ཀླུ་སྨྱོན།
དེང་སྐབས་ཆབ་ཆ་དང་རེབ་ཀོང་ཕྱོགས་སུ་བུ་མོ་ལོ་ཆུང་ཚོ་ཁྱིམ་ཚང་ཞིག་མེད་པ་གསུམ་འཛོམ་ཡིན་ན་ད་གཟོད་མནའ་མར་ཡོང་གི་ཟེར། དེ་དག་ནི་རིམ་བཞིན་གཤམ་གསལ།
བེད་མེད་གད་སྙིགས་མེད་པ།–རྒན་རྒོན་ཚེ་ཐག་རིང་པོ་ཅན།
ཤ་མེད་གསོ་ཕག་མེད་པ།–བླ་རྒན་དགོན་པ་ན་ཡོད་པ།
འཆི་མེད་ནད་པ་མེད་པ།–ནང་མི་དབང་པོ་སྐྱོན་ཅན།
འདི་དངོས་གནས་ཡིན་ནདཀོན་མཆོག་གསུམ་མཁྱེན།
དཀོན་མཆོག་གསུམ་གྱིས་མཁྱེན་ཀྱང་མ་མཁྱེན་ཀྱང་འདི་དངོས་ཡོད་གནས་ཚུལ་རེད།
ངས་སྔོན་ནས་མནའ་མ་ཞིག་བླངས་ཡོད་ན། དེང་སང་སྟོན་པའི་ཆ་རྐྱེན་འདི་ལ་ཞེ་སྣང་བྱེད་དགོས་དོན་མེད། ད་ཡིན་ན་གཟབ་ཙམ་བྱེད་མ་གཏོགས།
དང་པོ་ནས་གདམ་ཁ་མ་ནོར་བ་དགོས་ཀྱི། ཕྱིས་འགྱོད་པ་མེད་པ་ཞིག་བྱེད་དགོས། ཆང་ས་རྒྱབ་ཚར་དུས་ཕྱི་སོང་བ་རེད། ཞོན་པའི་ཁ་ཕྱོགས་གང་ཡིན་རྒན་པའི་སླབ་བྱ་ལ་ཐུག་པ་ཀུན་གྱི་ཤེས་དགོས་འོན་ཀྱང་ཕྱི་ཚོགས་ཀྱི་ཁ་ཕྱོགས་ལེགས་ལམ་དུ་འརྒྱུར་བ་གལ་ཆེ་ལ་དེ་ནི་གནད་ཡོད་མི་སྣ་ལ་ཐུག།
ཁྱད་མཚར། ཕྱི་རྒྱལ་ཁག་ན་བོད་པའི་གཞོན་ནུ་ཕོ་མོ་ཚོས་རྒན་མགོ་དང་དཔང་བོ་སྐྱོན་ཅན་སྙོར་རྒྱུ་ནི་ཡ་རབ་ཆོས་དང་མཐུན་པ་ཞིག་ཡིན་རབས་བཤད་ནས་སྙོར་རབས་འདུག་ན་བོད་ནང་ལ་ཅི་བྱུང་བ་ཡིན་ན་ཨ།
ད་ཡིན་ན་ཚང་མ་་གྲྭ་བ་བྱེད་དུ་སོང་ནས། ཕ་མ་རྒན་མགོ་དགོན་མཐའ་ལ་ཁྲིད་ན་ཡག་ཞེ་རེད། ད་དེ་མ་གཏོགས་ཐབས་གཞན་མེད་སོང་བ་རེད།
ཇོ་མོའི་སྒར་མཐའ་ནས་ལོ་ལོན་ཚོ་འདུག་ཆོག་མི་ཆོག་མི་ཤེས། འགྲིག་གི་ཡོད་རྒྱུ་རེད་བསམ།
ད་ཡང་ཨ་དེག་ཚང་གིས་རང་མི་རིགས་སྟེང་ལ་མ་ཉེས་ཁག་གཡོག་བྱེད་ཀྱི།
ཀླུ་སྨྱོན་ལེགས། ཁ་ཤས་འདི་འདྲ་ཡོད་སྲིད་ན་ཐང་མོད། ཚང་མ་དེ་འདྲ་ཨེ་ཡིན་ན་ང་ཡང་ཆབ་ཆ་ནས་ཡིན། ཡུལ་ཕྱོགས་ཀྱི་གནས་ཚུལ་ཨོ་ཙམ་ཤེས་ཀྱི་ཡོད།དོན་མེད་ཁ་གཏོང་མི་ཉན་ཡ། ལས་རྒྱུ་འབྲས་ཡོད་རེད་ད།
ཡ། ད་དེ་ངོ་མ་ཡིན་ན་ཡ་རབས་བཟང་སྤྱོད་ཟེར་བ་དྲི་ཙམ་ཡང་མེད་པའི་རྟགས་རེད། དེ་ག་རེ་བསྟན་གྱི་འདུག་ཟེར་ན། ཕ་མ་མྱུར་དུ་ཤི་དགོས་པ། ཆོས་ལ་དད་པ་མེད་པ། རྒྱུ་ནོར་མེད་ན་སྤུན་མཆེད་ཁས་མི་ལེན་པ་བཅས་རེད་འདུག
ལ་དྭགས་གླེ་ན་སྲང་ལམ་ཞིག་ཏུ། མུ་སུལ་མན་རྒད་པོ་ཞིག་གིསས་སྣུམ་ཐབ་སྒང་ལ་ཟས་རིགས་བཟོས་ཏེ། གཞན་ཟ་ཁང་ལས་གོང་ཆུང་ཆུང་ལ་བྱིན། གླུ་ཞིག་ཐོངས་དང་། ཞེས་ཞུ་བ་འཐེན་པ་ན།
ཡོད་ན་ཡོད་པའི་སྡུག་བསྔལ
མེད་ན་མེད་པའི་སྡུག་བསྔལ།
ཡོད་མེད་གཉིས་ཀྱི་བར་ན།
ང་རང་སྐྱིད་པར་སེམས་སོ།།
ཞེས་གཞས་གཏོང་བར་བཤད་དོ།།
རེབ་གོང་ན་གནའ་དེང་གཉིས་ཀར་འདི་འདྲའི་བཤད་སྲོལ་ཙམ་ཡང་ཡོད་པ་མ་རེད།།
ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་མཁས་པ་རེད། ཤར་སེ་ཐག་བཅད་བཞག་ཡོད་ཀི ད་ནི་ཚང་མས་གོང་གི་གནས་ཚུལ་དེ་རྫུན་མ་ཡིན་པར་ངོས་འཛིན་བྱེད་ངེས་རེད། ཨ་ཧཧཧཧཧཧཧཧཧ དེ་ནས་་་་ ?????????????????
རང་གི་ཕ་མ་དང་སྤུན་མཆེད་གཉེས་འཁོར་ལ་ཟས་སོགས་སྦྱིན་དང་བསྙེན་བཀུར་སོགས་བྱས་ན་གང་ལས་ཕན་ཡོན་ཆེ་བ་ཡོད་པས། དེ་དོན་ཀུན་གྱིས་གཟབ་པར་གྱིས།
གཡུ་བྲག་པ་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་རུས་པ་གཟེར་སོང་། ཁོག་རྒྱ་ཡངས་པོར་བྱོས་དང་སྐྱོན་མེད། ཀླུ་སྨྱོན་གྱིས་ཀྱང་རེ་འགའ་རེ་བཤད་ནི་ཡིན་རྒྱུ་རེད། ཚང་མ་ཡིན་པའི་ཡིད་ཆེས་ང་ལའང་མེད། གཅིག་ཀྱང་མེད་ཟེར་དེ་རྒྱ་ནག་གི་བཤད་སྲོལ་རེད། རྒྱ་ནག་གིས་རང་ཉིད་བཟང་བོ་རྐྱང་རྐྱང་གིས་གྲུབ་པ་ལས་ངན་སྣེ་གཅིག་ཀྱང་ཡོད་པ་ཁས་མི་ལེན།
ང་ཡང་ལུང་པ་འདི་ནས་ཡིན་པའི་ད་བར་དུ་ལུགས་སྲོལ་དེ་འདྲ་ཞིག་མཐོང་བ་ཕར་བཞག་ཐོས་ཉོང་ཡང་མེད།
མཁྱེན་ཚར་དེ་འདྲ་མི་སུས་བྲིས་བ་ཡིན་ནམ།
གྲྭ་བ་དང་གྲྭ་ལོག ད་དུང་ཁྱིམ་ཐབས་བཟུང་མེད་པའི་རིགས་ཀྱིས་འདིའི་སྐོར་དྲང་པོར་བཤད་ན་མཉམ་མྱོང་གི་ངོས་ནས་ཅུང་མཁྱེན་མདོག་ཁ་བོ་མ་རེད། སོང་ཙང་། སྐད་མ་བརྒྱབ་ན་ཡག་གི་རེད།
དཔྱད་མཆན་པ་འདི་ཚོས་ཀླུ་སྨྱོན་ཚང་གི་སྐད་ཆའི་དོན་རྟོགས་ཀྱིན་མེད་པ་འདྲ། ལུང་ཚན་གྱི་ཁ་སྣ་འཐེན་རྒྱུའི་དོན་མ་རེད། གསལ་བོ་བྱས་ནས་ཉོན། སྔོན་འདིར་གསུམ་བཟང་མནའ་མ་དང་འབྲེལ་ནས་བལྟས་ན་གསལ་བོ་ཆགས་ཡོང་ནི་རེད། གསུམ་བཟང་མནའ་མའི་བྱུང་རིམ་འདི་མདོ་སྨད་ཕྱོགས་ཀྱི་ཁྱིམ་གཞིས་ཁྲོད་དུ་དཀའ་ངལ་རིམ་པ་ཞིག་འབྱུང་བཞིན་པའི་གནས་སྟངས་ངོ་སྤྲོད་པ་ཞིག་རེད། དེ་ཡང་བྱམས་སེམས་ཅན་ཁ་ཤས་ཀྱི་སེམས་ཕངས་བའི་གནད་དོན་ཞིག་རེད།
དཔྱད་མཆན་པ་འདི་ཚོས་ཀླུ་སྨྱོན་ཚང་གི་སྐད་ཆའི་དོན་རྟོགས་ཀྱིན་མེད་པ་འདྲ། ལུང་ཚན་གྱི་ཁ་སྣ་འཐེན་རྒྱུའི་དོན་མ་རེད། གསལ་བོ་བྱས་ནས་ཉོན། སྔོན་འདིར་གསུམ་བཟང་མནའ་མ་དང་འབྲེལ་ནས་བལྟས་ན་གསལ་བོ་ཆགས་ཡོང་ནི་རེད། གསུམ་བཟང་མནའ་མའི་བྱུང་རིམ་འདི་མདོ་སྨད་ཕྱོགས་ཀྱི་ཁྱིམ་གཞིས་ཁྲོད་དུ་དཀའ་ངལ་རིམ་པ་ཞིག་འབྱུང་བཞིན་པའི་གནས་སྟངས་ངོ་སྤྲོད་པ་ཞིག་རེད། དེ་ཡང་བྱམས་སེམས་ཅན་ཁ་ཤས་ཀྱི་སེམས་ཕངས་བའི་གནད་དོན་ཞིག་རེད།
རྒན་ཀླུ་སྨྱོན་ལགས
ཁྱོད་ཀྱིས་བཤད་པ་འདི་མཐོང་མ་ཐག་ཡ་མཚན་ཀྱིས་ངང་ནས་ཕ་ཡུལ་ཀྱིས་ཕ་མ་གཉིས་ལ་ཁ་པར་བཏང་ནས་དྲིས་བ་ཡིན་ཡང་། དེང་སང་རེ་ཟུང་ཞིག་ལས་མང་ཤོས་ཤིག་ནི་རྒན་ལ་བཀུས་ཤིང་གཞོན་ལ་གཅེས་བའི་མི་བུ་ཡ་རབས་ཅན་ཏག་ཏག་ཡིན་ནི་རེད་ཟེར། ཡིན་ཡང་ཁྱོད་ཀྱིས་གོང་དུ་བཤད་ཀྱིན་པ་དེ་འདྲའི་ཚབ་ཆེན་ཞིན་ཡིན་ནི་ཞིག་བཤད་གིན་མི་འདུག།
དེ་འདྲ་སོང་ཚང་ཁྱོད་ཀྱིས་ཁོངས་བསྐྱེད་ཡོད་པའི་ཐོག་ནས་འདི་ལྟར་བཤད་ན་ལེགས་པར་འདོད།
ང་རང་རེབ་གོང་ནས་ཡིན། ཡིན་ཡང་ཕ་ཡུལ་ཀྱིས་ཕྱོགས་ཞེན་བྱེད་གི་ཡོད་པ་དེ་འདྲ་རྩ་བ་ནས་མིན།
རེ་ཟུང་ཞིག་བོད་ནང་དུ་མ་ཟད་ཕྱི་ལོག་ན་ཡང་སླེབས་གིན་ཡོད་པས་ཡིན
ཤར་ཁུག་གིས་ག་དུས་ཡིན་ཀྱང་གནས་ཚུལ་དང་མཐུན་པའི་གཏམ་ལ་རྒོལ་གྱི་རེད། དེ་ནི་མི་བུ་ཁོ་རང་གི་ཁྲག་རྩའི་ནང་གི་ཟུང་ཁྲག་རྒྱུ་སྟངས་ཤིག་ལས་གཞན་གང་ཡང་མ་རེད།
ཧཧ།ཀླུ་སྨྱོན་གྱིས་ཨ་མེ་རི་ཁའི་ལུགས་སྲོལ་བོད་ལ་སྦྱོར་གི་ཡོད་ས་རེད།ཕྱི་རྒྱལ་ཁག་ནང་ཕ་མ་ཤི་སྒུག་བརྒྱབ་མཁན་དང་ཕ་མ་ལོ་ལོན་མིག་གིས་མཐོང་ན་སུན་པོ་ཡོད་པ།ཕ་མ་བུ་ཕྲུག་བར་བརྩེ་ཞེན་ཅི་གང་མེད་པར་ཕན་ཚུན་ངོ་བསྟོད་དང་ཕོགས་ཐུག་མི་འགྲོ་རྒྱུ་གཙོར་འཛིན་བྱེད་པ་སོགས་ནི་ནུབ་ཕྱོགས་སྤྱིའི་ཁྱད་ཆོས་རེད།
འོན་ཀྱང་།བོད་ནང་དེ་འདྲ་ཁ་ཤས་ཡོང་སྲིད་པ་རེད་དེ།བརྒྱ་ཆ་དགུ་བཅུ་ཕ་མ་ལ་གུས་ཞབས་ཆེན་པོ་དང་མནའ་མ་ཚོའང་ཁྱོ་གའི་ཕ་མ་དང་ལྷན་མི་ཚེ་སྐྱེལ་བཞིན་པ་རེད་མ་གཏོགས།རྒྱ་གར་གྱི་བོད་མི་ཚོ་ནང་བཞིན་ཕ་མའི་རྒྱུ་ནོར་ཡོངས་རྫོགས་བླངས་ཏེ་རྒན་གསོ་ཁང་དུ་བཅུག་གང་ཐུབ་བྱེད་པ་དེ་འདྲ་མེད་པ་རེད།
དེའི་དཔང་རྟགས་སུ་འཛམ་གླིང་སྟེང་ཕལ་ཆེར་རྒས་གསོ་ཁང་ཉུང་ཤོས་བོད་ནང་ཡིན་ངེས་རེད།ཀླུ་སྨྱོན་ནི་སྨྱོན་པ་རང་རེད་འདུག།དྲི་མ་ཙམ་གོ་བས་ཆོག་འདུག
དེ་རིང་གནས་ཚུལ་འདི་མཐོང་བ་དང་ཡུལ་རེབ་ཀོང་ཀྱི་ཕ་མ་གཉིས་ལ་ཁ་པར་བཏང་བའི་སྐད་ཆ་དྲིས་བའི་ན།
དེ་འདྲ་ད་སྔ་བྱུང་མ་མྱོང་ཟེར།་དེ་བས་ཀླུ་སྨྱོན་ལགས།་བདེན་པ་མེད་ན་དེ་འདྲ་མི་འབྲི་རོགས་གནང།
གུས་མོ་རང་ཡུལ་ལ་དུང་བ་དང་ཤ་ཤེན་ཡོད་པའི་་བུད་མེད་ཞིག་ཡིན།་སོང་ཙང་དེ་འདྲ་མ་གསུངས་གནང།
རྒྱ་གར་གྱི་བོད་མི་ཚོ་ནང་བཞིན་ཕ་མའི་རྒྱུ་ནོར་ཡོངས་རྫོགས་བླངས་ཏེ་རྒན་གསོ་ཁང་དུ་བཅུག་གང་ཐུབ་བྱེད་པ་དེ་འདྲ་མེད་པ་རེད། ཟེར་ན། ལགས་ལགས། ལགས་ལགས། ཁོ་རེ། ཁོ་རེ། ག་རེ་ལབ་པ། ཨེ་ཨེ། སྟུ་མཇེ་རྒྱོ་མཚང་ལགས།
ཀླུ་སྨྱོན དེ་འདྲ་ཡོད་ན་ས་ཆ་གསལ་བོ་ཞིག་ཤོད་དང་ཁྱེད་ཚོ་ལས་ང་ཚོའི་ཧ་གོ་གི་རེད། ཆབ་ཆ་དང་རེབ་གོང་གཉི་ཀ་མདོ་སྨད་ཕྱོཊ་ནས་བོད་མི་འདུས་སྡོད་ཆེ་ཤས་ཀྱི་ཁུལ་གཉིས་ཡིན་པ་དང་གདོད་མའི་སྲོལ་རྒྱུན་དཀོན་པོ་ཡང་མང་པོ་མཐོང་ཐུབ་པའི་ས་ཆ་དེ་འདྲ་རེད། ཡིན་ནའང་ངས་ཀྱང་སྔོན་ཆད་སྐད་ཆ་དེ་འདྲ་ཞིག་དངོས་ནས་ཐོས་མྱོང་ལ་དེ་ནི་ད་ལྟ་མཚོ་ཤར་ས་ཁུལ་དུ་འབོད་པའི་ཟི་ལིང་གྲོང་ཁྱེར་ཉེ་འགྲམ་གྱི་བོད་རིཊ་རོང་ཁུལ་ཁ་ཤས་རེད་འདུག དཔེར་ན་ཡ་རྫི་རྫོང་༼ཧྭ་ལུང༽དང་ཞོང་ཧྭ་རྫོང་ལྟ་བུ་རེད་འདུག ཡིན་ནའང་ཤེས་དགོས་བ་ཞིག་ལ་ས་ཁུལ་དེ་དག་བོད་ཀྱི་རང་སྐྱོངས་ཁུལ་གཅིག་གི་ཁོངས་སུའང་མི་གཏོཊ་ལ་རྒྱ་དང་ཁ་ཆེ་རིཊ་ཀྱི་ཤན་ཤུཊ་ཚབས་ཆེན་ཐེབས་ཡོད་པའི་ས་ཁུལ་ཁག་ཅིག་རེད་འདུག དེ་ན་བོད་ཁ་ཆེ་བའང་མང་པོ་འདུག དེ་བས་སྐད་ཆ་བཤད་ན་ཁུངས་གཏུག་ས་དགོས་བ་རེད།
ངས་བསམ་ཚུལ་ལ།ཀླུ་སྨྱོན་འདི་རེབ་གོང་ལ་མི་དགའ་བའི་མི་ཞིག་དང་དེའི་ཐོག་སྔོན་མའི་རྩོམ་ཞིག་ལ་གསུམ་བཟང་མནའ་མ་ཟེར་བའི་སྤྱི་ཚོགས་དངོས་བྱུང་གི་འཚོ་བ་ཞིག་འབྲི་མཁན་དེ་རེབ་གོང་གི་རེད་བསམ་ནས་ཟུར་ཟ་ཞིག་རེད་བསམ་སོང་།གལ་སྲིད་དེ་ལྟར་མིན་ཚེ་དགོངས་དག་ལབ་ཀྱི་ཡིན་ཨ་ལགས་ཀླུ་སྨྱོན་ཚང་ལགས།
བོད་ཀྱི་ཤར་ཕྱོགས་རྒྱ་ནག་ལ་ཤ་ཞེན་ཆེ་བའི་ཤར་ཕྱོགས་ཁོག་ནག་དེ་འདྲའི་ངར་སོང་། ཧ་ཧ།བླུས་རྒན།
མིག་གིས་མཐོང་ཚད་དང་རྣ་ཡིས་ཐོས་ཚད་ཚང་མ་དྲ་རྒྱའི་སྒང་བཀོད་ན་མཚམས་ལ་རེ་ཕན་ལས་གནོད་ཆེ་བ་ཡོང་གི་ཡོད། དེའི་རྒྱུ་མཚན་གྱིས་འབྲི་བ་པོས་སོ་སོའི་རྩོམ་དང་གནས་ཚུལ་གང་ཞིག་དྲ་རྒྱའི་སྒང་མ་བཀོད་པའི་སྔོན་ལ་བསམ་བློ་རེ་བཏང་ནས་དགོད་རྒྱུ་བཀལ་ཆེན་པོ་རེད། མ་གཞི་ནས་འདི་འདྲའི་རིགས་ཀླུ་སྨྱོན་ལྟ་བུའི་གྲྭ་གཟུགས་ཅན་གྱིས་ཤེས་རྒྱུ་ཁག་པོ་ཡིན་ལ།
ཤེས་ཀྱང་གྲྭ་གཟུགས་ཅན་ཡིན་པས་གསུང་ན་འོས་འཚམས་མ་རེ་ཟེར་རྒྱུ་ཡིན།
མནའ་མ་འགྲོ་མཁན་དང་མག་པ་འགྲོ་མཁན་སུ་ཞིག་ཡིན་ནའང་རང་འགྲོ་སའི་ཁྱིམ་ཚང་གི་ཆ་རྐྱེན་ལ་ལྟ་གི་ཡོད་རེད། དེ་ལ་གནའ་སྔ་མོ་ནས་ལྟ་གི་ཡོད་རེད་ལ་ད་དུང་ཡང་བལྟ་ངེས་རེད
གཅིག སྤྱིར་མི་འདིའི་རིགས་ལ་ལས་རྒྱུ་འབྲས་འགྲོ་ས་མེད་པ་ཤེས་གསལ་རེད། སྔོན་མ་ཀླུ་སྨྱོན་འབྲས་སྤུངས་ཆོས་སྒར་ན་ཡོད་དུས་བླ་སྤྲུལ་ཚོར་ཁ་གཏོང་མཁན་སྔ་བ་གསུམ་གྱི་སྔོན་མ་དེ་ཡིན། ཕྱིས་བལ་ཡུལ་ལ་ཕྱིན་ནས་དང་པོ་ས་སྐྱའི་བླ་ཆུང་ཞིག་གི་མིང་བྱང་བླངས་པ་རེད། མིང་དེ་ལ་བདག་པོ་ངོ་མ་ཞིག་ཐོན་པ་དང་། ཁོས་ཡང་བསྐྱར་རྙིང་མའི་བླ་རྒན་ཞིག་གི་སྐྱེ་བ་ཡིན་ཚུལ་གྱིས་རྙིང་མའི་ཕྱོགས་ཀྱི་མི་སྣ་ཁ་ཤས་ལ་འབྲེལ་བ་བྱས་ནས་མིང་བྱང་དེ་ཁོ་འབའ་ཞིག་ལ་ཐབས་བྱས་པ་རེད།
གཉིས། ཁོའི་དཀྲོག་གཏམ་འདི་ནི་ལོ་ཤས་སྔོན་ལྷ་སའི་ཁུལ་ན་གནས་ཚུལ་དེ་འདྲ་ཡོད་སྐོར་༧གོང་ས་མཆོག་གིས་དམངས་ཁྲོད་དུ་གསུངས་པའི་བཀའ་སློབ་དེ་ཐོས་འཕྲལ་ལྷ་ས་ཞེས་པའི་མིང་འདི་ཁ་ནས་ཐོན་རྒྱུའི་བློ་ཁོག་གིས་མ་འདང་བར་ཆབ་ཆ་དང་རེབ་གོང་གི་ཕྱོགས་ཞེས་བྲིས་པ་རེད། འདི་ནི་ངོ་མ་དཀྲོག་གཏམ་རང་རེད། མི་འདིའི་རིགས་ལ་གཟབ་དགོས། དྲང་བདེན་གྱི་ཐོག་ནས་གཟབ་དགོས། མི་འདིའི་རིགས་སྙིང་ཡང་ངེས་པར་དུ་རྗེ་དགོས། ངེས་པར་དུ་སྙིང་རྗེ་དགོས།
ཁོ་འབའ་ཞིག་ལ་རག་ཐབས་བྱས་པ་རེད།
མཆན་ཉི་ཤུ་པ་དེའི་བཤད་སྟངས་ཀྱང་དེ་འདྲའི་དྲང་བདེན་ཞིག་མ་རེད། རྒྱ་གར་ནང་འཚར་ལོངས་བྱུང་བའི་མི་རབས་རྒན་གྲས་དང་། རྒྱ་གར་ནང་སྐྱེས་པའི་བོད་མི་བརྒྱ་ཆ་༩༠ཡན་གྱིས་ཕ་མ་དང་རྒན་རབས་ལ་གུས་བཀུར་བྱེད་པ་ལས་རྒན་གསོ་ཁང་དུ་སྐྱེལ་མཁན་མེད། ལྷག་པར་གཞིས་ཆགས་ཁག་ལ་དངོས་བསྐྱོད་སྐབས་གནའ་བོའི་བོད་མིའི་ཡུལ་ལུང་སོ་སོའི་གོམས་གཤིས་ཀྱང་ཡིད་ལ་དབང་མེད་དུ་འདྲེན་པར་བྱེད་པ་ནི། གནའ་ནས་ད་བར་བོད་མི་རིགས་ཀྱི་གཤིས་ཀ་མ་མཉམ་པར་གནས་ཡོད་པའི་དན་རྟགས་རེད། མ་གཞི་ནས་རྒན་གསོ་ཁང་མེད་པའི་གཞིས་ཆགས་མང་པོ་ཡོད་པ་དང་། རྒན་གསོ་ཁང་གི་རྒན་རྒོན་དེ་ཚོ་ཕལ་ཆེ་བ་བུ་ཕྲུག་མེད་པའི་རྒན་རྒོན་ཤས་གཅིག་ཡིན་པ་འདིས། “རྒྱ་གར་གྱི་བོད་མི་ཚོ་ནང་བཞིན་”ཞེས་བརྗོད་ན་ཧ་ཅང་ཐལ་ཆེ་བ་ཡང་ཤེས་དགོས། རེ་ཟུང་མེད་པར་སུས་ཀྱང་བརྗོད་མི་ཐུབ། མ་རེད་དམ།
འདི་འདྲ་རེ་ཟུང་ཞིག་བོད་ས་གང་ན་ཡིན་ནའང་ཡོད་
ནི་རེད། མང་བོ་ཡིན་རྒྱུ་མ་རེད་བསམ་གི
མཆན་ཨང་ ༢༣ པ་ཁྱབ་འཇུག་མིང་ཅན་ནས་མཚོ་ཤར་ས་ཁུལ་ལ་ཆ་རྒྱུས་ཡོད་མདོག་་དོག་ཞེ་དྲག་བསྟན་འདུག་ག བོད་མདོ་སྨད་མཚོ་ཤར་ཡུལ་གྲུ་འདི་ནི་བཙན་པོའི་གདུང་རབས་ནས་ད་ལྟའི་བར་དུ་ས་མཚམས་སྲུང་བའི་ལྕགས་རི་དང་བསྟན་པ་དར་བའི་མེ་རོ། རིག་གནས་རྒྱས་པའི་སློབ་དཔོན་ལྟ་བུ་ཞིག་ཏུ་ངེས་བཟུང་ཡོད། མཚོ་ཤར་ཁུལ་གྱི་བོད་མི་རྣམས་ནི་གཟེར་མ་རྭ་མགོ་ལྟ་བུའི་བོད་རྒྱའི་སོ་མཚམས་ན་བོད་མི་གཅིག་གིས་རྒྱ་མི་སྟོང་ཕྲག་གི་གདོང་བཀག་ནས་བསྡད་ཡོད་ཡ། མ་ཟད་ གངས་ཅན་ལྗོངས་ལ་མཁས་གྲུ་སྐར་ཚོགས་འདྲ་བ་བྱོན་པའི་ནང་ནས་ཉི་ཟླ་ལྟ་བུ་དག་འཁྲུངས་ས་ཡང་ཡིན་ཡ།
བློན་ཆེན་མགར་གྱི་ཚེ་འཇུག་སྐྱོང་ས་དང་།
ལྷ་ལུང་དཔལ་རྡོ་སྒོམ་ལ་བཞུགས་སའི་ཡུལ།
བླ་ཆེན་དགོངས་པ་རབ་གསལ་འཁྲུངས་ས་དང་།
རྒྱལ་བ་བློ་བཟང་གྲགས་པ་འཁྲུངས་སའི་ཡུལ།
དགེ་བཤེས་ཤེས་རབ་རྒྱ་མཚོ་འཁྲུངས་ས་དང་།
མཁས་དབང་ཚེ་ཏན་ཞབས་དྲུང་འཁྲུངས་སའི་ཡུལ།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་འཁྲུངས་ས་དང་།
༧པཎ་ཆེན་སྐུ་ཕྲེང་བཅུ་པ་འཁྲུངས་ས་ཡིན།
བོད་མི་རྩམ་གཟན་ཡོངས་ཀྱི་ནི།
དཔྲལ་པའི་མིག་དང་ཁོག་པའི་སྙིང་།
ཕྱི་ཡི་ལྕགས་དང་ནང་གི་ནོར།
སྐྱེས་ཆེན་ཉི་ཟླ་འདི་ནས་འཁྲུངས།
ཁྱབ་འཇུག་མིང་ཅན་ལ་མཚོ་ཤར་ས་ཁུལ་ངོ་སྤྲོད་མདོ་བསྡུས་ཙམ་ཡིན། ཞིབ་པར་མཁྱེན་འདོད་ན་རིམ་གྱིས་སྤྲོས་ཆོག
ཨ་ཁུ་ཀླུ་སྨྱོན་གྱིས་བཤད་པ་བདེན་པ་རེད། ངས་ངོས་སུ་དེ་འདྲའི་རིགས་མི་ཉུང་བ་མཐོང་མྱོང་། དེང་སང་བོད་ནང་ལ་ལོ་རེ་བཞིན་གྲྭ་བའི་གྲངས་འབོར་ཇེ་ཉུང་ཡིན་པ་དང་། བོད་ཀྱི་ས་ཁུལ་ཁ་ཤས་སུ་དབང་བོ་སྐྱོན་ཅན་གསོ་སྐྱོང་ཁང་དང་། རྒན་གསོ་ཁང་འགའ་རེ་གསར་དུ་བཙུགས་འདུག་པ་དྲ་གྲོགས་ཚོས་གོ་ཐོས་བྱུང་ཡོད་རྒྱུ་རེད། བོད་ལ་གྲྭ་བ་ཇེ་ཉུང་འགྲོ་དགོས་དོན་དང་། དབང་བོ་སྐྱོན་ཅན་གསོ་སྐྱང་ཁང་དང་། རྒན་གསོ་ཁང་འབྱུང་རྩ་ལ་ཞིབ་འཇུག་བྱོས་དང་། ཨ་ཁུ་ཀླུ་སྐྱོན་གྱིས་བཤད་པ་དེ་བདེན་ཡིན་པར་གོ་ཐུབ།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།
རྒན་རྒོན་ཚེ་ཐག་རིང་པོ་དང་། ནང་མི་དབང་པོ་སྐྱོན་ཅན་གཉིས་རང་གི་ནང་མིས་ནང་ལ་བལྟ་སྐྱོང་ཐུབ་ན་གཟི་བརྗིད་རེད། གལ་སྲིད་དེ་ལྟར་མ་ཐུབ་ན་ཡང་། རྒན་རྒོན་རྒན་གསོ་ཁང་ཅིག་ལ་བསྐྱལ་ཐབས་དང་། དབང་པོ་སྐྱོན་ཅན་ཡང་། རང་དང་རིགས་མཐུན་ལྟ་སྐྱོང་ཁང་ཅིག་ལ་བཅུག་ཐབས་གང་ཐུབ་བྱ་རྒྱུ་དེ་ནི། ནང་མི་ལྷག་མ་རྣམས་ཀྱི་འོས་འགན་རེད་དོ། །མནའ་མ་ལ་བསྟུན་དགོས་དྭོགས་མེད།
དགོན་པ་ལ་གྲྭ་རྒན་ལོ་ལོན་མང་ན་དགོན་པ་དེ་ལ་གྲྭ་ཕྲུག་བྱེད་ནི་ཡང་མེད་པར་འགྲོ་ས་རེད། ད་གང་ཡོང་།