང་མི་འཇུག་རྒྱུ་དེ་ངེད་བལ་ཡུལ་ནང་གི་བོད་མི་ཚོའི་རེ་བ་ཡིན།
བདག་གི་དགེ་བའི་བཤེས་གཉེན་ཆེན་མོ་མཁྱེན་རབ་རྒྱ་མཚོ་ལགས་སུ་གནམ་བསྐོས་བོད་མི་མང་སྤྱི་འཐུས་སུ་འཐོན་པར་དགའ་བསུ་ཞུ་རྒྱུ་ཡིན། ད་རེས་སྤྱི་འཐུས་ཨ་ལྕག་ལགས་དགོངས་པ་ཞུས་པ་དེས་དོན་ལ་མཁོ་བའི་དོན་དམ་གྱི་སྤྱི་འཐུས་ཤིག་ལ་གོ་སྐབས་རག་སོང་བ་ནི་དགའ་འོས་པ་ཞིག་རེད་ཨང་།
སྨན་དགེ་མཁྱེན་རབ་ལགས་ས་བཀྲ་ཤིས་བདེ་ལེགས།
སྐབས་བཅོ་ལྔའི་སྨན་སློབ་ཐུན་མོང་གིས་ཕུལ།།
སྨན་སློབ་ཚོ་དེ་འདྲའི་སྤོབས་པ་མ་གནང་། སྨན་པ་མཁྱེན་རབ་ལགས་སྨན་དགེ་ནས་སྤྱི་མཐུས་སུ་ས་ལམ་འཕོས་པར་གནམ་བསྐོས་གོང་མ་ཆག་པ་འདྲ་ཞིག་མ་གསུངས། མ་གཞི་སྨན་པ་མཁྱེན་རབ་ལགས་བོད་མི་རིགས་ཀྱི་རྩ་དོན་དང་དཀའ་རྙོགས་འདི་འབྱུང་འཁྲུགས་ཀྱིས་ནད་མནར་ཞིག་མ་རེད་ལ་ཡམས་ནད་དང་རིམ་ནད་ནི་དེ་བས་མ་རེད། མི་རིགས་ཀྱི་གནད་དོན་ཞིག་དང་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། སྨན་དགེ་ལགས་ཆབ་སྲིད་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་དང་སྦྱངས་པ་ག་ཚོད་གནང་ཡོད་དམ། མ་གཞི་ཕྱག་ལས་དབུ་འཛུགས་གནང་དང་སྤྱི་མཐུས་ཀྱི་ས་ལམ་དུ་ཉམས་རྟོགས་ག་ཚོད་འཁྲུངས་ཀྱི་ཡོད་མེད་བལྟ་རྒྱུ་རེད་པ།
དྲང་མོ་བཤད་ན། མདོ་སྨད་ཚང་ལ་དེ་ལས་ལྷག་པའི་བུད་མེད་ཅིག་སྤྱི་འཐུས་ལ་འཚོལ་རྒྱུ་མི་འདུག། དགོངས་པ་ཞུས་པ་བློ་ཕམ་བྱུང་།
དངོས་གནས་ཕྱོགས་གང་ཐད་ནས་བལྟས་ན་ཡང་མདོ་སྨད་སྤྱི་འཐུས་བུད་མེད་ཡག་ཤོས་ཡིན། ད་འགྲིག་མ་སོང་།
ཡིན་ན་ཡང་མོ་རང་གི་ངོས་ནས་་་་འགོ་ལ་བཀྲ་ཤིས་པ། མཇུག་ཏུ་ཕུན་སུམ་ཚོགས་པ་ཞིག་བྱུང་བར་་་་་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད།
ཡར་འཕེལ་ཞལ་ཀོག་མདོ་སྨད་ཚང་ལ་མོ་མ་གཏོགས་སྤྱི་འཐུས་འཚོལ་རྒྱུ་མེད་ཀི་ལབ་ན་ཇི་རེད། ཁྱེད་ཀྱང་ཕྱུགས་པོ་འདི་ཚོའི་རྒྱུགས་ཁྱི་ཡིན་པ་འདྲ། ཕལ་ཆེར་ཐུབ་བསྟན་དཔལ་འབྱོར་གྱི་རྔན་པ་རགས་པ་མ་རེད་པཱ།
ཐོན་ཤིག། དབྱེན་འཇོར་དཀྲུགས་ཤིང་ལ་དགའ་བའི་གཡོ་ཅན་ལྤ་མོ་དེ་ཐོན་ན་བཟང་གི་ཡ།།
དེང་སྐབས་ང་ཚོས་བྱེད་དགོས་པ་དང་ཤེས་དགོས་པ་སྤྱིར་མིའི་རིགས་ཚང་མ་དང་ལྷག་པར་གངས་ཅན་པ་ཡོངས་ནས་བསམ་ཤེས་ཐུབ་པ་དགོས་རྒྱུ་ནི་ང་ཚོར་ཆོས་སྲིད་དཔལ་འབྱོར་ཆེ་མཐོང་སོགས་གང་འདྲ་ཞིག་ལ་བཀའ་དྲིན་མགྲན་ཟླ་བྲལ་བ་བདག་ཅག་བོད་འབངས་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་དང་་རང་ཅག་བོད་མིའི་ཐུན་མིན་རིགས་གཞུང་་ཆོལ་གསུམ་གོང་བུ་གཅིག་སྒྲིལ་་སྤྱི་རྒྱུ་སྒེར་བཟུང་བྱེད་པ་སོགས་བྱ་སྤྱོད་ངན་པ་སྤེལ་མི་རྣམས་ལ་འཁོན་ལན་སྤང་སྟེ་ཕན་པའི་བསམ་པའི་ཀུན་སློང་དང་བཅས་དུས་ཐོག་སྐྱོན་བརྗོད་དང་རྒྱ་ཡན་དུ་མི་གཏོང་བ་བྱ་རྒྱུ་ནི་རང་ཡུལ་བཙན་འོག་ཏུ་ཚུད་ནས་གཞན་ཡུལ་འགྲིམ་བཞིན་པའི་རང་ཅག་ཐུན་མོང་གིས་ཕྲག་སྟེང་དུ་ངེས་པར་འཁྱེར་དགོས་པ་ཞིག་ལས་གཞན་སྒེར་གྱི་འབྱོར་པ་ཕུན་སུམ་ཚོགས་པོ་དང་དེང་དུས་ཤེས་ཡོན་ལྷག་བསམ་སོགས་ལ་བརྟེན་ནས་རང་གཞན་གཉིས་ཕན་གྱི་ལས་དོན་འགྲུབ་པར་ཕྲག་དོག་གི་ཀུན་ནས་སླང་སྟེ་མི་བཟོད་པའི་ཡོན་པོའི་ངར་སྐད་སྒྲོག་པ་ནི་ཆོལ་གསུམ་གོང་བུ་གཅིག་སྒྲིལ་དང་ཐུན་མོང་གི་ལས་དོན་ལ་གནོད་གཞིར་མཐོང་ངོ།སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས་ནས་དེང་སྐབས་གཉེར་བཞིན་པའི་ལས་དོནཁག་ལྷག་བསམ་རྣམ་དག་ངང་འགྲུབ་པའི་ཡིད་ཆེས་ཡོད་སྤྱི་སྨན་གྱི་ལས་དོན་མཐའ་དག་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།།