—–གསལ་ལེ་རྒྱལ།
མནའ་མ་སྔ་མོར་ལངས་ནས་ནང་ཆུ་བསྐོལ་རྗེས་ཐབ་ཀའི་ཡ་རྒྱལ་ལ་ཁེན་ཏེ་ཁྱིམ་མི་ཚང་མ་ལང་བར་བསྒུག ཨ་མྱེས་བྱམས་པས་ཉལ་སའི་ནང་ནས་འཕག་ར་ཞིག་བྱས་ཏེ་གཉིད་མ་སད་ཀྱིས། “གནའ་མ། ད་ལོངས་ཡ། ནང་ཆུ་སྐོལ”ཟེར། མནའ་མས་ཅི་ཡང་མི་ཟེར།
མེ་ཏོག་ལྷས་ར་ནས་མནའ་མས་འབྲི་བཞོས་ཚར་ཏེ་ནང་དུ་འཛུལ་མ་ཐག ཨ་མྱེས་བྱམས་པས་ནང་ཆུ་འཐུང་བཞིན་མགོ་སྒུར་ནས། “མནའ་མ། འབྲི་བཞོས་དང་། ནོར་འཕུད་རན་རེད་”ཟེར། མནའ་མས་ཅི་ཡང་མི་ཟེར།
མནའ་མས་ལྕི་བ་སྐམ་པོ་དང་རིལ་མ་སྐམ་པོ་དག་ཕྱོགས་གཅིག་ཏུ་སྤུངས་ཏེ་ཆུ་ཤོག་ཅིག་གིས་བཏུམ་ནས་རྡོ་བས་དམ་པོར་ནན་རྗེས་རྒྱུག་མ་མདུར་གྱིས་སྒོ་འགྲམ་དུ་སླེབས་པ་ན། ཨ་མྱེས་བྱམས་པས་གནམ་ངོར་བལྟས་ཏེ། “མནའ་མ། འབུད་རྒྱུར་བདག་བྱོས། ཆར་བ་འབབ་གྲབས་འདུག”་ཟེར། མནའ་མས་ཅི་ཡང་མི་ཟེར།
ས་རུབ་ལ་ཉེ། མནའ་མས་ཤ་མོག་བཟོ་བའི་སྟ་གོན་ཚང་མ་གྲུབ་ནས་ནོར་ལུག་ལྷས་རར་བཅུག་ཏེ་ནང་དུ་འཛུལ་བ་ན། ཨ་མྱེས་བྱམས་པས་བསམ་བློ་གཏོང་བཞིན། “མནའ་མ། དེ་དགོང་མོག་མོག་ཅིག་བཟོས་དང་”ཟེར། མནའ་མས་ཅི་ཡང་མི་ཟེར།
མནའ་མས་ཁ་མུར་མུར་གྱིས་སྒྲོལ་མ་ཚར་གསུམ་བཏོན་རྗེས་མལ་ས་བཟོ་རྩིས་བྱས། ཨ་མྱེས་བྱམས་པས་ཕྲེང་རྡོག་རེ་རེ་སོར་མོས་འདྲེན་བཞིན། “མནའ་མ། ཁ་འདོན་རེ་བྱོས་དང་། ང་ལ་དགོས་དོན་མེད་མོད། ཁྱོད་རང་ཉིད་ལ་ཕན་གི་རེད་”ཟེར། མནའ་མས་ཅི་ཡང་མི་ཟེར།
མནའ་མས་མལ་ས་དྲོན་མོ་ཞིག་བཟོས་ཏེ་རང་གི་རྐང་སྣམ་ཕུད་ནས་ཉལ་བསྡད་པ་ན་མོའི་ཁྱོ་ཀ་རུམ་ལ་ཤུལ་ཡོང་ནས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་”ཕུད་དང་”ཟེར། མནའ་མས་ཅི་ཡང་མི་ཟེར།
ཞོགས་པ་དེར་ཁ་བ་ཅུང་ཙམ་བབས་པའི་སྟེང་དུ་མནའ་མ་ཕར་སོང་གི་རྐང་རྗེས་ཤིག་གསལ་བོར་བཀོད་འདུག ཨ་མྱེས་བྱམས་པས་གཉིད་མ་སད་ཀྱིས། “མནའ་མ། ད་ལོངས་ཡ། ནང་ཆུ་སྐོལ་”ཟེར། མནའ་མས་ཅི་ཡང་མི་ཟེར།
ཐག་རིང་ཐག་རིང་ན་ཁྱི་རྒན་ཞིག་གིས་རྔ་མ་གཡུག་བཞིན་མནའ་མ་བསུ་བར་ཡོང་གིན་འདུག མནའ་མས་ཁྱི་རྒན་གྱི་མགོ་ལ་བྱིལ་བྱིལ་བྱས། “རྒྱ་སྟག ཁྱོད་ཀྱིས་ང་ཡོང་གིན་པ་ཇི་ལྟར་ཤེས་སོང་”།
05/01/2013 ལ་ཕ་རེ་སི་ནས།
ཁ་སྐད་རེ་འགའ་གོ་ཁག་མོད། འདི་བོད་ཀྱི་གཤིས་ཀའམ། འབྲོག་སའི་འགྲོ་སྟངས་ཤིག་རེད། གཅིག་བྱས་ན། ནུབ་ཕྱོགས་ཀྱི་བོད་ཀྱི་མནའ་མ་ཚོས་ལས་སྟངས་དང་འདྲ་མཚུངས་ཡོད་ཀྱང་སྲིད། གང་ལྟར་འཚོ་བ་ནི་བསམ་བློ་འཁུར་ཕྱོགས་ཤིག་མ་རེད་དམ།
ཨ་ཁ་ནང་པར་སྔ་མོ་ཆུ་བཀོལ་རྐྱང་འཐུང་གི་ཡོད་ས་རེད་་་་ཆུ་བཀོལ་རྐྱང་རྐྱང་བཏུང་ན་མནའ་མ་གང་ནས་བསྡོད་ཐུབ།།
སྐབས་དེར། ཁྱི་རྒད་དེས་ཐབ་ཀའི་མར་(སྒྱེད)་བཀོག་ནས། ར་མདའ་གསལ་ལེ་ཡི་མགོ་ལ་གཅིག་བརྒྱབས་ནས། ཁོ་དེ་ག་རང་ལ་(རྒྱལ)་དུ་བཅུག་པ་ན་སྒྲུང་རྫོགས་སོ།
དེ་ལྟར་དུ། སྐད་ཆ་འདི་ལ་ཡང་(རུམ་ལ་ཤུལ་ཡོང་ནས)འགྲེལ་རྒྱག་པའི་སྐལ་བ་མ་ལྡན་ནོ། ཧ་ཧ་ཧ།
རྒྱོ་མ་ཐུབ་རྣ་མ་མགྲོན་པོ་རེད་།
ཟ་མ་ཐུབ་རྒྱག་ཆེ་འཁུར་པོ་རེད་།
བཤོད་མ་ཐུབ་ཁ་ཆུ་ཕམ་ལེ་རེད་།
ལས་མ་ཐུབ་ཟས་ཞིམ་རག་ལེ་མིན་།
འདི་འདྲའི་མནའ་མ་སྐད་ཆ་མི་བཤད་མཁན་ཞིག་ཡོད་རྒྱུ་མ་རེད་བསམ། རྒྱུ་མཚན་ནི་གལ་ཏེ་མནའ་མས་འདི་ལྟར་ཨ་མྱེ་ལ་ཁ་ཡ་མ་བྱས་ཚེ་མནའ་མ་སྐོབས་རྒན་ཞིག་རེད་ཟེར་ནས་ཉིན་གཅིག་ཙམ་ཡང་བསྡད་མི་འཇུག་ཁོང་ཚང་ནས་ཕུད་རྒྱུ་རེད་ཏག་ཏག་ཡིན།
རུལ་མར་མཇེ་ཡིས་རྒྱབ་ན་ཡུལ་མི་དྲན་ཟེར་བ་ཞིག་མིན་དང་ཟིག་མོ། ཧཧཧ་་མནའ་་་གཅིག་ལ་ཡིག་ནོར་གནའ་་བྲིས་འདུག མཐའ་མའི་ཁྱི་རྒན་རྒྱ་སྟག་གི་བསུ་བ་དེས་ཁྱོད་ཀྱི་སྒྲུང་འདི་ལ་གསོན་ཉམས་ཅུང་ཙམ་བསྐྲུན་འདུག ་གང་ལྟར་་་་འགྲིག་འདུག་ཡ་་ཤན་ཁོ་་་