འབའ་སྲས།
དཀར་གསལ་ཟླ་འོད་མཚོ་ལ་བཏབ་པས།།
མེ་ཏོག་ཆུང་ཆུང་འཛུམ་ཁ་ཕྱེས་སོང་།།
ང་དང་ཞེ་མཐུན་གངས་དཀར་སྒྲོལ་མའི།།
སྔོན་གྱི་ལས་འཕྲོ་ད་དུང་ལྷག་ཡོད།།
སེམས་ཀྱི་སྙིང་གཏམ་ཁྱོད་ལ་བཤད་ན།།
གངས་དཀར་སྒྲོལ་མས་མིན་མིན་མ་གསུངས།།
འཇིག་རྟེན་མི་ཡི་ལམ་ཕྲེང་འདི་ནས།།
ངེད་གཉིས་ལས་ཀྱིས་མཇལ་དགོས་བྱུང་སོང་།།
ཁྱོད་ཀྱི་བརྩེ་བའི་མིག་ཆུ་དྭངས་མོ།།
བདག་གི་དམར་ཆུང་སེམས་དང་འདྲེས་ཡོད།།
ང་ཡི་དུང་ཞེན་སེམས་པ་དམར་པོ།།
ཁྱོད་ཀྱི་གཅེས་པའི་སྲོག་ལ་འཐིམ་ཡོད།།
ང་ཡི་མི་ཚེ་ཁྱོད་ལ་ཕུལ་ན།།
རུང་གི་མ་རེད་མ་གསུངས་རོགས་ལོ།།
ཚེ་སྔོན་ལས་ཀྱི་གོ་སྒྲིག་འདི་ལ།།
འགྱུར་བ་གཏོང་བའི་དཔའ་རྩལ་མི་འདུག །
ཤ་ཁྲག་རུས་པའི་ཁོང་ནས་རྡོལ་བའི།།
བདག་གི་རྣམ་ཤེས་ཁྱོད་ལ་འཁྲིས་ཡོད།།
བྲལ་བར་དགོས་པ་སྲོག་ལ་ཐུག་ཀྱང་།།
འབྲལ་ཐབས་མི་འདུག་གངས་དཀར་སྒྲོལ་མ།།
སྙིང་གི་བརྩེ་བ་ཁྱོད་ལ་ཕུལ་ན།།
མི་དགོས་ང་ལ་མ་གསུངས་ཆུང་ལོ།།
བརྩེ་བའི་དྭངས་མ་ཁྲག་ལ་བསྒྱུར་བའི།།
སྲོག་གི་རྩ་བ་ཕུལ་ཡོད་རོགས་ལོ།།
དུང་ཞེན་ཟབ་པའི་ཞོགས་པའི་ཉི་གཞོན།།
རེ་བཞག་སེམས་ངོགས་འདི་ནས་ཤར་སོང་།།
ཉི་མའི་ལང་ཚོ་མ་ནུབ་པར་དུ།།
ཁྱོད་ལ་སྒུག་གོ་གངས་དཀར་སྒྲོལ་མ།།
ཀླུ་ཚང་བློ་བཟང་ཡེ་ཤེས་ཀྱི་སྙན་ངག་རོགས་ཆུང་ལོ་ཡི་འདྲ་བཤུས་ཡིན་ས་རེད།
ཕར་ལ་དགའ་ཡང་ཚུར་ལ་མ་དགའ་ན། །
དེ་ལས་ལྷག་པའི་ཆག་སྒོ་མེད་པ་ཡི། །
བརྩེ་དུང་འདི་ཡི་གནས་ལུགས་སྐྱ་ལྡིང་མ། །
གྲོགས་ཁྱེད་ལོས་ཤེས་བསམས་ནས་བལྟས་བསྡད་ཡོད། །
བཀྲ་ཤིས་ཀྱིས་ཀླུ་ཚང་གི་རོགས་ཆུང་ལོ་ཀློག་མྱོང་མེད་པ་འདྲ།
ཆུང་འདྲིས་ཞོགས་པའི་བལ་མོ། །
ཡོད་བསམ་བློ་ལ་མི་་འདུག །
ལྩང་གླིང་ནང་གི་ཁ་ཏཱའི། །
ཝ་སྐད་སྙིང་ལ་གཟེར་བ། །