ཤངས་སྟོན་ཚངས་ཐིག
༄༅། །ལྷ་དང་བཅས་པའི་འགྲོ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་པ་ཁམས་གསུམ་འགྲོ་བའི་བླ་མ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་་གཟིགས་པ་ཆེན་པོ་ྋརྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ྋཞབས་པད་འཇིག་རྟེན་ཆེ་རྒུས་མཆོད་པའི་གསེར་ཁྲི་མངོན་པར་མཐོ་བའི་དྲུང་དུ།
སྒོ་གསུམ་རབ་གུས་༸སྐྱབས་འོག་ཤངས་སྟོན་ལྷུན་ཆོས་ནས་མི་ཕྱེད་དད་པའི་སོར་མོ་སྙིང་གར་བཀོད་དེ་ྋགསེར་སྙན་རིན་པོ་ཆེ་ཐུང་ཙམ་མི་གཙེར་ཐུ་མེད་ལ་རྣམ་མཁྱེན་འགལ་འཁྲུགས་མི་བཞེས་པར་ཞུ་ཞེས་གསོལ་བ་འདེབས་དོན། དེ་ཡང་རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་བླ་ན་མེད་པ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་གང་ཉིད། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་ྋརྒྱལ་པོའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ནའང། སྔོན་གྱི་རླབས་ཆེན་ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པ་ལས་མཐའ་ཀླས་སྐུ་ཡི་བཀོད་པས་འགྲོ་བའི་དོན་མཛད་ཚུལ་བརྗོད་ཀྱིས་མི་ལང་ཞིང༌། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར་འགྲོ་བའི་དོན་ལ་བསམས་བཞིན་སྲིད་པ་བཟུང་བ་གྲགས་ཆེ་བ་ནི། འཕགས་ཡུལ་དུ་རྒྱལ་པོ་འཇིག་རྟེན་དབང་ཕྱུག་སོགས་སོ་དྲུག་དང༌། གངས་རིའི་ལྗོངས་སུ་ཆོས་རྒྱལ་བཅུ། པཎ་གྲུབ་བཅུ་བདུན། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་དང༌། ལྷག་པར་དུ་རང་ཅག་གངས་ཅན་པ་རྣམས་དེང་དུས་མི་བཟད་པའི་འཇིགས་སྐྲག་དང་སྡུག་བསྔལ་ལས་སྐྱོབ་ཅིང༌། མི་རིགས་དང་རིག་གཞུང་གི་སྲོག་བཟུང་བའི་མངའ་བདག་བྱམས་བརྩེའི་ཆུ་གཏེར་གྱི་ཀློང་དུ་དབང་བསྒྱུར་བ། ཁམས་གསུམ་འགྲོ་བའི་བླ་མ་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེནཔོ། ྋརྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཉིད། མདོ་སྨད་ཙོང་ཁའི་ཡུལ་དུ་གཟིགས་པ་རྣམ་པ་དུ་མར་གཟིགས་ཏེ། བདུན་བརྒྱུུད་དུ་གྲུབ་པའི་སྣག་གི་གཉེན་མཚམས་དང་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ། དབུས་འགྱུར་འཆང་བའི་རིགས་ལས་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཕྱི་ལོ་༡༩༣༥ ལོའི་ཟླ་བ་ ༥ ཚེས་ ༥ ཉིན་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྐུ་ཡི་ཉི་གཞོན་གྱི་མཚན་དཔེ་བཞད་དེ་མཚན་ལ་ལྷ་མོ་དོན་གྲུབ་ཏུ་གསོལ། རྒྱབ་ཚབ་རྭ་སྒྲེང་རིན་པོ་ཆེས་མ་གཅིག་འདོད་ཁམས་བདག་མོའི་བླ་མཚོར་ཨ་ཀ་མ་ཞེས་པའི་འཁྲུལ་བྲལ་ལུང་བསྟན་གྱི་ཡི་གེ་གཟིགས་པ་སོགས་བླ་ལྷའི་ལུང་བརྟག་རྩེ་མཐུན་བྱུང་བ་ལྟར། གངས་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ནས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་ཞུས།།
དགུང་གྲངས་བཅུ་དྲུག་སྟེང་མགོན་མེད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་མི་བཟད་པའི་དུཿཁ་ལས་སྲུང་ཆེད་ལུགས་ཟུང་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ་སྐྱེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྐལ་བཟང་མངོན་དུ་གྱུར་ཀྱང༌། ཕྱི་ལོ་༡༩༥༠ ལོའི་ཡས་མས་ནས་བཟུང་བསྟན་དགྲ་རྒྱ་དམར་གྱི་ཧམ་སེམས་དང་འདོད་རྔམས་ཀྱིས་བོད་འདི་ཉིད་ཟ་སེམས་ཀྱི་མཆེ་བ་གཙིག་མུར། བོད་སྤྱི་མཐུན་གྱི་བསོད་ནམས་མཐའ་ལ་གཏུགས་པ་དང་དུས་ངན་མི་བཟད་པའི་ཡོ་ལང་ཆུ་གཉེར་ལྟ་བུའི་རྐྱེན་མང་སོགས་ལས་མཐར། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པ་ཁྱུར་མིད་ཀྱིས་སྡིག་སྤྱོད་ཀླ་ཀློའི་ལྟོ་བར་བསྟིམས་ནའང༌། ྋསྐྱབས་མཆོག་གང་ཉིད་གངས་ཅན་སྐྱེ་འགྲོ་སྐྱོང་བའི་སྨོན་ལམ་གྱི་མཐུ་གྲུབ་པས། སྐུ་ངལ་ཁྲི་སྟོང་མང་པོར་འཇིགས་མེད་ཐུགས་སྟོབས་ཀྱི་གོ་བགོས་ཏེ་གངས་ཅན་བསྟན་འགྲོའི་དོན་དུ་འཕགས་པའི་ཡུལ་དུ་ཕྱག་ཕེབས་ཏེ། བོད་ཀྱི་བདེན་དོན་འཛམ་གླིང་ཡོངས་ལ་གསལ་བསྒྲགས་དང༌། བཙན་བྱོལ་སྲིད་གཞུང་གསར་བཙུགས་དང་བོད་སློབ་ཁག་གསར་བཙུགས་མཛད་པ༌། བོད་ཀྱི་རང་དབང་མང་གཙོའི་ལམ་སྲོལ་གསར་གཏོད་ཀྱིས་མི་དམངས་ཀྱི་ལག་ཏུ་གསོལ་རས་བསྩལ་བ། དེ་བཞིན་བསྟན་པའི་གནས་གཞི་ཆོས་སྒར་ཁག་སླར་གསོ་གནང་བ་སོགས་ནི་འཇིག་རྟེན་མེས་པོས་སྨྲ་བྱེད་སྟོང་དུ་སྤྲུལ་ནས་བསྐལ་པའི་བར་བརྗོད་ཀྱང་ངལ་བའི་རྒྱུ་ཙམ་ལས་ཇི་བཞིན་བརྗོད་པའི་ཡུལ་ལས་འདས་པར་གྱུར་ཏོ། །མ་ཟད་འདས་པའི་ལོ་ངོ་ལྔ་བཅུ་ང་གཉིས་ཀྱི་ལོ་རྒྱུས་ལྡན་པའི་མང་གཙོའི་ཆ་རྐྱེན་ཡོངས་སུ་རྫོགས་པའི་བོད་ཀྱི་བཙན་བྱོལ་སྲིད་གཞུང་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་ཆ་ལག་ཚང་ཞིང་འཐུས་སྒོ་ཚང་བ་འདི་ལྟ་བུ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་གི་སྒྲོམ་གཞི་ལས་ཆེས་ལྷག་པ་ནི་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང༌། ཐུགས་རྗེའི་འོད་ཟེར་ཉག་གཅིག་ལས་བྱུང་བ་འཇིག་རྟེན་ལྷ་མི་ཀུན་ཤེས་ཀྱི་གནས་སུ་གྱུར། མ་ཟད་བོད་གཞིས་བྱེས་གཉིས་ཀའི་གནས་སྟངས་ལ་ཡར་རྒྱས་དང་ཆབ་འབངས་ཀྱི་འཚོ་བ་དང་ཤེས་ཡོན་སོགས་ལ་ཕྱོགས་གང་ས་ཅི་ཐད་ནས་འགྱུར་བ་ཆེན་པོ་བྱུང་བ། བོད་ཀྱི་གནད་དོན་འདི་རྒྱལ་སྤྱི་ཅན་དུ་གྱུར་ཏེ་བློ་གཟུ་བོར་གནས་པའི་འཛམ་གླིང་གི་སྲིད་གཞུང་དང་དབུ་ཁྲིད་མང་པོས་བོད་ཀྱི་གནད་དོན་ལ་དོ་སྣང་རྒྱབ་སྐྱོར་གནང་བཞིན་པ་ནི་ཆེས་ཐོབ་དཀའ་བའི་ཆབ་སྲིད་ཀྱི་རྒྱལ་ཁ་རླབས་ཆེན་ཞིག་རེད། འདི་ཐམས་ཅད་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཁོ་ན་ལས་གཞན་དུ་མ་མཆིས།
འོན་ཀྱང་དུས་དེང་སང་ཆབ་སྲིད་ཀྱི་གོ་རྟོགས་ཤིན་ཏུ་དམན་པའི་གཡམ་རྒྱུགས་པ་དང༌། དོན་མེད་དུ་མི་ཚེ་སྟོང་ཟད་དུ་གཏོང་བའི་སྨྱུག་འཛིན་པའི་མིང་ཅན་འགའ་ཞིག་ནས་བར་ལམ་ནས་བཟུང་དྲྭ་རྒྱ་དང༌། ཚགས་ཤོག་སྟེང་བརྗོད་བྱས་དབེན་པའི་ཡིག་ཉོག་མང་དག་གཅིག་མཇུག་གཉིས་མཐུད་དུ་སྤེལ་བ་མཐོང་རྒྱུ་འདུག་པ་ནི་དངོས་གནས་སྙིང་རྗེ་བའི་གནས་རང་རེད། ཁོ་ཚོས་རང་ཉིད་ཀྱི་འདོད་པ་མ་གྲུབ་པའི་སྡུག་རླུང་དེ་སྟོན་ས་མ་རྙེད་སྟབས་སྤྱི་ཚོགས་ནང་དུག་རྩ་བཀྲམ་པ་དང༌། བརྒྱུད་ལམ་འདྲ་མིན་སྟེང་དོན་མེད་གཏམ་འཆལ་སྤེལ་བའི་རྒྱུ་མཚན་གཉིས་རང་རེད། འདི་ལ་རིགས་གཉིས་སྟེ། དང་པོ་ནི་ང་རྒྱལ་ཆེ་ཞིང་འཇོན་ཐང་མེད་པ། མཐོ་འདོད་ཆེ་ལ་བློ་རྒྱ་ཆུང་བ། ཉམས་མྱོང་དམན་ལ་རང་རློམ་ཆེ་བའི་མི་སྣ་ཉུང་ཤས་ཤིག་སྤྱི་སྒེར་གང་རུང་གི་ལས་དོན་སྒྲུབ་པའི་ཁོར་ཡུག་ཁྲོད་ཕམ་ཉེས་བྱུང་སྟེ་སྲང་མདོའི་ཁྱི་ལྟར་གང་སར་འཁྱམས་ཉུལ་གྱིས་མཐོ་དམན་མེད་པར་འཆང་སྟེ་མི་ཚེ་སྟོང་ཟད་དུ་གཏོང་མཁན་གྱི་རིགས་གཅིག་དང༌། གཉིས་པ་ནི་ཀ་ཁ་ག་ངའི་ཡིག་ངོ་ཆོད་ཙམ་ཞིག་ལས་མེད་ཁར། ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་མཐུ་མེད་ཀྱང་སྨྱུག་འཛིན་པར་རློམས་ཏེ། ཆེས་སྐྱུག་བྲོ་བའི་དོན་མེད་ཀྱི་ཡོག་ཉོག་འབྲི་རྒྱུར་དགའ་བ། གཡོ་སྒྱུ་ཝ་མོ་ལྟར་ཆེ་བའི་སྲིད་དོན་པ་འགའ་ཞིག་གི་དུག་རྙིའི་ནང་ཚུད་པ། རྩོམ་ཡིག་ལེགས་པོ་ཞིག་འབྲི་བར་འདོད་ཀྱང་ཆེ་འདོད་དང་ཀུན་སློང་ངན་པའི་རྐྱེན་གྱིས་བརྗོད་དོན་བཟང་པོ་མི་རྙེད་ཅིང༌། རང་ཉིད་ཀྱིས་གང་བྲིས་པ་དེར་ཀློག་པ་པོས་གདེངས་འཇོག་མི་བྱེད་པ་མ་ཟད། ཐམས་ཅད་ཞེ་ཁྲེལ་བའི་རྒྱུ་རུ་འགྲོ་བ། བརྗོད་བྱས་སྟོངས་པ་བྱ་རོག་སོ་རྟོགས་ཀྱི་བསྟན་བཅོས་ལྟ་བུ་འབྲི་རྒྱུར་མི་ངལ་བའི་སྐྱེས་བུ་བཅས་རིགས་གཉིས་རེད། མདོར་བསྡུས་ཏེ་ཞུས་ན། འདི་གཉིས་ཀ་སྣང་སྲིད་དགྲ་རུ་ལངས་ཏེ་མཐོ་སྲིད་རྩེ་ནས་དམའ་མནར་མེད་བར་གྱི་བྱ་དངོས་ཐམས་ཅད་ལ་མ་འགྲིགས་པ་དང་མ་འཐུས་པའི་འཁྲུལ་སྣང་གིས་ཐམས་ཅད་ལ་སྡང་ཟུག་དང་ཟུར་ཟ་བྱེད་ཅིང༌། སྣང་སྲིད་ཀྱི་བྱ་དངོས་ཁྲོད་འགྲིགས་པ་དང་འཐད་པ་གཅིག་རང་ཡོད་པ་ནི་རང་ཉིད་དང་རང་གི་སྣང་ཕྱོགས་ཙམ་རེད། ཉེ་ལམ་འགའ་ཞིག་གིས་ྋགོང་ས་མཆོག་དང་དམངས་གཙོ་གཉིས་བསྡུར་བ་བྱ་དགོས་ཞེས་ལྟ་ངན་གྱི་མཚང་འདོན་པ་སོགས་བློས་འཁྱུད་དཀའ་བའི་གནས་ཚུལ་བྱུང་བ་ནི་ཆེས་བློ་ཕམ་དགོས་པ་ཞིག་དང༌། རྩམ་ཟན་བོད་མི་རྣམས་འཆི་ལམ་དུ་སྐྱེལ་འདོད་པའི་བྱ་ངན་ཞིག་རང་རེད། གནས་ཚུལ་འདི་རིགས་བྲི་མཁན་ནི་རང་གི་རྒྱུད་ཚོད་མི་ལོན་པའི་བླུན་པོ་ཕྱུགས་དང་མི་གཉིས་པ་རང་རེད། ཁོ་ཚོས་བྲིས་པའི་ཡིག་ཉོག་དེ་རིགས་ལ་སུས་ཡིད་བརྟོན་དང་དགའ་ཞེན་བྱེད། དངོས་གནས་སྐྱུག་མེར་ལངས་གཞི་ཞིག་རང་རེད། ཁོ་ཚོའི་བསམ་ཕྱོགས་དང་བརྗོད་དོན་ཚང་མ་འཁྱོགས་བཤད་དང་དགྲ་དགའ་གཉེན་སྡུག་གི་ཚིག་མཚོན་ཤ་སྟག་རེད། ཁོ་ཚོའི་ཡིག་ཉོག་ཇི་ཙམ་བཀླགས་པ་དེ་ཙམ་གྱིས་མི་དམངས་རྣམས་ཁོ་ཚོར་སྡང་ཟུག་ཆེ་རུ་འགྲོ་བའི་རྒྱུ་རེད། བྱ་བ་གང་ཞིག་སྒྲུབ་རུང་གྲུབ་འབྲས་ཐོན་རྒྱུ་མེད་ན་བྱ་བ་དེར་འཇུག་མཁན་དེ་བླུན་པོ་ཕྱུགས་ལྟ་བུར་ངོས་འཛོན་བྱེད་པ་འཇིག་རྟེན་ཡོངས་གྲགས་ཡིན་པ་ལྟར། ཁོ་ཚོའི་ཡིག་ཉོག་གི་འཇུག་འབྲས་ཀྱང་དེ་དང་གཅིག་མཚུངས་རེད། ཁོ་ཚོས་བོད་མི་དམངས་ཀྱི་བསམ་བློ་བསྒྱུར་འདོད་ཀྱང་དེ་ནི་ངལ་བ་འབྲས་མེད་མོ་བཤམ་གྱི་བུའི་ཟླ་ལ་གྱུར། གལ་ཏེ་ལས་ངན་གྱི་འཇུག་པ་མཐུན་པའི་ཀླད་མེད་རེ་བཟུང་ནས་ཁོ་ཚོའི་གཏམ་འཆལ་ལ་ཡིད་བརྟོན་བྱེད་སྲིད་ཀྱང༌། དེས་ཕན་གནོད་གང་ཡང་འབྲེལ་མི་ཐུབ། ཁོ་ཚོའི་ཆོ་མེད་ཀླད་སྟོང་གི་བྱ་ངན་ལ་ངན་འབྲས་སྨིན་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ལ་ཁོ་ཚོར་སྙིང་རྗེའང་སྒོམ་གྱི་ཡོད། ལས་ངན་གྱི་འཇུག་པ་མཐུན་པའི་མི་ངན་སྡིག་པ་ཁ་མ་ལོངས་པ་འདི་ཚོའི་ཆེས་ཐ་ཤལ་གྱི་བྱ་སྤྱོད་ལ་༸མགོན་པོ་གང་ཉིད་དང་གཞུང་ས་མཆོག་ནས་ཐུགས་སྣང་རྩ་བ་ནས་མ་མཛད་པར་ཞུ་ཞེས་གསོལ་བ་འདེབས་མུར། ཁ་ས་གསུམ་ཅུའི་དུས་དྲན་གྱི་གསུང་འཕྲིན་དུ་༼ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌།༽ཞེས་གང་མགོན་པོ་གང་ཉིད་བགྲེས་ཡོལ་ལ་ཕེབས་རྒྱུ་ཡིན་ཚུལ་ཐུགས་ཐག་གཙང་བཅད་གནང་འདུག་སྟབས། གནས་ཚུལ་འདིས་གཞིས་བྱེས་བོད་མི་ཚང་མ་ཟས་བཅུད་གཉིད་བྲལ་གྱི་གདུང་བས་མནར་ཅིང༌། གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ལ་ཚོར་ཤེས་སྔར་ལྷག་གིས་ཐམས་ཅད་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མའི་བརྟུལ་ཞུགས་འཛིན། གང་ལྟར་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཀྱང་ྋགོང་ས་ལྔ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ཏེ་ལོ་ངོ་བཅུ་གསུམ་ཙམ་རིང་སྡེ་སྲིད་སངས་རྒྱམ་པས་གསང་རྒྱ་དམ་པོར་བསྲུངས་པ་ལ་དགག་དགོས་ངེས་ཅན་ཡོད་ལ། གསང་རྒྱ་བཀྲོལ་བའི་རྗེས་བོད་ཀྱི་སྤྱི་ཚོགས་ནང་སྡེ་གཟར་དང་དབང་ཆའི་འཐབ་རྩོད་ཇི་བྱུང་ལོ་རྒྱུས་ཀྱིས་དཔང་རྟགས་ཐུབ་ཅིང༌། ྋསྐྱབས་མགོན་སྐུ་གོང་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་རྗེས་བོད་ཀྱི་མཐོ་རིམ་མི་སྣའི་ཁྲོད་དབང་ཆའི་འཐབ་རྩོད་ཀྱི་ལེའུ་གསར་གཏོད་ཀྱིས་ར་སྟག་དོན་རྐྱེན་ཞེས་པ་ཆེས་སྐྱུགས་བྲོ་བའི་ཟློས་གར་ཞིག་འཁྲབ་སྟེ། ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་རྩ་ཆེ་བའི་ལོ་ངོ་བཅུ་དྲུག་གི་དུས་ཚོད་ཆུས་ཟོས་སུ་བཏང་བའི་འབྱུང་འབྲས་ལ་བོད་མི་ས་ཡ་གཅིག་དང་གྲངས་ཆུང་གཉིས་མནར་གཅོད་ཀྱི་འོག་དུས་མི་འཆི་ལམ་དུ་བསྐྱལ་བ་ཙམ་དུ་མ་ཟད། གངས་ལྗོངས་སྣོད་བཅུད་ཡོངས་སུ་རྫོགས་པ་དགྲ་ཡི་ལག་ཏུ་རྩིས་སྤྲད་པ་གསལ་པོ་ཡིན། དེ་རྗེས་བོད་སྐྱོབ་ཐབས་བྲལ་བའི་གནས་སུ་གྱར་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཤིན་ཏུ་ལྕི་པོ་དེ་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་པའི་ྋགོང་ས་མཆོག་ལ་ཕུལ་ཀྱང༌། དེ་ནི་ཕྱིས་དྲག་ཐག་ཆོད་པ་དང་རྟ་རྒྱུགས་རྡུལ་ཡལ་གྱི་རང་བཞིན་དུ་གྱུར། སྐབས་དེར་ལྷ་སའི་མི་དམངས་ཀྱིས་བཏང་བའི་གཞས་ཚིག་ནང༌། ཏག་ཏག་རྒྱལ་པོས་བཟོས་སོང༌། །སྟག་ལུང་བྲག་གིས་བཟོས་སོང༌། །ཕུལ་སོང་ལགས་དང་ཕུལ་སོང༌། །རྩབ་རལ་ཕྱག་ལ་ཕུལ་སོང༌། །ཞེས་སྡོམ་ཚིག་བརྒྱབ་ནས་ཡིད་མ་རངས་པ་ཆེན་པོ་བྱས་པ་ནི་དོན་དངོས་རེད། དེ་འདྲ་སོང་ཙང་ད་ལྟའི་གནས་སྐབས་འདིར་ྋགོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་ནི་བོད་འབངས་ཡོངས་ཀྱི་བློས་བཟོད་ཐབས་བྲལ་ཞིང༌། བོད་འདི་སླར་ཡང་དབང་ཆའི་འཐབ་རྩོད་ཁྲོད་བསྐྱར་ལོག་གིས་མཐར་བོད་འདི་འཇིག་རྟེན་འདི་ནས་མེད་པ་ཆགས་འདོད་རྩ་བ་ནས་མེད་པ་འདི་རེད། རྒྱུ་མཚན་ནི་ྋགོང་ས་མཆོག་གི་མཚན་གནས་འདི་ད་ལྟའི་དུས་སུ་བོད་འཆི་གསོན་གྱི་འགག་རྩ་གཅིག་པུ་དེ་ཡིན་ཅིང་། ཆོལ་གསུམ་གོང་བུ་གཅིག་སྒྲིལ་བཟོ་ཐུབ་མཁན་གཅིག་རང་ཡོད་པ་ནི་མགོན་པོ་གང་ཉིད་གཅིག་པུ་རེད། གང་ཡིན་ཞེ་ན་ྋགོང་ས་མཆོག་གིས་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ནས་བཤོལ་བ་ཡིན་ན། སླར་ཡང་དབང་ཆའི་འཐབ་རྩོད་ཀྱི་ལེའུ་ཞིག་འགོ་འཛུགས་སྲིད་ལ། དེ་ལས་ཀྱང་ཉེན་ཁ་ཆེ་བ་ནི་མི་དམངས་ཀྱིས་འགོ་ཁྲིད་ལ་བརྩི་འཇོག་རྩ་བ་ནས་བྱ་རྒྱུ་མིན་པ་ཟུར་བལྟས་ལེབ་མཐོང་ཡིན། དེ་འདྲ་སོང་ཙང་བོད་ཀྱི་སངས་རྒྱས་བསྟན་པ་དང་སྐྱེ་འགྲོའི་བདེ་སྐྱིད་ཉག་གཅིག་གི་ཆེད་སྐུ་ནའི་བབ་ཀྱིས་ཕྱག་ལས་རྩ་བ་ནས་མ་གནང་ཡང་མཚན་གནས་ལས་བཤོལ་རྒྱུའི་དགོངས་པ་མི་བཞེས་པ་མཁྱེན་ཞེས། བོད་གཞིས་བྱེས་གཉིས་ཀྱི་ཆབ་འབངས་མཐའ་དག་གིས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན། དེ་ལྟར་ཡོང་བའི་བཀའ་བཞེས་བཟང་པོ་བསྩལ་གནང་རྣམ་མཁྱེན་ཆོས་ཀློང་ཆེན་པོར་མངའ་བ་མཁྱེན།
རྡོ་དོན་ྋལྷར་བཅས་སྲིད་ཞིའི་རྣམ་འདྲེན་ྋསྤྱི་ནོར་ྋགོང་ས་སྐྱབས་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་མི་འགྱུར་བསྐལ་པ་རྒྱ་མཚོར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྲུབ་ཀྱིས་འགྲུབ་པ། རང་ཅག་རྣམས་ཀྱི་སྙིང་དུ་བརྣགས་པའི་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ། རིང་པོར་མི་ཐོགས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་ཆུ་སྐྱེས་རེ་ཁ་མངོན་པར་བཀོད་དེ། ཕན་བདེའི་སྣང་བས་འཇིག་རྟེན་ཡོངས་ལ་རྒན་མོ་གསེར་ཁུར་གྱི་དུས་བཟང་འཇམ་དར་ཡུག་གཅིག་ཏུ་ཁྱབ་པ། གུས་འབངས་སྐྱབས་འོག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཡན་ལག་ལྔའི་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། སྙིང་ཁོངརུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། ཇི་ལྟར་སྨོན་པ་བཞིན་དེ་དེ་བཞིན་དུ་འགྲུབ་པའི་སྐྱབས་འཇུག་བརྩེ་ཆེན་ཐུགས་རྗེའི་ཀློང་ནས་མི་འདོར་བ་མཁྱཻན་ མཁྱཻན་ མཁྱཻན་ མཁྱེན་ཞེས་ཞུ་བ་ལགས་སོ། །
ཕྱི་ལོ་༢༠༡༡ ཟླ་བ་༣ ཚེས་༡༡ ཉིན་སྒོ་གསུམ་ཕྱག་བཅས་
ཕུལ་བའི་ཞུ་ཡིག ། །།
དེ་འདྲའི་རིང་པོ་དང་སྙན་པོ་བྲིས་ནའང་དོན་དུ་ཕྱག་ལས་གནང་རོགས་ཞུ་ཡི་ཡོད་པས་ ཆུང་བྱིས་པའི་ཐོབ་ཐང་མེད་ དགུང་ལོ་དར་ལ་གསོན་པའི་སྐབས་མི་གཞན་དང་འདྲ་བའི་ཐོབ་ཐང་མེད་ སྐུ་ཚེ་གཅིག་གི་རིང་ང་རང་ཚོའི་ཆེད་དུ་སྐུ་ལས་སྐྱོན་ནས་ད་དགུང་ལོ་བདུན་ཅུ་དོན་བདུན་ལ་ཕེབས་ཀྱི་ཡོད་ན་ཡང་གྷབགྲེས་ཡོལ་ལ་ཕེབས་པའི་ཐོབ་ཐང་མེད་པར་མུ་མཐུད་ཕྱག་ལས་གནང་དགོས་ཞུས་པ་ནི་ ཧ་ཅང་མ་རབས་དང་ བསམ་མེད་ སྨོངས་ཞན་ ཡི་གེ་ཡག་པོ་ཤེས་ཀྱང་xxxxxxxxxxxxxxxxxx་
གྲུ་འཛིན་གཉིས་པ་པོ་ཏྰ་ལ་དང་། རྒད་མོ་གསེར་འཁུར་སོགས་ནི། འདས་པ་གོ་མྱོ་ཡང་། མ་འོངས་བསམ་མ་ཕོད་པའི་གཏམ་འཆལ་ཙམ་རེད་སྙམ། རྒྱ་མིས་མེད་པའི་མེད་སྟངས་དང་། བོད་པའི་ཡོད་པའི་ཡོད་སྟངས་བཤད་པ་གཅིག་པུས། དངོས་པོའི་གནས་ཚོད་ཕན་མི་ཐོགས། དེ་བས་༸གོང་ས་མཆོག་བགྲེས་ཡོལ་ཕེབས་ཀྱང་། བོད་མི་རིགས་དང་། འཛམ་གླིང་ཡོངས་ཀྱི་སྤྱི་མི་ཅིག་འགྱུར་བ་དང་། སྤྱི་མི་དེའི་མཛད་འཕྲིན་འོག་ད་ཡོད་བོད་མི་ཡོད་དོ་ཅོག་ནས། སྤྱི་དོན་ལ་ཤུགས་རྒྱག་མི་དགོས་སམ། ཤངས་སྟོན་ཚངས་ཐིག་ལ་ཀརྡོས་དཀར་ཐིག་ཙམ་ཡིན། ༸གོང་ས་མཆོག་ནི་ཇི་སྲིད་སའི་འཇིག་རྟེན་མ་འཇིག་པར། ཁྱེད་ཀྱི་མཚན་སྙན་ག་ལ་འཇིག་སྲིད། ནམ་མཁའ་ཇི་སྲིད་གནས་ཀྱི་བར། །ཁྱེད་ཀྱི་མཚན་སྙན་གནས་པར་ངེས། ། ༸གོང་ས་མཆོག་རྒྱལ་བའི་ཞོར་ལ། བོད་ཀྱང་རྒྱལ་འགྱུར་ཅིག །
ཤངས་སྟོན་ཚང་ཐིག་ལགས་སུ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དུས་ཐོག་ཏུ་རྩོམ་ཡིག་སྤེལ་བར་དགའ་པོ་དང་བསམ་དོན་འགྲུབ་པའི་སྨོན་ལམ་ཞུ། གོང་དུ་གྲ་གྲོགས་འཇིགས་མེད་ཅེས་པ་ནས་བསམ་ཚུལ་སྤེལ་ཏེ་རྨོངས་ཞེན་དང་། མ་རབས། བསམ་མེད་སོགས་བཤད་འདུག དོན་དངོས་ཁོ་པ་ནི་བྱིས་པ་བསམ་མེད་སྤྱི་པའི་དོན་ལ་འགན་རྩ་བ་ནས་མ་འཁྱེར་བར་རང་དོན་ཁོ་ན་ལས་གཞན་ཞེས་པ་བསམ་གྱི་མེད་ཙང་བསམ་བློ་འདི་ལྟར་འཁོར་བ་རེད། རྩོམ་པ་པོས་ཕྱག་ལས་རྩ་བ་ནས་མ་གནང་ཡང་མཚན་གནས་ལས་མ་བཤོལ་རོགས་ཞེས་གསུངས་མི་འདུག་གམ། འདི་ལ་དགོས་པ་ཆེན་པོ་ཡོད་པ་རེད། དོན་དངོས་༸གོང་ས་མཆོག་གི་མཚན་གནས་འདི་མེད་པ་ཡིན་ན་བོད་མི་དམངས་ཀྱིས་འགོ་འཁྲིད་ལ་བརྩི་འཇོག་བྱེད་ཁག་པོ་དང་། བོད་མིའི་གོང་བུ་ཁ་འཐོར་དུ་འགྲོ་ཉེན་ཆེ་བ་དང་། དབང་ཆའི་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་འགོ་འཛུགས་ཉེན་སོགས་ཉེན་ཁ་ཧ་ཅང་ཆེ། གང་ཡིན་ཞེ་ན། ཟུར་བལྟས་ལེབ་མཐོང་རེད། དེ་སྔའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་བྱུང་བ་ལས་ཉམས་མྱོང་ལེན་དགོས་པ་དང་། འདི་ལོའི་བཀའ་ཁྲིའི་འོས་བསྡུའི་སྐབས་བོད་བསྟན་པ་ཆབ་སྲིད་ལ་བསམ་བློ་རྩ་བ་ནས་མ་བཏང་བར་ཕྱོགས་རིས་ཀྱིས་འོས་ཤོག་འཕངས་པར་ཟམ་གདོང་ཚང་གིས་ཡིད་སྐྱོའི་སྨྲེ་ངག་ལན་གཉིས་ལྷོ་ཨེ་ཤ་ཡའི་མཁའ་རླུང་ལ་བསྐུར་བ་སོགས་རྒྱུ་མཚན་གསལ་པོ་རེད། མ་ཟད་འོས་ཀྱི་མཛོད་དུ་འབོད་པ་རྣམས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བསམ་བློ་བཏང་བའི་དབང་དུ་བཏང་ཀྱང་། ཕྱོགས་རིས་ཀྱི་ཀུན་སློང་གིས་བློ་གྲོས་ཀྱྲི་མིག་བསྒྲིབས་ཏེ་དོན་དངོས་མི་མཐོང་བའི་དབང་ལས་ཕན་མེད་གནོད་རྐྱེན་དུ་འགྱུར་བ་སོགས་དངོས་གནས་ཞེད་སྣང་སྐྱེ་དགོས་པ་མ་ཡིན་ནམ། གལ་ཏེ་༸གོང་ས་མཆོག་ལྟ་བུ་བོད་མི་ཆིག་སྒྲིལ་བཟོ་ཐུབ་མཁན་ཞིག་མེད་ན་རྣོ་ངར་ཆེ་བའི་ཕྱོགས་ཞེན་འདི་རྒྱ་བསྐྱེད་ཀྱིས་ནང་ཁུལ་སྡེ་གཟེར་མི་ཡོང་བ་ཅི་ལ་སྲིད། བྱིས་པ་བསམ་མེད་རང་རྒྱལ་ཁབ་རང་བཙན་ཡོད་རྣམས་ལྟར་གང་ཡང་བྱེད་ཐུབ་པའི་བསམ་བློ་སྟབས་བདེ་པོ་དེ་མ་གཏོང་ཞིག མི་དམངས་དབར་ཕྱོགས་ཞེན་དབྱེ་འབྱེད་ཀྱི་ཟིངས་ཆ་ལངས་ན་འདི་ལ་གནོན་སྡོམ་བྱེད་པའི་ཆ་རྐྱེན་ང་ཚོ་ལ་ཁྲིམས་ཀྱིས་གནོན་སྡོམ་བྱེད་མཁན་ཉེན་རྟོག་པ་དང་། དམག་མི་སོགས་མེད་པས་བྱས་པ་རེད། ཐབས་ལམ་གཅིག་རང་ཡོད་པ་ནི་༸གོང་ས་མཆོག་གི་བཀའ་སློབ་དང་ཐུགས་བརྩེ་གཅིག་པོ་འདི་རེད། གལ་ཏེ་༸གོང་ས་མཆོག་གིས་མཚན་གནས་ནས་བཤོལ་བ་ཡིན་ན། སྐབས་དེ་དུས་གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱི་མནར་གཅོད་འོག་སྡུག་ཟད་དུ་འགྲོ་རྒྱུ་དང་། བཙན་བྱོལ་ལ་ཡོད་པ་རྣམས་ཨ་ཕོ་རང་གིས་འཇོན་ན་གང་ཡང་བྱེད་སྲིད་པ་དང་། མགོ་སུ་བདེ་དང་། ལག་པ་སུ་རིང་རེད། སྐབས་དེ་དུས་སུ་སུ་ལ་བརྩི་དགོས་ཡས་ཡོད་པ་མ་རེད་ལ། ཚུར་གནམ་གང་ལ་མ་བརྩིས་ན། ཕར་ཚེས་པ་གཅིག་ལ་བརྩི་དགོས་དོན་མི་འདུག་ཅེས་པའི་བོད་པའི་གཏམ་དཔེ་འདི་ལས་ཀ་རག་པ་རེད། མཇུག་འབྲས་ནི་མི་དམངས་ཉམ་ཐག་རྣམས་སྡུག་བསྔལ་གྱི་མེ་འོབས་ནང་ལྷུང་རྒྱུ་དེ་རེད། བྱིས་པ་བསམ་མེད་ཉོན་ཨང་། བོད་པའི་གཏམ་དཔེར། སྟེང་རྡོས་མ་ནོན་འོག་འོག་རྡོ་འཕར་ཞེས་པའི་གནས་ལུགས་ཤེས་ཀྱི་ཡོད་དམ། ༸གོང་ས་མཆོག་གིས་བོད་ཀྱི་དབུ་འཁྲིད་མ་གནང་ན་བཀའ་བློན་ཁྲི་པ་ལྟ་ཞོག བཀའ་བློན་ཁྲི་ཆེན་དང་། ཁྲི་ཆེན་གྱི་ཁྲི་ཆེན། བཀའ་བློན་ཁྲི་ཆེན་གྱི་དགེ་རྒན། ཁིྲ་ཆེན་གྱི་ཁྲི་ཕྲུག་སོགས་སུ་ཡོང་ཡང་ང་ཚོས་བརྩི་བཀུར་ཞུ་ཐུབ་ཀྱི་མ་རེད། ད་གནས་ལུགས་ཧ་གོ་སོང་ངམ་བསམ་མེད་གླྲེན་པ། རྒྱུ་མཚན་མང་པོ་ཡོད་ཀྱང་དུས་ཚོད་མི་འདུག་གོ །
ཕྲག་དོག་མི་བྱེད་དགུ་བྱེད་༸གོང་ས་མཆོག་གི་སྐུ་དབང་ལ་ཕྲག་དོག་བྱེད་ཀྱི་འདུག རྒྱ་གཞུང་ནས་དུས་གཏན་དུ་བོད་མི་དམངས་འགྲིགས་ཀྱི་ཡོད། ཚོར་བ་སྐྱིད་པོ་དང་འབྱོར་འཕྲིན་གྱི་འཚོ་བར་ལོངས་སུ་སྤྱོད་ཀྱི་ཡོད། འོན་ཀྱང་ཏཱ་ལའི་རུ་ཚོགས་ཀྱི་མི་སྣ་ཉུང་ཤས་ཀྱིས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་འདོད་པ་ལས། རྒྱ་ཆེའི་བོད་མི་དམངས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་འཁྲིད་འོག་ཏུ་བདེ་སྐྱིད་ཀྱི་དཔལ་རོལ་བཞིན་ཡོད་ཅེས་འཛམ་གླིང་ཁྱོན་ཡོངས་ལ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པར་འདིར་ང་ཚོས་ལན་ཇི་ལྟར་འདེབས་དགོས་བསམ་བློ་ཞིབ་ཏུ་ཐོངས། ༸གོང་ས་མཆོག་གིས་བགྲེས་ཡོལ་གནང་གི་ཡིན་གསུངས་མ་ཐག་ང་ཚོས་དགའ་ཐག་ཆོད་ནས་ནག་ཅན་གྱི་བཙོན་པ་ཚེ་གཙོན་ལས་ཐར་བ་ལྟ་བུའི་དགའ་ཚོར་གྱིས། ད་ག་རང་ཞུས་ཆོག་ཅེས་གསོལ་བ་ཡིན་ན། རྒྱ་མིས་བཤད་པ་ལྟར་༸གོང་ས་མཆོག་བོད་མི་དམངས་ཀྱི་འདོད་པའི་དབུ་ཁྲིད་མིན་ཞེས་ཁས་ལེན་གཙང་མ་བྱས་པར་མི་འགྱུར་རམ། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་འོག་ནས་ཐར་ན། གུང་ཁྲན་ཏང་གི་དབུ་ཁྲིད་འོག་ལ་འཛུལ་རྒྱུ་ཡིན་ནམ། བསམ་བློ་ཐོངས། ༸རྒྱལ་དབང་ལྔ་པ་ཞིང་བརྗེས་ནས་ལོ་ངོ་བཅུ་གསུམ་ཙམ་གྱི་རྗེས་གསང་རྒྱ་བཀྲོལ་མ་ཐག་བོད་ལ་སྡེ་གཟེར་ལངས་ཏེ་དབང་ཆའི་འཐབ་རྩོད་ཁྲོད་སྡེ་སྲིད་སངས་རྒྱམ་པའི་དབུ་ཤོར་ཏེ་སྟོད་ལུང་ཁྲི་ཟམ་འོག་ཏུ་ཉིན་གསུམ་རིང་དབུ་ལ་བདག་པོ་རྒྱག་མཁན་མེད་པར་ལྷག་པ་ཤེས་ཀྱི་ཡོད་དམ། ཕོ་ལྷ་བའི་སྐབས་དབང་ཆའི་འཐབ་རྩོད་ཁྲོད་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཕ་བོང་ཁར་བཟང་བཙོན་ལ་འཇོག་རྒྱུའི་མ་རུང་ཁོག་བཅངས་ཀྱི་འཆར་གཞི་འདིང་བ་པོ་འདོད་ཁམས་བདག་མོས་ཚར་བཅད་པ་ཤེས་ཀྱི་ཡོད་དམ། བོད་ཤོར་བའི་འཕྲལ་རྐྱེན་དུས་རབས་ཉི་ཤུའི་དུས་དཀྱིལ་དུ་ར་སྒྲེང་གིས་རང་གི་དགེ་རྒན་སྟག་ལུང་བྲག་གི་བླ་བྲང་སྐྱོ་པོ་དེ་ཕྱུག་པོ་ཆགས་རྒྱུའི་ཆེད་དུ་སྲིད་དབང་ལོ་གསུམ་གཡར་ནས་རྩིས་སྤྲོད་ཀྱི་དུས་ལ་སླེབས་དུས་སྟག་བྲག་ཕྱོགས་གཏོགས་དབང་ཆར་བརྔམངས་ཏེ་ཐམ་ག་བཞི་སྦྱར་གྱི་དཔང་ཡིག་གན་རྒྱ་རྩིས་མེད་བཏང་སྟེ་ཁྱི་ཁ་རུས་བཟུང་གིས་དབང་ཆ་རྩིས་སྤྲོད་མ་བྱས་རྐྱེན་བོད་ལ་སྡེ་གཟེར་ལངས་ཏེ་ཆེས་རྩ་ཆེ་བའི་ལོ་ངོ་བཅུ་དྲུག་ཙམ་ཆུད་ཟོས་སུ་བཏང་བའི་མཇུག་འབྲས་བོད་རྒྱ་འོག་ཏུ་ཤོར་བ་ཤེས་ཀྱི་ཡོད་དམ། གང་ལྟར་བོད་མི་ཚང་མས་བསམ་བློ་ཡག་པོ་གཏོང་དགོས། མི་མང་པོ་ཞིག་ནས་ལག་པ་འཕྱིད་ཡས་ཀྱི་སྐད་ཆ་ཁོ་ན་བཤད་ནས་སྡོད་ཀྱི་འདུག ༸གོང་ས་མཆོག་གི་མཚན་གནས་མུ་མཐུད་བཞེས་ཀྱང་ང་ཚོས་བོད་བསྟན་ཆབ་སྲིད་ཀྱི་དོན་དུ་ལས་ཀ་བྱེད་རྒྱུར་འགོག་རྐྱེན་གང་ཡང་འཕྲད་ཀྱི་མ་རེད། ཤོད་དང་། ༸གོང་ས་མཆོག་གི་མཚན་གནས་འདིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བྱ་བ་བསྒྲུབ་པར་འགོག་རྐྱེན་ག་རེ་འདུག འོ་ན་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ན་ཁྱེད་རང་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་དེ་སྔ་ལས་ལྷག་པའི་ལས་དོན་རླབས་ཆེན་གང་ཞིག་བྱེད་རྒྱུ་ཡོད་ཤོད་དང་། བསམ་མེད་ཚོར་ལན་མེད་དོ། །
༄། །ཤངས་སྟོན་ཚངས་ཐིག་ལགས་ཀྱིས་དོན་ལ་གནས་པའི་དཔྱད་ཞིབ་ལེགས་པོ་གནང་འདུག་པས་རྗེས་སུ་ཡི་རང་དང་བཅས་དེ་དེ་བཞིན་ནོ་ཞེས་ཞུ་རྒྱུ་ཡིན་ཞིང་། BBCདང་ལྷག་བསམ་གཉིས་ལ་རྒྱབ་སྐྱོར་ཡོད། ཅེས་མདོ་སྨད་ནས།
ཀརྡོ་ལགས། གྲུ་འཛིན་གཉིས་པ་པོ་ཏཱ་ལ་དང་། རྒད་མོ་གསེར་འཁུར་སོགས་མ་འོངས་པ་བསམ་མ་ཕོད་པའི་གཏམ་འཆལ་ཡིན་པའི་རྒྱུ་མཚན་གང་ཞིག་ཡོད། ཇི་ལྟར་བྱས་ཏེ་གཏམ་འཆལ་ཡིན། གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ནི་སྤྱན་རས་གཟིགས་ཀྱི་ཕོ་བྲང་དང། རྒད་མོ་གསེར་ཁུར་ཞེས་པ་དུས་བདེ་ཞོད་འཇགས་ཀྱི་བརྗོད་སྟངས་ཤིག་ཡིན། འདི་གཉིས་དོན་དངོས་ཀྱིས་སྟོང་པའི་རྒྱུ་མཚན་ཤོད་དང་། ༸གོང་ས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་ཡིད་ཆེས་ཞུས་པ་འདི་གཏམ་འཆལ་ཡིན་ནམ། དུས་བདེ་ཞོད་འཇགས་ཡོང་རྒྱུར་རེ་སྒུག་བྱས་པ་འདི་གཏམ་འཆལ་ཡིན་ནམ། བསམ་བློ་ཐོངས། དེ་ནས་རྒྱུ་མཚན་ལྡན་པའི་སྐད་ཆ་ཤོད། ངོ་མ་སྐྱུག་བྲོ་ནི་རེད་ཡ། ཁྱེད་རང་གི་མིང་གི་ཟུར་གྱི་རབ་འབྱམས་པ་ཞེས་པ་འདི་གཏམ་འཆལ་དང་། དོན་སྟོང་ཡིན་ན་ཐང་། གཞན་ཚང་མ་གཅིག་པ་ཡིན་རྒྱུ་མ་རེད།
རྩོམ་ཡིག་ཡོངས་ཀློག་ཁམས་མ་བྱུང་། གལ་སྲིད་༧གོང་ས་མཆོག་དགོངས་ཞུ་བྱེད་མི་ཆོག་ཟེར་ན་རྒྱབ་སྐྱོར་མེད། སྐུ་མདུན་གྱིས་ཡུས་བཤད་པ་མ་རེད་ལ། རྒྱ་མིས་བཤད་པ་བཞིན་ཁ་སྙན་པོ་བཤད་པའང་མ་རེད། སྐུ་མདུན་གྱིས་ཐུགས་བསམ་བཞེས། བགྲོ་གླེང་གནང་། སྔ་འདང་ཕྱི་འདང་བརྒྱབ་སྟེ་གསུངས་པ་རེད། ཁོང་ལ་ནོར་བ་ཡོད་མི་སྲིད། ཁོང་གིས་ང་ཚོ་འདོར་མི་སྲིད།
ཤ་ཀླན་བུའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། དྲ་དྲོག་ཁ་ཤས་ཀྱི་བསམ་བློ་ནི་ད་དུང་ཡང་དུས་རབ་བཅུ་དགུ་པ་དང་ཉེ་ཤུ་པའི་ནང་ལ་ལུས་འདུགས།
དྲ་གྲོགས་རང་གྲོལ་ལགས།
ངས་ཁྱེད་རང་གྲོལ་ཐུབ་མིན་ལྟ་དགོས། ལྷ་སའི་པོ་ཏྰ་ལ་ནི། གྲུ་འཛིན་གཉིས་པ་ལས་ལྷག་པའི་རྩ་ཆེ་བ་དང་། ༸གོང་ས་སྐུ་ཕྲེང་༡༤པ་ནི། སྤྱན་རས་གཟིགས་གསུམ་བསྩེགས་ལས་ལྷག་པ་ཅིག་རེད།
འོན་ཀྱང་ཁྱེད་ཀྱིས། ༸གོང་ས་བོད་ལ་ཕེབ་དུས་རྩེ་པོ་ཏ་ལར་གསེར་ཁྲིར་འཁོད་ནས། དེར་གཟིམས་དགོས་པ་དང་། དེ་རྗེས་ཆོལ་གསུལ་བོད་ཁམས་ཡོངས་རྫོགས་རྒན་མོ་གསེར་འཁུར་གྱི་དུས་དེ། གསར་དུ་ཤར་འདོད་ཀྱི་རྨོངས་པ་འདི་ལས་གྲོལ་མ་མ་ཐུབ་ནི། སྨྱུག་མིང་རང་གྲོལ་དེ་རང་རྨོངས་སུ་བཅོས་དགོས་པ་མི་འདུག་གམ།
བྲེལ་ཟིང་གིས་བརྩེགས་པ་དང་༸གོང་ས་མཆོག་བཅས་ཡིག་ནོར་སོང་འདུག དགོངས་དག
རྣམ་དཔྱོད་དང་དྲང་བདེན་གྱི་མཁྱེན་རབ་རྣམ་པར་བཀྲ་བའི་དྲྭ་གྲོགས་ཚོར་གོང་འོག་གི་གནད་དོན་ཁག་སྙིང་པོར་དྲིལ་ནས་བརྗོད་དོན། སྤྱིར་༧གོང་ས་མཆོག་ལས་ལྷག་པའི་ཆོས་སྲིད་ལ་ནུས་ཤུགས་ཅན་ཞིག་བོད་མིའི་ཁྲོད་དུ་ད་སྐབས་མེད་པ་གཞིར་བཞག་རེད། ནུས་ཤུགས་དེ་ཡང་སྤྱི་ཚོགས་ལ་ལྟོས་ཡོད་པ་བཤད་ཅི་དགོས་ཆོས་ཐམས་ཅད་བརྟེན་འབྲེལ་དང་ལྟོས་གྲུབ་ཡིན་པར་བསྙོན་པར་སུས་ནུས།
དེ་སྐབས་༧གོང་ས་མཆོག་གིས་ལས་གནས་ལས་དགོངས་ཞུ་གནང་སྐབས་གྲོས་ཚོགས་གསར་པའི་གཞུང་ལས་པ་ཚོས་འཇོན་དང་མི་འཇོན་ཡང་གཙོ་བོ་མི་མང་གི་ལྟ་གྲུབ་ལ་ལྟོས་པ་རེད། དེས་ན་བོད་མི་བྱིང་རྣམས་སྐྱབས་འགྲོ་དང་དད་པ་ཡིད་ཆེས་ཙམ་ལ་མགོ་འཐུམས་ཏེ་མི་སྡོད་པར་མི་རིགས་དང་རྒྱལ་ཁབ་གཞན་ལྟར་ལྟ་གྲུབ་གང་ལའང་ཤེས་རྟོགས་དང་འབྲེལ་སྲིད་ཀྱི་ལམ་ཁ་གསར་པ་ཞིག་ཏུ་བསྐྱོད་རྒྱུ་རེད།
རྒྱ་གཞུང་གིས་སྔོན་ནས་ད་ལྟའི་བར་དུ་བོད་མིའི་གནད་དོན་འདི་ཏཱ་ལའི་བླ་མ་གཅིག་པུ་དང་འབྲེལ་བ་ཞིག་ཡིན་ཚུལ་བཤད་པ་དེར་ཡང་དངོས་བདེན་ཡིན་མིན་མངོན་དུ་གྱུར་རྒྱུ་ཉག་གཅིག་ཡིན།
སྔ་ཕྱི་ཙམ་མ་གཏོགས་༧གོང་ས་མཆོག་མེད་པའི་དུས་སྐབས་ཤིག་ངེས་པར་འཆར་རྒྱུ་ཡིན་པས་ད་ལྟ་ཁོང་སྐུ་དངོས་སུ་བཞུགས་སྐབས་ནས་གནོད་དོན་དེའི་ཐད་ལག་ཏུ་སྤྲད་པ་དེས་མ་འོངས་པའི་ཉེན་ཁ་དེ་འགོག་སྲུང་ཐུབ་ངེས་ཡིན།
དེ་སྔོན་བོད་རྒྱལ་ཁབ་སིལ་བུར་ཐོར་ནས་བཟུང་། བླ་མ་དང་སྤྲུལ་སྐུའི་ལམ་ལུགས་ཀྱི་ཁྲོད་དུ་གནས་ཡོད་པ་མ་ཟད། ཆོས་ལུགས་ཕྱོགས་རེས་ཀྱི་རྙོགས་ཟིང་ཧ་ཅང་ཆེ་བའི་དུས་ཚོད་དེ་སླར་ཡང་མི་འབྱུང་བའི་རྨང་གཞིར་འགྱུར་ངེས་ཡིན།
གལ་སྲིད་༧གོང་ས་མཆོག་དགོངས་པ་ཞུས་རྗེས་བོད་མི་ཚོས་མ་འཇོན་ན་ཁོང་སླར་ཡང་སྲིད་འཛིན་དུ་འོས་ཤོག་ལམ་ནས་བསྐོ་རྒྱུ་ལ་དཀའ་ངལ་གང་ཡང་མེད།
སྤྱིར་དམངས་གཙོ་མཚན་ཉིད་པའི་སྲིད་འཛིན་གྱི་གོ་གནས་ལ་དུས་ཡུན་སོགས་ཀྱི་ཚད་ངེས་ཅན་ཞིག་ཡོད་ཀྱང་། ཁོང་ལྟ་བུ་ཞིག་ཡིན་ན་དམིགས་བསལ་གྱི་ལམ་ཁར་ཕེབས་པའི་སྔ་སྲོལ་རྒྱུན་གནས་ཐུབ་ངེས་ཡིན།
ཚངས་ཐིག་གི་མ་ཀྱོག་པར་རང་རྩོམ་དུ། ཁ་ས་གསུམ་ཅུའི་དུས་དྲན་ གྱི་གསུང་འཕྲིན་དུ་༼ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་ འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་ དང་ལེན་བྱ་ཐབས་མ་བྱུང་ཡང༌།༽ཞེས་པ་འདི། མཆན་བུ་བ་རང་གྲོལ་ལགས་ཁྱོད་རང་ཡང་། རང་བཅིང་ལས་གྲོལ་དགོས་པ་མི་མིའདུག་གམ། ༸སྐུ་ཚེ་ཡུན་བརྟན་ཤོག ། བོད་རྒྱལ་ལོ། །
༸གོང་ས་མཆོག་ནས་མཚན་གནས་ལས་བཤོལ་རྒྱུ་གསུངས་པ་འདི་༸གོང་ས་མཆོག་རང་ངོས་ནས་དང་། ཕྱི་ཕྱོགས་ནས་བལྟས་ན་བརྒྱ་ཆ་བརྒྱ་འགྲིགས་པ་དང་། གཟི་བརྗིད། དམངས་གཙོའི་རྒྱལ་ཁ་ཡིན་པ། ཕྱི་ཕྱོགས་ནས་རྒྱང་ལྟ་བྱེད་མཁན་རྣམས་ཡིད་སྨོན་འཆོར་དགོས་པ་ཞིག་དང་། རྒྱ་མི་ངོ་ཚ་ཁ་སྐྱེངས་བྱེད་དགོས་པ་ཞིག་རེད། འོན་ཀྱང་བོད་སྤྱི་པའི་རྩ་དོན་དང་བོད་ཀྱི་ཆབ་འབངས་ཀྱི་ངོས་ནས་བལྟས་ན། འདི་ནི་གོད་ཆགས་དང་བོད་ཀྱི་ཆིག་སྒྲིལ་ལ་ཉེན་ཁ་དང་དངངས་ཚབས་ཤིག་རེད། ལྷག་དོན་༸གོང་ས་མཆོག་མཚན་གནས་ལས་བཤོལ་རྒྱུར་བོད་འབངས་ཀྱིས་དགའ་བསུ་ཞུས་ན། ལོ་ངོ་དྲུག་ཅུའི་རིང་༸གོང་ས་མཆོག་གིས་སྲིད་དབང་སྒེར་གཅོད་དང་རྒྱ་མིས་མཐོ་རིམ་མི་སྣ་ཉུང་ཤས་ཤིག་གིས་བོད་ཀྱི་སྤྱི་ཚོགས་རྙིང་རོ་ལངས་རྒྱག་འདོད་པ་རེད་ཟེར་བ་འདི་ལ་བདེན་ཁ་བྱིན་པ་རེད། ད་ཆ་ང་ཚོས་༸གོང་ས་མཆོག་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་དུ་མུ་འཐུད་བཞུགས་རོགས་ཞེས་རེ་ཞིག་གསོལ་བ་བཏབ་ན། འདིས་༸གོང་ས་མཆོག་བོད་མི་དམངས་ཀྱིས་བདམས་པའི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་མཚོན་པ་དང་། རྒྱ་མིས་བཤད་པ་ཚང་མ་རྫུན་རྐུབ་བརྡོལ་རྒྱུ་རེད། ༸མཐའ་མའི་ཐག་གཅོད་ནི་༸གོང་ས་མཆོག་སྐུ་སྒེར་ལ་སྐུ་དབང་ཆ་ཚང་ཡོད། ཞུས་ཙང་བཀའ་ཤག་དང་སྐྱི་འཐུས་རྣམ་པས་བསམ་བློ་དྲུག་གསུམ་བཅོ་བརྒྱད་དང་བློ་རྩེ་གཅིག་སྒྲིམ་གྱིས་༸གོང་ས་མཆོག་གི་མཚན་གནས་འདི་བོད་བསྟན་པ་ཆབ་སྲིད་ལ་ཇི་ལྟར་གལ་ཆེ་ཚུལ་བསམ་བློ་བཏང་སྟེ་མ་ལན་མ་འགྱོད་པ་ཞིག་གནང་རོགས།
༧གོང་ས༧་མཆོག་གིས་མཚན་གནས་ནས་དགོངས་ཞུས་གནང་བ་ནི་ཐུགས་དགོངས་རྒྱ་ཆེ་བའི་དགོངས་བཞེས་ཤིག་རེད།
༧གོང་ས་༧་མཆོག་གི་རང་གི་མཚན་གནས་ནས་དགོངས་པ་ཞུས་རུང་མ་ཞུས་མ་རུང་བོད་མི་རིགས་ཀྱི་དབུ་ཁྲིད་ཅིག་དང་བླ་ན་མེད་པའི་རྩ་བའི་བླ་མ་ཞིག་ལ་ནམ་ཡང་འགྱུར་བ་མེད་པ་རེད།
སླར་ཡང་ཁོང་གི་མཚན་སྙན་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་ནམ་ཡང་འགྲོ་མི་སྲིད།
ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་རྟག་ཏུ་ཞུས་ཞུས་ནས་བསྡད་པ་རེད།
ད་ཆ་དུས་ལ་བབས་པའི་དགོངས་བཞེས་ཤིག་རེད།
གནད་དོན་འདི་ཡིས་མ་འོང་པར་གལ་ཏེ་༧གོང་ས་༧་མཆོག་གཞན་དུ་གཤེགས་ཀྱང་ཡང་སྲིད་ཀྱི་གནད་དོན་ལ་འཁྲུགས་ཆ་དོད་པོ་མི་ཡོང་བ་དང་གནད་དོན་ཀྱང་ཆེན་པོ་ཆགས་མི་སྲིད།
བོད་ཀྱི་དབུ་ཁྲིད་ནི་མི་དམངས་ཀྱིས་ཐད་ཀར་བསྐོས་པའི་འབན་ཞིག་ཡོད་ཡོད་པ་རེད།
དེ་ནི་བོད་ཀྱི་གནད་དོན་ལ་ཕམ་ཁ་དང་གོད་ཆག་ཅིག་ཏུ་ནམ་ཡང་ངོས་བཟུང་མི་རིགས།
འདི་ནི་བོད་ཀྱི་རྒྱལ་ཁ་ཞིག་དང་རྒྱ་ལ་ཕམ་ཁ་ཞིག་རེད།
༧ གོང་ས་མཆོག་ནས་དགོས་པ་དང་རྒྱུ་ཚན་རྒྱ་ཆེ་ཞིག་ལ་གཟིགས་ཏེ་ཐུགས་ཐག་འདི་བཅད་དགོས་དོན་བོད་མི་རིགས་ཀྱི་འཕྲལ་ཕུག་གི་ཁེ་ཕན་དོན་དུ་ཡིན་གསུངས་པ་དེ་ལ་བོད་མི་མང་ནས་བརྩི་སྲུང་དང་བསམ་ཞིབ་བྱེད་དགོས་ལེ་རེད་ ༧གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་སྐྱོན་ཏེ་དགུང་གྲངས་མཐོན་པོར་ཕེབས་ཟིན་ཡང་ ད་དུང་༧ གོང་ས་མཆོག་སྐྱབས་སུ་མཆི་ཞེས་དོན་དུ་ བོད་མི་མང་ཀྱི་འགན་དེ་༧རྒྱལ་བ་རིན་པོ་ཆེ་ཁོ་ནར་བསྐལ་བཞག་ན་ ང་ཚོ་ ང་རང་ཚོའི་ཁོག་པའི་སྙིང་དང་བལྟ་བའི་མིག་ བོད་མི་རིགས་ཀྱི་སྤྱི་ནོར་༧ རྒྱལ་བ་རིན་པོ་ཆེར་སྙིང་མི་རྗེའམ་ ༧རྒྱལ་བ་ཐུགས་དགྱེས་པའི་མཆོད་པ་དེ་བོད་དོན་གྱི་འགན་དེ་མི་མང་དང་དེའི་འཐུས་མི་རྣམས་པའི་འཁྱེར་ཏེ་ད་ནས་རང་འགོ་ཐོན་པ་བྱེད་དགོས་ལེ་དེ་རེད་།
ངས་བསམ་ན་༧གོང་ས་མཆོག་གིས་ད་ལྟ་ཉིན་རེའི་ས་རྟགས་བསྐྱོན་པ་སོགས་ཀྱི་གཞུང་གི་ཕྱག་ལས་གནང་དང་མ་གནང་དེ་ཁོང་གིས་བཀའ་གསུང་ལྟར་བགྲེས་ཡོལ་ལྟ་བུར་བཞུགས་ན་ཡང་ཁྱད་པར་ཆེན་པོ་ཡོད་ཀྱི་མ་རེད། གལ་ཤིན་ཏུ་ཆེ་བ་ནི་ཏྰ་ལེ་བླ་མ་མུ་མཐུད་དགོས་མ་དགོས་དེ་རེད། ད་ལྟའི་ཆ་ལ་བཤད་ན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ། ཆོལ་ཁ་གསུམ་གྱི་འབྲེལ་ལམ། ཆོས་བརྒྱུད་བར་གྱི་འབྲེལ་ལམ་སོགས་ཚང་མ་བཟང་ཕྱོགས་ན་ཡོད་པ་དང་། ཚང་མ་གོང་བུ་གཅིག་ཏུ་གྱུར་ཡོད་པ་ནི་༧གོང་ས་མཆོག་གི་ནུས་པ་རེད་བསམ། དེ་པས་ནས་ང་ཚོས་མ་འོངས་པར་་ངེས་པར་དུ་ཐུགས་བསམ་བཞེས་དགོས་པ་ནི། བཅུ་བཞི་བའི་འཕྲོ་ནས་བཅོ་ལྔ་བར་ཐུགས་བསམ་བཞེས་དགོས། བཅོ་ལྔ་བ་ཐུགས་ཐག་གཅོད་ཕྱོགས་ཐད་ནས་ད་དུང་གཅིག་ཆོད་ཅིག་མེད་པ་འདྲ་འདུག འདི་ནི་རྒྱ་ནག་གི་འོག་ནས་ཕམ་པའི་ལམ་ཁ་གཅིག་རེད་བསམ་གི རྒྱ་ནག་གིས་ངེས་པར་དུ་བཅོ་ལྔ་བ་ཐུགས་ཐག་གཅོད་རྒྱུ་ཡིན་པ་ཚིག་ཐག་བཅད་ནས་བརྗོད་ཐུབ། དེ་ཡང་དེའི་བར་དུ་པན་ཆེན་རྫུན་མ་འཕྲིན་ལས་མ་རྒྱས་ན་དེའི་སྐབས་སུ་པན་ཆེན་དངོས་མ་བཙོན་ཁང་ནས་བཏོན་ཏེ་བེད་སྤྱོད་བྱེད་སྲིད། འདི་ནི་མ་འོངས་པར་ངེད་ཚོ་ཕམ་པའི་རྒྱུ་རྐྱེན་གཅིག་ཆགས་རྒྱུ་རེད་བསམ།
དེ་བས་ན་ད་ལྟའི་ཆར་༧གོང་ས་མཆོག་དགོངས་ཞུ་གནང་བའི་དབང་དུ་བཏང་ན། ཁོང་གི་སྐུ་ཚབ་སུས་གནང་གི་རེད། འདི་ནི་དྲི་བ་གཅིག་རེད། གལ་ཏེ་བཀའ་བློན་ཁྲི་བ་སུ་ཡིན་དེས་གནང་ན་འགྲིག་གི་རེད་བསམ་ན། དེ་ཡང་༧གོང་ས་མཆོག་བཞུགས་པའི་རིང་ལ་འགྲིག་སྲིད་པ་ཞིག་རེད། འོན་ཀྱང་རྗེས་སུ་ཆོས་ལུགས་ཆོལ་ཁ་བར་དང་། བོད་གཞིས་བྱེས་གཉིས་པར་གྱི་འབྲེལ་ལམ་མུ་མཐུད་སྐྱོང་བའི་ནུས་པ་ཞིག་འབྱུང་འགྱུར་བཀའ་བློན་ཁྲི་བ་ཚོར་ཡོང་མི་སྲིད་པ་ཞིག་རེད།
གལ་ཏེ་སྐུ་ཚབ་བླ་ཆེན་གཞན་ཞིག་གིས་གནང་ན་འགྲིག་གི་རེད་བསམ་ན། བླ་ཆེན་གཞན་སུ་ཞིག་གིས་རྒྱུན་བསྐྱངས་མིན་ཐད་ནས་རྙོག་དྲ་རྫོགས་རྒྱུ་ཡོད་ཀྱི་མ་རེད། དེའི་རྐྱེན་གྱིས་ཆོས་བརྒྱུད་ཁག་པར་དུ་ཡང་རྣོ་ངར་ཆེ་བའི་འགལ་བ་ལངས་སྲིད་པ་ཞིག་རེད།
གོང་གི་རྒྱུ་མཚན་དག་གི་མདོ་དོན་ནི་ང་ཚོའི་ཕྱོགས་ན། བཙན་བྱོལ་བའི་ཕྱོགས་ན་ཏྰ་ལེ་བླ་མ་སྐུ་ཕྲེང་བཅོ་ལྔ་བ་ཐུགས་ཐག་གཅོད་པའི་གྲ་སྒྲིག་ཨང་གསར་ཞིག་དགོས་པ་མ་ཟད། ཁོང་ལ་སྦྱོང་བརྡར་སྤྲོད་པའི་གྲ་སྒྲིག་ཨང་གསར་ཞིག་ཀྱང་ལོས་དགོས་སྙམ། ངས་བསམ་ཚུལ་བྱས་ན་༧གོང་ས་མཆོག་གིས་གཞུང་གི་ལས་ཀ་ནས་དགོངས་པ་ཞུ་དགོས་དོན་ཡང་འདི་ལོས་ཡིན་སྙམ་མོད། གཅིག་བྱས་ན་སྐད་ཆ་འདི་ཚོ་ཆོ་མེད་པ་ཞིག་ཡིན་སྲིད། འོན་ཀྱང་སེམས་ཁྲལ་ཆེ་ཤོས་ནི་མ་འོངས་པའི་བོད་འབངས་ཡོངས་ཀྱི་མདུན་ལམ་ལ་བསམ་བློ་བཏང་ན་འདིའི་སྐོར་ལ་སྐད་ཆ་མང་དག་ཞིག་བཤད་དགོས་འདུག
རྒད་མོ་གསེར་འཁུར་གྱི་དུས་ཟེར་བ་དེ་མྱི་ལམ་བཏང་བ་ཡིན་འགྲོ་༧་གོང་ས་མཆོག་བཞུགས་ས་རྡ་སའི་ཁུལ་དུ་བོད་མིའི་གཞི་ཆགས་གཞན་པ་ལས་རྐུན་མ་དང་འཆལ་པོ་ཁྲམ་པ་མང་ཤོས་ཡོད་སའི་ས་ཆ་ཞིག་རེད།།
ནང་དོན་ཐད་ནས་ཕྱེད་ཀ་ལ་རྒྱབ་སྐྱོར་ཡོད་།ཡིན་ནའང་རྩོམ་ཡིག་རིང་དྲགས་འདུག།སྐད་ཆ་གནད་བསྡུས་ཀྱིས་བཤད་ཐུབ་མི་འདུག།ཡིག་ནོར་མང་པོ་འདུག།ཚིག་རྒྱན་མང་དྲགས་འདུག།དུམ་མཚམས་དབྱེ་སྟངས་ཤེས་མི་འདུག།
ཟླ་བ་ཆོས་འཛོམས་ནས་དཔྱད་ཁུལ་ཡིན་ཀྱང་། ཡི་གེ་ཆ་ཚང་ལ་བལྟས་མེད་པ་གསལ་པོ་རེད། གང་ཡིན་ཞེ་ན་ཡིག་ནོར་མང་བ་དང་། དུམ་མཚམས་དབྱེ་ཤེས་མི་འདུག་ཟེར། ངས་བལྟས་ན་ཡིག་ནོར་འགའ་ཞིག་ལས་མེད་པ་མ་ཟད། དུམ་མཚམས་དབྱེ་སྟངས་ཆེས་ལེགས་སྙམ། ཁོ་མོས་ཡི་གེ་ལ་ཞིབ་བལྟ་མ་བྱས་པར་འོལ་ཚོད་ཀྱིས་བཤད་པ་འདི་ནས་ཤེས་ཐུབ།
ཕྱག་ལས་རྩ་བ་ནས་མ་གནང་ཡང་མཚན་གནས་ལས་མ་བཤོལ་རོགས་ཟེར་བ་དེར་གོ་རྒྱུ་ཆེན་པོ་འདུག སྔར་གཞིས་བྱེས་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ནས་ཕྱེད་བགྲེས་ཡོལ་དང་རིམ་པས་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་སློབ་ཕེབས་སྐབས་ཀྱང་ཟས་བཅུད་གཉིད་བྲལ་གྱི་སྡུག་བསྔལ་ཡོད་ཚུལ་གྱིས་བགྲེས་ཡོལ་གྱི་དགོངས་བཞེས་མེད་པའི་སྙན་ཞུའི་ཚབས་ལ་༼ཕྱག་ལས་རྩ་བ་ནས་མ་གནང་ཡང་མཚན་གནས་ལས་མ་བཤོལ་རོགས་༽ཅེས་པའི་སྙན་ཞུ་ཞིག་འབུལ་ཐུབ་ན་ཅི་འདྲའི་ཡག་པ་ལ། ད་དུང་ཕྱིས་དྲག་མེད་པས་སྤྱི་འཐུས་དང་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་བསམ་བཏང་དྲན་བསྐྱེད་ཀྱིས་ཡོང་རྒྱུའི་གྲོས་ཚོགས་སྐབས་གྲོས་མོལ་ལྷུག་པོ་ཡོང་བའི་རེ་བ་དང་ཤངས་སྟོན་ཚངས་ཐིག་ལགས་སུ་ཡང་དགལ་བསུ་ཞུ། །
ཤངས་སྟོན་ཚངས་ཐིག་ལགས་ནས་ག་ཚོད་རིང་པོ་དང་། གང་དགའ་གང་ཡག་བྲིས་ཀྱང་གོ་ཆོད་པ་དང་གནད་ལ་འཁེལ་འདུག་བསམ་པ་ནི་༼ཕྱག་ལས་རྩ་བ་ནས་མ་གནང་ཡང་མཚན་གནས་ལས་མ་བཤོལ་རོགས་༽ཟེར་བ་དེ་རེད། ཧ་ཧ། ཧ།
ངས་བསམ་ན་༸གོང་ས་མཆོག་ཕྱག་ལས་ཀྱི་སྐུ་ངལ་མ་ཐེག་པར་དགོང་ཞུ་གནང་བ་ཞིག་མ་རེད་མདོད། དེས་ན་རྒྱུ་མཚན་གསལ་པོ་ཤེས་འདོད་ན་ལྷོ་ཕྱོགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེང་དང་པོའི་འཇུག་སྡོམ་སྐབས་ཀྱི་༸གོང་ས་མཆོག་གི་བཀའ་སློབ་འོད་སྡེར་དེ་ལ་གཟིགས་ན་ཤེས་ཐུབ།
ད་ཁྱེདརང་ཚོ་ལ་ག་རེ་དགོས་ཀྱི་འདུག འདི་བཤད་ན་འགྲིགས་ཀྱི་མི་འདུག ཕ་གི་བྱས་ན་འགྲིགས་ཀྱི་མི་འདུག ཅེས་ཡང་སྙིང་ག་རེ་དགོས་ཀྱི་ཡོད། ལྟས་ངན་རང་རེད། ༸གོང་ས་མཆོག་གི་མཚན་གནས་ལའང་ཕྲག་དོག་བྱེད་མཁན་འདི་ཚོས་གང་ཞིག་བསམ་བློ་གཏོང་གི་ཡོད་དམ།
ཁོ་ཧ་ཝ་ཌིའི་གད་རྒྱག་མཁན་ཡིན་གྱི་རེད། ག་རེ་རྒྱལ་ཁབ་ཆེན་པོ།
༧གོང་ས་མཆོག་གིས་སྐུ་དབང་བཀའ་ཤག་ལ་རྩིས་སྤྲོད་གཙང་མ་བྱས་ཏེ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་པའི་བཀའ་སློབ་གནང་བ། བོད་གཞུང་གི་ལས་དོན་ལ་འཐུས་ཤོར་གྱི་འགོ་བཙུགས་ཟིན་པ་འདྲ། དེ་མིན་ན་ཉེ་ཆར་ཉི་ཧོང་བ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ས་ཡོམ་དང་རྒྱ་མཚོ་འཕྱུར་ནས་གོད་ཆགས་ལྟ་མི་བཟོད་པ་བྱུང་སྟེ། འཛམ་གླིང་གི་ཕྱོགས་ཚང་མ་ནས་སེམས་གསོ་དང་སྐྱོབས་རོགས་ཚད་མེད་བྱེད་ཀྱི་ཡོད་ཀྱང་། བོད་གཞུང་བཀའ་སྤྱི་གཉིས་ཀྱིས་བོད་གཞུང་གི་མཚན་ཐོག་ནས་ཉི་ཧོང་གཞུང་དམངས་ལ་གདུང་སེམས་མཉམ་སྐྱེས་ཀྱི་ཡི་གེ་ཞིག་བཏང་བ་ཡང་མཐོང་ཐོས་བྱུང་རྒྱུ་མི་འདུག འཕང་བ་ལ། ད་སླར་ཡང་སྔ་མོའི་བོད་གཞུང་ནང་བཞིན་ནག་ཁུང་ནང་ལ་འཛུལ་ནས་གཉིད་ཁུག་འགོ་བཙུགས་ཟིན་པ་འདྲ། ཉི་ཧོང་ནི་བོད་ཀྱི་གྲོགས་པོ་དང་ཆོས་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཤེས་ཀྱི་མེད་པ་འདྲ།
༧གོང་ས་མཆོག་གིས་སྐུ་དབང་བཀའ་ཤག་ལ་རྩིས་སྤྲོད་གཙང་མ་བྱས་ཏེ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་པའི་བཀའ་སློབ་གནང་བ། བོད་གཞུང་གི་ལས་དོན་ལ་འཐུས་ཤོར་གྱི་འགོ་བཙུགས་ཟིན་པ་འདྲ། དེ་མིན་ན་ཉེ་ཆར་ཉི་ཧོང་བ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ས་ཡོམ་དང་རྒྱ་མཚོ་འཕྱུར་ནས་གོད་ཆགས་ལྟ་མི་བཟོད་པ་བྱུང་སྟེ། འཛམ་གླིང་གི་ཕྱོགས་ཚང་མ་ནས་སེམས་གསོ་དང་སྐྱོབས་རོགས་ཚད་མེད་བྱེད་ཀྱི་ཡོད་ཀྱང་། བོད་གཞུང་བཀའ་སྤྱི་གཉིས་ཀྱིས་བོད་གཞུང་གི་མཚན་ཐོག་ནས་ཉི་ཧོང་གཞུང་དམངས་ལ་གདུང་སེམས་མཉམ་སྐྱེས་ཀྱི་ཡི་གེ་ཞིག་བཏང་བ་ཡང་མཐོང་ཐོས་བྱུང་རྒྱུ་མི་འདུག འཕང་བ་ལ། ད་སླར་ཡང་སྔ་མོའི་བོད་གཞུང་ནང་བཞིན་ནག་ཁུང་ནང་ལ་འཛུལ་ནས་གཉིད་ཁུག་འགོ་བཙུགས་ཟིན་པ་འདྲ། ཉི་ཧོང་ནི་བོད་ཀྱི་གྲོགས་པོ་དང་ཆོས་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཤེས་ཀྱི་མེད་པ་འདྲ། ཡང་མིན་ན་བོད་གཞུང་ཤོག་བུ་དང་སྣག་ཚ་རྫོགས་ཡིན་གི་རེད།
སྤྱིའི་ཆ་ནས་བདེན་བཞི་མི་རྟག་པའི་ཆོས་ཉིད་ཤེས་མཁན་ཞིག་ཡིན་ན། སྐྱེས་ནས་ཤི་དགོས་པ་དང། བསགས་ནས་ཟད་དགོས་པ། འདུས་ནས་བྲལ་དགོས་པའི་གནད་ལུགས་རྣམས་དྲ་གྲོགས་ཚོས་མཁྱེན་དང་མཁྱེན།
༧གོང་ས་མཆོག་གི་མང་གཙོ་ལམ་ལུགས་ཀྱི་ཐོག་ནས་བོད་རྒྱལ་ཁབ་ཀྱི་སྲིད་ཀྱི་བདག་དབང་བོད་རྒྱ་ཆེན་མི་དམངས་སུ་གནང་གི་ཡིན་གསུངས་ཀྱི་ཡོད་པ་འདི་ནི་དུས་ཚོད་དང་མཐུན་པ། ་གནད་ལུགས་དང་མཐུན་པ།་རྒྱལ་ཁབ་ཀྱི་མ་འོང་ཕུངས་བསམ་དང་མཐུན་པ་ཞིག་ལུས་ཡིན་སྙམ་གྱི་ཡོད།
བོད་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་ཀྱི་ནུས་པ་ཆེས་ཤོས་ཡོད་ས་ནི་བོད་རྒྱ་ཆེན་མི་དམངས་ཡིན་པ་ལས་༧གོང་ས་མཆོག་མིན། མི་རབས་ནས་མི་རབས་གསོན་གནས་ཐུབ་མཁན་ནི་བོད་རྒྱ་ཆེན་མི་དམངས་ཡིན་པ་ལས་༧གོང་ས་མཆོག་མིན། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་མང་ཤོས་བྱེད་ཐུབ་མཁན་ནི་བོད་རྒྱ་ཆེན་མི་དམངས་ཡིན་པ་ལས་༧གོང་ས་མཆོག་མིན། བོད་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་ཤོས་བོད་རྒྱ་ཆེན་མི་དམངས་ཡིན་པ་ལས་༧གོང་ས་མཆོག་མིན།
བོད་རྒྱ་ཆེན་མི་དམངས་ཀྱི་ནུས་ཤུགས་དང་འཇོན་སྟངས་སོགས་བྱ་བཞག་གང་གི་ཐད་ནས་ཀྱང་མཆོག་ཏུ་གྱུར་པའི་སྐྱེ་བོ་སྒེར་པ་ཞིག་དང་བསྡུར་ཐབས་མེད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་འཇོན་ཤོས་དང་ཡག་ཤོས་བོད་རྒྱ་ཆེན་མི་དམངས་ཡིན་དུས་འཇོན་ཤོས་སུ་བདག་དབང་སྤྲོད་པ་ཡིན་ན་བོད་རྒྱལ་ཁབ་ལ་ཕན་པ་ལས་གནོད་པ་ཡང་གལ་ལ་སྲིད།
གདོང་དམར་བོད་ཀྱི་མི་རིགས་འདིའི་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་ཞིག་རེད། དང་པོར་རྒྱལ་པོས་བཟུང་བའི་རྒྱལ་ཁབ། དེ་ནས་སིལ་བུའི་འཐོར་དུས་ཀྱི་རྒྱལ་ཁབ། དེ་ནས་བླ་མའི་དེང་རབས་ཀྱི་རྒྱལ་ཁབ། ད་ནི་བོད་རྒྱ་ཆེན་མི་དམངས་ཀྱི་རྒྱལ་ཁབ་ཏུ་འགྱུར་གྱི་ཡོད། ལོ་རྒྱུས་ཐོག་གི་གནད་འགའ་ཆེ་ཤོས་ཤིག་རེད་འདོད།
དེ་སྔ་ས་སྐྱ་བདག་ཆེན་ནས་ངས་མི་ཚེ་གཅིག་ལས་ཀ་བྱས་ཀྱང་༸གོང་ས་མཆོག་གི་ཞོགས་གང་ཞིག་གི་ཕྱག་ལས་ལའང་དོ་ཐུབ་པ་མི་འདུག ཅེས་ཚོགས་འདུ་ནས་ལངས་ཏེ་ཕེབས་པ་ཧ་གོ་བྱུང་ངམ། དེའི་རྒྱུ་མཚན་ཤེས་ཀྱི་ཡོད་དམ། ༸གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མ་གནང་ཚེ། སུས་བོད་ཀྱི་དབུ་ཁྲིད་བྱ་རྒྱུ་རས། ངས་ཁོ་ལ་བརྩི་བཀུར་བྱ་ཐུབ་ས་མ་རེད།
བོད་རྒྱ་ཆེན་མི་དམངས་ཀྱིས་གནང་གི་རེད། ཁྱེད་རང་སེམས་འཁྲུལ་མ་གནང་། བོད་རྒྱ་ཆེན་མི་དམངས་ཀྱི་གདམ་པའི་བཀའ་སྤྱི་གཉིས་གནང་གི་རེད་འདོད།
ཁྱེད་ཀྱིས་༧གོང་ས་མཆོག་གཞན་པའི་མི་ཞིག་ལ་བོད་རྒྱལ་ཁབ་ཀྱི་དབུ་འཁྲིར་བརྩི་བཀུར་བྱེད་མ་ཐུབ་ན་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོར་བོད་རྒྱལ་ཁབ་ཚར་བ་རེད་དམ། རྒྱ་ནག་གིས་བཤད་པ་ལྟར་རེད་པས། འདིར་གནད་འགག་རེད།
ཆོ་རི་ཉི་མས་གསུངས་པར་རྒྱབ་སྐྱོར་ཡོད།
སངས་རྒྱས་འདས་གྲོང་དུ་ཕྱིན་དུས་མི་རྣམས་ཀྱིས་ད་ནི་འཇིག་རྟེན་མུན་ནག་རེད་ཅེས་བཤད་མྱོང།
འོན་ཀྱང་ད་ལྟའང་མུན་ནག་མེད་པར་སངས་རྒྱས་ཀྱི་བསྟན་པ་དར་ནས་ཡོད།
༧གོང་ས་༧མཆོག་བཞུགས་པའི་སྐབས་སུ་མི་དམངས་ཀྱི་དབུ་ཁྲིད་ཅིག་བསྐོས་ནས་དེ་ལ་༧གོང་ས་༧་མཆོག་གིས་ལམ་སྟོན་གནང་ན་འོས་ཤིང་འཚམས་པ་རེད།
དེ་མིན་ཉིན་ཅིག་ནག་འཐོམ་མེར་འབྱུང་དུས་ཅི་བྱ་འདི་བྱ་མེད་པར་དྭ་ཕྲུག་ཐང་ལ་ལུས་པ་ལྟ་བུའི་མུན་ནག་ཅིག་ཤར་ངེས་རེད།
དེས་ན་ད་ལྟ་ནས་སློབ་སྦྱོང་དང་ཉམས་མྱོང་དགོས་པ་རེད།
༧གོང་ས༧་མཆོག་གི་བཀའ་སློབ་དེ་ཚོར་བསམ་ཤེས་བྱེད་དགོས་པ་ལས་འགན་ཁུར་མེད་ནས་ཁ་གནམ་ལ་གདང་ནས་བཞུགས་ན་ནམ་ཡང་ཡོང་ཐབས་མེད།
ཅོ་རི་ཉི་མ་ཞེས་བཅོས་རོགས།
ཅོ་ལ་ཟུང་ཉོན་ཅིག ལྷ་ཡི་ཆུ་བོ་གངྒའི་འགྲམ། །བ་ཚའི་ཁྲོན་པ་ཅི་ལ་བརྐོ། །ཞེས་པའི་གཏམ་འདི་འདི་འདྲའི་སྙན་པ་ལ། །ཁྱེད་རང་གཉིས་ཀྱིས་གནད་དོན་ལ་བསམ་བློ་གཏོང་སྟངས་སྟབས་བདེ་ཐག་ཆོད་འདུག ༸གོང་ས་མཆོག་མ་བཞུགས་ཀྱང་ཉི་མ་ཤར་ནས་ཤར་བ་དང་། ནུབ་ཏུ་ནུབ་རྒྱུ་ཡིན་པ་ངས་ཀྱང་ཤེས་ཀྱི་ཡོད་ལ་མི་དམངས་ཀྱི་འཚོ་བ་མུ་མཐུད་སྐྱེལ་དགོས་པ་ངས་ཀྱང་ཤེས་ཀྱི་ཡོད། འོན་ཀྱང་བོད་རང་སྐྱོངས་ལྗོངས་ཀྱི་གསང་བའི་ཡིག་ཆའི་ནང་། ད་ལྟའི་གནས་སྐབས་ལ་བོད་པ་ལ་མི་ཚད་ལྡན་གཅིག་ལས་མེད་ཅེས་འཁོད་པ་དེ་ཤེས་བྱུང་ངམ། ཁྱེད་དང་ང་ལ་སོགས་པ་བོད་རིགས་རྣམས་རྒྱ་མིའི་མིག་ནང་དུ་མི་མ་རེད། བྱོལ་སོང་རེད། འདི་ལ་རྒྱུ་མཚན་ཡོད། བོད་པ་ལ་མི་གཅིག་མ་གཏོགས་མེད་ཅེས་པ་ལ་རྒྱུ་མཚན་ཡོད། བྱིས་པ་ས་མཐའ་མ་འཁོར་བས་གནས་ཚུལ་གྱི་དོན་སྙིང་ད་དུང་ཧ་མ་གོ་ཙམ་དུ་མ་ཟད། རང་མཐོང་ཆེ་དྲགས་པ་རེད། འོ་ན་༸གོང་ས་མཆོག་ལ་འཛམ་གླིང་ཐོག་གི་གཟེངསརྟགས་སྐད་གྲགས་ཅན་པོ་མང་པོ་ཐོབ་ཡོད། བོད་པ་གཞན་ལ་འདི་ལྟར་ཐོབ་འདུག་གམ། ཕྱི་རྒྱལ་བའི་ཀླད་པ་ཁྱེད་རང་ཚོ་ལས་ལྡབ་སྟོང་ཕྲག་ཁ་ཤས་ཀྱིས་སྤྱང་བ་ཡོད་པ་དེ་ཤེས་དགོས།
BBcལགས། ག་རེ་འདྲ་གཅིག་ལབ་ཀྱི་ཡོད་དམ། བོད་པ་ལ་མི་ཚད་ལྡན་གཅིག་ལས་མེད་པ་རེད་ཞེས་ཡིག་ཆ་ནང་དུ་བཀོད་ཡོད་པའི་དབང་དུ་བཏང་ནའང་་་་་ད་ང་ཚོ་བོད་པ་ལ་མི་ཚད་ལྡན་ས་ཡ་དྲུག་ཡོད་ལབ་ཆོག་པའི་ཆབ་སྲིད་ལམ་ཕྱོགས་འཛུགས་བསྐྲུན་བྱེད་དགོས་པ་མིན་འགྲོ་་།
༧གོང་ས་མཆོག་དེར་དུས་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡིན་པས་རེད་འདོད།
༧གོང་ས་མཆོག་ང་རང་ཚོ་སྐྱེ་བོ་ཕལ་པ་གཅིག་དང་བསྡུར་ཐབས་ག་ལ་ཡོད། ཡིན་ནའང་བོད་རྒྱ་ཆེན་མི་དམངས་དང་༧གོང་ས་མཆོག་མཚུངས་བསྡུར་བྱེད་ཐབས་མེད་པ་རེད། གོ་ཨེ་ཐལ།
༸ཧ་ཧ།་སྐྱགས་པས་རྐུབ་བཀྱག་འདུག ༸གོང་ས་མཆོག་ནས་འཛམ་གླིང་ལ་དབང་སྒྱུར་བཞིན་པའི་སྒང་རེད། བོད་མི་དམངས་ཀྱིས་གང་འཇོན། ༸གོང་ས་མཆོག་ལ་སྐུ་ངལ་སྤྲོད་ཡས་མ་གཏོགས་གང་ཡོད། རྒྱ་ཡིས་བོད་ལ་མི་གཅིག་འདུག ཅེས་པ་འདི་ཡི་གོ་དོན་ཤེས་ཀྱི་མི་འདུག་གམ། འདི་འདྲའི་གླེན་པ་ཡོད་ཙང་། མི་གཅིག་ལས་མི་འདུག་ཟེར་གྱི་ཡོད། སྐར་ཕྲན་གྲངས་ལས་འདས་པའི་འོད་ཉི་མ་ཤར་བ་དང་མི་མངོན་པར་འགྱུར་བའི་དོན་གང་ཡིན། ཅོ་རི་ཅོ་རི། ལན་ཐོབས།
བྷི་རང་གང་ཤོད་ཀྱི་ཡོད་དམ།
རྒྱ་ནག་གིས་བཤད་པ་ཐམས་ཅད་བདེན་པར་བརྩི་དགོས་སམ།
ད་འོ་ན་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་ནམ།
ལོ་རྒྱུས་ཀྱི་ནང་དུ་བོད་འདི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པར་མི་འདོད་དམ།
རྒྱ་ནག་གིས་དེ་ལྟར་བཤད་པའི་ཕྱིར།
རྒྱ་ནག་གིས་དེ་ཡི་ཚེ་དེ་ཡི་དུས་སུ་སྐད་ཆ་ཤོད་ཀྱི་རེད།
༧གངོ་ས་༧་མཆོག་དགོངས་པ་ཞུས་རྗེས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁཨརིད་སུ་ཤིག་སླེབ་པ་ཡིན་ན་དེར་རྒྱ་ནག་གི་སྡང་ཟུག་བྱེད་ཀྱི་རེད།
དེ་དུས་རྒྱ་ནག་གིས་བོད་པར་མི་གཅིག་འདུག་ཟེར་གྱི་རེད།
མ་གཞི་ནས་༧གོང་ས་༧་མཆོག་དང་མི་ཕལ་ཁྱོད་དང་ང་འདྲ་བར་མཚུངས་བསྡུར་བྱེད་པ་ནི་ཅུང་ལྐུགས་རྟགས་རེད།
ཨེ་གོ་ཐལ།
ཁོང་མཚན་གནས་ནས་བཤོལ་བ་ཡིན་ན། ལྟས་ངན་ཁ་ཤས་སྐྱིད་ཐག་ཆོད་ཀྱི་རེད། འདི་བོད་ཀྱི་གཏམ་དཔེར། རྟ་རྒན་ལ་ཐོག་བརྒྱབ་ན། ཁྱི་རྒན་ལ་ནམ་ལངས་ཞེས་པ་དེ་རེད།
ཡང་bbc ནས་ཅོ་རེ་དགེ་ཕྲུག་དུ་ཉར་ཏེ་ཨ་མས་བྱིས་པ་སྐྱོངས་བའི་ཚུལ་དུ་འདུག་ཀྱང་ད་དུང་ཅོ་རི་བ་འདི་བལྟ་བ་མཐོ་བ་ལ། ཁྱད་མཚར་ག་ཚོད་བཤད་ཀྱང་ཉན་ཤེས་མེད་པར་རྒྱག་རེས་ཀྱི་བསམ་པ་འཁོར་གྱི་ཡོད་ས་རེད།
bbc ཁྱེད་ལ་དགེ་པྲུག་འདྲེ་འདྲ་པོ་གཅིག་ཉར་འདུག་པས་རིམ་པས་མི་རུ་བཅོས་རོགས་ཞུ། དེ་མིན་འདྲེ་དེ་ཆེན་པོ་ཆགས་ན་བསྟན་སྲིད་གང་ལ་ཡང་གནོད་ངེས་པས་མེ་ཆུང་ས་གསོད།
བྷ་བྷ་སི་ལགས། འཇིག་རྟེན་ཀུན་རྫོགས་ཀྱི་རྣམ་བཞག་འདི་དག་ལ་རྩ་བརྟེན་པའི་མང་གཙོ་ལམ་ལུགས་འདི་མི་ཆེན་བླ་ཆེན་གཅིག་གིས་ཁ་ལོ་བསྒྱུར་མི་ཐུབ་ལ། དེ་དག་བསྒྱུར་ཐུབ་འདོད་མཁན་དག་ནི་སྲིད་དབང་སྒེར་གཅོད་པ་ཡིན་པ་ལས་འཇིག་རྟེན་ཀུན་རྫོགས་ཀྱི་རྣམ་བཞག་ཁས་ལེན་པའི་ལྟ་གྲུབ་གཞིར་བཟུང་གི་མང་གཙོ་པ་ག་ལ་ཡིན།
ཁྱེད་རང་གིས་ཁང་གསར་རྡོ་རྗེ་ཡི་ཟིན་བྲིས་ནང་གི་བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཟེར་བ་ཞིག་ཡོད་པའི་དེ་ལ་བལྟ་ཙམ་གྱི་ཐུགས་ཕན་སེལ་གྱི་རེད་འདོད།
དེ་ལྐུགས་རྟགས་ཡིན་ན་ཅོ་རི་ལ་ཤོད། མེ་མེད་ན་དུ་བ་ལངས་དོན་མེད། རྐྱེན་གང་ནས་བྱུང་འདུག ཡག་པོ་ལྟོས། དེ་ནས་སྐད་ཆ་ཤོད། ལ་སྟོད་བུ་དང་ལ་སྨད་བུ་མོ་ལགས།
ཆུང་དུས་ཡིན་པས་བཅོས་རོགས
ལི་ཐང་རྒྱ་མཚོ་ལགས་དྲ་གྲོགས་བྷི་བྷི་སི་ལ་དགེ་ཕྲུག་གཉིས་འདུག་པ་གཅིག་དེ་ཁྱེད་ཀྱི་མ་ཐོང་བ་ཡིན་ས་རེད། གཅིག་འདྲེ་འདྲ་པོ་འདུག་ཅེས་ཁྱེད་ཀྱིས་བཤད་ཟིན་པས་གཅིག་ཤོས་དེ་ཀླུ་མོ་འདྲ་པོ་གཅིག་འདུག་པས་བྷི་བྷི་སི་ལགས་ཀྱི་དགེ་ཕྲུག་དེ་གཉིས་ག་རེ་བྱེད་དགོས་རེད། གད་སྙིགས་ག་རེའི་ཁྲོད་ནས་འཁྱེར་ཡོང་བ་ཡིན་ནམ།
ཧཧཧཧཧཧཧཧཧཧཧཧཧ་་་་ད་ཡང་གནད་ལུགས་བཤད་ཀྱི་མེད་པར་སྤྲང་འཛིང་རྒྱབ་ཇུས་རེད་འདུག་་་་དགོངས་པ་ཞུ་རྒྱུ་ཡིན།
ཅོ་རི་ལགས། ངས་ཀུན་རྫོགས་ཞེས་པ་དེ་ཤེས་ཀྱི་མེད། ཀུན་རྫོབ་ཤོད་འདོད་པ་ཡིན་ན། ཀུན་རྫོབ་དང་དོན་དམ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རེད། ཁྱེད་ཀྱིས་བཤད་པ་ལྟར་འགལ་བ་ལྟག་སྤྲོད་མ་རེད། ཆོས་ཀུན་སྒྱུ་མར་ཤེས་པའི་སེམས་ངོ་ན་འཁོར་འདས་དབྱེར་མེད་པས་ཐམས་ཅད་ལ་དབང་སྒྱུར་བར་ཡ་ཅི་ལ་མཚན། ཀུན་རྫོབ་ཀྱི་སྟེང་ནས་བཤད་ན་དམངས་གཙོ་ཞེས་པ་འདི་ཡང་རྟག་བརྟན་ཐེར་ཟུག་གི་སྣང་བ་སྙོན་དུ་མེད་པ་ཞིག་རེད།
ཨོ་ཨོ་་་་དགེ་ཆོས་ཀྱི་ཚིག་གཅིག་དྲན་བྱུང་།
མི་ཡི་རྗེ་དཔོན་རྗེ་ཆེན་པོའི་དྲུང་།
མི་ཡི་མཐའ་མ་དགེ་འདུན་ཆོས་འཕེལ་གྱིས།
མི་འཐུང་མི་འཐུང་ཨ་རག་མི་འཐུང་ཞེས།
མི་ཚོགས་འཚོགས་པའི་དབུས་སུ་དམ་བཅའ་འབུལ། ཞེས་གསུངས་ཡོད།
མི་ཡི་མཁས་དབང་དགེ་རྒན་ཆེན་མོའི་དྲུང་།
མི་ཡི་མཐའ་མ་ཅོ་རི་ཉི་མ་ངས།
མི་འབྲི་མི་འབྲི་མཆན་བུ་མི་འབྲི་ཞེས།
མི་ཚོགས་ཁ་བརྡའི་མདུན་དུ་ཞུ་བ་ཕུལ།་ཧཧཧཧཧཧཧཧཧཧ
ནང་འཁྲུགས་རྒྱབ་རྒྱུར་གཅིག་སྒྲིལ་ལེགས་པོ་འདུག
མཆན་འདེབ་སའི་གོང་དུ་གཟིགས་དང་ཁ་བརྡ་ཚང་གིས་བསྒྲགས་པའི་ཡི་གེ་སེར་པོ་དེར་གཟིགས་རོགས།
དེ་ཡི་ནང་དུ་སྐྱེ་བོ་སྒེར་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ།་་་་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ།
ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
དེ་ལ་མནོ་བསམ་གཏང་་ན་ལེགས་དེ་མིན་ཁྲིམས་སྒྲིགས་དེ་ཚོ་དྲྭ་བདག་དང་དྲྭ་མཆན་པ་གཉིས་ཀས་མ་བརྩིས་ཚེ།
ཁྱབ་འགྲིག་འཕེན་ཀྱང་ཡིན།
ཐ་ན་ཐལ་རྟགས་ཀྱིས་འགོག་ཀྱང་ཡིན།
མ་གཞི་ནས་དྲྭ་བདག་ལགས་ནས་དགོངས་བཞེས་ཤིག་ལ།
མི་རིགས་དང་ཆོས་ལུགས་གྲུབ་མཐའ་རིག་གཞུང་སོགས་ལ་དམོད་ཚིག་གིས་མཆན་བཀོད་ན་འགྲིག་གམ།
བྷི་བྷི་སི་དང་རང་གྲོལ་ལས་སོགས་ཀྱིས་ནས་ཡང་ཡང་དེ་ལྟར་བརྗོད་ཡོང་གི་འདུག
དགོངས་པ་མ་ཚོམས། ད་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཏག་ཏག་རེད། ང་ཉལ་གྱི་ཡིན་ད།
བྷི་བྷི་སི་ཁྱེད་རང་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ལ་གཞི་ནས་མལ་སར་ཕེབས་ཀྱི་ཡོད་དམ།
ད་གང་ཤེས་དེ་འདྲའི་ཉལ་དུས།
ཧ་ཧ། ལ་སྟོད་ལགས་ཀྱིས་ཁ་བརྡ་སྲིད་གཞུང་ལ་ཞུ་གཏུག་བརྒྱབ་སོང་། ཁོ་པས་བཤད་པ་ལྟར་ན། བྷི་རང་རྒྱལ་ཕྲན་གཉིས་ནས་ལ་སྟོད་གླིང་ཕྲན་ལ་བརྙས་གཅོད་ཚོད་མེད་བྱེད་ཀྱི་འདུག་ཟེར། ང་ཉམ་ཐག་གླིང་ཕྲན་སྲོག་སྐྱོབ་རོགས་ཟེར། འོན་ཀྱང་ཁ་བརྡ་སྲིད་གཞུང་རྒྱལ་ཁབ་མང་པོའི་དོན་ཆེན་བསྒྲུབ་དགོས་པས་གླིང་ཕྲན་ཆུང་ཆུང་ཞིག་གི་ཁ་མཆུ་ཆོ་མེད་ལ་ཡ་བྱེད་ལོང་མེད། དེ་ལས་འཆམ་མཐུན་བྱས་ནས་བཟང་ཞེས་ཁ་བརྡ་སྲིད་གཞུང་ནས་བཀའ་གནང་འདུག ལ་སྟོད་རང་ཉན་དང་མ་ཉན་བསམ་བློ་ཐོངས།
ཁྲིམས་སྒྲིགས་བཟོས་ན་ཁྲིམ་སྒྲིགས་ལ་དག་བཤེར་བྱེད་ནི་དགོས་སམ།
ཁྲིམས་སྒྲིགས་དེ་དག་ཤོག་ཐོག་ཏུ་འཇོག་རྒྱུ་ཙམ་ཡིན་ནམ།
ལྷག་བསམ་ལ་ཞིབ་འདངས་རྒྱོབ།
ཁྲིམས་སྒྲིགས་བཟོས་ན་ཁྲིམ་སྒྲིགས་ལ་དག་བཤེར་བྱེད་མི་དགོས་སམ།
ཁྲིམས་སྒྲིགས་དེ་དག་ཤོག་ཐོག་ཏུ་འཇོག་རྒྱུ་ཙམ་ཡིན་ནམ།
ལྷག་བསམ་ལ་ཞིབ་འདངས་རྒྱོབ།
བྷི་སི་ནས་ཀུན་རྫོབ་དང་དོན་དམ་གཉིས་འགལ་བ་མ་རེད་ཟེར་གཞུང་དོན་རྩ་བ་ནས་མཁྱེན་མདོག་མི་འདུག
ཀུན་རྫོབ་དང་དོན་དམ་གཉིས་ཀྱི་གཞི་མཐུན་པ་འཇོག་གནང་རོགས།
གཞི་ནས་བྷི་བྷི་སིའི་གསར་འགྱུར་ནས་གཏོང་ན་འགྲིག
ལ་སྟོད་ལགས། ཡི་གེ་ཀློག་དུས་ཡག་པོ་ཀློག་དགོས། བྷི བྷི་ཡིས་བཤད་པར་གནད་འགག་ཆེན་པོ་འདུག ལྟོས་དང་ཁོང་གིས། ༼ཁྱེད་ཀྱིས་བཤད་པ་ལྟར་འགལ་བ་ལྟག་སྤྲོད་མ་རེད། ༽ཅེས་གསུངས་འདུག འགལ་བ་ལྟག་སྤྲོད་ཟེར་ན་གང་རས་བསམ་བློ་ཡག་པོ་ཐོངས། གཞུང་དོན་ཁྱེད་རང་གིས་ཤེས་་མེད་པ་ཙམ་དུ་མ་ཟད། རིགས་ལམ་ལ་བྱང་མི་འདུག འགལ་བ་མིན་ན་གཞི་མཐུན་ཡོད་དགོས་སམ། འདི་སུའི་ལུགས་རེད། མ་ཟད་ཁོངགིས་ཆོས་ཀུན་སྒྱུ་མར་ཤེས་པའི་སེམས་ངོ་ཞེས་བཤད་པ་དེར་བསམ་བློ་གཏོང་ཡས་འདུག་སྙམ།
ད་ཁྱོད་ཚོས་ཆོ་མེད་པའི་མཚང་འདྲི་སོགས་མ་བྱེད་པར་དོན་ལྡན་གྱི་གསུང་སྐད་རྒྱོབས་དང་། བལ་ཡུལ་གནས་ལེན་ཁང་དུ་འབྱོར་བའི་གསར་འབྱོར་བ་རྣམས་ཀྱིས་ཐོ་འགོད་བྱས་པ་ལྟར་ན། བརྒྱ་ཆ་བརྒྱ་ཐམ་པས་རྒྱ་གར་ལ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་བར་འགྲོ་བ་ཡིན་ཅེས་ཐོ་འགོད་བྱས་འདུག་ཟེར། འདི་ནི་རྒྱ་གར་གྱི་གནས་སྟངས་གང་ཡང་མ་ཤེས་སྔོན་གྱི་བསམ་བློ་ཞིག་གི་འོག་ནས་རེད། འདི་ནི་བཙན་བྱོལ་ནང་གི་གྲུབ་མཐས་བློ་མ་བསྒྱུར་སྔོན་གྱི་བསམ་བློ་ཞིག་གི་འོག་ནས་རེད། འདི་ནི་བོད་ནས་རྒྱ་གར་དུ་ཡོང་མཁན་རྣམས་ཀྱི་བསམ་བློ་ངོ་མ་དེ་རེད། འདི་ནི་བོད་གཞི་བྱེས་གཉིས་ཀྱི་བསམ་བློ་ནང་གི་འབྲེལ་ཐག་དམ་པོ་དེ་རེད། བྱས་ཙང་འབྲེལ་ཐག་འདི་མི་མཐུད་གནས་པའི་ཆེད་དུ། བོད་གཞི་བྱེས་གཉིས་ཀྱི་བསམ་བློ་ཕྱོགས་གཉིས་སུ་མི་ལྷོང་བའི་ཆེད་དུ། ༧གོང་ས་མཆོག་གི་མཚན་གནས་ལ་འགྱུར་བ་གང་ཡང་གཏོང་རུང་གི་མ་རེད་བསམ། ཁ་སང་དེ་རིང་ཞིག་ལ་དྲ་རྒྱ་ཁག་ཏུ་༧ གོང་ས་མཆོག་གི་མཚན་གནས་ལ་འགྱུར་བ་ཟེར་བའི་མིང་ཚིག་བཏོན་ཡོང་གི་འདུག འདིའི་འབྱུང་རྩ་གང་ནས་ཡོང་བ་མ་ཤེས་ན་ཡང་། འདི་ཐོས་མ་ཐག་ཏུ་སྤུ་ཟིང་སེ་འགྲོ་གི་འདུག
༧གོང་ས་མཆོག་སྐུ་བགྲེས་ཡོལ་དུ་ཕེབས་རྒྱུར་དགའ་བསུ་དང་རྒྱབ་སྐྱོར་ཞུ་འོས། འདི་ནི་ཤིན་ཏུ་གནད་འགག་ཆེན་པོ་ཞིག་རེད། ང་ཚོས་ཁོང་ལ་རེ་བ་དང་དད་པ་ཡིད་ཆེས་བརྩེ་བ་ནི་བཅོས་མིན་རང་བྱུང་ཞིག་རེད་པས་དེ་ནི་ཇི་སྲིད་བོད་མི་རིགས་གནས་པ་དེ་སྲིད་མི་ཉམས་པར་གནས་རྒྱུར་ཡིད་ཆེས་ཡོད། དད་པ་དང་ཡིད་ཆེས་བརྩེ་དུང་རྒྱུ་མཚན་དུ་བཟུང་ནས་༧གོང་ས་མཆོག་སྐུ་བགྲེས་ཡོལ་དུ་མི་ཕེབས་པར་གསོལ་བ་བཏབ་པ་འདི་ངའི་ངོས་ནས་བལྟས་ན་དེ་ཙམ་སྙིང་པོ་དང་ལྡན་པ་ཞིག་མ་རེད་འདོད། ད་ལྟ་༧གོང་ས་མཆོག་དགུང་ལོའི་བབ་དང་སྐུ་ཁམས་གསལ་ཐང་འདི་ལྟ་བུའི་གོ་སྐབས་འདིར་ཞུ་མ་རུང་ཀྱང་༧གོང་ས་མཆོག་སྐུ་ངོ་མ་བཞུགས་པའི་སྐབས་ཀྱི་བོད་དང་བོད་མིའི་གནས་སྟངས་ཀྱི་སྒྲོམ་གཞི་ཞིག་ད་ལྟ་ནས་འབུར་དུ་འཐོན་གལ་ཆེ་ལ། དུས་དང་རྣམ་པ་ཀུན་ཏུ་༧གོང་ས་མཆོག་ལ་བརྟེན་ནས་སྐྱབས་སུ་མཆི། ཅི་གསུངས་བཀའ་འགྲུབ་ཡིན་ཟེར་བ་གཅིག་པུས་ལ་དག་རྒྱུ་མེད་པ་གསལ་གསལ་ཐིང་ཐིང་རེད། བོད་རྒྱལ་ལོ།།
བགྲེས་ཡོལ་ལས་གཤོལ་ཐབས་རེ་བསྐུལ་ཕུལ་དགོས་ཀྱང་། བགྲེས་ཡོལ་ཕེབས་དོན་ལ་ཕན་འབྲས་ཆེ་བ་ཡིད་ཆེས་བྱས་ནས། ༸གང་མཆོག་བགྲེས་ཡོལ་དུ་ཕེབས་ན།
ཆོས་ཕྱོགས་ནས་བཤད་ན་བོད་འདི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང་། རྒྱལ་མཆོག་༸སྐུ་ཕྲེང་ལྔ་པ་ནས་བཟུང་བ་ནས་༸སྐུ་ཕྲེང་༡༣པ་ཆེན་པོའི་བར་དང་། ལྷག་པར་༸སྐུ་ཕྲེང་བཅུ་པ་ཆེན་པོ་འདིའི་བཀའ་དྲིན་རྗེས་དྲན་གྱི་མཚན་གནས་ཅིག་ཕུལ་དགོས་རེད་སྙམ། དཔེར་ན། ཨིན་ཇིའི་རྒྱལ་མོའི་ཆ་འདྲ་ལ། གྷན་དྷི་ལྟར་རྒྱལ་ཁབ་ཀྱི་མེས་པོའམ། བོད་མི་རིགས་མེས་པོ་ལྟ་བུའམ། ཁོང་ནི་བོད་རིགས་མི་མང་གི་རྩ་བའི་བླ་མ་ཡིན་པའི་ཆ་ནས་གུས་བཀུར་རྩེ་མཐོར་འཇོག་དགོས།
མཐའ་མ་བོད་མི་མང་སྤྱི་འཐུས་ཀྱིས་བགྲེས་ཡོལ་འབུལ་དགོས་བྱུང་ཡང་། ལོ་ཤས་རྗེས་ལ་༸གོང་ས་མཆོག་ལ་ཆབ་སྲིད་ཀྱི་འགན་འཁུར་མེད་པར། བོད་མི་མང་གིས་མ་འཇོན་ན། ཡང་སླར་ཡང་སྤྱི་འཐུས་བརྒྱུད་ནས། གསོལ་བ་ཕུར་ཚུགས་སུ་འདེབས་ཡ་མེད་པ་རྩ་བ་མེད་པ་མ་རེད་སྙམ།
གང་ལྟར་ཡང་ཁོང་ལ་ཆབ་སྲིད་ཀྱི་དབང་ཚད་མེད་ཀྱང་། དུས་ནས་དུས་སུ་ཁོང་གི་བཀའ་སློབ་ལམ་སྟོན་ཞུ་དགོས་པ་དང་། གལ་སྲིད་མར་བཀའ་ཅིག་གནང་ན། སྤྱི་འཐུས་མང་མོས་ཀྱིས་རྩིས་བཀུར་ཞུ་དགོས་པའི་ཆ་རྐྱེན་ཅིག་གྲོས་ཚོགས་བཅའ་ཁྲིམས་ནང་བསྐྲུན་མ་ཐུབ་ན། ང་ཚོ་གཞེས་བྱེས་བོད་མི་ཡོངས་ལ་གྱོང་རྒུད་ཆེན་པོ་ཅིག་རག་མི་སྲིད་པ་མ་རེད་ལགས།
ཀརྡོས་གསུངས་པར་རྒྱབ་སྐྱོར་ཡོད། ཉིན་རེ་ལས་ཉིན་རེ་བསམ་བློ་ཐོང་རུ་འགྲོ་གི་འདུག ཁ་སའི་བསམ་བློ་ལས་དེ་རིང་གི་བསམ་ཡག་པ་འདུག དེ་རིང་གི་བསམ་ཚུལ་ལས་སང་ཉིན་གྱི་བསམ་ཚུལ་ཡག་པ་ཡོད་ཀྱི་རེད། དེ་འདྲ་སོང་ཙང་ཀརྡོ་ལ་ཡར་རྒྱས་འདུག འོན་ཀྱང་ཀླད་མེད་འགའ་ཞིག་ནས་༸གོང་ས་མཆོག་གི་སྐུ་དབང་འདི་ད་ལྟ་ཉིད་དུ་མེད་པ་ཆགས་ན་སྙམ་དུུ་རེ་སྒུག་བྱེད་བཞིན་འདུག
དོན་དངོས་ལ་ཁ་ཕྱོགས་ནས་བསམ་བློ་གཏོང་དགོས། ད་ཆ་བོད་མིའི་ཁྲོད་༸གོང་ས་མཆོག་གི་སྐུ་ཚབ་ཐུབ་མཁན་སུ་ཡོད་པ་རས། མིང་འདོན་གནང་རོགས།
༸གོང་ས་མཆོག་དགོངས་པ་ཞུ་རུ་འཇུག་མཁན་ཐན་སྐད་དང་འདྲ་སྐད་རྒྱག་མཁན་ཁྱི་སྤྱང་ཁག་གཅིག་ཡོད་པ་རེད། སུ་དང་སུ་ཡིན་ཐིག་པ་གྱིས།
༸གོང་ས་མཆོག་དགོངས་པ་ཞུ་རུ་འཇུག་མཁན་ཐན་སྐད་དང་འདྲེ་སྐད་རྒྱག་མཁན་ཁྱི་སྤྱང་ཁག་གཅིག་ཡོད་པ་རེད། སུ་དང་སུ་ཡིན་ཐིག་པ་གྱིས།
༸གོང་ས་མཆོག་གི་གསུང་འཕྲིན་མཇལ་བ་ཡིན། ཧ་ལས་པའི་གནད་འགག་རེད་འདུག ང་ཚོས་ཞུ་སྟངས་མ་ཤེས་པ་ཞིག་གསུངས་འདུག འོན་ཀྱང་བཀའ་སྤྱི་གཉིས་ནས་བསམ་བློ་དུྲུག་གསུམ་བཅོ་བརྒྱད་དང་། བློ་རྩེ་བརྒ་རྩ་བརྒྱད་བཀོད་དེ་ད་རེས་མ་འཆུག་པ་ཞིག་དང་། འགྱོད་པ་སྐྱེ་མི་དགོས་པ། བོད་མི་ས་ཡ་དྲུག་གི་སྤྱི་མི་གོ་ཆོད་པ་ཞིག་གནང་ཤོག སྔ་ལོ་སྤྱི་འཐུས་རྣམ་པས་གྲོས་ཚོགས་དཀྲུག་པའི་ཉེས་པ་ད་ལན་དག་ཡས་ཀྱི་གོ་སྐབས་ཡོད་པ་རེད། སྤྱི་འཐུས་རྣམ་པ། ཁྱེད་ཚོས་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ནག་རྒྱབ་ཏུ་བསྐྱུར་ཏེ་ད་རེས་གཟབ་ཤོག་ཨང་། ང་ཚོས་གཏམ་བཟང་ཉན་རྒྱུར་སྒུག་ནས་བསྡད་ཡོད། ད་ལན་ཁྱེད་ཚོས་འཇོན་པ་ཡིན་ན་སླར་ཡང་རང་འཇགས་སྤྱི་འཐུས་ལ་བསྐོ་རྒྱུ་ཡིན། སེམས་ཤུགས་རྒྱོབས། རིག་པ་སྒྲིམས། མ་འཕྱུག་པ་གནང་རོགས།
དྲ་གྲོགས་BBC ལགས་ཀྱི་གསུངས་པ་ལྟར།
ཕྱོགས་གཞན་ཞིག་ནས་ང་ཚོའི་རེ་ཤོས་ཀྱིས་བྱས་པ་དྲིན་དུ་ཚོར། ཆབ་སྲིད་ཀྱི་གནས་ཚད་མཐོན་པོར་སླེབས་ནས་བོད་མི་རིགས་ཀྱི་འཕྲལ་ཕུགས་གང་དུའང་། འདང་ངེས་ཀྱི་རྣམ་དཔྱོད་སྨིན་པ་ཞིག་མིན་པ་ཤེས་ཐུབ་པ་ཞིག་རེད།
ཀ་རྡོ་ཡར་རྒྱས་འགྲོ་བཞིན་པ་ཤེས་པ་ལེགས་ཆ་རེད་མོད། རང་ཉིད་སྡུག་ཏུ་མ་གཏོང་རོགས།
ཤངས་སྟོན་ཚངས་ཐིག་ལགས་ནས་ལོ་རྒྱུས་ལ་ཉམས་ཞིབ་ཡག་པོ་གནང་འདུག ལྷག་དོན། ཕུལ་སོང་ལགས་དང་ཕུལ་སོང་། །རྩབ་རལ་ཕྱག་ལ་ཕུལ་སོང་། །ཞེས་པ་འདི་གནད་ལ་འཁེལ་འདུག ད་ཡང་ལོ་ངོ་ལྔ་བཅུ་སྐུ་ངལ་སྐྱོན་པའི་སྲིད་གཞུང་འདི་རྩབ་རལ་བཟོས་ནས་ཕྱག་ལ་ཐེངས་གཉིས་པ་ཞིག་འབུལ་འདོད་པ་ཡིན་རྒྱུ་མིན་ནམ་སྙམ། ༸གོང་ས་མཆོག་མེད་པ་ནང་ལྟར་གྱི་ལས་ཀ་བྱེད་པར་མཚན་གནས་འདིས་འགོག་རྐྱེན་གང་ཡང་བཟོ་གི་མི་འདུག ད་འདི་ལག་པ་འཕྱིད་ཡས་རེད་འདུག དབང་ཆ་ལ་བརྔམས་པའི་ལྟས་ངན་འགའ་ཞིག་ནས་འདྲེ་སྐད་བསྟུད་མར་བརྒྱབ་ཙང་ད་ལྟའི་གནས་བབ་འདུ་བྱུང་བ་རེད། ཡ་འོ་ན་ཤོད་དང་། ༸གོང་ས་མཆོག་གི་སྐུ་ཚབ་སུས་འཇོན་པ་འདུག མིང་སྨོས་དང། ཐོ་གཞུང་ཞིག་བཟོས་དང་། ང་ཚོས་བལྟ་ཆོག ཐོ་གཞུང་བཟོ་ན་འདི་ལྟར་བཟོ་རྒྱུ་རེད། དབང་ཆའི་འཐབ་རྩོད་རིང་ལུགས་པ་གཤམ་འཁོད་རྣམས་རེད། འཇམ་དབྱངས་ནོར་བུ། བློ་བཟང་སེང་གེ ཀླུ་མཁར་བྱམས། བློ་བཟང་དབང་རྒྱལ། འཆི་མེད་གཡུང་དྲུང་། བློ་བཟང་སྙན་གྲགས། གྲ་བག་བྲོ་སོགས་ཀྱིས་གཙོས་རྒྱབ་ལོགས་ནས་མུ་ཅོར་སྒྲོག་མཁན་གསར་བུ་ཀླད་མེད་ཁྱུ་གཅིག་རེད། ད་ང་ཚོས་སུས་འཇོན་ལྟ་རྒྱུ་ཡིན། ༸གོང་ས་མཆོག་ནས་བཀའ་གནང་བ་ལྟར་མ་འཇོན་ན་ཤ་གཅུས་རྒྱག་རྒྱུ་རེད། ལས་ཀ་བྱེད་སར་བཞག་ནས་ཡག་པོ་མ་བྱས་ན་ལས་སླ་པོར་མི་འཇོག་ཐག་ཆོད་ཡིན།
ཕ་མས་རང་གི་བུ་ཕྲུག་ལ་འགན་རྩ་བ་ནས་མ་སྤྲད་པར་རྟག་ཏུ་རང་གི་པང་དུ་ཉར་ན་གཅེས་ལང་དུ་འགྲོ་བའི་ཉེན་ཁར་ཡོད་པ་མ་ཟད།
ཉིན་ཅིག་ཕ་མ་ལྔ་ལམ་དུ་གྱུར་བའི་ཚེ་མི་ཚེའི་མདུན་ལམ་གྱི་ཉམས་མྱོང་གང་ཡང་མེད་པས་ཅི་བྱ་འདི་་བྱ་མེད་པར་ལུས་ཏེ།
དྭ་ཕྲུག་ཐང་ལ་ལུས་པའམ་བྱ་ལོང་ཁུག་སྣའི་གསེབ་ཏུ་འཐོམས་པ་བཞིན་ཡོང་རྒྱུ་ཉག་ཅིག་རེད།
དེས་ན་དེ་བཞིན་ད་ལྟ་༧གོང་ས་༧་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཆོལ་ཁ་དང་ཆོས་ལུགས་ཀྱིས་བཟི་སྟེ་རང་གི་འགན་གང་ཡང་མེད་པར་སྡོད་མཁན་དེ་དག་ལ་ཉམས་མྱོང་རིམ་བཞིན་བསོག་སྟེ་འགན་སྤྲོད་དགོས།
དེ་མིན་ཉིན་ཅིག་གནས་ཚུལ་ཐབས་སྡུག་བློ་བུར་དུ་བྱུང་བའི་ཉིན་གོང་གི་དཔེ་དེ་མི་ཡོང་བའི་ངེས་པ་གཏན་ནས་མེད་དོ།་
༸གོང་ས་མཆོག་གི་བགྲེས་ཡོལ་སྐོར་ལ་གསར་འགོད་པས་དྲི་བ་བཏང་བ།
དྲི་བ། ༧གོང་ས་མཆོག་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་ཚེ། ད་ལྟའི་བཙན་བྱོལ་གཞུང་འདི་ལུགས་མཐུན་གྱི་གཞུང་ཞིག་ཏུ་གནས་ཐུབ་ངེས་རེད་དམ།
བཀའ་ཁྲི་ཟམ་གདོང་ཚང་གིས་ལན་སྐྱོན་དོན།
ལན། འདི་གནད་དོན་གལ་ཆེ་ཤོས་རེད། བཙན་བྱོལ་སྒྲིག་འཛུགས་འདི་ལ་གཞུང་འབྲེལ་ཐོག་སྲིད་གཞུང་ཞེས་འབོད་ཀྱི་ཡོད་པ་མ་རེད། གང་ལྟར་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་བྱེད་ས་དང་། བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་སྒྲིག་འཛུགས་ཤིག་རེད། ཡིད་ཆེས་དང་དད་སེམས་ཀྱི་དམ་ཚིག་འདི་༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་ཉག་གཅིག་ལ་བརྟེན་ཏེ་བྱུང་བ་ཞིག་རེད། ༧གོང་ས་མཆོག་འགན་འཁྲི་འདི་ནས་ཕྱིར་ཕེབས་པ་ཡིན་ན། བོད་མི་མང་གི་མིག་ནང་དུ་བཙན་བྱོལ་སྒྲིག་འཛུགས་འདི་ལུགས་མཐུན་གྱི་གཞུང་ཞིག་ཏུ་མཐོང་གི་མ་རེད། དེ་དངོས་ཡོད་རེད།
འདི་སྐོར་དྲ་གྲོགས་རྣམ་པས་རང་གི་བསམ་ཚུལ་བརྗོད་རོགས། བྷི་བྷི་སི་ནས།
ཟམ་གདོང་མཆོག་ནས་གསུངས་པ་འདི་མཁས་པའི་གསུང་ཞིག་དང་། དོན་དངོས་དང་མཐུན་པ་ཞིག་རེད་འདུག ང་ཚོས་བསམ་བློ་ཡག་པོ་མ་བཏང་ན་ཉིན་མ་གཅིག་སྐྱབས་བཅོལ་གྱི་གནས་བབ་འདི་ཡང་ནམ་མཁའི་འཇའ་ལྟར་མི་ཡལ་བའི་ངེས་པ་མི་འདུག་གོ །
བོད་གླེན་པ་ཚོས་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པར་དགའ་བསུ་ཞུས་ཀྱང་། བོད་ལ་ཤ་ཞེན་ཅན་གྱི་ཕྱི་རྒྱལ་མཁས་དབང་དང་དཔོན་རིགས་མང་པོ་ཞིག་ནས་འདི་སྐོར་བློ་འཚབ་ཞེ་དྲག་གནང་བཞིན་འདུག ཐ་ན་རྒྱ་གར་གསར་ཤོག་དང་དབྱིན་ཇིའི་བྷི་བྷི་སི་ཡན་ཆད་ནས་འདི་སྐོར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ད་ནས་བཟུང་རྟ་ལམ་བོང་བུས་འགོག་རྒྱུར་ཐེ་ཚོམ་མེད། འདི་ལས་ང་རང་གང་སྐྱིད་ཕ་ཡུལ་བྱས་ནས་འགྲོ་འདོད། །
འགན་ཁུར་མེད་པ་དང་ལེ་ལོ་ཅན་དག་གིས་ཉི་མ་གར་འཁྱོལ་ལས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་བྱེད་འདོད་མེད།
ཁ་ལ་ཁ་སྤུ་སྐྱེས།
མགོ་སྐྲ་དཀར་པོར་འགྱུར།
ཐོད་པར་གཉེར་མར་བརྩིགས།
རྒྱབ་གཞུང་སྒུར་པོར་ཆགས།
ད་དུང་ཡང་ལྟོ་གོས་ཕ་མར་རྒྱབ་བརྟེན་བྱས་ནས་སྡོད་པ་ལས་རང་གི་འཕྲག་་པར་འཁྲི་བའི་ལས་འགན་རྣམས་ཁུར་འདོད་མེད།
ཉིན་མ་ཅིག་ཕ་མ་མེད་པའི་ཤུལ་དུ་སྤྲང་ཕྲུག་འཁྱམས་རྒྱུ་ལས་མེད།
བྷི་རང་ལ་ལེགས་སྐྱེས་སུ་ཕུལ།
༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བཅུ་གཅིག་པའི་སྟེང་དུ་བསྩལ་བའི་བཀའ་སློབ་ཚ་བོ་ཚ་རྐྱང།
༼རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ཡུལ་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་འགན་ཁུར་བའི་ཐོག་ནས་གནས་དུས་དང༌། མང་ཚོགས་ཀྱི་མངོན་འདོད་ལ་བསྟུན་ནས་ཆབ་སྲིད་འཛིན་སྐྱོང་མ་བྱས་པར། རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་ མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པ་དང༌།༽
འདྲེ་སྐད་ཐན་སྐད་རྒྱབ་མཁན་ཡོད་ན་དེ་ཚོར་གསལ་འདེབས་སུ་ཕུལ།
ད་དུང་གོ་མི་ཐུབ་ན་དབྱུག་པ་ལས་ཚད་མར་མི་འགྲོ་བའི་རིགས་སུ་གཏོགས་པས་རེ་ཞིག་དེ་ཙམ་ཡིན།
ལ་སྟོད་ལགས། ཁྱེད་རང་ནས་ལེགས་སྐྱེས་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཁྱེད་རང་གི་ལེགས་སྐྱེས་འདི་ཆེ་ཐག་ཆོད་ནས་འཁྱོག་ཡས་མི་འདུག དེ་འདྲ་སོང་ཙང་ཕར་བསྣམ་རོགས། ད་ནས་བཟུང་རྟ་ལམ་བོང་བུས་བཀག་ནས་སྡོད།
བྷི་བྷི་སི་ལགས།
དེ་ཁྱེད་ལ་ངས་ཕུལ་བ་མ་ཡིན་འདི་ནི་༧གོང་ས་༧་མཆོག་གིས་བསྩལ་བ་རེད།
ཁྱེད་རང་ལ་མི་དགོས་ཟེར་ན་༧གོང་ས་༧མཆོག་མཆོག་ཅེས་མ་ཎི་བགྲངས་བགྲངས་བྱེད་པ་དེ་ལ་རྒྱུ་མཚན་འདུག་གམ།
རང་ཉིད་སྐྱིད་ཉལ་རྒྱག་ཉལ་རྒྱབ་སྟེ་བོད་མི་རིགས་ཀྱི་འགན་ཐམས་ཅད་ཤིན་ཏུ་དགུངས་ན་མཐོན་པོར་སོན་པའི་༧གོང་ས་༧་མཆོག་ལ་འགེལ་རྐྱང་བྱེད་རྒྱུ་ཡིན་ནམ།
སློབ་དཔོན་ལྷ་ཡིས་བཀའ་བྱུང་ན།
དམྱལ་བར་སྤྱུགས་ཀྱང་བཟོད་དེ་ཅི།
ལྗིད་པོ་ཡོང་ཀྱང་ཐབས་ཤེས་འཚོལ།
ལེ་ལོ་དང་ཉོབ་ཏོ་ཁྲེབ་ཏོ་མ་བྱེད་པར་བཀའ་ལྗིད་པོ་དེ་ཁུར་ཐུབས་ཐབས་བྱེད་དགོས།
འདས་པའི་ལོ་རྒྱུས་ནང་མི་དྲག་སྐུ་དྲག་དེ་ཚོས་ཀ་ལན་སྤུང་དུ་ཤོ་བག་རྩེད་ནས་འགན་མ་ཁུར་ནས་དུས་ཚོད་ཆུད་ཟོས་སུ་བཏངས་ཏེ་བོད་ཕུངས།
ད་དམངས་གཙོ་ལག་ཏུ་ཡོད་དུས་མི་དམངས་ཀྱིས་སྤྱི་ཡི་ལས་དོན་མཐའ་དག་༧གོང་ས་༧་མཆོག་ལ་འགེལ་རྐྱང་གིས་ཚེས་བཟང་དུས་བཟང་ལ་སྐད་འབོད་འདྲ་བྱེད་པ་ལས་དེ་མིན་སྐྱིད་ཉལ་རྒྱག་ཉལ་རྒྱབ་སྟེ་བསྡད་སྟངས་འདི་ཡག་རྟགས་ཤིག་མ་ཡིན་འགན་ཁུར་མེད་པར་ལེ་ལོར་སྡོད་འདོད་རང་རེད།
ཨ་རོགས་ལ་སྟོད་གྱལ་གྱི་ཤི་རི། ༸གོང་ས་མཆོག་གི་མཚན་གནས་རང་འཇགས་བཞེས་ཀྱང་། བོད་མི་གཞན་གྱིས་སྐྱིད་ཉལ་རྒྱག་དགོས་པའི་ངེས་པ་གང་ཡང་མེད། འདི་ལས་རྟ་ལམ་བོང་བུས་བཀག་ན་གྱོང་གུན་མི་ཆེ་འམ། མ་གཞི་ནས་ཁྱོད་དང་། ཁྱོད་ཀྱི་དེ་དང་། དེའི་དེ་དང་། ཁོ་དང་། ཁོའི་དེ་དང་དེ་ལ་སོགས་པས་༸གོང་ས་མཆོག་བགྲེས་ཡོལ་གནང་གི་ཡིན་གསུངས་མ་ཐག་དགའ་བསུ་ཞུ་དོན་གང་ཡིན། འདི་རྟ་རྒན་ལ་ཐོག་བརྒྱབ་ན་ཁྱི་རྒན་ལ་ནམ་ལངས་ཞེས་པ་དེ་མ་ཡིན་ནམ།
ཨ་རོགས་བྷི་བྷི་སི།
ག་རེ་རྟ་ལམ་བོང་བུ།
རྟ་ཕོ་རྒྱུགས་རྒྱུ་ཡོད་ན་རྒྱུགས་རན་འདུག
བོང་བུ་ནང་བཞིན་ཁྲེབ་ཏོ་བྱེད་དེ་སྡོད་ཐབས་མི་འདུག
༧གོང་ས་༧་མཆོག་ཆབ་སྲིད་ཀྱི་མཚན་གནས་ནས་དགོངས་པ་ཞུ་གི་ཡི་གསུངས་ཚར་བས་མ་ཟད།
གཞིས་བྱེས་བོད་མི་མང་པོ་ཞིག་ནས་རེ་བསྐུལ་ཞུས་ཀྱང་ད་ལམ་ཁྱེད་རྣམས་ཀྱི་རེ་བསྐུལ་ལ་ངས་དང་ལེན་ཞུ་ཐུབ་་མ་སོང་གསུངས་ཟིན་པ་མ་ཡིན་ནམ།
ད་དུང་རྟ་ལམ་བོང་བུ་རྟ་ལམ་བོང་བུ།
ག་རེ་བཤད་ཀྱིན་ཡོད།
རྟ་ཕོ་ལ་རྒྱུགས་རྒྱུ་ཡོད་ན་རྒྱུགས་རན་པ་རེད།
དེ་ནས་རྟ་བོང་གང་ཡིན་ལྟ་ཆོག
ང་དང་ང་འདྲ་བའི་རིགས་ཤེས་ཁྱོད་ཀྱིས་འབེན་ཡུལ་དག་༧གོང་ས་༧་མཆོག་དགོངས་པ་ཞུས་པར་དགའ་སྤྲོ་བྱེད་པ་མིན།
གནད་དོན་ནི་དུས་ལ་རན་པའི་ཐུགས་ཀྱི་བཞེད་དོན་ཅིག་རེད་སེམས་ནས་བསམ་ཚུལ་ཞུས་པ་མ་ཟད།
༧གོང་ས་༧་མཆོག་གི་བཀའ་དགོངས་ཡིན་བསམ་པ་ལས་བཀའ་ལ་གྱེན་ལོག་ཞུ་རྩིས་མེད་པས་རེད།
དགོངས་པ་དགོངས་གཞི་རྒྱ་ཆེ་གཏིང་ཟབ་པ་དེ་ལ་ད་དུང་བཀའ་ལ་གྱེན་ལོག་བྱེད་དེ་བསྡོད་རྒྱུ་ཡིན་ནམ།
རྟ་ལམ་བོང་བུས་མ་འགོག་རོགས།
བོད་ཀྱི་གནད་དོན་དུས་ལ་བབས་པའི་ཐག་གཅོད་བྱེད་པའི་དུས་གཉན་ལ་ཁྱེད་རང་གིས་བཤད་པ་ལྟར་ཐན་སྐད་འདྲེ་སྐད་དེ་ཚོ་མ་གནང་ན་ལེགས།
ལ་སྟོད་རང་བསམ་པ་རྣམ་དག་རེད་འདུག ཡག་པོ་རེད། འོན་ཀྱང་ངས་ད་དུང་ཡང་ལོ་རྒྱུས་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་ལ་མ་འོངས་པ་ལ་ཡང་ཚོད་བགམ་ནན་ཏན་བྱས་ན་མ་གཏོགས་ཧོལ་རྒྱུགས་ཤོར་ན་མི་རིགས་ཤིག་གི་ཆགས་འཇིག་ལ་ཐུག་དུས་གོམ་པ་སྤོ་སྟངས་གཅིག་ནོར་ན་འགྱོད་པ་རྟས་མི་ཟིན་པ་ཞིག་བྱུང་ན་ཕྱིས་དྲགས་པ་རེད། དེ་འདྲ་སོང་ཙང་དང་པོ་ཁྱེད་རང་བསྒྱུར་བཅོས་ཀྱི་ལམ་དུ་སྔོན་ལ་སོང་ཨང་། དེ་ནས་ངས་སླེབས་ཡོང་། གང་ལྟར་བོད་ཀྱི་གོ་བབ་མཐོ་ཤོས་དེ་༸གོང་ས་མཆོག་ལ་འབུལ་འདོད་པ་ལས་གཞན་ལ་སྤྲོད་འདོད་མེད་པས་ཡིན་ལ། ཕྱི་རྒྱལ་གྱི་མཐོ་སློབ་ཁག་ནས་ཀྱང་༸གོང་ས་མཆོག་ལ་གནས་བབ་མཐོ་ཤོས་དེ་འབུལ་གྱི་ཡོད་པ་འདི་ལ་གནད་དགག་ཆེན་པོ་ཞིག་འདུག་སྙམ།
བཀའ་སྤྱི་གཉིས་ནས་གྲོས་བསྡུར་ལྷུག་པོ་གནང་བཞིན་འདུག་པས་དོན་དག་ཐག་གཅོད་ཡག་པོ་ཞིག་ཡོང་རེད་ཆེ།
ད་བྷི་བྷི་སི་ཡིས་བྱེད་དུས་ང་རྟ་བྱེད་ཁྱེད་བོང་བུ་བཞག་པ་རེད་དམ།
ཨོ་ཀུ་རྩེད་ཞུས་ཡིན་དགོངས་པ་མ་ཚོམས་རོགས།
ངོ་མ་ཁྱེད་ཀྱིས་གསུངས་པ་ལྟར་རེད་ང་ཚོ་ཚང་མས་བསམ་པ་རྣམ་དག་ཅིག་འཁྱེར་ཏེ་ཤོད་ཁུལ་རེད།
འོན་ཀྱང་ཕ་གསོད་མཁན་གྱི་བུ་ལའང་གཅིག་ཤོད་རྒྱུ་ཡོད་ཅེས་པ་ལྟར་མི་སུ་ཟིག་ན་ཡིན་ནའང་གནད་དོན་མི་འདྲ་བ་རེ་ཤོད་རྒྱུ་ཡོད།
དེས་ན་ང་ཚོས་ཚང་མས་བསམ་འཆར་གང་ཡོད་ཤོད་དགོས།
བླང་དོར་དང་སྙིགས་དོར་བཅུད་ལེན་བྱེད་མཁན་གྱིས་ལག་ལེན་བྱེད་མདོག་ཁ་བོ་རེད།
ང་དང་ང་ལྟ་བུས་དོན་ཚན་གསུམ་གྱི་སྟེང་ནས་ཞུ་གི་ཡོད།
༡༽ད་ལྟའི་རྒྱ་ནག་གིས་རྟག་ཏུ་བཙན་བྱོལ་གཞུང་འདི་ཏ་ལི་ཡི་གནད་དོན་ཅིག་ཡིན་པ་དང།
༢༽་རྒྱ་ནག་གཞུང་གིས་རྟག་ཏུ་བཙན་བྱོལ་གཞུང་འདི་མའང་བདག་གྲལ་རིམ་གྱིས་དབང་བསྒྱུར་བྱེད་ཀྱི་ཡོད་ཚུལ་དང།
༣༽རྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་འདི་སྔར་གྱི་སྐུ་དྲག་གི་ནད་རོ་རྙིང་པའམ་སྤྱི་ཚོགས་རྙིང་པ་རོ་ལང་རྒྱབ་རྩིས་རེད་ཅེས་དང།
༤༽་༧གོང་ས་༧་མཆོག་སངས་རྒྱས་མི་གཟུགས་སུ་ཤར་བ་ཡིན་པར་ང་ཚོའི་ཡིད་ཆེས་ཀྱི་སྣང་ཚུལ་དང་དོན་ཐོབ་ཀྱི་གནས་ལུགས་གཉིས་མཐུན་པར་ཡིན་མོད།
དེ་ཡང་མི་རྟག་པའི་རང་བཞིན་ཞིག་གི་ཕྱི་རོལ་དུ་མེད་པས་སྔ་ཕྱི་མེད་པར་གཏམ་ངན་ཞིག་ཤར་རྒྱུ་ནི་གཏན་འཁེལ་ཡིན་
ཅི་སྟེ་ཉིན་ཅིག་དེ་ལྟར་བློ་བུར་དུ་བྱུང་དུས་མི་ཚོས་གང་འདྲ་བྱེད་རྩིས་ཡོད་དམ།་་དེ་དུས་ད་ནི་ཉིན་མ་ནག་པོ་ཡིན་ད་ནི་དྭ་ཕྲུག་ལུས་སོང་ཟེར་ནས་མུན་པ་དགུ་རིམ་གྱི་ནང་དུ་བཞིགས་ན་ཕན་ཐོགས་གང་ཡང་མེད།
དེ་ལས་ད་ལྟ་སྐུ་འཚོ་ཞིང་བཞུགས་པའི་དུས་སུ་བླང་དོར་སློབ་སྟོན་གྱི་བཀའ་སློབ་ཞུ་གི་ཞུ་གི་ལ་བྱིས་པ་མ་འབྱར་ལྟ་བུར་སྟེ་སྟེ་བྱེད་དེ་འགྲོ་རྒྱུར་བསླབ་ན་རྒྱ་ནག་གི་ཁ་ལ་རྒྱ་ཁྲམ་ཕོག་རྒྱུ་དང།
མི་ཚོས་ལྟས་པ་ཡིན་ནའང་དམངས་གཙོ་ཡིན་པར་མིག་ངོར་ལ་ལེགས་པ་དང།
རྗེས་སོར་རང་རྐང་སྟེང་ནས་ལང་ཐུབ་པ་ཞིག་ཡོང་རྒྱུ་ལས་སོགས་ཀྱི་གནད་དོན་གྱིས་ཞུ་བཞིན་ཡོད།
ད་བྷི་བྷི་སི་ཡིས་བྱེད་དུས་ང་རྟ་བྱེད་ཁྱེད་བོང་བུ་བཞག་པ་རེད་དམ།
ཨོ་ཀུ་རྩེད་ཞུས་ཡིན་དགོངས་པ་མ་ཚོམས་རོགས།
ངོ་མ་ཁྱེད་ཀྱིས་གསུངས་པ་ལྟར་རེད་ང་ཚོ་ཚང་མས་བསམ་པ་རྣམ་དག་ཅིག་འཁྱེར་ཏེ་ཤོད་ཁུལ་རེད།
འོན་ཀྱང་ཕ་གསོད་མཁན་གྱི་བུ་ལའང་གཅིག་ཤོད་རྒྱུ་ཡོད་ཅེས་པ་ལྟར་མི་སུ་ཟིག་ན་ཡིན་ནའང་གནད་དོན་མི་འདྲ་བ་རེ་ཤོད་རྒྱུ་ཡོད།
དེས་ན་ང་ཚོས་ཚང་མས་བསམ་འཆར་གང་ཡོད་ཤོད་དགོས།
བླང་དོར་དང་སྙིགས་དོར་བཅུད་ལེན་བྱེད་མཁན་གྱིས་ལག་ལེན་བྱེད་མདོག་ཁ་བོ་རེད།
ང་དང་ང་ལྟ་བུས་དོན་ཚན་གསུམ་གྱི་སྟེང་ནས་ཞུ་གི་ཡོད།
༡༽ད་ལྟའི་རྒྱ་ནག་གིས་རྟག་ཏུ་བཙན་བྱོལ་གཞུང་འདི་ཏ་ལི་ཡི་གནད་དོན་ཅིག་ཡིན་པ་དང།
༢༽་རྒྱ་ནག་གཞུང་གིས་རྟག་ཏུ་བཙན་བྱོལ་གཞུང་འདི་མའང་བདག་གྲལ་རིམ་གྱིས་དབང་བསྒྱུར་བྱེད་ཀྱི་ཡོད་ཚུལ་དང།
༣༽རྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་འདི་སྔར་གྱི་སྐུ་དྲག་གི་ནད་རོ་རྙིང་པའམ་སྤྱི་ཚོགས་རྙིང་པ་རོ་ལང་རྒྱབ་རྩིས་རེད་ཅེས་དང།
༤༽་༧གོང་ས་༧་མཆོག་སངས་རྒྱས་མི་གཟུགས་སུ་ཤར་བ་ཡིན་པར་ང་ཚོའི་ཡིད་ཆེས་ཀྱི་སྣང་ཚུལ་དང་དོན་ཐོབ་ཀྱི་གནས་ལུགས་གཉིས་མཐུན་པར་ཡིན་མོད།
དེ་ཡང་མི་རྟག་པའི་རང་བཞིན་ཞིག་གི་ཕྱི་རོལ་དུ་མེད་པས་སྔ་ཕྱི་མེད་པར་གཏམ་ངན་ཞིག་ཤར་རྒྱུ་ནི་གཏན་འཁེལ་ཡིན་
ཅི་སྟེ་ཉིན་ཅིག་དེ་ལྟར་བློ་བུར་དུ་བྱུང་དུས་མི་ཚོས་གང་འདྲ་བྱེད་རྩིས་ཡོད་དམ།་་དེ་དུས་ད་ནི་ཉིན་མ་ནག་པོ་ཡིན་ད་ནི་དྭ་ཕྲུག་ལུས་སོང་ཟེར་ནས་མུན་པ་དགུ་རིམ་གྱི་ནང་དུ་བཞིགས་ན་ཕན་ཐོགས་གང་ཡང་མེད།
དེ་ལས་ད་ལྟ་སྐུ་འཚོ་ཞིང་བཞུགས་པའི་དུས་སུ་བླང་དོར་སློབ་སྟོན་གྱི་བཀའ་སློབ་ཞུ་གི་ཞུ་གི་ལ་བྱིས་པ་མ་འབྱར་ལྟ་བུར་སྟེ་སྟེ་བྱེད་དེ་འགྲོ་རྒྱུར་བསླབ་ན་རྒྱ་ནག་གི་ཁ་ལ་རྒྱ་ཁྲམ་ཕོག་རྒྱུ་དང།
མི་ཚོས་ལྟས་པ་ཡིན་ནའང་དམངས་གཙོ་ཡིན་པར་མིག་ངོར་ལ་ལེགས་པ་དང།
རྗེས་སོར་རང་རྐང་སྟེང་ནས་ལང་ཐུབ་པ་ཞིག་ཡོང་རྒྱུ་ལས་སོགས་ཀྱི་གནད་དོན་གྱིས་ཞུ་བཞིན་ཡོད།
ལ་སྟོད་ལགས་ཁྱོད་ཀྱི་ཀུན་སློང་ངོ་མ་ཧྲག་གི ཡིན་ན་ཡང་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཡས་འདི་བོད་ཀྱི་བདེ་སྡུག་དང་འབྲེལ་བ་དམ་ཟབ་་ཡོད་པའི་གནད་དོན་གལ་ཆེ་ཟིག་ཡིན་ཙང་། ད་ཚོས་ལམ་སེང་ཁས་ལེན་ཐུབ་ཀྱི་མི་འདུག བྱས་ག་ལེར་བསམ་གཞིགས་ཡག་པོ་བྱེད་དགོས།
BBCལགས་ཀྱིས།
ང་ཡར་རྒྱས་སུ་འགྲོ་བ་མཐོང་སྟངས་ལ་བལྟས་ན། ཁོང་རང་མཆན་བུ་འབྲི་རྩོམ་སོགས་ལ་བརྩོན་ནས། ལས་དག་ཏུ་འགྲོ་བཞིན་ཡོད་པ་འདྲ། ད་དུང་ངས་ཀྱང་ཡར་རྒྱས་བརྩོས་རྒྱུ་དང་། ཁྱེད་རང་ཡང་ལས་དག་སྒྲིབ་སྦྱོང་ལ་མུ་མཐུད་ཐུགས་བརྩོན་ཡོང་བར་མཁྱེེན།
གལ་ཏེ་༸གོང་ས་མཆོག་ནས་དབང་ལུང་ཡོངས་སུ་རྫོགས་པ་མར་གནང་ན། བོད་མི་ཚང་མས་དང་ལེན་བྱེད་ཐུབ་བམ། དེའི་རྗེས་ལག་པ་སུ་རིང་དང་རྐང་པ་སུ་མགྱོགས་མ་ཡིན་ནམ། འདི་འདྲ་ཡིན་ཙང་བསམ་བློ་ཡག་པོ་གཏོང།
མཆན་བུ་ ༦༩ cnn གྱིས་དྲི་བ་ཞིག་འདུག་པར་ལན་དུ། བོད་མི་མང་གིས་འདམས་པའི་འབྱུང་འགྱུར་གྱི་བཀའ་ཁྲི་དེ་ཡིན། མིང་ལ་བློ་བཟང་སེང་གེ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀྲ་ཤིས་དབང་འདུས། བཅས་ནས་གང་རུང་ཞིག་རེད།
༧གོང་ས་མཆོག་གི་ཚབ་མཚོན་པ་ཞིག་གཏན་ནས་འབྱུང་མི་སྲིད་པར་དམ་བཅའ་ན་བོད་དོན་ཆེད་དཀའ་ལས་རྒྱབ་རྒྱུ་བཞག་ནས་རང་ཉིད་ཀྱི་ལྟོ་གོས་ལ་བྲེལ་ན་འོས་ཏེ། དུས་ནམ་ཞིག་༧གོང་ས་མཆོག་སྐུ་དངོས་མི་བཞུགས་རྒྱུའི་དུས་ཚོད་ཅིག་ཤར་ངེས་པས་དེ་ནས་བཟུང་བོད་ཀྱི་དབུ་ཁྲིད་གཏན་མེེད་དུ་སོང་བའི་ཕྱིར་དང་། རང་གི་དབུ་ཁྲིད་མེད་ན་བོད་དོན་རྩོད་པའི་ལམ་སྟོན་སུས་བྱེད། གཅིག་འོག་གཅིག་གིས་མ་འདུམ་པའི་སྤྱི་ཚོགས། རྒྱལ་པོ་འུ་དུམ་བཙན་པོའི་རྗེས་ཀྱི་བོད་བཞིན་འགྱུར་ཉེ་བའི་ཕྱིར།
མེ་ཏོག་དཀར་པོ་ལགས་ནས་གསུངས་པ་ལྟར་ཡིན་ན། དེ་ལྟར་ན་བོད་ཀྱི་བཀྲའ་ཁྲི་འོས་ཤོས་དེ་བཀྲས་མཐོང་ལགས་རེད་འདུག ཁོང་གིས་དབུ་འཁྲིད་ན་དོན་དངོས་དང་ཐག་ཉེ། བློ་སེང་གིས་ལས་དོན་བསྒྲུབ་ཐུབ་ཀྱི་མ་རད་ཅེས་ངས་ཐག་བཅད་ནས་ཤོད་ཐུབ།
མེ་ཏོག་དཀར་པོ་ལགས་ནས་གསུངས་པ་ལྟར་ཡིན་ན། དེ་ལྟར་ན་བོད་ཀྱི་བཀའ་ཁྲི་འོས་ཤོས་དེ་བཀྲས་མཐོང་ལགས་རེད་འདུག ཁོང་གིས་དབུ་འཁྲིད་ན་དོན་དངོས་དང་ཐག་ཉེ། བློ་སེང་གིས་ལས་དོན་བསྒྲུབ་ཐུབ་ཀྱི་མ་རེད་ཅེས་ངས་ཐག་བཅད་ནས་ཤོད་ཐུབ།
༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་ཁོང་གི་ཐུགས་འདུན་རེད། དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པར་ངེས་དེ་བཞིན་དུ་སྐུ་ངལ་གསོ་བཅུག་ན་ལེགས། ང་ཚོས་མ་ཤེས་ན་ཁོང་ལ་དྲིས་ན་ཆོག ཉིན་གཅིག་ལ་གོང་ས་མཆོག་གི་སྐུ་ཚེར་འགྱུར་བ་གློ་བུར་བ་ཞིག་བྱུང་ན་དེའི་སྐབས་ཅི་བྱེད་འདི་བྱེད་མེད་པ་འགྱུར་སྲིད་པས། གྲ་སྒྲིགས་སྔ་ས་ནས་བྱས་ན་ལེགས། ད་ནས་བཟུང་ཆབ་སྲིད་འགན་འཛིན་པ་དང་ཆོས་ལུགས་གི་དབུ་ཁྲིད་སོགས་གསོ་སྐྱོང་བྱས་ཏེ་ཉམས་མྱོང་བསག་བཅུག་ན་ཕ་ཤུལ་ལ་བུ་མེད་པའི་ཐུགས་ཁྲལ་གནང་མི་དགོས་པར་བློ་བདེ་བོ་ཞིག་ཡོང་རྒྱུ་རེད་སྙམ། ད་ལྟ་སྐུ་བཞུགས་དུས་བཀའ་བློན་ཚོར་ནོར་འཁྲུལ་བྱུང་ན་བཅོས་ཆོག་པ་ཞིག་རེད། དགེ་རྒན་འོག་ནས་མཚར་ལོང་བྱུང་བའི་སློབ་མ་དེའི་དྲི་ཅུང་ཟད་ཞིག་འགོ་སྲིད། དགེ་རྒན་གྱི་གཟི་བརྗིད་ལ་བརྟེན་གང་བསམ་དེས་ཆོག་བྱེད་མི་ཕོད་སྙམ། །
དོན་དངོས་ཐོག་༸གོང་ས་མཆོག་མ་བཞུགས་པ་ལྟར་གྱི་ལས་ཀ་བྱེད་པར་མཚན་གནས་ནས་བཤོལ་དགོས་ཀྱི་མེད་ལ། མཚན་གནས་མུ་མཐུད་བཞེས་ཀྱང་དེ་སྔ་ལྟར་གྱི་ཕྱག་ལས་མ་གནང་བར་གཤམ་འོག་བྱེད་དུ་བཅུག་ཀྱང་འཐུས་རྒྱུར་སེམས། གཙོ་བོ་ནི་རྒྱ་ཆེའི་བོད་མི་རྣམས་ཀྱི་སེམས་ཞོག་ས་ཞིག་དགོས་པ་རེད་ལ། ཚང་མས་དབུ་ཁྲིད་ཅེས་བརྩི་བཀུར་ཞུ་ཡུལ་བླ་ན་མེད་པ་ཞིག་ཀྱང་དགོས། དེ་མིན་ན་ང་དང་ཁྱོད། རྟ་དང་བ་གླང་ཞེས་གཅིག་འོག་གཅིག་གིས་མ་འདུས་པའི་དུས་ཤིག་ཤར་ཚེ། སྐབས་དེ་དུས་༸གོང་ས་མཆོག་དགོངས་པ་འཁྲུགས་གཞི་དང་། སྐུ་ཕྲེང་གོང་མའི་ཆུ་སྤྲེལ་ཞལ་གདམས་གྱི་ལུང་བསྟན་ཡང་ཐོག་ཏུ་མི་བབ་པའི་ངེས་པ་ཅི་ཡོད།
ལྟོས་དང་། ༸གོང་ས་མཆོག་གིས་མཚན་གནས་རྩིས་སྤྲོད་མ་གནང་གོང་ནས་དབང་ཆའི་འཐབ་རྩོད་ཀྱི་མེ་ལྕེ་སྤར་ཚར་འདུག དྲ་གྲོགས་གཅིག་ནས་༸རྒྱལ་བའི་ཚབ་ཏུ་ཀརྨ་པ་འཇོག་དགོས་ཟེར། འདི་ག་རེ་འདྲ་པོ་འདུག ཡང་དུམ་བརྒྱ་ཕྲག་ལ་འགྲོ་ཉེན་འདུག་གོ །
ད་རེས་ཀླུ་མཁར་ལ་ནམ་ལངས་ཡོད་རྒྱུ་རེད། སྔོན་དུས་ཀྱིཡུམ་བླ་མཁར་དང་། དེང་དུས་ཀྱི་ཏཱ་ལའི་བླ་མ་གཉིས། ལོ་རྒྱུས་ཀྱི་སྐོ་གར་ཙམ་ལས། སང་ཉིན་གྱི་རེ་བ་རྒྱག་ས་མིན། ཞེས་པའི་ལྟས་ངན་གྱི་སྐད་ཆ་འདིའི་སྨོན་ངན་གྲུབ་སོང་བ་འདྲ། དེ་འདྲ་སོང་ཙང་ངས་ཀྱང་བརྗོད་རྒྱུ་ཡོད། ལྟོས་དང་། སྔོན་དུས་ལི་ཐང་ཨ་ཐར་དང་། དེང་དུས་ཀྱི་ཀླུ་བྱམས་གཉིས་རྒྱུ་དང་དབང་ཆ་ལ་བརྔམས་ནས་སྤྱི་ཚོགས་ནང་དཀྲུག་ཤིང་སློང་མཁན་གྱི་མིག་མང་མཁན་གྱི་རྡེའུ་ཙམ་ཞིག་ལས། བོད་སྤྱི་ལ་ཕན་པའི་སྤྱི་མི་ཞིག་ནམ་ཡང་ཡོང་མི་སྲིད། གལ་ཏེ་སྤྱི་མིར་གྱུར་ན་མདོ་སྨད་ཚང་གི་མི་རྫོགས་པ་ཐག་ཆོད།
སྤྱི་འཐུས་མི་གསུམ་གྱིས་མཚན་གནས་ལས་བཤོལ་རྒྱུར་དགའ་བསུ་ཞུས་འདུག་ཟེར། གཞན་ཚང་མས་མི་དམངས་ཀྱི་བསམ་ཚུལ་ཡིད་ལ་བཅངས་འདུག འོན་ཀྱང་བཀའ་ཤག་ནས་ལྷ་བཤོས་ཁྱིས་བཟས་ཀྱང་འཛུམ་མེར་མེར། མར་མེ་རླུང་གིས་འཁྱེར་ཀྱང་འཛུམ་མུལ་མུལ་ཞེས་པ་ལྟར་གྱི་ངང་ཚུལ་བཟུང་འདུག་ཟེར།
དྲ་གྲོགས་རྣམ་པར་སྐུ་ཁམས་བཟང་ཞུ་རྒྱུ་ཡིན།
༡༽ཤངས་སྟོན་ལྷུན་ཆོས་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་ཚང་མ་བཀླགས་པ་ཡིན་ལ་ཀློག་རིན་ཡོད་པ་ཞིག་འདུག་ཉེ་བའི་དུས་ཚོད་ལ་དྲ་རྒྱའི་ནང་འདི་ལྟ་བུའི་གནའ་དེང་ཟུང་འབྲེལ་གྱི་ཚིག་སྦྱོར་བེད་སྤྱད་ནས་བྲིས་པའི་རྩོམ་ཡིག་སྙན་པོ་ཞིག་མཐོང་དཀོན་པས་ངས་ཤངས་སྟོན་ལགས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བར་ཐལ།
༢༽ཤངས་སྟོན་ལགས་ཀྱི་རྩོམ་ཡིག་ནང་དོན་སྤྱི་བྱིངས་ལ་ཁས་ལེན་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་མོད།རྩོམ་ཡིག་བརྗོད་བསྟན་བྱ་ངོ་མའམ་སྙིང་དོན་༼བོད་ཀྱི་སངས་རྒྱས་བསྟན་པ་དང་སྐྱེ་འགྲོའི་བདེ་སྐྱིད་ཉག་གཅིག་གི་ཆེད་སྐུ་ནའི་བབ་ཀྱིས་ཕྱག་ལས་རྩ་བ་ནས་མ་གནང་ཡང་མཚན་གནས་ལས་བཤོལ་རྒྱུའི་ དགོངས་པ་མི་བཞེས་པ་མཁྱེན་ཞེས།༽བྲིས་འདུག་པར་དེར་མོས་མཐུན་བྱེད་ཐུབ་ས་མ་རེད།འདི་ནི་༸གོང་ས་མཆོག་གིས་ལས་ཀ་མུ་མཐུད་བྱེད་ཀྱི་ཡིན།མཚན་གནས་མི་དགོས།དུས་བབ་དང་མཐུན་གྱི་མི་འདུག་ཞེས་གསུངས་པའི་ཐུགས་དགོངས་དང་རྒྱབ་འགལ་དུ་སོང་འདུགབགྲེས་ཡོལ་ལ་འབྱོན་རྒྱུའི་གནད་དོན་དེར་གང་ཉིད་ཀྱིས་ཡུན་རིང་ཐུགས་བསམ་བཞེས་ནས་ཐུགས་ཐག་གཙང་བཅད་དེ་ལྟར་གནང་བ་ཡང་།བོད་ཀྱི་འཕྲལ་ཕུག་རྒྱང་གསུམ་གྱི་བདེ་རྩར་དགོངས་པ་ཉག་གཅིག་རེད།དེའི་རྒྱུ་མཚན་ཡང་གསུང་འཕྲིན་ནང་གསལ་པོ་འདུག་ལ་དྲ་གྲོགས་འགའ་ཤས་ཀྱིས་གསལ་པོ་བྲིས་འདུག་པས་ངས་ཞིབ་བྲིས་བྱ་རྒྱུར་ངལ་མ་བསྟེན།
༣༽ང་ཚོའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ས་སྐྱ་གོང་མ་ཚང་མཆོག་དང་།རྒྱལ་བ་ཀརྨ་པ་མཆོགདགའ་ལྡན་ཁྲི་པ་མཆོགརྙིང་མའི་བླ་ཆེན།བོན་གྱི་བླ་ཆེན་མཆོག་བཅས་ནས་ད་ཐེངས་ཀྱི་གལ་ཆེན་གནད་དོན་དེར་རྣམ་འགྱུར་རྩ་བ་ནས་བསྟན་མེད་པ་དེར་ཡ་ཚན་སྐྱེས་ཀྱི་འདུགཁོང་ཚོས་དེ་སྔ་ཕྱི་ལོ་༢༠༠༨ལོར་གཞིས་བྱེས་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུའང་མི་སྨྲ་བའི་རྟུལ་ཞུགས་བཟུང་ནས་རྣམ་འགྱུར་བསྟན་མ་སོང་།ད་ཐེངས་བཀའ་ཁྲིའི་འོས་བསྡུའི་ཐད་ལའང་རྣམ་འགྱུར་བསྟན་མ་སོང་།འགག་རྩའི་དུས་ཚོད་ལ་བླ་ཆེན་དེ་དག་གིས་བཏང་སྙོམ་ལ་བཞུགས་དོན་གང་ཡིན་ནམ།
ཆོས་བརྒྱུད་བླ་ཆེན་རྣམས་འདིར་འདྲུད་མ་ཡོང་། ཁོང་རྣམ་པ་ཆབ་སྲིད་པ་མ་རེད། ཡང་ན་སྤྱི་དོན་བསམས་མི་དགོས་སམ་ཞེས་ན། དེ་ནི་གོ་དོནགཞན་དང་། ་འགན་ལེན་དེ་ཆོས་ཕྱོགས་ནས་གནང་དེ་རྒྱུ་རེད། དཔེར་ན། སྨོན་ལམ་ཚུན་ཆད་ནས་སྤྱི་དོན་ལ་འབུངས་རྒྱུ་དེ་རེད་སྙམ།
དྲ་གྲོགས་ཀ་རྡོ་མཇལ་བ་དགའ་པོ་བྱུང་།
གྲོགས་པོ།
ང་ཚོས་འདས་པའི་དུས་རབས་འགའ་ཤས་ནང་ཆོས་ཕྱོགས་ཀྱི་མི་སྣ་ཚོས་སྲིད་ཕྱོགས་ལ་སེམས་འཁུར་དང་དོ་སྣང་མ་བྱས་པའི་ཉེར་ལེན་ལས་དེ་རིང་གི་ང་ཚོའི་མཇུག་འབྲས་ངན་པ་དེ་ཐོན་པ་རེད།ད་དུང་མུ་མཐུད་དེ་ལྟར་གནས་ན་མ་འོངས་པར་གང་འདྲ་ཆགས་ས་རེད་དམ།
ལྷག་པར་དུ་༸གོང་ས་མཆོག་བགྲེས་ཡོལ་ལ་འབྱོན་རྒྱུའི་གནད་དོན་འདི་ཆབ་སྲིད་གཅིག་པུའི་གནད་དོན་མ་རེད།དེར་ཆོས་དང་།རིག་གནས།མི་རིགས།ཆབ་སྲིད།རྒྱལ་ཁབ་བཅས་ཚང་མར་འབྲེལ་བ་ཡོད་པ་རེད།དུས་དེ་འདྲར་ཡང་ཞལ་བཟས་ཁྱིས་འཁྱེར་ཡང་འཛུམས་དམུལ་དམུལ་ཟེར་བ་ལྟར་བསྡད་ན་འགྲིགས་སམ།གསུངས་དང་།
བགྲེས་ཡོལ་ལ་འབྱོན་རྒྱུའི་ཐད་གནད་དོན་ཆེན་པོ་གསུམ་ལ་བསམས་གཞིགས་མཛོད་དང་།
དང་པོ།བགྲེས་ཡོལ་ལ་འབྱོན་རྒྱུའི་དགོངས་པའི་ཕུག་དམིགས།
༡༽༸གོང་ས་མཆོག་ནས་ཉེ་བའི་ལོ་ཤས་སྔོན་ནས་རེ་བ་བཟང་ས་ནས་རྒྱོབས།གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་གསུངས་པའི་ཞལ་གདམས་དེའི་ནང་གི་གྲ་སྒྲིག་སྡུག་ས་ནས་བྱ་རྒྱུའི་ཆ་ཤས་ཤིག་ཡིན་པས་དགོངས་པ་དེ་བོད་མི་མང་ལ་དམིགས་གནང་བ་རེད།
༢༽ བཙན་བྱོལ་གཞུང་དམངས་མང་གཙོའི་ལྟ་གྲུབ་དང་འཕེལ་རིམ་དང་མཐུན་པར་དམིགས་གནང་བ།
༣༽རྒྱ་དམར་གཞུང་གི་བརྗོད་བབ་དང་བྱ་སྤྱོད་ལ་དམིགས་གནང་མཛད་པ།
༤༽རྒྱལ་སྤྱིའི་སྣང་ཚུལ་དང་།གནས་ཚུལ།ལྟ་ཚུལ་བཅས་ལ་དམིགས་པ་ཞིག་ཡིན་པས་གཟིགས་རྐྱང་ཧ་ཅང་གི་རིང་ལ་དགོངས་པ་གཏིང་ཟབ་པོ་རེད།དེ་ན་ང་ཚོས་གནད་དོན་དེར་སླ་བཅོས་དང་སྟབས་བདེའི་ཐག་གཅོད་ཅིག་བྱ་མི་རུང་།
གཉིས་པ།འོ་ན་བགྲེས་ཡོལ་ལ་འབྱོན་རྒྱུའི་ཐད་མི་ཆུང་ལ་བསམ་ཆུང་ཞིག་ཞུ་རྒྱུ་ཡོད།
༡༽༸གོང་ས་མཆོག་བགྲེས་ཡོལ་ལ་འབྱོན་རྒྱུའི་ཐད་ཞེ་ཕུག་ནས་གུས་བརྩི་དང་དང་ལེན་ཞུ་རྒྱུ་ལས་མ་འདས་མོད།གང་ཉིད་ནི་གཞིས་བྱེས་བོད་འབངས་དང་སྐྱེ་བ་དཔག་མེད་ནས་ལས་འབྲེལ་ཡོད་པ་དང་གཅིག
༢༽གཞིས་བྱེས་མི་མང་གིས་གང་ཉིད་ལ་རིང་ནས་བརྩེ་དྲགས་པས་གཞིས་བྱེས་མི་མང་རྣམས་བློ་ཐག་རྦད་ཆོད་ཡོང་རྒྱུར་དུས་ཚོད་ངང་སྒུག་དང་གཉིས།
༣༽རྒྱལ་སྤྱིའི་ནང་ནས་བོད་མི་མང་དང་ཏཱ་ལའི་བླ་མའི་བར་གྱི་འབྲེལ་བའི་ཐད་ལྟ་ཚུལ་དང་བག་ཆགས་བཟང་པོ་བཞག་ནས་མི་རྣམས་ཧ་ལས་བཅུག་དགོས་པ་དང་གསུམ།
༤༽རྒྱ་གཞུང་ལ་དུས་ཚོད་དང་།ས་གནས།གནས་བབ་གང་དུ་བསླེབས་ཀྱང་ཏཱ་ལའི་བླ་མ་དེ་བོད་མི་མང་གི་ཤ་དང་རུས་པའི་ནང་འཐིམས་ཡོད་པའི་བརྡ་ལན་སྤྲོད་ཆེད་དང་བཞི།
༥༽གང་ཉིད་ཀྱི་མཚན་གནས་དང་བསྟུན་ན་དགོངས་པ་ཞུས་པ་དང་ལམ་སེང་དང་ལེན་ཞུས་ན་མ་གུས་པའི་རྣམ་པས་མི་འགབ་ཅིང་།ལམ་ལུགས་དང་ཡང་འགལ་བ་བཅས་ཀྱི་ཆེད་དུ་ཐེངས་གཅིག་དང་ལན་གཅིག་བགྲེས་ཡོལ་ལ་མི་འབྱོན་རྒྱུའི་གསོལ་འདེབས་ཞུས་རྗེས།ཕལ་ཆེར་གང་གིས་ཞལ་བཞེས་གནང་མི་སྲིད་པས་དེའི་ཚེ་དེ་དུས་སུ་ང་ཚོས་༸རྒྱལ་བའི་བཀའ་བཞིན་བསྒྲུབས་ནས་ཁྲིམས་སྒྲིག་ལ་འགྱུར་བཅོས་བྱ་རྒྱུས་མཚོན་གྲ་སྒྲིག་ཁག་སྤོབས་པ་ལྡན་པའི་ངང་ནས་བསྒྲུབས་དགོས་རེད།
གསུམ་པ།༸གོང་ས་མཆོག་ལ་མཚན་གནས་གསར་པ་འབུལ་དགོས།
༡༽བོད་དང་ནང་པའི་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་ཁྲིམས་ཐོག་ནས་ཆ་རྐྱེན་དགོས་པ།
༢༽བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལམ་སྟོན་པའམ་མཛུབ་སྟོན་པར་ཁྲིམས་ཐོག་ནས་མཚན་གནས་འབུལ་དགོས་པ།
༣༽གཞིས་བྱེས་བོད་མིའི་མགྲིན་ཚབ་གཙོ་བོའི་ཐོག་ནས་མཚན་གནས་འབུལ་དགོས་པ།
༤༽རྒྱལ་སྤྱིའི་ཞི་བདེའི་དེད་དཔོན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་མཚན་གནས་རྒྱུན་འཇགས་འབུལ་དགོས་པ།
༥༽གང་ཉིད་ནི་གཞིས་བྱེས་མི་མང་ལ་བཀྲིན་ཅན་གྱི་མེས་པོར་བསྐུར་དགོས་པ།
༦༽མ་འོངས་པར་བཀའ་སྤྱི་གཉིས་སམ་གང་ཟག་སུ་རུང་གིས་བོད་ཀྱི་རྩ་དོན་ཐད་ཐག་གཅོད་དཀའ་བའི་གནད་དོན་ལྷག་ཚེ་༸གོང་ས་མཆོག་ནས་དངོས་སུ་ཕྱག་འཆང་ཆོག་པའི་བཅའ་ཁྲིམས་ནང་ཆ་རྐྱེན་བསྐྲུན་དགོས་པ་བཅས་སོ།།
ཧ་ཧ་ཧ་ཧ་་་་་་་དགོད་ཤོར་སྤྱད་དང་རྒོད་མ་འདྲོག་སྤྱད་ཀྱི་སྐད་ཆ་བཤད་མ་ཡོང་་་་་་་་་་་་་་་་་་་་་་་་་་་་༸གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་པའི་དོན་གནད་དེ་ང་ཚོའི་སྙིང་གི་ཨཱ་སྒམ་འཐོར་དགོས་པ་དང་། སྲོག་གི་རྒྱུ་བ་ཆད་འགྲོ་དགོས་པའི་འཇིགས་འཚབ་སྐྱེས་དགོས་པ་མ་རེད། ཁོང་བགྲེས་ཡོལ་དུ་བཞུགས་ཀྱང་། ང་ཚོ་ཆེས་ཉེས་ཁའི་གནས་སུ་ལྷུང་ན་ཁོང་གི་སྤྱིན་ཟིམ་ནས་སྡོད་འདུག་གི་མ་རེད། རྒྱུ་མཚན་་་་་་༸གོང་ས་མཆོག་གིས་དགོངས་གྲངས་བཅུ་གསུམ་བཅུ་བཞིའི་ཐོག་ནས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འགན་ཁུར་དང་། ཆོས་དང་རིག་གནས་དར་སྤེལ་བཏངས་པའི་ཕྱི་རྗེས་ཀྱི་འོད་སྟོང་ལ་གཞིགས་ན་རྟོགས་ཐུབ།
མི་ལ་མིང་དང།
མཚོན་ལ་ཡུ་བ་དགོས།
ལ་རྒྱའི་བདག་པོ་ལགས་བསམ་བློ་གཏིང་ཟབ་ཏུ་འགྲོ་བཞིན་འདུག མཆན་ཐེངས་དང་པོ་དང་གསུམ་པའི་བར་གནམ་ས་འཛོལ་བའི་ཧེ་བག་འདུག མཆན་མཇུག་ཤོས་འདི་གནད་འགག་ཆེན་པོ་འདུག་ལ་བོད་མིའི་སེམས་ཁམས་ལ་འཛིན་པའི་ཚོར་བ་ཅུང་རྣ་བར་འདུག འོན་ཀྱང་དེང་དུས་༸ཀླད་མེད་མང་པོ་ཞིག་ནས་༸གོང་ས་མཆོག་གི་སྐུ་དབང་བཤོལ་རྒྱུར་ལམ་སེང་དགའ་བསུ་ཞུ་བ་ནི། དོན་ཆེན་སྒྲུབ་མཁན་ཞིག་གི་བནསམ་བློ་རྩ་བ་ནས་མ་རེད། འདི་རིགས་ལས་ཀ་རྩ་བ་ནས་བྱེད་མ་མྱོང་བའི་བསམ་བློ་ལས་བྱུང་བ་རེད། མཐའ་མར། རང་བཙན་མེད་ལ་དབུ་མ་མེད། །
དེ་ནས་སྐྱབས་བཅོལ་སྲིད་གཞུང་འཐོར། །
བོད་ཀྱི་སྐྱེ་འགྲོ་གཞན་བྲན་འོག །
མི་བཟད་གདུང་སྐབས་མཚན་གནས་དྲན། །
ཤངས་སྟོན་ལགས་ཀྱི་རྩོམ་ཡིག་གི་ནང་ནས་གཤམ་འཁོད་རྣམས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་འདུག ལྟོས་དང་། ༼བོད་འདི་སླར་ཡང་དབང་ཆའི་འཐབ་རྩོད་ཁྲོད་བསྐྱར་ལོག་གིས་མཐར་བོད་འདི་འཇིག་རྟེན་འདི་ནས་མེད་པ་ཆགས་འདོད་རྩ་བ་ནས་མེད་པ་འདི་རེད། རྒྱུ་མཚན་ནི་ྋགོང་ས་མཆོག་གི་མཚན་གནས་འདི་ད་ལྟའི་དུས་སུ་བོད་འཆི་གསོན་གྱི་འགག་རྩ་གཅིག་པུ་དེ་ཡིན་ཅིང་། ཆོལ་གསུམ་གོང་བུ་གཅིག་སྒྲིལ་བཟོ་ཐུབ་མཁན་གཅིག་རང་ཡོད་པ་ནི་མགོན་པོ་གང་ཉིད་གཅིག་པུ་རེད། གང་ཡིན་ཞེ་ན་ྋགོང་ས་མཆོག་གིས་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ནས་བཤོལ་བ་ཡིན་ན། སླར་ཡང་དབང་ཆའི་འཐབ་རྩོད་ཀྱི་ལེའུ་ཞིག་འགོ་འཛུགས་སྲིད་ལ། དེ་ལས་ཀྱང་ཉེན་ཁ་ཆེ་བ་ནི་མི་དམངས་ཀྱིས་འགོ་ཁྲིད་ལ་བརྩི་འཇོག་རྩ་བ་ནས་བྱ་རྒྱུ་མིན་པ་ཟུར་བལྟས་ལེབ་མཐོང་ཡིན།༽ ད་ལྟ་ནས་བཀའ་ཁྲིའི་འོས་མི་ཙམ་གྱི་བར་ལ་མཚང་འབྲུ་དང་། གཞི་མེད་ཀྱི་སྒྲོ་སྐུར། ཚིག་མཚོན་འདེབས་པ་སོགས་ལས་མ་འོངས་པར་ཇི་ཡོང་ལམ་ཙམ་ཤེས་ནུས།
གལ་ཆེ་བ་ཞིག་ནི་གཞིས་ལུས་མི་དམངས་ཀྱི་རེ་འདུན་དང་བསྟུན་དགོས་པ་དེ་ཡིན། ཕྱི་ཕྱོགས་སུ་གཞིས་ལུས་མི་དམངས་ཀྱི་སེམས་འཇོག་ས་གཅིག་རང་ཡོད་པ་ནི་༸གོང་ས་མཆོག་ཁོ་ནའོ། །
གལ་སྲིད་ཁྱོད་རང་ཚོས་བཙན་བྱོལ་བོད་གཞུང་གཏོར་མཁན་ཞིག་བཙལ་གྱི་ཡོད་ན། ཟམ་གདོང་སྲིད་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་ཁ་བསྒྱུར་བྱས་ཡོད་པས། འདི་ལས་གཏོར་མཁན་གཞན་ཡོད་པ་མ་རེད་ལ། བཙལ་ས་གཞན་དུའང་ཡོད་པ་མ་རེད།
ཁ་བརྡ་ཚང་ལགས། ཁྱེད་རང་ཚོ་ལ་མི་མཐོང་དང་ཆ་འཇོག་དགོས་ན་དཀྱིལ་དུ་བསྡད་ནས་ལས་ཀ་བྱེད་དགོས། ཨམ་མདོ་བའི་ཨམ་ཞེན་གྱིས་ཕྱོགས་འཐེན་བྱས་ན་དེ་སྔའི་ཁ་བརྡའི་མཚན་མཐོང་དང་དགའ་བསུ་དེ་མེད་པ་ཆགས་ཀྱི་རེད། ལྟོས་དང་། ལྷ་སྡེ་གནམ་ལོ་ཡག་གིས་༼གལ་སྲིད་ཁྱོད་རང་ཚོས་བཙན་བྱོལ་བོད་གཞུང་གཏོར་མཁན་ཞིག་བཙལ་གྱི་ཡོད་ན། ཟམ་གདོང་སྲིད་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་ཁ་བསྒྱུར་བྱས་ཡོད་པས། འདི་ལས་གཏོར་མཁན་གཞན་ཡོད་པ་མ་རེད་ལ། བཙལ་ས་གཞན་དུའང་ཡོད་པ་མ་རེད།༽ཅེས་པ་འདི་ལྟ་བུའི་སྐད་རྫབ་ཆེན་པོ་དང་སྤྱི་ཚོགས་དཀྲུག་གཞི་འདི་ལྟ་བུ་བྲིས་པ་ལའང་མ་གོ་མ་མཐོང་ཚུལ་གྱིས་རང་འཇགས་བཞག་ཀྱང་། ངས་འདི་ན་ཟམ་གདོང་བླ་མའི་སྲིད་གཞུང་ཞེས་པ་མི་འདུག་ཅེས་པ་དང་། ད་ལྷ་སྡེ་གནམ་ལོ་ཡག་གི་རང་མདོག་ངོ་མ་དེ་མངོན་ཡོང་གི་འདུག་ཅེས་བྲིས་པ་གཉིས་ལ་མ་བཟོད་པར་ལམ་སེང་བསུབ་འདུག བློ་གཟུ་བོར་གནས་པ་དང་ལས་འབྲས་དཔང་པོར་བཞག་སྟེ་བསམ་བློ་ཐོངས།
མ་ཟད་ཁོ་པ་ཀླུ་གར་བྱམས་ཀྱིས་ནག་ཉེས་ཤིན་ཏུ་ཆེ་བའི་སྐད་ཆ།
༼༣༠༽ ཀླུ་མཁར་བྱམས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ གི་ཆུ་ཚོད་ ༨ སྐར་མ་ ༠༠
དགུ་རོང་སྤུན་གྲོལ་ལོ་ལོ། སང་ཕྱིན་ཆད་རང་གི་མིག་གིས་འདི་ཕྱོགས་ལ་མ་བལྟ། རྣ་བའི་འདི་ཕྱོགས་ལ་མ་ཉན། སོ་སོའི་ས་ནས་ཤུགས་བརྒྱོབས། གནས་འདི་ན་ཁྱོད་ཚོ་བཙོང་མཁན་ཞིག་ཡོད་ན་མ་གཏོག སྐྱོབ་མཁན་ཞིག་མེད་ཐག་ཆད་ཡིན། འདི་ན་ཡོད་པ་ནི་གཟིགས་མེད་ཀྱི་དྲ་འབུ་དང་ཡང་སྲིད་ཀྱི་ཚོགས་ཡིན༌༌༌༽ དགུ་འགྱུར་པད་མོ་རོང་གི་སྤུན་གྲོལ་འཚོང་མཁན་གྱི་གཙོ་བོ་ནི་༸གོང་ས་མཆོག་ཡིན་པར་འདོད་དམ། ལྟོས་དང་། འདི་ལྟ་བུ་བཤད་པ་ལའང་ཁྱོད་ཚོས་གནད་འགག་མེད་མདོག་གིས་ཁ་ཁུ་སིམ་མེད་སྡོད་པ་དང་། ཁོ་པར་རིང་ཐུང་བརྗོད་མཁན་བྱུང་ན་ལམ་སེང་མ་བཟོད་པར་མཆན་བསུབ་རྐྱང་བྱེད་པ་ནི་ཅི་འདྲའི་སྐྱུག་བྲོ་བའི་ཨམ་ཞེན་ཞིག་དང་བློ་རྒྱ་ཆུང་བའི་ཕྱོགས་འཐེན་གྱི་བསམ་བློ་ནག་པོ་ཞིག་མ་ཡིན་གྲང་། ཨམ་མདོ་བ་ནང་ཁུལ་ཁག་མང་པོ་གྱེས་ཏེ་ལམ་འགྲོ་མི་ཡོང་བ་ཀུན་སློང་སྐྱུག་བྲོ་བོ་འདི་འདྲ་ཁྱེར་ཙང་ལས་རྒྱུ་འབྲས་ལ་མི་འགྲོ་བ་རེད་སྙམ། བོད་ནང་གི་ཆོལ་གསུམ་བོད་མིའི་ཁྲོད་ནས་ཕུལ་དུ་བྱུང་བའི་རྒྱལ་གཅེས་ལྷག་བསམ་གྱི་མེ་ལྕེ་རབ་ཏུ་འབར་བའི་ཨམ་མདོ་མི་དམངས་ལ་ངོ་མི་ཚའམ། གང་ལྟར་ཁྱེད་ཚོས་བོད་སྤྱི་ཡི་དོན་ལ་ཞབས་འདེགས་ཞུ་ཡི་ཡོད་ན་དཀྱིལ་དུ་སྡོད་དགོས། ཨམ་མདོ་བ་ཁོ་ནའི་ཆེད་དུ་ཡིན་ན་དང་པོ་ནས་གསལ་པོ་བཟོ་དགོས། ཆོལ་ཁ་གཞན་གཉིས་ཀྱི་མི་རྣམས་འདིའི་ནང་སླེབས་མ་ཡོང་ཞེས་དམ་བཅའ་བཞག་ཆོག །ད་བདེ་མོ།
CNN ལགས་སུ་ཞུ་རྒྱུར།
ཁྱེད་ཀྱི་མཆན་དེ་ཚོ་འགོག་དགོས་བའི་རྒྱུ་མཚན་འགའ་ཡོད་།
དང་པོ།
ཁྱེད་ཀྱིས་མཆན་གཅིག་དེ་རྩོམ་མང་པོའི་སྣེ་མོར་བཏགས་འདུག དེར་བརྟེན། མཆན་བུ་གཞན་རྣམས་བསུབ་པ་ཡིན།
གཉིས་པ།
ཁྱེད་ནས་ཀླན་ཀ་འཚོལ་བའི་མཆན་འགའ་སྤེལ་འདུག
གསུམ།
ད་ཕན། ཁྱེད་དང་( BCC) གཉིས་ཀྱིས་ IP)ཨང་གྲངས་གཅིག་གི་ཐོག་ནས་མཆན་བུ་མང་པོ་སྤེལ་སོང་། དེའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
གོང་བཀོད་རྒྱུ་མཚན་དེ་དག་གཞིར་བཞག སྐུ་ཉིད་ཀྱི་མཆན་བུ་དག་ཁ་བརྡས་གཏན་འགོག་གནང་གི་ཡིན།
དེ་དོན་དགོངས་འཇགས་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
ཨོ་ཨ་རི་སྲིད་གཞུང་དང་དབྱིན་ཇིའི་སྲིད་གཞུང་གཉིས་དབར་ལ་འབྲེལ་བ་ཆེན་པོ་ཡོད་མོད་དེ་ཡིས་ག་ལ་ཚད།
BBC
CNN
གཉིས་ཀྱི་གསར་འགྱུར་དེ་ཡང་མི་གཅིག་ཁོག་གཅིག་ཅིག་ཡིན་པ་གཞི་ནས་ཤེས་ཐུབ་སོང།
བྷི་བྷི་སི་ཡང་གསར་འགྱུར་ཕྱོགས་ལྷུང་ཅན་ཤོད་མཁན་ཅིག་ཏུ་འགྱུར་འདུག
དྲ་གྲོགས་རང་གྲོལ་ལགས་སྐུ་ཁམས་བཟང་།
སྔོན་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་གཉིས་གོ་ནོར་ཡོང་བའི་དཔེ་ལྟར་ངེས་གཉིས་བར་ལ་མཚན་གནས་དང་མཚན་གནས་ཀྱི་བར་ལ་གོ་ནོར་ཐེབས་ཡོང་གི་འདུག
ཤངས་སྟོན་གྱིས་གསུངས་པའི་མཚན་གནས་དེ་ཆབ་སྲིད་ཀྱི་སྐུ་དབང་རང་བཞིན་མཚན་གནས་དེ་རེད།ངས་དེར་གཞིགས་ནས་ཤངས་སྟོན་གྱི་མཚན་གནས་ལས་མི་བཤོལ་བའི་གསོལ་འདེབས་དེར་རྒྱབ་སྐྱོར་ཞུ་ཐབས་བྲལ་སོང་ཞེས་བྲིས་ཡོད།ཡིན་ནའང་སྐུ་ཉིད་ཀྱིས་༼༸གོང་ས་མཆོག་གི་མཚན་གནས་འདི་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད་པ་མཁྱེན་དགོས། མཚན་གནས་ཡོད་པའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་གང་ཞིག་ཏུ་བོད་ཀྱི་ཆབ་སྲིད་སྐོར་གྱི་བཀའ་མོལ་གནང་ཡང་༽ཞེས་སོགས་འགྲེལ་བཤད་བརྒྱབ་སྟངས་ལ་གཞིགས་ན་སྐུ་ཉིད་ཀྱི་གསུངས་པའི་མཚན་གནས་དེ་ནི་༸སྤྱིར་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་དང་།སྒོས་སུ་༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་ནུས་སྟོབས་དེས་རང་བཞིན་རྒྱུན་འཇགས་སུ་མངའ་བའི་མཚན་གནས་དེ་རེད།
དེ་ནི་སུས་ཀྱང་ཕྱིར་བཤོལ་གནང་ཐབས་ཡོད་མ་རེད།དེ་ནི་གང་ཉིད་ལའང་ཕྱི་བཤོལ་གནང་རྒྱུ་ཡོད་པ་མ་རེད།དེ་རང་བཞིན་ལྷན་སྐྱེས་ཀྱི་ནུས་པ་དང་མཚན་གནས་ཡིན་པས་དེའི་རྒྱུན་དེ་རྒྱལ་སྤྱིའི་ནང་སྐུ་ཕྲེང་འདིའི་རིང་དང་ཕྱི་མ་ལའང་རྒྱུན་བསྲིངས་རྒྱུའི་ཡོད་པ་རེད།མཚན་གནས་འདིའི་ནང་ཆོས་ཕྱོགས་ཀྱི་ནུས་པ་དང་།ཞི་བདེའི་ནུས་པ།ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པའི་ནུས་པ།འགྲོ་བ་མིའི་ཀུན་སྤྱོད་གོང་འཕེལ་གྱི་མཛད་པའི་ནུས་པ།མཚན་རིག་གི་ནང་ཚན་ནང་སེམས་ཀྱི་ཞིབ་འཇུག་གི་མཛད་པའི་ནུས་པ།མང་གཙོའི་ནུས་སྟོབས་སོགས་བསྡུས་ཡོད་པ་རེད།
ཡིན་ནའང་ཁྱེད་རང་གི་མཐའ་མཇུག་ཏུ་༼ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས། དོན་གནས་འདི་རིགས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་དབང་དང་འབྲེལ་འདུག་པ་མཁྱེན་དགོས་༽འབོད་བསྐུལ་ཚུལ་དུ་གསུངས་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།དངོས་གནས་གནད་དོན་འདི་བོད་ཀྱི་ལས་དབང་དང་འབྲེལ་བ་གཏིང་ཟབ་ཡོད་པས་ང་ཚོས་སྟབས་བདེ་དང་སླ་བཅོས་བྱ་མི་རུང་བ་ཞིག་རེད་སྙམ།
རྗེས་སུ་མུ་མཐུད་བགྲོ་གླེང་ཞུ་རྒྱུའི་འདུན་པ་ཡོད།
དྲ་གྲོགས་རྣམ་པར་བཀྲིས་བདེ་ལེགས།
ང་ཚོས་བགྲོ་གླེང་བྱེད་པའི་སྐབས་ལ་ཀླན་ཀ་ཅུང་ཙམ་ཡོང་སྲིད་པ་རེད།ང་ཚོ་ཕྱོགས་ཕན་ཚུན་ཚང་མས་བཟོད་བསྲན་བྱ་རྒྱུ་ཉུང་དྲགས་པ་རེད།མཐའ་ཕྱོགས་ཕན་ཚུན་ཚང་མར་གྱོང་རག་གི་རེད།ཡིན་ནའང་ང་ཚོས་བགྲོ་བ་གཙོ་བ་ལས་གླེང་གཙོ་བོ་བྱེད་མི་རུང་།ཡིན་ནའང་ཁུངས་ལུང་ལྡན་པའི་ཀླན་ཀ་བཙལ་རྒྱུ་ཡང་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ཞིག་རེད།ངས་ད་བ་དྲ་གྲོགས་BBCགསར་དུ་ཐོན་པའི་CNNགཉིས་ལ་ཡིད་ཆེས་དང་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།དེ་གཉིས་གཏན་འགོག་བྱས་ན་ང་ཚོའི་གསར་འགྱུར་གྱི་རྒྱུད་ལམ་གལ་ཆེན་ཞིག་མེད་པ་ཆགས་པ་རེད།
ཞར་བྱུང་འབྲེལ་མེད་ཀྱི་གནས་ཚུལ་ཞིག་ཞུ་རྒྱུར།གོང་གི་ལ་སྟོད་བུ་དེ་ལ་སྟོད་དིང་རིའི་རིག་གནས་རམས་འབྱམས་པ་དེ་ནི་ཨེ་ཡིན།ཡིན་ན་མ་མཇལ་ཡུན་རིང་ཞུ་རྒྱུ་ཡིན།
ཁ་བརྡ་ཚང་ལགས། སྔ་བར་ཕྱི་གསུམ་དུ་དགོངས་པར་མི་འཇུག་པའི་ཚིག་མཚོན་རིགས་མང་པོ་ཞིག་ཐལ་སོང་བར་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན། ཞུས་པ་ཚང་མ་སྤྱི་དོན་ཁོ་ནར་དམིགས་པ་ཡིན་ཀྱང་དགོངས་བཞེས་མ་གནང་ཚེ་དེར་ཟད། ངས་དང་པོ་རང་ནས་ཞུས་པ་ལྟར་བཀའ་ཁྲིའི་འོས་བསྡུ་ཚར་ན་འདིར་ཡོང་གི་མིན་ཞུས་ཡོད། ང་ཡོང་འདོད་ཀྱང་དུས་ཚོད་དེ་ཙམ་མེད། ཁྱེད་རྣམ་པས་བཀག་འགོག་གནང་དགོས་ཡས་མི་འདུག རང་ངོས་ནས་ཕྱིར་འཐེན་བྱས་ཆོག འོན་ཀྱང་དགའ་འོས་པ་ཞིག་ལ་བཀའ་ཁྲིའི་འོས་མིའི་དཔྱད་བསྡུར་ཁྲོད་ངོས་རང་གིས་རེ་བ་བྱས་པ་བཞིན་གྲུབ་འབྲས་ཧ་ཅང་ལེགས་པོ་ཐོབ་ནས་མི་དམངས་ཧ་ཅང་མང་པོ་ཞིག་གི་འོས་ཤོག་ཆུད་ཟོས་སུ་འགྲོ་བ་ལས་སྐྱོབས་ཐུབ་སོང་། འདིས་བོད་སྤྲྱི་ལ་ཕན་པ་བྱུང་ཡོད། ད་བར་དྲ་གྲོགས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་ནས་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིའི་ཐོག་ཕྱོགས་ཡོངས་ནས་དཔྱད་པ་གནང་སྟབས་མི་དམངས་ནས་འོས་མིའི་དགེ་སྐྱོན་ཚང་མ་ཤེས་རྟོགས་བྱུང་བ་འདི་ཁྱེད་རྣམ་པའི་བཀའ་དྲིན་ཡིན་པས་ན་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ། ལྷག་དོན་ཁ་བརྡ་ཚང་ནས་ཟླ་ངོ་གསུམ་ཙམ་རིང་གུས་ལ་བགྲོ་གླེང་བྱེད་སའི་གླེང་སྟེགས་གཡར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་པའི་ལས་དོན་སྒྲུབ་དུས་རི་དབང་རྒྱལ་པོ་ལྟར་དཀྱིལ་དུ་བརྟན་པོར་གནས་ཐུབ་པ་གནང་རྒྱུའི་རེ་བ་བཅས་བྷི་བྷི་སི་ནས་འདི་ཚེས་ལ་ཕུལ། །
དྲ་གྲོགས་BBCཁ་བརྡའི་གླེང་སྟེགས་ནས་རྡོག་ཐོན་བྱ་རྒྱུའི་ཐག་གཅོད་ལ་བློ་ཕམ་ཆེན་པོ་བྱུང་།གལ་ཏེ་ཁྱེད་ཀྱི་དྲ་ཆར་རླུང་འཚུབ་ཀྱི་གནོད་འཚེས་ཇི་ལྟར་བྱུང་ཡང་ད་དུང་ལྷ་མེར་འཕྲོ་བཞིན་པའི་བྲག་སྟེང་གི་མེ་ཏོག་བཞིན།མུ་མཐུད་ནས་གར་སྟེགས་འདིར་གནས་དགོས།གནས་པ་མ་ཟད་ཚོར་སྣང་སྐྱེན་པའི་་གནད་དོན་རིགས་ལ་བགྲོ་གླེང་བྱས་ནས་སྤྱི་ཚོགས་འདིའི་བདེན་པ་སྲུང་སྐྱོབས་ལ་བརྩོན་དགོས་རྒྱུའི་རེ་བ་ཡོད།
དྲ་གྲོགས་ཡོངས་ལ་ཞུ་རྒྱུར།
ངའི་ངོས་ནས་བཅའ་ཁྲིམས་རིན་པོ་དང་།༸རྒྱལ་བ་རིན་པོ་ཆེ་གཉིས་ལ་གུས་བརྩི་ཆེ་ཤོས་བྱེད་ས་ཞིག་ཡིན།ངས་དེ་གཉིས་དཔང་དུ་བཙུགས་ནས་དམ་བཅའ་བཞག་རྒྱུར།
ད་ཐེངས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ང་ཚོ་དྲ་གྲོགས་ཕན་ཚུན་དང་བོད་མི་ནང་ཁུལ་དགག་བཞག་གི་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་ལ།སྐབས་རེ་འགྲན་རྩོད་ཀྱང་རྣོ་ངར་ཆེ་ཙམ་བྱུང་ཡོད་ཀྱང་།དེ་དག་ཚང་མ་རང་རང་གི་འོས་མིའི་ཐད་ཕྱོགས་ཀྱི་དགོས་མཁོ་དང་།མང་གཙོའི་དགོས་མཁོ།རྩ་དོན་གྱི་དགོས་མཁོའི་ཆེད་དུ་ཡིན་པས་དེར་མ་དགའ་ཞེ་འཛིན་གནང་དགོས་དོན་མེད།དེ་ན་སང་ཉིན་བཀའ་ཁྲི་གསར་པ་སུ་ཕེབས་ཀྱང་སང་ཉིན་གྱི་བོད་མི་རིགས་ཀྱི་ཆེད་དུ་བཀའ་གསར་པས་སྲོག་ཤིང་གནང་བའི་མཐའ་སྐོར་དུ་ང་ཚོས་དཔུང་པ་མཉམ་གཤིབ་དང་།མཛའ་མཐུན་དམ་ཟབ།ཕྱར་བ་གྲུ་འདེགས།རྡོག་རྩ་ཆིག་སྒྲིལ་གྱི་རྨང་གཞིའི་འོག་བཙན་བྱོལ་གཞུང་གི་ཡང་དག་པའི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་ལ་དགྲ་བོར་ཡང་ཕར་རྒོལ་བྱེད་དགོས།
དུས་དེ་ནས་ང་ཚོའི་འགྲན་རྩོད་དང་བགྲོ་གླེང་གི་བརྗོད་གཞི་ཡང་ཁ་ཕྱོགས་གསར་པ་ཞིག་ལ་འགྱུར་དགོས།དེ་ནི་ངའི་ཆོད་སེམས་ངོ་མ་དེ་ཡིན།
དྲ་གྲོགས་ལ་རྒྱའི་བདག་པོ་ལགས། ཁྱེད་རང་གིས་སེམས་ཁུར་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་བར་ཁྱེད་ཀྱིས་རང་གི་དུས་ཚོད་མང་པོ་བཏང་ནས་སྤྱི་པའི་དོན་དུ་བདེན་དོན་ར་སྤྲོད་དང་། བསམ་ཚུལ་ལྷུག་གླེང་། གསར་འགྱུར་མཁོ་སྤྲོད། འཆལ་གཏམ་མཐིལ་བརྟོལ་སོགས་གནང་ནས་འདི་ལོའི་བཀའ་ཁྲིའི་འོས་བསྡུར་ཕན་འབྲས་རླབས་ཆེན་ཞིག་བསྐྲུན་གནང་སོང་བར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་དྲག་ཆར་རླུང་འཚུབ་ཁྲོད་གཞོམ་གཞིག་བྲལ་བ་ཞིག་དགོས་རྒྱུ་བདེན་ཡང་། དགོས་མེད་འཆལ་གཏམ་གྱིས་དུས་ཚོད་ཆུད་ཟོས་གཏོང་བར་དགའ་པོ་མེད། འོས་བསྡུའི་སྐབས་གནས་ཚུལ་ངོ་མ་མི་དམངས་ཀྱིས་མཁྱེན་དགོས་གལ་ཆེར་བརྟེན་དུས་ཚོད་མང་པོ་ཞིག་བཏང་བ་ཡིན། མ་ཟད་ང་ཚོ་མཉམ་རུབ་ཐོག་བྱས་རྗེས་ཕྲན་ཙམ་འཇོག་ཐུབ་པར་དགའ་བས་མྱོས། དགོས་པ་ནམ་བྱུང་སྐབས་བསམ་ཚུལ་ཞུ་ཆོག་པ་ཞུ་རྒྱ་བཅས། བྷི་བྷི་སི་ཡིས་ཕུལ། །
དྲྭ་གྲོགས་ལ་རྒྱའི་བདག་པོ་ལགས།
ངོས་རང་སྟོད་ནས་ཡིན་འོན་ཀྱང་གནས་སྐབས་རིང་ལྐོག་སྦས་ཀྱི་ལམ་ནས་དྲྭ་རྒྱ་འདིར་སླེབས་ནས་རང་ཉིད་ལ་ཕན་པའི་གནས་ཚུལ་ཁག་ལེན་རྒྱུ་དང་དེ་བཞིན་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབས་ཆེད་དུ་བོད་སྐད་ཡིག་གིས་མཚོན་པའི་རིག་གཞུང་ལ་ཞབས་འདེགས་རེ་ཞུ་ཐུབ་ན་བསམ་ནས་འདིར་ཡོང་གི་ཡོད།
དེས་ན་ཁ་བརྡའི་དྲྭ་རྒྱ་ནི་ང་ཡི་དགོང་མོའི་བཀའ་སྐྱོང་དང།
སྔ་དྲོའི་བསང་མཆོད།
ཉལ་ན་ཉལ་རོགས།
དུག་ན་འདུག་རོགས།
འགྲོ་ན་འགྲོ་རོགས་ཀྱི་གཏན་གྱི་གྲོགས་མོ་དེ་ཁོ་ན་ཡིན།
ཁ་བརྡའི་དྲྭ་རྒྱའི་སྐུ་ཚེ་ཡུན་དུ་གནས་པར་ཤོག
ད་ཡང་གསོལ་བ་འདེབས་དགོས་ཟེར་མཁན་ཇེ་མང་ནས་ཇེ་མང་རེད། དངོས་གནས་ཡག་པོ་འདུག གལ་ཏེ་ང་ཚོས་༸གོང་ས་མཆོག་སྐུ་དབང་ལས་བཤོལ་རྒྱུར་ལམ་སེང་དགའ་སུ་ཞུས་པ་ཡིན་ན། ༸གོང་ས་མཆོག་སྲིད་དབང་སྒེར་སྤྱོད་པ་ཆགས་པ་མ་ཟད། སྲིད་དབང་ནས་བབ་མ་ཐག་བོད་མི་དམངས་ཀྱིས་ལམ་སེང་དགའ་བསུ་ཞུས་སོང་ཞེས་ཕྱི་ཕྱོགས་ནས་མི་ཟེར་རམ། དེ་འདྲ་སོང་ཙང་མི་དམངས་ནས་༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་དུ་བཀུར་བའི་རྣམ་པ་ཞིག་རྒྱ་མི་ལ་སྟོན་དགོས།
ད་ཡང་གསོལ་བ་འདེབས་དགོས་ཟེར་མཁན་ཇེ་མང་ནས་ཇེ་མང་རེད། དངོས་གནས་ཡག་པོ་འདུག གལ་ཏེ་ང་ཚོས་༸གོང་ས་མཆོག་སྐུ་དབང་ལས་བཤོལ་རྒྱུར་ལམ་སེང་དགའ་སུ་ཞུས་པ་ཡིན་ན། ༸གོང་ས་མཆོག་སྲིད་དབང་སྒེར་སྤྱོད་པ་ཆགས་པ་མ་ཟད། སྲིད་དབང་ནས་བབ་མ་ཐག་བོད་མི་དམངས་ཀྱིས་ལམ་སེང་དགའ་བསུ་ཞུས་སོང་ཞེས་ཕྱི་ཕྱོགས་ནས་མི་ཟེར་རམ། དེ་འདྲ་སོང་ཙང་མི་དམངས་ནས་༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་དུ་བཀུར་བའི་རྣམ་པ་ཞིག་རྒྱ་མི་ལ་སྟོན་དགོས། ཚང་མས་དགོངས་ཚུལ་གསུང་རོགས།
ད་ཡང་གསོལ་བ་འདེབས་དགོས་ཟེར་མཁན་ཇེ་མང་ནས་ཇེ་མང་རེད། དངོས་གནས་ཡག་པོ་འདུག གལ་ཏེ་ང་ཚོས་༸གོང་ས་མཆོག་སྐུ་དབང་ལས་བཤོལ་རྒྱུར་ལམ་སེང་དགའ་སུ་ཞུས་པ་ཡིན་ན། ༸གོང་ས་མཆོག་སྲིད་དབང་སྒེར་སྤྱོད་པ་ཆགས་པ་མ་ཟད། སྲིད་དབང་ནས་བབ་མ་ཐག་བོད་མི་དམངས་ཀྱིས་ལམ་སེང་དགའ་བསུ་ཞུས་སོང་ཞེས་ཕྱི་ཕྱོགས་ནས་མི་ཟེར་རམ། དེ་འདྲ་སོང་ཙང་མི་དམངས་ནས་༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་དུ་བཀུར་བའི་རྣམ་པ་ཞིག་རྒྱ་མི་ལ་སྟོན་དགོས། ད་བདེ་མོ།
ད་ཡང་མཚན་གནས་ལས་བཤོལ་རྒྱུའི་སྐོར་ལ་རྒྱལ་ཡོངས་རང་བཞིན་གྱི་ཚོགས་ཆེན་བསྐོང་དགོས་ཟེར། དངོས་གནས་ཡག་པོ་རེད། མི་དམངས་ཀྱི་བསམ་ཚུལ་ཤེས་ཡོང་ལ་། དམངས་གཙོ་ཡང་དེ་ནས་ཤེས། རྒྱ་དམར་ནས་ཏ་ལའི་བླ་མ་སྒེར་གྱི་དོན་རེད་ཟེར་བ་འདིར་མི་དམངས་རང་བཞིན་གྱི་ལན་གསལ་པོ་ཞིག་ཐེབས་རྒྱུ་རེད།
ད་ཡང་མཚན་གནས་ལས་བཤོལ་རྒྱུའི་སྐོར་ལ་རྒྱལ་ཡོངས་རང་བཞིན་གྱི་ཚོགས་ཆེན་བསྐོང་དགོས་ཟེར། དངོས་གནས་ཡག་པོ་རེད། མི་དམངས་ཀྱི་བསམ་ཚུལ་ཤེས་ཡོང་ལ་། དམངས་གཙོ་ཡང་དེ་ནས་ཤེས། རྒྱ་དམར་ནས་ཏ་ལའི་བླ་མ་སྒེར་གྱི་དོན་རེད་ཟེར་བ་འདིར་མི་དམངས་རང་བཞིན་གྱི་ལན་གསལ་པོ་ཞིག་ཐེབས་རྒྱུ་རེད། བསམ་ཚུལ་གསུང་རོགས།
མང་པོ་ཞིག་གི་བཤད་སྟངས་ལ་གཞིག་ན་༸གོང་ས་མཆོག་གི་དགོངས་ཚུལ་འདི་འཁྲུལ་བ་དང་དུས་ལ་མ་བབས་པ་ལྟ་བུར་བཤད་ཀྱིན་འདུག སངས་རྒྱས་ཀྱི་འདུ་ཤེས་འཇོག་གིན་འཇོག་གིན། སངས་རྒྱས་ཀྱི་གསུང་ལ་རྒོལ་གྱིན་རྒོལ་གྱིན། བོད་དད་པ་ཅན་གྱི་ལུགས་འདི་དངོས་གནས་བློ་ངོར་ཤོང་དཀའ་བ་ཞིག་འདུག་ཨང་། དགག་བྱ་དང་དགོས་གང་ཡོད་༸གོང་ས་མཆོག་གིས་གསེར་གྱི་ཐང་མ་བཏིང་བ་བཞིན་དུ་གསུང་འདུག་པས་ཁྱེད་རྣམས་གཅིག་གིས་གཅིག་ལ་འདི་ལྟར་འཁྲོ་ཞིང་འཚིགས་དགོས་གང་ཡང་མི་འདུག་གོ།
འདས་ལོའི་བོད་རྒྱལ་ཡོངས་དམངས་གཙོའི་ཚོགས་ཆེན་ཐོག་གསུངས་པའི་བཀའ་སློབ་དང་། ད་ལོའི་སུམ་ཅུའི་དུས་དྲན་གྱི་གསུང་འཕྲིན། སྤྱི་འཐུས་ལྷན་ཚོགས་ལ་གནང་བའི་གསུང་འཕྲིན། སྐྱེས་རབས་གསུང་ཆོས་སྐབས་བསྩལ་པའི་བཀའ་སློབ་སོགས་ལ་ཞིབ་བལྟ་དང་དཔྱད་བསྡུར། མ་འོངས་པའི་བོད་ཀྱི་གནས་སྟངས། རྒྱ་ནག་གི་འགོ་ཁྲིད་ཚོའི་རྟོག་འཆར་གྱི་མ་འོངས་པའི་བོད། དགུང་ནའི་བབ་སོགས་ཕྱོགས་གང་ནས་བསམ་ཡང་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་འདི་ཧ་ཅང་འཚམ་པ་ཞིག་ཏུ་མ་ཟད། ཁོང་གིས་“དཀའ་ངལ་འཕྲད་ན་ད་དུང་ང་ཡོད་པ་རེད་”ཅེས་པའི་བཀའ་འདིས་མ་འོངས་པར་ཡང་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐད་ལ་གནང་དགོས་པའི་ཕྱག་ལས་ཅི་འདྲ་ཞིག་ཡོད་ཀྱང་གནང་རྒྱུ་ཞལ་གྱིས་བཞེས་པ་ཡིན་པས་ང་ཚོས་བློ་གཡེང་བྱེད་དགོས་དོན་ཅི། དེས་ན་བོད་མི་ཡིན་ནོ་ཅོག་གིས་རིག་པ་སྒྲིམ་ནས་རང་རང་གི་ལས་འགན་དང་བོད་ཀྱི་རྩ་དོན་ཐད་སྔར་བས་ཀྱང་ཤུགས་རྒྱག་པའི་གྲ་སྒྲིག་བྱེད་རྒྱུ་ལས། རང་ཉིད་སྒྱིད་ལུག་ཏུ་བསྡད་དེ་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་འགན་དབང་ཡང་སྔར་བཞིན་གནང་དགོས་པའི་གསོལ་འདེབས་ཞུ་རྒྱུའི་གྲ་སྒྲིག་མ་བྱས་ན་ལེགས།
ལྐུག་པའི་ཨུ་ཚུགས་ཀྱི་སྤྱི་འཐུས་དང་བོད་མི།
༄༅།།འ་ཙི་སྤྱི་འཐུས་རྣམས་པ་ད་དུང་ལྐུགས་པ་ཨུ་ཚུགས་རང་རེད། ༧གོང་ས་མཆོག་དགུང་ལོ་ བཅུ་དྲུག་ནས་དུས་ད་ལྟའི་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ཙམ་གྱི་རིང་བྱིས་ཕྲུག་ཐང་ལུས་འདྲ་བའི་བོད་བསྟན་སྲིད་མི་དམངས་ཀྱི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་ནས་ད་གཟོད་སྐྱབས་འབངས་མི་དམངས་རྣམས་རང་མགོ་རང་གི་འདོན་པའི་དུས་སྔ་མ་དྲག་ཕྱིས་མ་དྲག་འོས་ཤིང་འཚམ་པ་ཞིག་ཡིན་པར་མཁྱེན་ནས་༧རྒྱལ་བ་དོན་གྱི་བདག་པོས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནད་འགག་ལ་གཟིགས་ཏེ་བོད་ཀྱི་ཆབ་སྲིད་བགྲེས་ཡོལ་གནང་བ་དེ་ནི་བོད་བསྟན་སྲིད་དང་མི་དམངས་ཐུགས་ནས་འདོར་གནང་བ་མ་ཡིན་པར། སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་མཛད་པ་དང་།གཟི་བརྗིད་ལ་ཡིད་རངས་སྔགས་བརྗོད་ཀྱི་འོས་སུ་འགྱུར་བ།ད་ལྟའི་རྒྱ་བོད་ཕན་ཚུན་གཉིས་མོས་ཀྱི་ཆབ་སྲིད་ཞི་མོལ་གྱི་རྒྱུད་ལམ།མ་འོངས་བོད་བསྟན་སྲིད་མི་དམངས་ཀྱི་ཆེད་དུ་ཕན་དང་བདེ་བའི་རྩ་བ་དུས་གསུམ་གསལ་གཟིགས་ཀྱིས་དགོས་པ་རྒྱུ་མཚན་མང་པོ་ཞིག་དང་
དེ་ཡང་གློ་བུར་དུ་ཐུགས་ཐག་བཅད་གནང་བ་མ་ཡིན་པར་དུས་ཡུན་རིང་པོ་ཞིག་ནས་དགོངས་བཞེས་གནང་
ནས་ངེས་ཤེས་ཡང་དག་བརྙེད་པ་ཞིག་ཡིན་པར་ཡང་ནས་ཡང་དུ་བཀའ་གནང་ཡོད་པ་མ་ཟད་ད་ལམ་བཅོ་ལྔ་མཆོད་པའི་ཉིན་མོ་ཆོས་ཞུར་བཅར་བའི་སེར་སྐྱ་ཕོ་མོ་ཡོངས་ལ་སྩལ་བའིབཀའ་སློབ་དེར་བསམ་བློ་གཏིང་
གཟབ་གཏོང་དགོས་པ་མ་ཡིན་ནམ། དེ་ལྟ་བུའི་བཀའ་སློབ་ལ་ཡིད་ཆེས་དང་། གུས་བརྩི། བསམ་ཤེས་
མེད་པར་སྤྱི་འཐུས་རྒྱུན་ལས་ནས་དྭངས་ལེན་མ་གནང་བ་མ་ཟད་ད་དུང་དེ་ལས་ལྡོག་ཏེ་༧གོང་ས་
མཆོག་ལ་མུ་མཐུད་བོད་ཀྱི་ཆོས་སྲིད་ཀྱི་དབུ་འཁྲིད་གནང་དགོས་པའི་གསོལ་འདེབས་བྱེད་བཞིན་འདུག
སྤྱི་འཐུས་ཀྱི་བསམ་ཚུལ་འདིའི་ཐད་བཀའ་ཤག་ནས་དགག་བྱ་གནང་བ་དང་།སྤྱི་འཐུས་ཆབ་དྲག་ལྷ་མོ་
སྐྱབས་ཀྱི་བསམ་ཚུལ་ལ་ཡིད་རངས་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།གཟིགས་དང་རང་རེ་ཚོས་དུས་རྒྱུན་དུ་དད་གུས་ཆེན་པོ་ཡོད་ཁུལ་གྱིས་ཅི་གསུང་བཀའ་བཞིན་སྒྲུབ་རྒྱུ་དང་སྐུ་ཚེ་ཞབས་པད་བརྟན་ཤོག་ཅེས་སྨོན་ལམ་དང་།ཡང་ནས་ཡང་དུ་བརྟན་ཞུགས་འབུལ་བ་དེ་ནི་རྒྱུ་མཚན་གང་གི་ཕྱིར་ཡིན་ནམ། གང་གི་བཀའ་བཞིན་སྒྲུབ་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་ལས་ལྷག་པ་མེད་པས་སྐུ་ཚེའི་བརྟན་ཞུགས་ཞབས་རིམ་ཡང་དེ་ལས་ལྷག་པ་ཅི་ཡོད། གོང་ས་མཆོག་བགྲེས་ཡོལ་གནང་རུང་བོད་མིའི་དབུ་འཁྲིད་ཡིན་པ་ནི་སྨྱོན་མེད་དང་།བོད་མི་དམངས་རྣམས་ཀྱང་གང་གི་སྐྱབས་འབངས་ཡིན་པ་ནི་དེ་བས་སྨོས་ཅི་དགོས།༧མགོན་པོ་གང་གི་བཀའ་སློབ་དྭངས་ལེན་
ཞུས་ནས་གང་ལ་བགྲེས་ཡོལ་འབུལ་དགོས་པ་དང་།ད་ལྟ་ནས་གོམ་པ་མདུན་སྤོས་ཀྱིས་དགག་རྩའི་དུས་
དཀའ་ངལ་ལ་གདུང་ལེན་འཐུབ་པ་དང་ཐ་ན་ཛ་དྲག་དུས་སྐབསསུ་ཅི་བྱ་གཏོལ་བྲལ་དུ་འགྱུར་ཚེ་༧གོང་ས་
མཆོག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་།གང་གི་ཐུགས་རྗེའི་འོག་རང་རེ་བོད་མི་ཙམ་ཟན་ཡོང་ནས་རྨོངས་
ཞེན་གྱི་གཉིད་ལས་སད་ནས་བོད་ཀྱི་ཆོས་དང་།དེང་དུས་ཀྱི་ཤེས་ཡོན་གཉིས་ཀྱི་ཕྱུག་པའི་བོད་མི་རྣམ་སྤྱོད་
དང་ལྡན་པ་བྱེད་རྒྱུར་རིག་པ་སྒྲིམ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་སྟར་བྱེད་དགོས་པ་ལས་སུས་ཀྱང་ཐེག་པར་དཀའ་བའི་བོད་ཀྱི་ཆབ་སྲིད་འཛིན་སྐྱོངས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་དེ་ད་དུང། ༧རྒྱལ་བ་རིན་པོ་ཆེ་
མཁྱེན། ཁོང་གིས་གནང་གི་རེད་ཅེས་པའི་སྒྱིད་ལུགས་ཀྱི་བྱེད་སྟངས་དང་། སོ་སོ་རང་ཉིད་དལ་སྡོད་སྐྱིད་
སྡོད་ཀྱིས་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་འབད་བརྩོན་དང་།ཆོལ་ཁའི་རྨོངས་ཞེན་གྱིས་སྤྱི་དོན་ལ་ལྷོད་
གཡེང་སྣང་ཆུང་བྱེད་པའི་བག་ཆགས་ངན་པའི་རིགས་རྣམས་མེད་པ་བཟོ་དགོས།།
དེས་ན་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་དགོས། ཅེས་པའི་དཔེ་ལྟར་ད་ལྟ་རང་ཅག་ཚོར་བླ་ན་མེད་
པའི་མགོན་སྐྱབས་དབུ་འཁྲིད་འདི་ལྟ་བུ་ཡོད་སྐབས་དུས་ཚོད་དམ་འཛིན་བྱས་ནས་རང་མགོ་རང་གི་འདྲོང་
པའི་ཉམས་མྱོང་གི་རྨངས་གཞི་དང་ཤེས་ཡོན་གྱི་བྱང་ཚད།དཔལ་འབྱོར་གྱི་རྒྱབ་རྟེན་སོགས་ཚད་ལྡན་གྱི་
དམངས་གཙོའི་བོད་གཞུང་ཞིག་ཡར་རླང་པ་མ་ཤོར་བ་དང་། མར་ཐིག་པ་མ་འཛག་བྱེད་ཐུབ་པའི་འཇོན་ཐང་
ཅན་གྱི་གཞུང་འཛིན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་།ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཀྱང་
སྒྱིད་ལུགས་དང་།ཕྱོགས་ལྷུང་ཐེན་འཁྱེར་གྱི་དབང་དུ་སོང་ཏེ། སྤྱི་དོན་ཁ་རུ་འཁྱེར་ནས་རང་དོན་གཙོ་གཉེར་
མེད་པར་དྲང་གསུམ་ཚད་ལྡན་གྱིས་བོད་བསྟན་སྲིད་མི་དམངས་ཀྱི་ཞབས་ཞུ་སྙིང་སྟོབས་ཞུམ་པ་མེད་པར་
སྒྲུབས་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེ་ཡིན་པ་ཤེས་དགོས་པ་ཡིན།རང་ཅག་སྐྱབས་འབངས་མི་དམངསསོ་སོའི་ངོས་ནས་ཀྱང་གངས་ཅན་པའི་འཕྲལ་ཕུག་རྒྱང་གསུམ་གྱི་བསྟན་སྲིད་ཀྱི་ཁེ་ཕན་དང་།མི་དམངས་ཀྱི་
བདེ་རྩ། སྤྱི་ཚོགས་ཕན་བདེའི་ཞབས་ཞུ། རིག་གནས་ཤེས་ཡོན་གྱི་ཆུ་ཚད་སོགས་གོང་ཐོར་གཏང་ནས་
མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་ཐོག་བོད་ཀྱི་སྲོལ་རྒྱུན་བཟང་པོ་དང་དེང་དུས་ཀྱི་ཤེས་ཡོན་ཟུང་དུ་འབྲེལ་ནས་
རྒྱབ་མདུན་ངོ་ལྐོགས་མེད་པར་སྐབས་བབ་ཀྱི་ལས་འགན་བྱེད་སྒོ་ཁག་ལྷག་བསམ་རྣམ་དག་གིས་དམ་ཚིག་
ཟོང་ཁ་གཅིག་སྒྲིལ་གྱིས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་།མཛད་འཕྲིན་གོང་འཕེལ་ཐུགས་
བཞེད་ལྷུན་གྱིས་འགྲུབཔའི་ལས་ལ་ཅིས་ཀྱང་འབད་པར་འཚལ་ཞེས་ཞུ་བ་ལགས་སོ།།
འདི་ཡང་རང་ཉིད་བོད་པ་ཙམ་ཟན་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་དོན་ཐོག་གོ་མེད་འཚོར་མེད་དུ་སྡོད་
ཐབས་བྲལ་བས་ལྷག་བསམ་རྣམ་དག་གིས་ཞུ་ནའང་རང་ཉིད་ཀྱི་ཤེས་ཡོོན་ཆུ་ཚད་དམའ་བས་ནོར་འཁྲུལ་
ཡོད་ངེས་ལ་བཟོད་པར་གསོལ།།
ལྐུག་པའི་ཨུ་ཚུགས་ཀྱི་སྤྱི་འཐུས་དང་བོད་མི།
༄༅།།འ་ཙི་སྤྱི་འཐུས་རྣམས་པ་ད་དུང་ལྐུགས་པ་ཨུ་ཚུགས་རང་རེད། ༧གོང་ས་མཆོག་དགུང་ལོ་ བཅུ་དྲུག་ནས་དུས་ད་ལྟའི་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ཙམ་གྱི་རིང་བྱིས་ཕྲུག་ཐང་ལུས་འདྲ་བའི་བོད་བསྟན་སྲིད་མི་དམངས་ཀྱི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་ནས་ད་གཟོད་སྐྱབས་འབངས་མི་དམངས་རྣམས་རང་མགོ་རང་གི་འདོན་པའི་དུས་སྔ་མ་དྲག་ཕྱིས་མ་དྲག་འོས་ཤིང་འཚམ་པ་ཞིག་ཡིན་པར་མཁྱེན་ནས་༧རྒྱལ་བ་དོན་གྱི་བདག་པོས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནད་འགག་ལ་གཟིགས་ཏེ་བོད་ཀྱི་ཆབ་སྲིད་བགྲེས་ཡོལ་གནང་བ་དེ་ནི་བོད་བསྟན་སྲིད་དང་མི་དམངས་ཐུགས་ནས་འདོར་གནང་བ་མ་ཡིན་པར། སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་མཛད་པ་དང་།གཟི་བརྗིད་ལ་ཡིད་རངས་སྔགས་བརྗོད་ཀྱི་འོས་སུ་འགྱུར་བ།ད་ལྟའི་རྒྱ་བོད་ཕན་ཚུན་གཉིས་མོས་ཀྱི་ཆབ་སྲིད་ཞི་མོལ་གྱི་རྒྱུད་ལམ།མ་འོངས་བོད་བསྟན་སྲིད་མི་དམངས་ཀྱི་ཆེད་དུ་ཕན་དང་བདེ་བའི་རྩ་བ་དུས་གསུམ་གསལ་གཟིགས་ཀྱིས་དགོས་པ་རྒྱུ་མཚན་མང་པོ་ཞིག་དང་
དེ་ཡང་གློ་བུར་དུ་ཐུགས་ཐག་བཅད་གནང་བ་མ་ཡིན་པར་དུས་ཡུན་རིང་པོ་ཞིག་ནས་དགོངས་བཞེས་གནང་
ནས་ངེས་ཤེས་ཡང་དག་བརྙེད་པ་ཞིག་ཡིན་པར་ཡང་ནས་ཡང་དུ་བཀའ་གནང་ཡོད་པ་མ་ཟད་ད་ལམ་བཅོ་ལྔ་མཆོད་པའི་ཉིན་མོ་ཆོས་ཞུར་བཅར་བའི་སེར་སྐྱ་ཕོ་མོ་ཡོངས་ལ་སྩལ་བའིབཀའ་སློབ་དེར་བསམ་བློ་གཏིང་
གཟབ་གཏོང་དགོས་པ་མ་ཡིན་ནམ། དེ་ལྟ་བུའི་བཀའ་སློབ་ལ་ཡིད་ཆེས་དང་། གུས་བརྩི། བསམ་ཤེས་
མེད་པར་སྤྱི་འཐུས་རྒྱུན་ལས་ནས་དྭངས་ལེན་མ་གནང་བ་མ་ཟད་ད་དུང་དེ་ལས་ལྡོག་ཏེ་༧གོང་ས་
མཆོག་ལ་མུ་མཐུད་བོད་ཀྱི་ཆོས་སྲིད་ཀྱི་དབུ་འཁྲིད་གནང་དགོས་པའི་གསོལ་འདེབས་བྱེད་བཞིན་འདུག
སྤྱི་འཐུས་ཀྱི་བསམ་ཚུལ་འདིའི་ཐད་བཀའ་ཤག་ནས་དགག་བྱ་གནང་བ་དང་།སྤྱི་འཐུས་ཆབ་དྲག་ལྷ་མོ་
སྐྱབས་ཀྱི་བསམ་ཚུལ་ལ་ཡིད་རངས་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།གཟིགས་དང་རང་རེ་ཚོས་དུས་རྒྱུན་དུ་དད་གུས་ཆེན་པོ་ཡོད་ཁུལ་གྱིས་ཅི་གསུང་བཀའ་བཞིན་སྒྲུབ་རྒྱུ་དང་སྐུ་ཚེ་ཞབས་པད་བརྟན་ཤོག་ཅེས་སྨོན་ལམ་དང་།ཡང་ནས་ཡང་དུ་བརྟན་ཞུགས་འབུལ་བ་དེ་ནི་རྒྱུ་མཚན་གང་གི་ཕྱིར་ཡིན་ནམ། གང་གི་བཀའ་བཞིན་སྒྲུབ་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་ལས་ལྷག་པ་མེད་པས་སྐུ་ཚེའི་བརྟན་ཞུགས་ཞབས་རིམ་ཡང་དེ་ལས་ལྷག་པ་ཅི་ཡོད། གོང་ས་མཆོག་བགྲེས་ཡོལ་གནང་རུང་བོད་མིའི་དབུ་འཁྲིད་ཡིན་པ་ནི་སྨྱོན་མེད་དང་།བོད་མི་དམངས་རྣམས་ཀྱང་གང་གི་སྐྱབས་འབངས་ཡིན་པ་ནི་དེ་བས་སྨོས་ཅི་དགོས།༧མགོན་པོ་གང་གི་བཀའ་སློབ་དྭངས་ལེན་
ཞུས་ནས་གང་ལ་བགྲེས་ཡོལ་འབུལ་དགོས་པ་དང་།ད་ལྟ་ནས་གོམ་པ་མདུན་སྤོས་ཀྱིས་དགག་རྩའི་དུས་
དཀའ་ངལ་ལ་གདུང་ལེན་འཐུབ་པ་དང་ཐ་ན་ཛ་དྲག་དུས་སྐབསསུ་ཅི་བྱ་གཏོལ་བྲལ་དུ་འགྱུར་ཚེ་༧གོང་ས་
མཆོག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་།གང་གི་ཐུགས་རྗེའི་འོག་རང་རེ་བོད་མི་ཙམ་ཟན་ཡོང་ནས་རྨོངས་
ཞེན་གྱི་གཉིད་ལས་སད་ནས་བོད་ཀྱི་ཆོས་དང་།དེང་དུས་ཀྱི་ཤེས་ཡོན་གཉིས་ཀྱི་ཕྱུག་པའི་བོད་མི་རྣམ་སྤྱོད་
དང་ལྡན་པ་བྱེད་རྒྱུར་རིག་པ་སྒྲིམ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་སྟར་བྱེད་དགོས་པ་ལས་སུས་ཀྱང་ཐེག་པར་དཀའ་བའི་བོད་ཀྱི་ཆབ་སྲིད་འཛིན་སྐྱོངས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་དེ་ད་དུང། ༧རྒྱལ་བ་རིན་པོ་ཆེ་
མཁྱེན། ཁོང་གིས་གནང་གི་རེད་ཅེས་པའི་སྒྱིད་ལུགས་ཀྱི་བྱེད་སྟངས་དང་། སོ་སོ་རང་ཉིད་དལ་སྡོད་སྐྱིད་
སྡོད་ཀྱིས་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་འབད་བརྩོན་དང་།ཆོལ་ཁའི་རྨོངས་ཞེན་གྱིས་སྤྱི་དོན་ལ་ལྷོད་
གཡེང་སྣང་ཆུང་བྱེད་པའི་བག་ཆགས་ངན་པའི་རིགས་རྣམས་མེད་པ་བཟོ་དགོས།།
དེས་ན་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་དགོས། ཅེས་པའི་དཔེ་ལྟར་ད་ལྟ་རང་ཅག་ཚོར་བླ་ན་མེད་
པའི་མགོན་སྐྱབས་དབུ་འཁྲིད་འདི་ལྟ་བུ་ཡོད་སྐབས་དུས་ཚོད་དམ་འཛིན་བྱས་ནས་རང་མགོ་རང་གི་འདྲོང་
པའི་ཉམས་མྱོང་གི་རྨངས་གཞི་དང་ཤེས་ཡོན་གྱི་བྱང་ཚད།དཔལ་འབྱོར་གྱི་རྒྱབ་རྟེན་སོགས་ཚད་ལྡན་གྱི་
དམངས་གཙོའི་བོད་གཞུང་ཞིག་ཡར་རླང་པ་མ་ཤོར་བ་དང་། མར་ཐིག་པ་མ་འཛག་བྱེད་ཐུབ་པའི་འཇོན་ཐང་
ཅན་གྱི་གཞུང་འཛིན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་།ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཀྱང་
སྒྱིད་ལུགས་དང་།ཕྱོགས་ལྷུང་ཐེན་འཁྱེར་གྱི་དབང་དུ་སོང་ཏེ། སྤྱི་དོན་ཁ་རུ་འཁྱེར་ནས་རང་དོན་གཙོ་གཉེར་
མེད་པར་དྲང་གསུམ་ཚད་ལྡན་གྱིས་བོད་བསྟན་སྲིད་མི་དམངས་ཀྱི་ཞབས་ཞུ་སྙིང་སྟོབས་ཞུམ་པ་མེད་པར་
སྒྲུབས་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེ་ཡིན་པ་ཤེས་དགོས་པ་ཡིན།རང་ཅག་སྐྱབས་འབངས་མི་དམངསསོ་སོའི་ངོས་ནས་ཀྱང་གངས་ཅན་པའི་འཕྲལ་ཕུག་རྒྱང་གསུམ་གྱི་བསྟན་སྲིད་ཀྱི་ཁེ་ཕན་དང་།མི་དམངས་ཀྱི་
བདེ་རྩ། སྤྱི་ཚོགས་ཕན་བདེའི་ཞབས་ཞུ། རིག་གནས་ཤེས་ཡོན་གྱི་ཆུ་ཚད་སོགས་གོང་ཐོར་གཏང་ནས་
མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་ཐོག་བོད་ཀྱི་སྲོལ་རྒྱུན་བཟང་པོ་དང་དེང་དུས་ཀྱི་ཤེས་ཡོན་ཟུང་དུ་འབྲེལ་ནས་
རྒྱབ་མདུན་ངོ་ལྐོགས་མེད་པར་སྐབས་བབ་ཀྱི་ལས་འགན་བྱེད་སྒོ་ཁག་ལྷག་བསམ་རྣམ་དག་གིས་དམ་ཚིག་
ཟོང་ཁ་གཅིག་སྒྲིལ་གྱིས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་།མཛད་འཕྲིན་གོང་འཕེལ་ཐུགས་
བཞེད་ལྷུན་གྱིས་འགྲུབཔའི་ལས་ལ་ཅིས་ཀྱང་འབད་པར་འཚལ་ཞེས་ཞུ་བ་ལགས་སོ།།
འདི་ཡང་རང་ཉིད་བོད་པ་ཙམ་ཟན་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་དོན་ཐོག་གོ་མེད་འཚོར་མེད་དུ་སྡོད་
ཐབས་བྲལ་བས་ལྷག་བསམ་རྣམ་དག་གིས་ཞུ་ནའང་རང་ཉིད་ཀྱི་ཤེས་ཡོོན་ཆུ་ཚད་དམའ་བས་ནོར་འཁྲུལ་
ཡོད་ངེས་ལ་བཟོད་པར་གསོལ།།
སྤྱི་འཐུས་རྣམས་ལྐུགས་པ་མ་རེད། ཧ་ཅང་གྲུང་པོ་འདུག སྤྱང་དྲགས་ཐག་ཆོད་ནས་མགོ་ཡང་གཞན་ལས་བདེ། འོན་ཀྱང་ད་ལན་གྱི་དོན་གནད་འདིར་བསམ་བློ་ཡག་པོ་བཏང་འདུག འདི་ཀླད་མེད་ཚོས་བསམས་པ་ལྟར་གྱི་ལས་སླ་པོ་ཞིག་རྩ་བ་ནས་མེད།
དང་པོ། བོད་ཀྱི་ཆབ་འབངས་ཚང་མ་ཆིག་སྒྲིལ་གྱིས་རྡོག་རྩ་སྲན་མ་ལྟར་སྒྲིལ་ཐུབ་མཁན་གྱི་འགོ་འཁྲིད་ཅིག་འཚོལ་དགོས། འདི་༸གོང་ས་མཆོག་ལས་གཞན་དུ་ཡོད་དམ།
གཉིས་པ། མི་དམངས་ཀྱིས་འགོ་ཁྲིད་དེ་ལ་བརྩི་འཇོག་བྱེད་དགོས། ང་ཚོའི་མིས་ཆོལ་ཞེན་དང་ལུང་ཞེན་འཐེན་འཁྱེར་ཤེས་པ་ལས་སྤྱི་པའི་ལ་རྒྱར་ཞེན་ནས་འགོ་ཁྲིད་ལ་བརྩི་བཀུར་བྱེད་ཀྱི་རེད་དམ།
གསུམ། ད་ལྟའི་དུས་སྐབས་འདི་ཧ་ཅང་ཛ་དྲགས་པས་དབང་ཆ་ཕར་སྤྲོད་ཚུར་ལེན་བྱས་ན་དབང་ཆའི་འཐབ་རྩོད་ཀྱི་ནད་རྙིང་ཚང་མ་བསྐྱར་ལངས་བྱ་མི་སྲིད་ཅེས་སུས་ཐག་གཅོད་ནུས།
གང་ལྟར་སོ་སོས་ལས་འགན་ཁྱེར་མི་དགོས་པའི་ལས་མེད་འདི་ཚོས་འདྲ་ཆགས་ག་ཚོད་བཤད་ཀྱང་སྐད་ཆ་འདི་ཚོ་ཚོར་བ་མེད་པའི་སྐད་ཆ་རེད།
རང་གྲོལ་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
༡༽ད་རེས་སྤྱི་འཐུས་ཚོས་དང་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་།གཉིས་པ་གསུང་འཕྲིན་རིན་པོ་ཆེ་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་གྲོས་ཆོད་བཞག་པ་བཅས་གོ་རིམ་གཉིས་པོ་འགན་ཁྲི་ལྕི་པོ་རེད་ལ།གནང་བབ་དེ་ནི་བོད་མིའི་འདོད་བློ་ཁེང་ལ།རྒྱལ་སྤྱིར་བག་ཆགས་ཡག་པོ་བཞག་པ།དགྲ་བོར་སྨྲ་རྒྱུ་མེད་པར་བཟོས་སོང་བསམས་པའི་ཚོར་སྣང་བྱུང་སོང་།བོད་མི་མང་གི་སྤྱི་མི་རྣམ་པ་ཚོར་ཐུགས་རྗེ་ལན་རྒྱར་ཞུ་རྒྱུ་ཡིན།
༢༽དྲ་གྲོགས་གཉན་གཡག་ཕྲུག་ལགས།སྤྱི་འཐུས་རྣམ་པར་འཕྱར་དམོད་བྱས་ན་བོད་མི་མང་ལ་འཕྱར་བ་མཚུངས་པ་རེད།སྤྱི་འཐུས་རྣམ་པ་མི་མང་གིས་ཐད་འདེམས་བྱས་ཞིག་རེད།གལ་ཏེ་སྤྱི་འཐུས་ཚད་ལྡན་མེད་ན་མི་མང་གི་ནོར་འཁྲུལ་རེད།ནོར་འཁྲུལ་དེའི་ཉེས་པ་དང་པོ་མི་མང་ཕྱོགས་ཞེན་བྱེད་མཁན་རྣམས་ལ་ཡོད་པ་རེད།ལར་ནས་སྤྱི་འཐུས་ཚད་ལྡན་མེད་ན་འོས་འདེམས་བྱེད་དུས་ཕྱོགས་ཞེན་སྤངས་ནས་ཤེས་འཇོན་ལྷག་གསུམ་ལྡན་པའི་སྤྱི་མི་ཚད་ལྡན་ཞེ་གཅིག་འདེམས་ཐུབ་པ་དགོས་རྒྱུ་དེ་མི་མང་གི་འགན་ཁྲི་མ་རེད་དམ།གསུངས་དང་།
བོན་ཚང་གི་ཞབས་འདྲེན་མགོ་རིལ་སྨོན་ལམ་ཟེར་བ་བདམས་པ་ལས་ཞེ་དྲག་གིས་དྲག་པ་རེད། འདི་ཨེ་ཤེས་ཨ་རོ། རོབ་གཅོལ་བ།
༄༅།། རང་གྲོལ་ལགས། ཁྱེད་རང་གི་ངའི་བསམ་ཚུལ་གཟིགས་པ་ཡག་པོ་རེད། གང་ལགས་ཅེ་ན། དེང་སྐབས་བོད་ཡིག་ཀློག་མཁན་ནམ་མཁའི་སྐར་མ་ལྟ་བུ་ལས་མི་འདུག། དེ་རང་རེད། ཁ་བདེ་ན་མིའི་དཔོན་པོ་དང་། ལག་བདེ་ན་མིའི་གཡོག་པོ་རེད་། མི་དགོས་པའི་དུས་སུ་ང་དང་ཁོ། དགོས་པའི་དུས་སུ་མི་དམངས་ལ་ལག་པ་ཕྱིས་མཁན་ཨོ་རྒྱན་སྟོབས་རྒྱལ་དང་། ཀརྨ་ཆོས་འཕེལ་གཉིས་ལྟ་
བུར་ཞུ་དགོས་འདུག །
རང་གྲོལ་ལགས་ཅེས་པ་འདི་། ལ་རྒྱའི་བདག་པོར་སྒྱུར་རོགས་གནང།
ཚང་མས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
མཚན་གནས་ལས་དངོས་སུ་བཤོལ་མིན་ནི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པའི་རྗེས་སུ་ཤེས་རྒྱུ་རེད། འོན་ཀྱང་༸གོང་ས་མཆོག་མཚན་གནས་ལས་བཤོལ་རྒྲུའི་སྐད་ཆ་འདི་ཐོས་མ་ཐག་བོད་རིགས་ཀླད་མེད་རེ་ཟུང་ནས་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་གྱི་དགའ་བསུ་ཞུས་པ་ནི་ཅི་འདྲའི་མིག་ལ་མི་མཛེས་པ་ཞིག་རེད་ཨང་། འདི་ཐད་ཕྱི་རྒྱལ་གྱི་མི་ཆེན་མང་པོ་ཞིག་ཧང་སངས་འདུག
ལྷག་བསམ་ཁྱེད་དང་འདོད་པ་མ་མཐུན་ན་ཀླད་མེད་ཡིན་པའི་ཁྱབ་བམ། ཕྱི་རྒྱལ་གྱི་མི་ཆེན་མང་པོ་ཞིག་ཧ་ལས་པ་གཏན་ཚིགས་ཆེན་པོ་གང་ཡང་མ་རེད།
འདི་འདོད་པ་མཐུན་མིན་སྐད་ཆ་མ་རེད། མེ་ཏོག་སྐམ་པོ་ཁྱེད་ཀྱང་དགའ་བསུ་ཞུ་མཁན་གྱི་ཀླད་མེད་ཀྱི་གྲས་ཡིན་ས་རེད། འོན་ཀྱང་ཁྱེད་རང་གིས་བསམ་བློ་གཏོང་དགོས་པ་ཞིག་ལ། གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །
བགྲོད་པའི་ལམ་དུ་བྱེའུའི་རྩོལ་བ་ལྟར། ། ཞེས་པའི་དོན་ལ་བསམ་བློ་བཏང་ནས་སྡོད།
ཚང་མའི་སྙིང་ཐང་ལ་ལྷུང་བ་ལྟ་བུའི་སེམས་སྡུག་དང་འཚབ་ལངས་མི་དགོས་བསམ། ༧གོང་ས་༧རྒྱལ་བ་རིན་པོ་ཆེའི་རྒས་ཡོལ་གནང་པ་རེད། ཁོང་གིས་ཚེ་རབས་ནས་ཚེ་རབས་བར་དུ་བོད་འབངས་ཐུགས་རྗེའི་གཟིགས་ནས་སྐུ་ཡི་ཕྲེང་བ་བཅུ་བཞི་འགོར་ཟིན་པ་རེད། ཁོང་གིས་རྒན་ཡོལ་གནང་དུས་བོད་འབངས་བློས་བཏངས་པ་ནི་གཏན་ནས་མིན། དེ་ནི་ཁོང་གི་བཀའ་གསུང་རབ་དང་རིམ་པ་གནང་པའི་ནང་དུ་གསལ་བོ་གསུངས་འདུག
༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་སྐྱངས་ནས་མི་ལོ་དྲུག་ལྷག་འགོར་ནས་རྒན་ཡོལ་ཞུས་དུས་བོད་མི་མང་གིས་༧གོང་ས་མཆོག་ལ་ད་དུང་ཐུགས་འགན་བཞེས་དགོས་པའི་ཨུ་ཚུགས་རྒྱག་གི་ཡོད། འདི་ནི་༧གོང་ས་མཆོག་དང་བོད་མི་མང་བར་ལ་དད་པ་དམ་ཚིག་དང་ཡིད་ཆེས་བློ་འགེལ་ཡོད་པའི་མངོན་རྟགས་གསལབོ་རེད། དེ་མིན་དེང་སང་ཕྱིའི་སྤྱི་ཚོགས་སྟེང་དཔོན་དམངས་བར་ལ་ཁྲག་དྲི་བྲོ་བའི་འཐབ་རྩོལ་བྱེད་བཞིན་པ་དཔེར་ན་ཨ་རབ་དང་ལེ་པེ་ཡ། རྒྱ་ནག་སོགས་ལ་གཞུང་འཛིན་དཔོན་རིགས་དང་མི་དམངས་བར་ལ་ཡིད་ཆེས་བློ་འགེལ་མེད་པ། ཕན་ཚུན་ངོ་རྒོད་དང་དྲག་གནོན་གྱིས་དེང་གི་འཇིག་རྟེན་འདི་སང་སང་ལེང་ལེང་དུ་གྱུར་ཡོད།
བོད་མི་མང་དང་རྒྱལ་བ་རིན་པོ་ཆེ་བར་གྱི་བྱམས་བརྩེ་ལ་བསམ་བློ་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོས་དམིགས་དཔེར་བལྟ་དགོས་པ་མ་ཡིན་ནམ།
༧གོང་ས་མཆོག་གི་རིན་ཐང་བོད་པ་མཁས་པ་ཚོས་བཤད་པ་བདེན་ན་རིན་ཐང་དེ་ཙམ་མི་འདུག་ཀྱང་ཕྱི་གླིང་
མཁས་པ་དང་བོད་མི་གླེན་པ་ཚོས་བཤད་པ་བདེན་ན་ཁོང་ལ་རིན་ཐང་ཧ་ཅང་ལྡན་ཚུལ་ཤོད་ཀྱིན་ཡོད།
གང་ལྟར་རྒྱལ་བ་རིན་པོ་ཆེ་མེད་ན་བཟང་རབས་བཤད་ན་བོད་མི་ཞིག་ཡིན་ན་མི་འོས་སོ།
བོད་པ་ཚང་ནས་བཤད་པར་རྒྱུ་མཚན་འདུག རྒྱབ་སྐྱོར་ཞུ། དེང་སང་བོད་པའི་སྤྱི་ཚོགས་ནང་ཡི་གེ་ཙམ་འབྲི་ཀློག་ཐུབ་ཀྱང་གནད་འགག་རྩ་བ་ནས་མི་ཤེས་པའི་ཀླད་མེད་ཀྱི་དཔུང་ཁག་ཅིག་ཐོན་ཡོང་བཞིན་ཡོད།
བོད་པ་ཚང་ནས་བཤད་པར་རྒྱུ་མཚན་འདུག རྒྱབ་སྐྱོར་ཞུ། དེང་སང་བོད་པའི་སྤྱི་ཚོགས་ནང་ཡི་གེ་ཙམ་འབྲི་ཀློག་ཐུབ་ཀྱང་གནད་འགག་རྩ་བ་ནས་མི་ཤེས་པའི་ཀླད་མེད་ཀྱི་དཔུང་ཁག་ཅིག་ཐོན་ཡོང་བཞིན་ཡོད། །
རེད་རེད། ད་བོད་འདི་ཚད་འདི་འདྲ་ཞིག་གཡུགས་ནས་ད་དགོངས་པ་ཡིན་ནམ་ཞིག་ཞུ་རྒྱུ་ཡིན་ཟེར། མ་གཞི་རྒྱལ་བ་རིན་པོ་སྐུ་ཕྲེང་ཚོས་འཇོན་མི་འདུག སྐུ་ཕྲེང་ལྔ་བ་ལ་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ཆོལ་ཁ་གསུམ་ཕུལ་ཡོད་ཡོད་དུས་ལོ་ཁ་ཤས་ཤིག་ལས་མ་འགོར་བར་པེ་ཅིང་ལ་མར་ཕྱག་རྟགས་ཆོ་ལོ་ལེན་སར་བརྒྱུགས་པ་རེད། སྐུ་ཕྲེང་དྲུག་པས་ནི་སྡེ་སྲིད་དྲིན་ཅན་གྱི་རྐང་པ་ནས་མར་འཐེན་མཁན་ཞིག་མ་གཏོགས་ཅི་འཇོན། སྐུ་ཕྲེང་བདུན་པ་ནི་མན་ཇུ་བོད་ནང་ལ་ཁྲིད་ཡོང་མཁན་ངོ་མ་བོ་རེད། སྐབས་དེར་བོད་དབུས་སུ་དགེ་ལུགས་པའི་དཔུང་རོགས་ཇིང་གིར་བ་ཚེ་དབང་རབ་བསྟན་གྱིས་མན་ཇུ་ཁ་གཏད་བཅག་ནས་བཙན་ས་བཟུང་ཡོད་དུས་རྒྱལ་བ་སྐུ་ཕྲེང་བདུན་པས་མན་ཇུ་རྒྱབ་དཔུང་དུ་ཁྲིད་ནས་ཡོང་བས་བོད་ལ་མན་ཇུའི་དབང་ཤུགས་ཇེ་ཆེར་སོང་བ་རེད། གཞན་མང་པོ་མི་བཤད། མན་ཇུའི་དམག་དཔུང་གིས་ང་ལུམ་སྦྱར་གསུམ་སྲོག་ཐོག་ལ་གཏོང་དུས་རྒྱལ་བ་བདུན་པས་སྐྱོབ་ཐབས་གནང་ཡོད་པ་མ་རེད། རྗེས་སུ་ཝང་འགྱུར་མེད་རྣམ་རྒྱལ་གྱིས་ཕྱོགས་གཏོགས་ཚོས་མན་ཇུའི་སྐུ་ཚབ་གསོད་དུས་རྒྱལ་བ་རིན་པོ་ཆེ་དངོས་སུ་བརྒྱགས་ནས་རྒྱ་མི་ཚོ་སྐྱོབ་གང་ཐུབ་གནང་ཡོད་པ་རེད། རྒྱ་མི་སྐྱོབ་དགོས་པ་དང་བོད་མི་སྐྱོབ་མི་དགོས་དོན་གང་ཡིན་ནམ། ལོ་རྒྱུས་ཤེས་མཁན་ཚོས་ལན་ཞིག་རྒྱག་རོགས། བརྒྱད་པ་ནི་གོར་བོད་དམག་འཁྲུགས་སྐབས་སུ་མན་ཇུའི་དམག་རོགས་ཁྲིད་ཡོང་མཁན་དེ་རེད། དགུ་པ་ནས་བཅུ་གཉིས་པའི་བར་ནི་སྐུ་ཚེ་ཐུང་བས་བཟང་བྱས་ངན་བྱས་གང་ཞིག་བགྲང་རྒྱུ་ཡོད་མེད་མི་ཤེས། སྐུ་ཕྲེང་བཅུ་གསུམ་པས་འབྲི་ཆུའི་ཤར་རྒྱུད་རྒྱ་ནག་གི་ཡིན་པར་ཁས་བླངས་པ་རེད། ཆུ་སྤྲེལ་ཞལ་གདམས་ཟེར་བ་དེ་ཡང་དོན་དུ་བོད་འདི་དམར་ཤོག་ལ་འགྱུར་ན་ཁོང་རང་ཉིད་གཙོས་གཞུང་གི་དཔོན་རིགས་ཚོས་གོ་གནས་འཆོར་བར་སྡར་སྐད་ཤོར་བ་ཙམ་རེད། སྐུ་ཕྲེང་བཅུ་བཞི་པའི་དུས་སུ་བོད་ཡོངས་སུ་རྫོགས་པ་རྒྱ་ལག་ལ་ཤོར་བ་རེད། རྒྱལ་ཚབ་སྟག་བྲག་གིས་རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་ཡིན་དུས་བོད་ཀྱི་དབང་ཆ་ཕུལ་བར་ང་ཚོས་ལེ་བདའ་བྱེད་ཀྱིན་ཡོད་པ་རེད། ཡིན་ན་ཡང་ཁར་སང་དེ་རིང་རྒྱལ་བ་རིན་པོ་ཆེས་ང་ཚོའི་ལག་ལ་བཞག་པའི་བོད་འདི་དང་བསྡུར་ན་སྟག་བྲག་གིས་བཟང་རུང་ངན་རུང་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཏཱ་ལའི་བླ་མའི་ལག་ལ་རྩིས་སྤྲད་ཡོད་པ་རེད། ཁར་སང་དེ་རིང་ཏཱ་ལའི་བླ་མས་ང་ཚོའི་ལག་ལ་གང་ཞིག་འཇོག་རྒྱུ་འདུག ཡོད་ཚད་མེད་ཚད་ཚང་མ་ཤོར་ཚར་དུས་ད་དགོངས་པ་ཞུ་རྒྱུ་ཡིན་ཟེར་བ་འདི་མི་ཞིག་གི་ཁ་ནང་ནས་འབུད་ཐུབ་པའི་སྐད་ཆ་ཞིག་མ་རེད། བོད་འདི་རང་བཙན་ཡོད་དུས་དང་བདེ་དུས་སྐྱིད་དུས་ཤིག་ལ་འདི་ཚོ་ལ་ཕར་བཞུགས་རོགས་ཟེར་ནས་ཞུ་བ་ཕུལ་ན་ཡང་ཉན་གི་མ་རེད། ད་ཁར་སང་དེ་རིང་བོད་ལ་རང་བཙན་མེད། དཀའ་ངལ་ཡོད། ཅི་བྱེད་འདི་བྱེད་མེད་དུས་ད་རང་རང་བྲོ་ས་གར་རག་བྱེད་རྒྱུའི་བསམ་བློ་གཏང་བ་རེད། དབུ་མའི་ལམ། སྐྱག་པའི་ལམ། རྒྱལ་ལོ་དོན་གྲུབ་བཀྲ་མ་ཤིས་པའི་མི་ངན་དེའི་ཁ་ལ་ཉན་ནས་རྒྱ་དམར་ལ་རྒྱལ་སྤྱིའི་སྟེང་གི་སྟོབས་ཤུགས་དེ་ཙམ་མེད་དུས་ཀྱི་དུས་ཚོད་ཚང་མ་འཕྲོ་བརླགས་ལ་བཏང་། རྒྱལ་བ་རིན་པོ་ཆེས་ང་ཚོ་ལ་མང་གཙོ་མ་གནང་ན་ཡང་ཆོག རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ཉིན་ནས་ད་ལྟ་བར་དུ་བོད་ཕྱི་ནང་གཉིས་སུ་དཔའ་བོ་དཔའ་མོ་འདི་འདྲ་མང་པོ་ཞིག་གིས་ལུས་སྲོག་ལོངས་སྤྱོད་བློས་བཏང་ནས་འཙབ་རྩོད་བྱས་པ་འདི་དམངས་གཙོའི་ཆེད་དུ་བྱས་པ་མ་རེད། རང་གི་ལུང་པ། རང་གི་རྒྱལ་ཁབ། རང་གི་རང་བཙན་དེ་ཕྱིར་ལེན་པའི་ཆེད་དུ་དཀའ་ལས་བརྒྱབ་པ་རེད། ང་ཚོ་ལ་ཐོག་མར་གནང་དགོས་པ་དེ་ང་ཚོའི་རྒྱལ་ཁབ། ང་ཚོའི་ལུང་པ། ང་ཚོའི་རང་བཙན། དེ་ཚོ་ཐོག་མར་གནང་རོགས། སྔོན་མ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་འབྲས་སྤུངས་དགའ་ལྡན་ཕོ་བྲང་གཉིས་ཀས་ཁྱེད་ཀྱི་ཕྱག་ལ་ཡར་ཕུལ་བ་དེ་ད་མར་གནང་རོགས། བོད་ཟེར་བ་འདི་ཡལ་འགྲོ་གི་ཡོད་པ་རེད། ཡུལ་ལུང་པ་ལ་རང་བཙན་མེད་ན་མང་གཙོ་སུས་བེད་སྤྱོད་བྱེད། རྒྱལ་བ་རིན་པོ་ཆེས་རང་བཙན་ལེན་མ་ཐུབ་ན་དམངས་གཙོ་ཐེངས་མ་བརྒྱ་ལ་གནང་རུང་བོད་ནང་ན་ཡོད་པའི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལས་ཀྱང་མང་བ་དེ་ཚོ་ནི་ང་ཚོས་དམངས་གཙོར་བསྒྱུར་ཐུབ་གི་མ་རེད། ཐོག་མར་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱིས་བོད་རང་བཙན་ལེན་རོགས། དེའི་རྗེས་སུ་ང་ཚོ་ལ་དམངས་གཙོ་གནང་ན་རྒྱུ་འབྲས་གོ་རིམ་འགྲིགས་པ་ཞིག་རེད། ཕན་ཐོགས་ཡོད་པ་ཞིག་རེད། གང་ལྟར་རྒྱལ་བ་རིན་པོ་ཆེས་ལོ་རྒྱུས་ཀྱི་སྟེང་དུ་གང་ཞིག་འཇོན་ཡོད་མེད་ལ་མ་ལྟོས་པར་ད་དུང་ཡང་ད་དུང་ཡང་རྒྱལ་བ་རིན་པོ་ཆེ་ལ་བོད་མི་མང་པོས་དད་མོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། མང་པོ་ཞིག་གི་ངོར་རྒྱལ་བ་རིན་པོ་ཆེ་ཡང་བོད་མི་ས་ཡ་དྲུག་གི་ནང་གི་མི་གཅིག་གི་འདུ་ཤེས་ལས་སྤྱན་རས་གཟིགས་ཡིན་པའི་དད་མོས་སོགས་མེད་ན་ཡང་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་ཁོང་ལ་བརྩི་བཀུར་བྱེད་བཞིན་ཡོད་པ་རེད། དེ་ཡིན་དུས་མི་གཞན་ཞིག་དང་བསྡུར་ཐབས་མེད་པར་རང་ངོ་གཞན་ངོ་གང་ས་ནས་ནུས་པ་ཆེ་བ་ཡོད་པ་དངོས་ཡོད་ཡིན་སྟབས་བོད་ཀྱི་ཆེས་མཐོའི་གཙོ་འཛིན་གྱི་མཚན་འགན་ཡང་བཞེས། བོད་དོན་ལ་འཐབ་རྩོད་ཀྱི་ལས་འགུལ་ཇེ་འཁྲུག་ཏུ་བཏང་། རྒྱ་ནག་ལ་ལ་ཡང་དྲང་བདེན་ཞི་བའི་སྒོ་ནས་ཁ་གཏད་གང་ཆོག་རྒྱུན་མ་ཆད་དུ་བྱས་ནས་མ་ཧད་ཏི་མ་གན་དྷེའི་རྗེས་འཇུག་པ་ཡིན་ཟེར་བར་ངོ་མི་གནོང་བ་བ་ཞིག་ལ་འགྱུར་ཐབས་གནང་དགོས་འདུག
ཁ་བརྡ་རྩོམ་སྒྲིག་ཁང་ལ་ཞུ་རྒྱུར།
༡༽གོང་གི་བློ་བཟང་ཚེ་རིང་ཟེར་བའི་ཁ་ནག་དེའི་མཆན་གྱི་ནང་བོད་ཞེན་ཡོད་ཁུལ་དང་བོད་རང་བཙན་ལ་བརྩེ་ཞེན་ཡོད་ཁུལ་གྱིས་ལོ་རྒྱུས་ལ་འཁྱོག་བཤད་དང་།ལོ་རྒྱུས་ལ་ལོག་འགྲེལ།རྒྱུ་མཚན་བཏགས་པ་བ་མང་པོ་བཀོད་ནས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་ཡང་སྒོས་༸གོང་ས་སྐུ་ཕྲེང་བཅུ་བཞིན་ཆེན་པོ་མཆོག་ལོ་རྒྱུས་ཀྱི་ནག་ཅན་བསྒྲུབ་རྩིས་བྱས་འདུག་པས།མཆན་འཕྱར་དེ་རིགས་གཏན་འགོག་གནང་རྒྱུའི་རེ་བ་ཡོད།
༢༽མཚམས་རེ་ཁྱེད་ཚོ་ཁ་བརྡ་ཚང་ནས་དྲ་གྲོགས་ཕན་ཚུན་ཚིག་མཐོ་དམན་ཅུང་ཙམ་བྱུང་ཡང་གང་ཟག་སྒེར་གྱི་སྐྱོན་མཚང་བསྔོགས་པའི་ཉེས་མིང་འོག་གཏན་འགོག་བྱེད་ཀྱི་འདུག་ཀྱང་ད་ཐེངས་མཆན་འཕྱར་འདི་མ་མཐོང་བ་གང་ཡིན་ནམ།
༣༽ཁྱེད་ཚོའི་ཁ་བརྡ་རྩོམ་རིག་དྲ་བ་འདི་༸གོང་ས་མཆོག་ནག་པོ་བཟོ་བྱེད་ལ་ཆ་རྐྱེན་བསྐྲུན་ན་གུང་ཁྲན་ཏང་གི་དྲ་རྒྱ་དང་ཁྱད་པར་མེད་པས་ཁྱེད་ཚོས་དགོངས་པ་ཟབ་བཞེས་ཀྱི་ཕྱིས་བྱུང་མཆན་དེ་རིགས་ནན་འགོག་གནང་རོགས།
༤༽རྒྱ་དམར་རམ་ཡང་ལོག་ལྟ་ཅན་སུ་ཞིག་གི་མགྲིན་ཚབ་པ་བྱས་ནས་བོད་མི་མང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་༸གོང་ས་མཆོག་ལ་ལོ་རྒྱུས་ནག་ཉེས་གཡོག་ནས་ང་ཚོ་སུ་གང་གི་བཟོད་སྒོམ་ཐུབ་ཐབས་མི་འདུག
༥༽ལྟ་ངན་ཁྱེད་ཀྱིས་༸རྒྱལ་དབང་ལྔ་པ་དང་།དྲུག་པ།བདུན་པ།བརྒྱད་པ།བཅུ་གསུམ།བཅུ་བཞི་པ་བཅས་ཀྱི་ལོ་རྒྱུས་ཀྱི་གནད་དོན་དངོས་ལ་རྩོད་གླེང་བྱེད་པའི་སྤོབས་པ་ཡོད་ན་ང་ཚོ་ནམ་དང་ཉི་མ་སུ་རིང་ལྟ་ཆོག།
ཡིག་ནོར་སྐུ་ཕྲེང་བཅུ་བཞིན་ཞེས་པ་བཅུ་བཞི་ལ་བཅོ་རོགས།
ཁ་བརྡའི་རྩོམ་སྒྲིག་པར་རེ་སྐུལ་ཞུ་རྒྱུར།
ཉེ་ཤས་སྔོན་ལ་གུས་པས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྐྱེན་དོག་སློག་ས་བོན་ཞེས་པའི་རྩོམ་ཡིག་ཅིག་བསྐུར་ཡོད་པས་དྲ་ཐོག་བཀོད་སྤེལ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།
ཁ་བརྡ་ཚང་དེས་ནམ་རྒྱུན་རྩོམ་རིགས་རྣོ་ངར་ཆེ་བ་རྣམས་བཀག་ནས་སྒོ་རྒྱབ་ཀྱི་འདུག་ཀྱང་ད་ལན་མི་ངན་བློ་བཟང་ཚེ་རིང་མིང་ཅན་གྱིས་གངས་ཅན་པ་རྣམས་ཀྱི་སྙིང་༧གོང་ས་མཆོག་ལ་མཚན་དམོན་ངན་པ་དཔེ་མེད་ཞུས་པ་དེ་མ་བཀག་པའི་རྒྱུ་མཚན་ཅི་ངན་པ་ལག་འབྲེལ་མིན་ལས་ཆེ།
མི་ངན་བློ་ཚེའི་མིང་ཅན་ཁྱོད་ཉོན་ཅིག་དང་པོ་ཁྱེད་རང་རྒྱ་གར་དུ་སླེབས་པ་དང་། ཉལ་ས་དང་རྐང་པ་སྐྱོང་ས་རག་པ་དེ་སུས་དྲིན་རེད། ད་ཆ་ཁྱེད་རང་སྤུ་སྐྱེས་པ་དང་། རང་གི་ཕ་མར་ངོ་རྒོལ་བྱ་ཡི་ཡོག་རེད། དེ་ནི་རྒྱ་དམར་གྱི་དངུལ་ལ་རྔམས་དྲགས་ནས་བྱས་པ་ལས་ཁ་བ་གངས་ཅན་པ་ལ་དུང་བ་མིན་ངོ་ཚ་མེད་པ་རང་རེད། བསྟན་དགྲ་རྒྱ་དམར་གྱི་སྐྱག་པ་བཟའ་མཁན།
ལ་རྒྱའི་བདག་པོ་དང་སྤང་སྤོས་ལགས་རྣམ་གཉིས་ཀྱིས་གསུངས་པ་བདེན་པ་རེད། ཁ་བརྡ་ཚང་འདིས་དྲང་ཚུགས་བཟུང་ཐུབ་ཀྱི་མི་འདུག ༸གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་མཁན་ལའང་གོ་མེད་ཚོར་མེད་ངང་རྒྱབ་སྐྱོར་གྱིས་རྒྱ་དམར་དང་དོལ་ཚོགས་ཀྱི་འདོད་པ་སྒྲུབ་ཀྱི་འདུག ལྟ་ལོག་མཁན་ཀླུ་འབྱམས་དང་གནམ་ལོ་སོགས་ལ་ང་ཚོས་དངོས་ཡོད་ཀྱི་བདེན་ར་སྤྲད་པ་ལའང་མ་བཟོད་པར་ལམ་སེང་ཨམ་ཞེན་བྱས་ནས་མཆན་བསུབ་རྐྱང་རེད། ལྟོས་དང། དེ་སྔ་ངས་གནམ་ལོ་ལ་སྐྱོན་བརྗོད་བྱས་པས་ཁ་བརྡ་ཚང་ཁོང་ཁྲོ་གཏིང་ནས་ལངས་ཏེ་སྐྱོན་འཛུགས་དང་བཅས་མཆན་གཏན་འགོག་བྱ་རྒྱུ་ཡིན་ཚུལ་གྱི་ཉེན་བརྡ་བཏང་བྱུང་། ད་ཆ་ཁ་བརྡའི་རང་མདོག་ངོ་མ་དེ་མངོན་ཡོང་གི་འདུག དོན་དངོས་ཐོག་༸གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་མཁན་སུ་ཡིན་ཀྱང་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན།
གལ་སྲིད་ཁ་བརྡ་ཚང་དེ་མཐའ་གཅིག་ཏུ་༧གོང་ས་མཆོག་ལ་ངོལ་བའི་དོལ་ཚོགས་ཀྱི་དཔུང་འགྲེལ་ཡིན་ན་ང་ཚོས་ག་རེ་བྱས་ནས་མཉམ་བཞུགས་བྱ་དགོས་རེད།
ཁ་བརྡའི་རྩོམ་སྒྲིག་པ་ལགས།གཉིས་བསད་རོགས་གནང་།
གཉིད་སད་འཕྲལ་ང་ཚོས་དགའ་མོས་བྱེད་སའི་ཁ་བརྡའི་དྲ་སྣང་དུ་ཉུལ་རོགས།དོལ་ཚོགས་དང་རྒྱ་དམར་གྱི་རྒྱུག་ཁྱི་གསར་པ་ཞིག་གིས་བོད་རང་བཙན་གྱི་གདོང་སྦག་གྱོན་ནས་༸གོང་ལ་མཆོག་ལ་བསྐུར་འདེབས་མཚན་དམོད་བྱེད་ཀྱི་འདུག
དྲ་གྲོགས་ཚང་མ་གཉིད་སོད་རོགས་གནང་།གཉིད་སད་འཕྲལ་མེ་མདའ་འཁྱེར་ནས་ཤོག་དང་།རྒྱ་མིའི་རྒྱུག་ཁྱི་བཟུང་བར་ཤོག་དང་།
ཁ་བརྡའི་རྩོམ་སྒྲིག་ལགས་གཉིད་བསད་རོགས་གནང་།གཉིད་བསད་འཁྲལ་མེ་མདའ་འཁྱེར་ནས་ཤོག་དང་།
ཁ་བརྡའི་འཇིག་རྟེན་ནང་རྒྱ་དམར་གྱི་རྒྱུག་ཁྱི་བློ་ཚེ་མིང་ཅན་ཞིག་སླེབས་འདུག
དྲ་གྲོགས་ཚང་མ་གཉིད་བསད་རོགས།གཉིད་བསད་འཕྲལ་ཁ་བརྡའི་འཇིག་རྟེན་ནང་ཕེབས་དང་།འདིར་རང་བཙན་གྱི་གདོང་སྦག་གྱོན་པའི་རྒྱ་དམར་གྱི་རྒྱུག་ཁྱི་ཞིག་གིས་བོད་མི་རིགས་ཀྱི་བླ་སྲོག་བཅད་རྩིས་བྱེད་ཀྱི་འདུག
ང་ཡང་ ༸གོང་ས་ མཆོག་ལ་ སྐྱོན་འཛུགས་ བྱེད་མཁན་ སུ་ཡིན་ཀྱང་ ང་ཚོས་ མཐའ་གཅིག་ཏུ་ ངོ་རྒོལ་ བྱེད་རྒྱུ་ཡིན། བོད་ གཞིས་བྱེས་གཉིས་ རྒྱལ་ལོ། ༸གོང་ས་མཆོག་ རྒྱལ་ལོ། །
མཆན་བུ་་༡༤༧་བློ་བཟང་ཚེ་རིང་ཟེར་བའི་མཆན་བུ་མ་བསུབ་པར་རང་འཇགས་བཞག་པ་ལ་ཁ་བརྡ་ལ་ངོ་རྒོལ་ཡོད། བློ་ཕམ་ཡོད།
མཆན་བུ་༡༤༧པ་བློ་བཟང་ཚེ་རིང་ལགས་སུ།
བློ་གྲོས་དབུལ་ཕོངས་བུ་ཕྲུག་ལྟས་ངན། །
བཟང་པོའི་ལག་བརྡུང་མི་ངན་ཁྱོད་འདྲ། །
ཚེ་རིང་ལས་ཀྱང་ཚེ་ཐུང་སྡིག་ཆུང་། །
རིང་པོར་མི་ཐོགས་རྨོངས་པ་བསལ་རོགས། །
ཐུགས་རྗེས་གཟིགས་རོགས་ཀརྡོ་ང་ལ། །
༸གོང་ས་མཆོག་ཉིད་༸སྐུ་ཚེ་ཡུན་བརྟན། །
གྲོགས་པོ་ལགས་ཁྱེད་ཀྱིས་གསུང་བ་ལྟར་ན་བོད་དོན་དེ་༸གོང་ས་མཆོག་གཅིག་བུའི་མདུན་ལ་སྤུངས་ནས་འཇོག་དགོས་བ་ཞིག་སེམས་ཀྱིན་འདུག་པའི་ཚུལ་འདྲ་པོ་མཐོང་གི་འདུག་པས། དེ་ལ་ངེད་ནས་ངོ་རྒོལ་ཡོད
བདག་པོ་མ་རྒྱག་གཡུག་བཞག་ན་དེ་གས་འགྲིག་ནི་རེད། དོན་རྡོག ༼ རང་གྲོལ་སྨྱུག་གསར་དྲ་བ་༽་ཟེར་བ་དེ་དོགས་གཞི་ཞིག་འདུག ཞིབ་འཇུག་བྱས་དུས་དྲ་བ་དེ་བོད་ནང་དུ་མི་འདུག དེ་བརྒྱུད་ནས་བསམ་ཚུལ་འདིའི་རིགས་མང་པོ་སླེབས་སོང་། འདི་དག་ལ་སྟངས་འཛིན་བྱེད་མཁན་རྒྱ་ནག་དང་བོད་ཕྱི་ལོག་ཏུ་འདུག འདི་དག་གིས་བསམ་གཟས་ནས་སྲིད་བྱུས་ལམ་ལྷོངས་མི་ཡོང་རྒྱུའི་འཁྲབ་སྟོན་བྱེད་ཀྱི་འདུག དེ་བས་གང་བཤད་ན་བཤད་བཞག་སྟེ་བདག་པོ་མ་རྒྱབ་ན་དེས་དགའ་ནི་རེད།
ཡང་ཁུངས་རུ་དཔུང་གིས་གནས་ལུགས་འགྲོ་ས་མི་འདུག་ཅེས་སྐད་རྒྱག་སྲིད་པ་རེད། ལོ་རྒྱུས་ལ་དབྱེ་ཞིབ་བྱས་ཆོག་གི་རེད། དེ་ཐོབ་ཐང་རེད། ཡིན་ལུགས་ཚུལ་མཐུན་གྱིས་དངོས་མིང་བཏོན་ནས་བྱས་ཚེ་༧གོང་ས་ལྔ་པ་ནས་༧བཅུ་བཞི་པ་ཆེན་པོའི་བར་ལ་བགྲོ་གླེང་ཅི་ལྟར་བྱེད་དགོས་ཀྱང་གྲ་སྒྲིག་ཨང་གསར་ཡིན།
དེང་སང་ནི། བོང་བུ་སློང་བས་ཡག་བྱུང་ཟེར་རྒྱུ་མེད་པར། གཞུ་གུ་སྐོག་པའི་ཡ་ལག་ཟེར་བ་དེ་དངོས་སུ་མཐོང་རྒྱུ་འདུག