ལྕགས་མོ་འཚོ་ལགས་ཀྱིས་ངོ་དེབ་ཏུ་སྤེལ་བ།
“རྒན་པདྨ་འབུམ་ལགས་ཀྱིས་བསྒྱུར་གནང་བའི་༼མཚན་མོ༽ཞེས་པའི་དཔེ་དེབ་གྲགས་ཅན་འདི་ལོ་24རྗེས་ནས་་བོད་ཡིག་ཀློག་མཁན་རྣམས་ཀྱི་སྤྱན་སྔར་བསྟར་ཐུབ་པ་བྱུང་བ་དང་།འགྱུར་བརྒྱ་རྩ་བརྒྱད་ཀྱི་འཕྲུལ་དེབ་ཐོག་མ་འགྲེམ་སྤེལ་གནང་བར་རྟེན་འབྲེལ་ཞུ།🌹🌹🌹🙏🙏🙏”
པད་མ་མཚོ་ལགས་ཀྱིས་ངོ་དེབ་ཏུ་སྤེལ་བ།
“མཚན་མོ་ཞེས་པའི་དཔེ་དེབ་གྲགས་ཅན་དེའི་བོད་འགྱུར་མ་དངོས་སུ་འགྲེམས་སྤེལ་གནང་བར་དགའ་བ་ཆེན་པོ་དང་བཅས་བོད་སྒྱུར་བ་རྒན་པདྨ་འབུམ་ལགས་སུ་ཁ་དྲོ་བཀྲ་ཤིས་ཞུ།”
བློ་བཟང་དཔལ་ལྡན་ལགས་ཀྱིས་ངོ་དེབ་ཏུ་སྤེལ་བ།
“ངས་མཚན་མོ་ཟེར་བའི་དེབ་དེ་བཀླགས་ཚར། ངས་ཁ་སང་ཕྱི་དྲོ་ནས་བཀླག ང་ལ་བཤད་མི་ཤེས་པ་ཞིག་གི་ཚོར་བ་སྐྱེས། དུས་ཚོད་གཅིག་དང་ཕྱེད་ཙམ་རེད། ངས་ད་དུང་མཚམས་འཇོག་བྱེད་མ་ཐུབ། ཡིན་ཡང་ངས་རང་ཉིད་ཅི་བྱས་པ་ཡང་མི་དྲན། ད་ནང་ཞོགས་པ་གཉིད་ལས་སད་སྐབས་iPad ནང་གློག་བསགས་ནས་གཉིད་འདུག དེ་ནི་ང་ལ་རླུང་རྟ་རྒྱུག་པ་འདྲ། ངས་མཚམས་བྱེད་མ་ཐུབ། ངས་ཡང་བསྐྱར་བཀླག་པ་ཡིན།
“ཨི་ལི་བཟར་”གྱིས་མེ་ལོང་ནང་དུ་རང་ཉིད་བཙལ་བཞིན་པ་དེར་སླེབས། ད་ལྟ་བདག་གི་སེམས་ཀྱང་འཁྲུལ་འདུག ངས་འདས་དོན་ཞིག་དྲན་ཡོང་། ལོ་གང་མང་གི་སྔོན་ང་ལ་རྨོ་མོས་(ལོ་ཀེ) སོང་བའི་མི་མང་པོ་ཞིག་གི་མིང་སྐྱོར་མྱོང་། (ལོ་ཀེ) དེ་ནི་རྒྱ་སྐད་ཡིན་ནམ་མི་ཤེས། ཨ་མདོའི་ཡུལ་ནས་ང་བརྒྱད་དང་རིག་གསར་སྐབས་བཙོན་ལ་སོང་བ་དག་ལོ་ཀེ་བ་ཟེར། ལོ་ཀེ་བ་དེ་དག་ཁ་ཤས་གཏན་ནས་ཕྱིར་ཡོང་མེད་སོང་། ཁ་ཤས་སླེབས་ཡོད་པ་དེ་ཚོ་ཡང་ཧ་ཅང་ཉམ་ཐག ཁོང་ཚོ་ཡང་འདི་ལྟར་མཚན་མོ་རེ་རེ་དཀའ་སྡུག་གིས་བསྐྱལ་བའི་འཚོ་བ་དངོས་མྱོང་རེ་བཤད་རྒྱུ་ཡོད་གྲབ་འདུག མ་གཞི་དེབ་འདི་བཀླགས་ནས་རང་ཉིད་ཀྱིས་སྔར་བཀླགས་པའི་ནག་ཚང་ནེ་བློའི་གཏམ་རྒྱུད་དེ་ཡིད་ལ་འཆར། དོན་ནམ་པའི་སྒྲུང་གཏམ་ཟེར་བ་འདི་འདྲ་ལོས་ཡིན། ང་ལ་ད་དུང་འདི་ལྟ་བུའི་དཔེ་དེབ་ཀློག་རྒྱུ་ཡོད་ན་ཅི་མ་རུང་།”
འཇམ་དབྱངས་དཀར་པོ་ལགས་ཀྱིས་ངོ་དེབ་ཏུ་སྤེལ་བ།
“ཕྱིའི་རྒྱལ་ཁབ་ཀྱི་གྲགས་ཅན་དཔེ་དེབ་ ༡༠༨ བོད་འགྱུར་གྱི་ལས་གཞིའི་ནང་ནས། དེབ་ཕྲེང་དང་པོ་<<མཚན་མོ་>>ཞེས་པ་དེ་རིང་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་འདུག་པར། སྒྱུར་བ་པོ་དང་གཞོགས་འདེགས་མི་སྣ་ཡོངས་ལ་བཀའ་དྲིན་ཆེ་ཞུ།”
ཚེ་རིང་དོན་གྲུབ་ལགས་ཀྱིས་ངོ་དེབ་ཏུ་སྤེལ་བ།
“དབྱིན་ཡིག་གི་གོ་དོན་མ་ལོག་བར་བོད་ཡིག་གི་ཚིག་རྩལ་ཡ་མཚན་རེད། ཨ་ཁུ་པདྨ་འབུམ་གྱིས་མི་ལོར་ཉེར་གསུམ་ལ་ཉར་བའི་དཔེ་ཆ་དེ་ངས་ཞག་གཅིག་དང་ཉིན་གཅིག་ལ་བཀླག་ཚར་སོང་།”
རས་པ་ལགས་ཀྱིས་ལ་རྩེ་ཇ་ཁང་དུ་སྤེལ་བ།
“མཁས་དབང་ལགས་ཀྱིས་བོད་སྐད་ཏུ་བསྒྱུར་བའི་བརྩམས་མཚན་མོ་ཡོངས་སུ་བཀླགས་ཚར། དང་པོ་བཀླགས་མགོ་བཙུགས་ནས་ཤོག་ངོས་ལྔ་དྲུག་བར་དུ་ཨུ་ཚུགས་ཀྱིས་བཀླགས་དགོས་པ་བྱུང་། དེ་ནས་མར་མཚམས་འཇོག་མ་ཐུབ་ནས་བཀླགས་དགོས་བྱུང་སོང་།”
(ཁ་བརྡའི་མཆན། གོང་གསལ་ནི་སྤྱི་ཚོགས་དྲ་ལམ་དུ་སྤེལ་བཞིན་པ་ལས་འགའ་ཞིག་བཏུས་པ་ཡིན་ལ། རྩོམ་པ་པོ་རྣམས་ལ་ཆོག་མཆན་མ་ཞུས་པར་འདིར་བཀོད་པ་ལ་དགོངས་དག་ཞུ་བ་ཡིན། འདི་ལྟ་བུའི་བཀླགས་བྱང་ཡོད་ན་གཤམ་དུ་འགོད་རོགས་གནང་།)