རླུང་དམར།
མུན་པས་མུན་པ་རྩུབ་བརྡར་གྱིས་འཐབ་དུས
འོད་ཀྱི་སྒོ་མོ་སུ་ཡིས་རང་ཉིད་འཆིང་བྱེད་ཀྱི་འོད་པོ་ཆེ་དེ་ཡིན་ནམ
ཚོར་བ་དམར་ཐིགས་ཐིགས མར་མེའི་བཞིན་མདངས་འཁྱིལ་བའི་མཚན་མོ
དེའང སྐྱོ་བའི་ཚོར་གདུང་འདི་རྟག་ཆད་གང་ཞིག་རེད
ལམ་ནི་སྔར་བཞིན་གསེར་ལྗོངས་ལྟ་བུའི་སྒྲུང་གི་ལེའུ་ཞིག་ཡིན་ན
སྒྲུང་ཀློག་པའི་སྣང་ཚུལ་རེ་རེ་འཆར་ཡན་མང་པོའི་གཟུགས་སུ་ལེན
མཚན་མོ་འདི་བདག་པོ་མེད་པའི་འབྲོང་རྒོད་ཅིག
ཁྲོ་མདའི་ནང་ལ་བལྟས་པའི་མེ་ལོང་དམར་པོ་དེ
ཁྱོད་དང་ངའི་འཚོལ་རྟོགས་ལ་བཞག་པའི་རང་སྲུང་གི་རང་ཚུགས་ཤིག་ཡིན
ནམ་ཡང་བློ་གྲོས་ཀྱི་དྭངས་ཤ་གཞན་སེམས་ལ་གཏོགས་ཐེངས་རེར
གསར་སྐྱེས་ཀྱི་ལྗང་ལོ་ཐམས་ཅད་སྟོབས་ཀྱིས་གསོན་གྱིན་འདུག
མགོ་བོ་འདི་མཁར་སྒང་གི་རྒྱལ་ཁའི་དར་ཆ་དེ་ཡིན་པས
ཡོན་ཏན་གྱི་ང་རོ་བཙན་འཐབ་ཀྱི་གཤོག་པར་སྤྲུལ
གླུ་ངག་གིས་བཅིངས་བའི་མཚན་མོ་ནི་བཙན་གཡར་གྱི་ཁེར་གཏམ་ལྡབ་ལྡིབ
སུས་ངའི་རྨི་ལམ་ངོ་མ་རྡུལ་སྨུག་ནང་ལ་འཁྱེར་སོང
རྟའི་རྨིག་སྒྲ ཁྱི་སྤྱང་གི་ངུ་ཅོ ཤིང་ལོའི་གླུ་སྐད
འདི་དག་ཡོད་ཚད་གཏན་དུ་འཇམ་ཅག་གེར་བོར་སོང
མཚན་མོའི་ནང་གི་མཚན་མོ་ནག་རོག་རོག་དེ
ངའི་མགོ་བོ་ཁེན་སའི་སྔས་འབོལ་དེ་ཡིན་ནམ