སྐྱ་རེངས།
མཚན་མོ་དེར། བདག་གི་སྒེའུ་ཁུང་གི་ཁ་གཏད་དུ་འགྲེང་བ་ནི།
གཏིང་རིང་བའི་མཚན་མོ་ཞིག་ལགས་ཤིང་།
དེའི་གསེང་ནས་ཡ་མཚན་པའི་དངོས་པོ་ཞིག་འཁྱུགས་པ་ནི།
བདག་གི་མུན་པའི་བྲང་ཁོང་དུ་ཅི་ཞིག་རྒྱུ་བཞིན་པ་དང་མཚུངས།
མཚན་མོ་དེར། ནམ་རྒྱུན་ནགས་གསེབ་ཏུ་ཅིར་སྒྲ་འབྱིན་བཞིན་པའི་འབུ་ཆ་ཀ་བ་དག་ཀྱང་།
ཁུ་སིམ་མེར་འདུག་ལ། སྡོང་མགོར་ཤག་སྒྲ་སྒྲོག་གིན་པའི་ཤིང་ལོ་དག་ཀྱང་།
བདག་གི་མགོ་ཐོག་ཏུ་གཉིད་ནས་གདའ།
མཚན་མོ་དེར། ཁྱེད་བདག་གི་སྒོ་རྩར་བཅར་དུས།
བདག་གི་ཡུམ་ཆེན་ད་དུང་གཟིམས་མེད་ལ།
བདག་གིས་རང་གི་སྐྲ་ལོ་རྣམས་བཤད་ཅིང་།
སྤྲིན་མདོག་གི་སེང་རས་ཀྱི་ནང་འཇམ་སོ་མ་ཞིག་གྱོན་ནས་མཛེས་སྤྲོས་ལ་བྲལ་བར།
ཁོང་མོ་ཡ་མཚན་ཞིང་ཅེར་ནས་བཞུགས་པས།
བདག་གིས་མྱུར་མོར་ཁྱོད་ཇི་ལྟར་ནང་དུ་བསུ་ཐབས་ཤིག་རྟོགས་པར་མ་གྱུར་ལགས།
2014/7/8