—གཙང་མེ་ལྕེ།
གློག་སྒྲོན་ཁྲ་ཁྲ་ཞིག་གི་འོད་ཐིགས་དམར་སྐྱ་རིགས་ཀ
རྡུལ་དང་སྦགས་པའི་དུས་ཚིགས་ཀྱི་བརྡ་མཚན་ཐ་སྙད་རེ་རེ
མཁའ་ཡི་གཞུང་རྟ་གཉིས་སུ་འཁྱིལ
ལྕང་ལོ་རླུང་གིས་འགུལ་ཚུལ་དེས
ཟླ་བས་བསྐྱངས་བའི་མེ་ཏོག་རྒྱ་སེ་དཀར་པོ་ཞིག
མཚན་མོར་ལྕང་ལོའི་སྲུབས་ཀར་བཞད་བྱུང
འོད་ཟེར་ཐི་གུ་འདྲ་བ་དག་ནག་འཐིབས་བེར
ག་ཤེད་ཅིག་ཏུ་ཧྲིབ་ཙམ་མེད་པར་གྱུར་དུས
ལ་སྒྲོན་གྱི་མེ་འོད་ལ་ལྕེབས་མཁན་རིགས་ཀ
ཕྱེ་མ་ལེབ་ཅིག་དང་འདྲ་བར
རང་གི་དུར་ས་དེ
སྣུམ་ནག་ཅིག་ཏུ་རང་ངར་གྱིས་བསྒོམས་བྱུང
http://www.rfa.org/tibetan/sargyur/guest-house-rebkong-tibetan-01082016125009.html
དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་དེའི་དོན་ཚན་དང་པོའི་ནང་། ལས་ཀའི་ཁྱབ་ཁོངས་སུ་དམིགས་བསལ་གནས་ཚུལ་ལས་གཞན་ལས་བྱེད་པའི་དབར་ཕན་ཚུན་བོད་སྐད་བཤད་མི་ཆོག་པ་དང་། གལ་ཏེ་སྒྲིག་གཞི་དང་འགལ་ཚེ་སྒོར་༥༠༠ཉེས་ཆད་གཅོད་རྒྱུ་བཅས་བཀོད་ཡོད་འདུག ་་་་་་་་
ཡ་ཁོ་རེ། ཆི་རྫོ་ལེ་རེད། ཇོ་ཤག་རྣམ་པ།
ཤ་ཉེ། ཅི་གང་རྫོ་ལེ་མི་འདུག། ཁོ་རང་སློབ་གྲྭ་ཆེན་པོ་ནས་ཐོན་པ་རེད། དེ་འདྲ་ཞིག་མ་བྲིས་ན། ཁོ་རང་གི་འདོད་པ་ཚིམ་ཡ་ཡོད་པ་མ་རེད། བྱས་ཙང་། ༼སྙན་མོ་སྙན་མོ་སྙན་ངག་འདྲ་ཞིག་བྲིས་འདུག་ལབ་དགའ་ལེ་ཨ་རོ།༽
གྲོགས་པོ་གནམ་ཟེར་བ་འདིའི་སྐད་ཆ་འདི་གོ་རྒྱུ་ཅན་ཞིག་ཡིན་མིན་སོམས་དང་། དྲང་མོ་བཤད་ན་ངས་ཅང་ར་མ་གོ་ཐལ་་་ཁྱོད་ཀྱིས་ངོ་མ་ངས་བྲིས་པའི་སྙན་ངག་དེའི་བྲོ་བ་མྱངས་ནས་བཤད་པ་ཡིན་ནམ། སྙན་ངག་དང་འབྲེལ་བ་ཡོད་པ་ཞིག་གི་ཐོག་ནས་དོགས་དྲི་བྱས་ན་འཐུས་པ་ཡིན། ཅི་ཞིག་གིས་སློབ་གྲྭ་ཆེན་མོ་ཐོན་པ་རེད་ཟེར་དགོས་སོང་བ་རེད། དེ་འདྲ་ཞིག་མ་བྲིས་ན་ཇི་ལྟར་འདོད་པ་མ་ཚིམ་པ་རེད་་་་ཁྱོད་ཀྱི་ཇི་ལྟར་ཤེས་སམ།