༼མདོ་སྨད་དབུས་རྒྱུན་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢:༣༠ ཡས་མས་སུ་བོད་མདོ་སྨད་བསང་ཆུ་རྫོང་ཏུ་ཡུལ་ཚོ་བཅོ་ལྔ་ཡོད་པའི་ནང་གསེས་ཨ་མཆོག་ཡུལ་ཚོའི་ཁྲིམས་ཁང་གི་མདུན་དུ། རང་ལོ་ ༢༤ ཡས་མས་ཡིན་པའི་རྒྱལ་གཅེས་དཔའ་བོ་སོན་པ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཡིག་དགེ་རྒན་དང་། རྩོམ་པ་པོ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ནི་ཨ་མཆོག་ཡུལ་ཚོ་རུ་སློབ་གྲྭའི་གནང་བ་སྤྲོད་པའི་དུས་སྐབས་ཤིག་ཏུ་འཁེལ་ཡོད་པས་སློབ་མའི་ཁྱིམ་བདག་སོགས་ཡུལ་ཚོའི་ཐོག་ཏུ་མི་ཤིན་ཏུ་མང་བའི་སྐབས་ཞིག་ཡིན་པ་དང་། སྐབས་དེ་དུས་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ཡང་ཟ་ཁང་ཞིག་ནས་གྲོགས་པོ་དག་དང་མཉམ་དུ་ཟ་མ་ཟོས་རྗེས། ག་ལེར་ཕྱི་རོལ་ཁྲོམ་དུ་ཕྱིན་ཏེ་མི་ཚོགས་ཀྱི་ཁྲོད་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས། “རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས། བོད་ལ་རང་དབང་དགོས།” ཞེས་ཟེར་བཞིན་ཡུལ་ཚོའི་ཁྲིམས་ཁང་གི་མདུན་དུ་རྒྱུགས་ཏེ། གང་འཚམ་ཞིག་ནས་འགྱེལ་ཞིང་སྐུ་ལུས་སྨད་འཚིག་ནས་རིང་ཙམ་འགྲོ་བཞིན་པའི་སྐབས་སུའང་། ད་དུང་ཕྱག་གཉིས་ཐལ་མོ་སྦྱར་ཏེ་གོང་གི་འབོད་ཚིག་དེ་གཉིས་བསྐྱར་ཟློས་བྱེད་བཞིན་ཡོད་པ་ས་གནས་མང་ཚོགས་ཀྱིས་གོ་ཡོད་འདུག
དེ་བཞིན་བོད་ནས་བོད་མི་ཞིག་གིས་དེ་རིང་གི་གནས་ཚུལ་སྐོར་བརྗོད་དོན། ཁོང་གིས་རང་ལུས་མེར་བསྲེགས་གཏོང་སྐབས། དམག་མི་ཧ་ཅང་ཕོན་ཆེན་འབྱོར་ཏེ་དམ་དྲགས་ཤུགས་ཆེར་བྱས་ཡོད་ཀྱང་། ས་གནས་མང་ཚོགས་མང་པོ་ཞིག་འཛོམས་ཡོད་པས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་མ་བཅུག་པར་མེ་རིམ་གྱིས་འཇགས་རྗེས་ཕྱིང་ཐུལ་ཞིག་དང་། དེའི་སྟེང་དུ་གོས་སེར་པོས་གཡོགས་ནས་སྐུ་ཕུང་ཨ་མཆོག་ཡུལ་ཚོ་ནས་ཕྱི་ལེ་ ༡༥ ཙམ་གྱི་འཚམས་ན་ཡོད་པའི་ཁོང་གི་ཕ་ཡུལ་སྐེད་སྡེ་བར་གདན་འདྲེན་ཞུ་ཐུབ་པ་བྱུང་སོང་ལ། ད་སྐབས་ས་གནས་དགེ་འདུན་པ་དག་གིས་སྨོན་ལམ་གསུངས་བཞིན་འདུག་ཞེས་དང་། ཡང་ད་ལྟ་སྐེད་སྡེ་བ་འདིའི་ཉེ་འཁོར་དུ་དམག་མིའི་ཕོན་ཆེན་པོ་འབྱོར་བཞིན་འདུག་ལ། ས་གནས་མང་ཚོགས་ཡང་མང་པོ་ཞིག་འཛོམས་བཞིན་འདུག ད་སྐབས་འདིར་ཨ་མཆོག་ཡུལ་མིའི་རླངས་འཁོར་དང་འཕྲུལ་རྟས་ཧྲིལ་གྱིས་ཁེངས་འདུག་ཅེས་བརྗོད་སོང་།
རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ནི་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྐེད་སྡེ་པ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚེ་རིང་རང་ལོ་ ༤༩ དང་། མ་གཟུངས་འདུས་སྐྱིད་རང་ལོ ༥༠ ཡིན་འདུག ཁོང་རང་ལོ་ ༢༤ ཡས་མས་ཡིན་པ་དང་། བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་། ཁོང་གཉིས་ལ་ལོ ༢ སོན་པའི་བུ་མོ་ཞིག་ཡོད་འདུག
འདྲ་པར་ཡོངས་ཁུངས་VOA ཨ་རིའི་རླུང་འཕྲིིན་ཁང་།
རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་རྒྱལ་གྱུར་ཅིག་ བོད་རང་བཙན་རྒྱལ་གྱུར་ཅིག་ བོད་མི་རྒྱལ་གྱུར་ཅིག་
རང་སྲོག་རེ་གཉིས་བུད་ཐལ་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཞར་འདུག
ད་དུང་དཔའ་བོ་དམའ་མོ་ག་ཚད་ཅིག་གི་རང་སྲོག
སྐྱོ་བ་ལ་སྐྱོ་བ་ལ་་་་་་་་་
དགོངས་དག
དཔའ་བོ་དཔའ་མོ
དཀོན་མཆོག་མཁྱེན་་་་་གཅེས་པའི་སྲོག་ཀྱང་བོད་མིའི་ཆེད་དུ་བློས་བཏང་གནང་བའི་རྒྱལ་གཅེས་པ་འདི་དག་བདེ་བ་ཅན་ཞིག་ཡོད་ན་དེ་གར་རང་དུ་སྐྱེ་བར་ཤོག
ཕྱི་ལ་རེ་བ་རྒྱག་རྒྱུ་མེད་པ་ང་ཚོས་ཚང་མས་ཤེས་ན་ལེགས།བོད་རང་གིས་མ་འཇོན་ན་གཞན་ནས་རོགས་པ་བྱེད་པའི་རེ་བ་མེད།བོད་རེ་བས་འཕོངས་རྒྱ་དོག་པས་འཕོངས་ཟེར་བ་ལྟར་བོད་པ་གཞན་ལ་རེ་བ་མ་རྒྱག
གང་ལྟར་མཚམས་འཇོག་ཞིག་ལ་འབད་ན་ལེགས།
སེམས་སྐྱོ་གདུང་གིས་མནར་བཞིན་སྨོན་ཚིག་འདི་རང་དབང་མེད་པར་ངག་ནས་ཤོར་འགྲོ་ཀི
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོབས་པར་ཤོག །
ཁོང་རྣམ་པའི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོགས་ལ་ཇི་འདྲའི་བཟོད་པར་དཀའ་བའི་སྡུག་བསྔལ་མོད་པོ་ཞིག་ཡོདའང་།
བསལ་ཡུལ་ལས་འདས་པའི་གནས་ཚུལ།
དཀོན་མཆོག་གསུམ་པོས་མཁྱེན། དེ་རིང་ཉིན་མོའི་ནང་བོད་ལ་རྒྱལ་གཅེས་དཔའ་བོ་བཞི་ཡིས་རང་ལུས་མཆོད་འབུལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་པོས་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཐོན་འདུག དཔའ་བོ་གཉིས་ནི་མདོ་ཁམས་རྒྱ་སྟོན་ལྡིང་དགུའི་རྒྱ་ཤོག་བན་དཀར་། ད་ལྟ་བོད་རང་སྐྱོང་ལྗོང་འབྲི་རུ་རྫོང་ཁོངས་སུ་སྟོགས་པའི་ས་ཁུལ་ཞིག་རེད། ནག་རོག་གྲོང་ཚོ་ཚམ་པ་སྡེ་བ་ནས་རེད་འདུག གཅིག་གིང་མིང་ལ་ཐུ་སྟོབས་རང་ལོ་བཞི་བཅུ་ཡན་མན་དང། གཞན་དེ་ད་དུང་ཁ་གསལ་མིན་འདུག ཁོང་གཉིས་ལས་གཅིག་གྲོང་ཡོད་སྐད་འདུག ད་སྐབས་བན་དཀར་ས་ཁུལ་ལ་དམ་དྲག་ཆེ་བས་ཁ་པར་སོགས་གཏོང་ཐབས་མེད་པས་འབྲེལ་བྱེད་ཐབས་ཁག་པོ་ཡོད་འདུག ད་དུང་བོད་ཕྱི་ནང་གཉིས་ནས་གནས་ཚུལ་དེ་ཁ་གསལ་རེག་ཐབས་བྱེད་པའི་སྒང་རེད་འདུག འོན་ཀྱང་མི་དེ་གཉིས་ཀྱི་རང་མི་སྲེགས་བཏང་པ་ཁུངས་ལྡན་རེད་འདུག གཞན་ཡང་མདོ་སྨད་ཨ་མཆོག་སྐེད་རྡོ་ནས་དཔའ་བོ་ལྷ་མོ་ཚེ་བརྟེན་ལགས་དང། བླ་བྲང་བསང་ཁོག་ནས་དབའ་བོ་ཚོ་དབང་སྐྱབས་གཉིས་ཀྱིས་རང་ལུང་མེ་མཆོད་ཀྱི་ངོ་རྒོལ་འོག་གཉིས་ཆ་སྐུ་གྲོང་ཡོད་བདུག་པའི་གནས་ཚུལ་མདོར་བསྡུས་ཙམ་ཞུས་སོ།
རྒྱ་དམར་ཚང་གིས་བོད་མི་ཚོར་འདུག་གི་མ་བཅུག་ཐལ། ད་བོད་ལ་བསམ་བློ་ཞིག་མ་གཏོང་ཚེ་རྒྱ་དམར་ཁོ་ཚང་འགྱེལ་ཉེན་ལ་ཐུག་ངེས།