ཉིན་ཞིག་བོད་པ་ཞིག་དང་ཁ་ཆེ་གྲོགས་པོ་ཞིག་རི་ལི་ནང་ཐུག་པ་ རེད། དེ་མ་ཐག་བོད་པ་དེས་ཁ་ཆེ་དེར་རྩེད་མོ་དང་སྦྲགས་ ཨ་ཁྱད་མཚར་། ཁྱེད་ཚོའི་ལྷ་དེ་དངོས་གནས་ཨ་ཆོག་ཐང་ཐང་ཡོད་ས་མ་རེད། ཁྱེད་ཚོས་ལྷ་ཁང་ཕྱི་ནང་ཚང་མར་སྐད་དེ་འདྲ་རྒྱབ་ན་ཡང་ཨ་ལེན་འདེབས་མཁན་མི་ འདུག་ག། ལབ་པས། ཁ་ཆེ་དེ་ངོ་ཚོ་པོ་བྱུང་། དེ་ནས་གང་མཚམས་སོང་བ་ན་ཁ་ཆེ་དེས། ཨ་ཁྱད་མཚར། ཁྱེད་ཚོ་བོད་པའི་ལྷ་དེ་ཚོ་དངོས་གནས་མིག་ཡག་པོ་ཡོད་ས་མ་རེད། ཁྱེད་ཚོས་མཆོད་མེ་གཅིག་སྤར་ཡང་ད་དུང་མི་མཐོང་བར་གསུམ་བཞི་སྤར་དགོས་ཀྱི་ འདུག་ག། ལབ་པས་བོད་པ་དེ་རེ་ཞིག་ཁ་སྐྱེངས་པོ་ཆགས་པ་རེད། གྲོགས་པོ་བང་སྨྱུག་ཞིག་གིས་བཤད། སྨྱུག་རྒོད་གངས་བུ་བྲིས།
མ་རེད་མ་རེད། ད་ཐེངས་སྨྱུག་རྒོད་གངས་བུ་ཁྱེད་ཀྱི་མཚར་གཏམ་འདི་ཅུང་ནོར་འདུག
ཁ་ཆེ་ཚོའི་ལྷ་དེ་ཨ་ཆོག་ཐང་ཐང་མེད་པ་མ་རེད། ཁ་ཆེའི་ལྷ་ཁང་དུ་སྐྱབས་འཇུག་ཞུ་རུ་ཡོང་མཁན་ཚོའི་ཨ་ཆོག་ཐང་ཐང་མེད་ཙང་། ཞོགས་པ་སྔ་བོ་ནས་སྐད་གཏོང་གི་ཡོད་པ་རེད།
བོད་པའི་ལྷ་དེའི་མིག་གསལ་བོ་མེད་པ་ཡང་མ་རེད། བོད་པའི་ལྷ་དེ་མཇལ་མཁན་ཚོའི་མིག་གསལ་བོ་མེད་ཙང་། མཆོད་མེ་མ་སྦར་ན་ལྷའི་ཞལ་མདངས་གསལ་བོར་མཐོང་ཐུབ་ཀྱི་ཡོད་མ་རེད།
ལྷག་པར་དུ། དེ་རིང་སང་ཉིན། བོད་ཕྱི་ནང་གི་བོད་རིགས་གཞོན་སྐྱེས་ཚོའི་ལྷ་ལ་བལྟ་བའི་མིག་དེ་ཞ་ར་ཆགས་གྲབས་འདུག སེམས་སྐྱོ་བ་ལ། ཡིད་མུག་པ་ལ།
རེ་བ་སྟོང་བ་ལ། དགོངས་དག དོ་དགོང་ང་ཅུང་ཙམ་ར་བཟི་འདུག
ཁྱེད་རང་གི་མཚར་གཏམ་དེས་ངས་གྲོགས་པོ་ཞིག་ལ་བརྗོད་པའི་མཚར་གཏམ་ཐུང་ངུ་ཞིག་དྲན་གསོས་སོང་། ངའི་ལོ་མང་མ་ཐུག་པའི་གྲོགས་པོ་དེ་དྲན་བཅུག་སོང་།
ང་ལ་གྲོགས་པོ་ཡག་པོ་ཞིག་ཡོད། དེའི་སྐབས་ངེད་གཉིས་ཀ་སློབ་གྲྭ་གཅིག་གི་དགེ་གྲོགས་ཡིན་པ་མ་ཟད་ཁང་རོགས་ཀྱང་ཡིན།
ཉིན་ཞིག ཁོང་ནས་ཁོང་ཚོ་ཕ་ཡུལ་མཛོད་དགེ་ལ་ཐང་ཆེན་པོ་ཞིག་ཡོད་པའི་སྐོར་བཤད་སོང་། ངས་ཉན་བསྡད་པ་ཡིན། ཁོས་ཐང་ཆེ་རབས་ཆེ་སྲོལ་མང་པོ་ཞིག་བཤད་ཅིང་། ཁོང་ཚོར་གཞི་བདག་ཞ་ར་ཞིག་ཡོད་པ་དེས་ཐང་ཆེན་པོ་དེ་བརྟོལ་མ་ཐུབ་པར་ནམ་གསལ་བའི་ལོ་རྒྱུས་ཤིག་བཤད། ངས་ཨ་ཙེ་ཨ་ཙེ། ཁྱེད་ཚོའི་ཐང་དེ་ངོ་མ་ཆེན་པོ་རེད་འདུག་ལབ་པ་ཡིན། ཁོའི་དགའ་སྣང་དང་བཅས་མུ་མཐུད་ཐང་ཆེན་དེའི་ལོ་རྒྱུས་བཤད། དེ་ནས་ངས། ཁྱེད་ཚོའི་ཐང་དེ་ཧ་ལས་པའི་ཆེན་པོ་ཡོད་འདུག ཡིན་ན་ཡང་། གཞི་བདག་ཟེར་བ་དེ་སྐད་ཅིག་གིས་བོས་ན་གློག་ཞགས་ཀྱིས་མྱུར་བ་ཞིག་ཡིན་པ་ལ། ཁྱེད་ཚོར་ཆི་འདྲ་འདྲའི་གཞི་བདག་གུ་ཐུག་ཅིག་ཡོད་ཟིག མཚན་གང་རིང་ཐང་གཅིག་གི་མགོ་རྔར་སླེབས་མི་ཐུབ་པ་དེ་འདྲ་ཞིག་ཅེས་བརྗོད་པ་དང་དེར་ཡོད་ཚང་མ་གད་མོ་བགད་སོང་། ཁོ་རང་ཡང་མགོ་ཕུར་ཕུར་འགའ་བྱས་ནས། ཧེ་ཧེ་ཟེར་ནས་གད་མོ་བགད་སོང་།
དེ་རིང་ངའི་བློས་ཐུབ་ཀྱི་གྲོགས་པོ་དེ་དྲན་སོང་།
ང་ལ་ཡང་མཚར་གཏམ་ཞིག་ཤོད་རྒྱུ་ཡོད
ནིའུ་ཡོག་ནང་བོད་པ་བརྡལ་གཏོང་རླངས་འཁོར་གཏོང་མཁན་ཞིག་ཡོད། ཉིན་གཅིག་རླངས་འཁོར་བཏང་ནས་འགྲོ་སྐབས། བུད་མེད་རྒྱག་པ། དམར་ཧྲེང་བ་ཞིག་གིས་མདུན་ལ་ཡོང་ནས། རླངས་འཁོར་དེ་བཀག ཁོ་མོས་རྒྱབ་ལ་འཛུལ་རྗེས། “མགྱོགས་པོ་རྒྱུག མདུན་གྱི་རླངས་འཁོར་དེ་འདེད་ནས་རྒྱུག་ཟེར།” བོད་པ་དེས་རླངས་འཁོར་གང་ཙམ་བཏང་རྗེས། ཁོ་མོར་ལུས་ཀྱི་མགོ་ནས་རྐང་པ་བར་ཞིབ་ལྟ་ཞིག་བྱས། དེ་ལ་མོས། “ངོ་ཚ་རྒྱུ་མེད་པ། ཁྱོད་བུད་མེད་དམར་ཧྲེང་བ་ལ་འདི་ལྟར་ལྟ་ནུས་པ་ངོ་མ་ཞབས་འདྲེན་རེད།” ཅེས་བཤད། ཁོས་མུ་མཐུད་རླངས་འཁོར་བཏང་། ཡང་། བར་མཚམས་ཞིག་ན། མོའི་ལུས་ཀྱི་སྨད་ལ་ཞིབ་ལྟ་ཞིག་བྱས་པར། མོ་ཁོང་ཁྲོ་ལངས་ནས། “ཆལ་པ། ངོ་ཚ་གི་མིན་འདུག་གམ། ཁྱོད་ཀྱི་བུད་མེད་མཐོང་མ་མྱོང་ངམ་”ཟེར། ཁོས། “ཨ་ཅག་ལགས། དེ་འདྲ་ཁྱོན་ནས་མ་རེད། ཁྱེད་ཀྱིས་རླངས་འཁོར་གྱི་གླ་ཆ་དེ་ག་པར་ཉར་ཡོད་མེད་ལྟ་གི་ཡོད་ཟེར།”
བོད་རིགས་དྲ་གྲོགས་ཚོས་ཁ་རྩོད་མ་བརྒྱབ་པར་མཚར་གཏམ་འདྲ་གླེང་བསྡད་ན་ངོ་མ་འཚམས་པོ་འདུག ཡ་ང་ཡག་རང་རེད།
ཐེངས་གསུམ་བག་མ་ཞབས་གསར་མ།
ལོ་ན་ཅུང་ཆེ་བའི་བུད་མེད་ཅིག་གིས་རང་ཉིད་ཀྱི་གཉེན་སྒྲིག་ཐེངས་བཞི་བའི་གཉེན་སྟོན་ལ་གྲ་སྒྲིག་བྱེད་ཆེད། གཉེན་དོན་སློབ་སྟོན་པའི་རྩར་བསླབ་བྱར་ཉན་དུ་སོང་།
“སྐུ་ཞབས་ལགས། ངས་ངའི་ཁྱོ་ག་ལ་ང་དུང་ཡང་ཞབས་གསར་མ་ཞིག་ཡིན་པ་དེ་ཅི་ལྟར་ཤོད་དགོས་སམ།”
“བུ་མོ། ཁྱོད་གཉེན་སྒྲིག་ཐེངས་དེ་འདྲའི་མང་བོ་ཞིག་བྱས་པས། ཁྱེད་ཞབས་གསར་མ་ཞིག་ཡིན་སྲོལ་མེད།”
“སྐུ་ཞབས། ངའི་ཁྱོ་ག་དང་པོ་དེ་སེམས་ཁམས་རིག་པ་བ་ཞིག་ཡིན་པས། ཁོ་རང་གིས་གཅིག་བྱེད་འདོད་པ་ནི་སྐད་ཆ་བཤད་རྒྱུ་ཁོ་ན་རེད། དེའི་རྗེས་ཀྱི་ཁྱོ་ག་དེ་འཛུགས་སྐྲུན་ངལ་རྩོལ་ལས་ཀ་པ་ཞིག་ཡིན་པས། རྒྱུན་དུ་ངེད་གཉིས་ཀྱིས་དེ་སང་ཉིན་ལས་ཟེར། ཁྱོ་ག་མཐའ་མ་དེ་མོ་ནད་སྨན་པ་ཞིག་ཡིན་པས། ཁོས་རྒྱུན་པར་ངའི་དེ་ལ་ལྟ་ཞིབ་བྱས་ནས་བསྡད། ད་ཐེངས་ང་ཁྲིམས་རྩོད་པ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་བཞིན་ཡོད་པས། ད་ཐེངས་ཡིན་ན་ངའི་ཨོང་ཤ་ས་ལ་རྡེབ་རྒྱུ་རེད།”
ང་ཚོས་ས་ཁུལ་ཏུ་འདི་འདྲའི་འཚར་གཏམ་ཞིག་ཡོད། སྔོན་ཆད་ཁ་ཆེ་ཞིག་ལ་ཨ་ཁུ་ཞིག་གིས་ང་ཚོའི་ལྷ་ཡིས་ཁྱེད་ཚོ་ཁ་ཆེ་བའི་ལྷ་ཡི་ལུས་ལ་སྐྱག་པ་ཞུགས་ཡོད་སྟབས། ཁྱེད་ཚོས་ལྷ་ཡིས་ཁྱེད་ཚོས་གཟུགས་པོ་ཉིན་གཅིག་ལ་ཐེངས་མ་འཁྲུ་དགོས་ཀྱི་ཡོད་པ་དེ་ཨེ་ཤེས་ཤེས་བཤད་དུས། ཁ་ཆེ་བ་དེ་རེ་ཞིག་གང་ཡང་བཤད་རྒྱུ་མེད་པར་བསྡད་རྗེས། ཅུང་ཙམ་འགོར་ནས་རེད། ང་ཚོས་ལྷ་ཡིས་ཁྱེད་ཚོའི་ལྷ་ལ་གཅིན་པ་འཐུང་དུ་བཅུགས་ཡོད་སྟབས། དེང་སང་ཁྱེད་ཚོས་རྒྱུན་ཏུ་མགོ་བོ་སྒུར་ནས་ང་ཚོའི་ལྷ་ཡིས་གཅིན་པ་འཐུང་གི་ཡོད་པ་རེད་ཅེས་བཤད་དུས་ཨ་ཁུ་ཁ་གྲགས་རྒྱུ་མེད་པར་ལུས་པ་རེད། ་
བཅོས། ཐེངས་རེ་འཁྲུ་དགོས་ཀྱི་ཡོད་པ་དེ་ཨེ་ཤེས་ཟེར་ནས་
དགོངས་དག་མཚར་གཏམ་ཡང་ནོར་འདུག ད་ནི་དངོས་ནས་ངས་བོད་ཡིག་གི་དག་ཆ་ཤེས་པ་དེ་ཚོ་ཡང་བརྗེད་ཀྱི་ཡོད་པ་འདྲ། ད་དུང་མ་རིག་མ་ཤེས་ས་ནས་ཡིག་ནོར་འབྲི་བཞིན་ཡོད་ངེས་ཡིན་དགོངས་དག་ཞུ།
བོད་པ་ཁ་ཏོན་འདོན་མཁན་ཞིག་གིས་”ཁ་མེད། རྣ་མེད། སྣ་མེད། མིག་མེད་་་”ཅེས་ཤེར་སྙིང་འདོན་བཞིན་ཡོད། ཁ་ཆེ་ཞིག་གིས་དེ་ལ་ཉན་ཉན་ཉན་ནས་”ཨ་རོ། ཁྱེད་ཀྱིས་ཁ་མེད། རྣ་མེད། ཅེས་རེ་རེ་བྱས་ནས་བགྲང་འདུག་པ་ལས་མགོ་མེད་ཅེ་ན་སྟབས་བདེ་བོ་མ་ཡིན་ནམ།”ཞེས་བཤད།
བོད་པ་དེས་ལན་ཅི་ཞིག་རྒྱག་གམ།
མགོ་མེད་ཟེར་ན། སྤྱི་ཁོགས་ཙམ་ལས་ཤུགས་ཆེན་པོ་ཞིག་ཚོར་མི་ཐུབ་པས། མིག་མེད་། རྣ་མེད་ཟེར་དུས་མགོ་མེད་ཟེར་ལས་ཚོར་བ་ཤུགས་ཆེན་ཞིག་མི་སྐྱེས་སམ།
འོད་འཚེར་འཚེར་ལགས་ཀྱི་དེ་གཏམ་ལན་ཞིག་རེད། ཡིན་ན་ཡང་ཀྱལ་ཀའི་བྲོ་བ་མི་འདུག སྐབས་འདིར་ཀྱལ་ཀ་དང་རྒྱུ་མཚན་གཉིས་ཀ་དགོས་ཀྱི་ཡོད་ཅིང་། རྒྱུ་མཚན་གཅིག་པོས་གཏམ་ལན་འཇལ་ཐུབ་ཀྱི་མེད་པ་འདྲ། ངས་ཡང་སྐྱར་མཚར་གཏམ་ཞིག་བཤད།
ས་ཆ་ཞིག་ལ་ཆར་བ་མ་བབས་པར་ཡུན་རིང་པོ་སོང་། བོད་པའི་ཆོས་པ་རྣམས་ཀྱིས་ཆུ་མིག་འགྲིམ་པ་སོགས་ཆར་བ་འབེབས་པའི་རིམ་གྲོ་མང་པོ་བྱས། ཡིན་ན་ཡང་ད་དུང་ཡང་ཆར་བ་མ་བབས།
ཡང་ཁ་ཆེ་ཞིག་གིས་བོད་པ་རིམ་གྲོ་པ་དེ་རྣམས་ལ། “ཁྱེད་ཚོས་དཔེ་ཆ་ལེན་ནོར་བྱས་པ་མིན་ནམ། ཁྱེད་ཚོས་ཆར་བ་འབེབས་བྱེད་ཀྱི་དཔེ་ཆ་ལེན་ནོར་གྱིས་ཆར་བ་འགོག་བྱེད་ཀྱི་དཔེ་ཆ་བླངས་པ་མ་ཡིན་ནམ།”ཟེར།
འཚར་གཏམ་ཞིག་ལ། ཁ་ཆེ་ཞིག་དང་བོད་པ་གཉིས་ཚོང་དུ་ཕྱིན་པ་དང་། ལམ་བར་བྱེ་ཐང་འགྲིམ་སྐབས་ངལ་དུབ་ཀྱིས་མནར་བ་དང་། ཁ་སྐོམ་པ་། ཉི་མ་མགོ་ཐོག་ཏུ་འཁོར་སྐབས་། ཁ་ཆེ་ཁོས་ཨཱ་ལ་ཕྱག་འཚལ་བའི་དུས་ལ་སླེབས་པ་དང་། བོད་པ་ཁོ་ལ་ད་ནི་ངས་ཨཱ་ལ་ཕྱག་འཚལ་ནས་ཆུ་ཞིག་སློང་ཟེར་ནས། གདན་གྲུ་བཞི་ཐང་ལ་བཏང་ནས་ཕྱག་འཚལ། དུས་ཡུན་སྐར་ལྔ་ལ་སྒུག་ཀྱང་ཁ་ཆེ་ཁོས་མགོ་ས་ལ་བཞག་ནས་འགྲོ་རྒྱུ་མ་བྱུང་། བོད་པ་ཁོ་འུ་ཐུག་ནས་ཁ་ཆེའི་རྒྱབ་ལོགས་ནས་གཅིན་པ་མདུན་བཏང་བ་ན། གཞི་ནས་ཁ་ཆེ་ཁོང་གཉིད་ཟད་པ་ལྟར་བྱུང་ནས་གཅིན་པ་ཡིད་ཚུམ་ཞིག་བཏུང་ནས་ཨཱ་ལ་ཐུགས་རྗེ་ཆེ་ཞུས་།
ཉི་མ་ཞིག ཁ་ཆེ་འགའ་ཤས་ཤིག་ནས་ཚོང་ནོར་སྤེལ་ཐབས་སྐོར་ཁ་བརྡ་བྱས་པར། གཅིག་གིས་བོད་པ་ཞིག་གིས་ནོར་གཡང་འགུགས་པའི་འདོན་པ་ཞིག་འདོན་ཤེས་ཀྱི་འདུག་ཅེས་བཤད། དེ་ནས་གཅིག་གིས་ཆོས་འདོན་མཁན་ཁོ་རང་ནོར་ཡོད་མཁན་ཕྱུག་པོ་ཞིག་ཨེ་རེད་ཅེས་དྲིས། དེ་ནས་གཞན་པ་དེས། ཁོ་རང་ཕྱུག་པོ་ཞིག་མ་རེད་ཅེས་ལན་བཏབ།
དེ་ནས་སྔོན་དྲི་བ་འདྲི་མཁན་གྱི་མི་དེས། ཨོ་དེས་ན་དེ་ལ་ཡིད་ཆེས་རྒྱུ་ཡོད་པ་མ་རེད་ཅེས་བཤད།
གཙང་པ་ཞིག་གིས་དབུས་པའི་སྐུ་དྲག་ཞིག་ལ་འདྲིས་པར། “རྒྱལ་བ་རིན་པོ་ཆེ་གོ་འཕང་མཐོའམ་ཡང་ན། འུ་རས་ཚོའི་༼ངེད་ཚོའི་༽སྐྱབས་མགོན་པན་ཆེན་རིན་པོ་ཆེའི་གོ་འཕང་མཐོ།” དབུས་པས། “ཨོ། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། རྒྱལ་བ་ཐམས་བཅད་མཁྱེན་པ་འདི་ཉིད། བོད་གངས་ཅན་གྱི་”གོང་ས་སྐྱབས་མགོན་གཅིག་པུ་ཁོ་ན་རེད། ཁོང་མཐོ་དང་མཐོ།”ཟེར། གཙང་པ་ན་རེད། “བྱས་ན་ཅིའི་ཕྱིར་ཁྱེད་ཚོའི་སྤྱན་རས་གཟིགས་ཀྱིས་འུ་རས་ཚོའི་འོད་དཔག་མེད་དབུའི་སྟེང་ལ་ཁྱེར་ནས་འགྲོ།”ཟེར། དབུས་པ་ན་རེ། “དེ་ཁྱེད་ཚོ་གཙང་གི་ས་ཆ་གང་སཪ་སྐྱག་པ་གང་བྱུང་བཏང་སྟབས། འོད་དཔག་མེད་བཞུགས་ས་མེད་པས་རེད་ཟེར།”
དགོན་པའི་གྲྭ་རྒན་ཞིག་གིས། རྟག་ཏུ་དགེ་ཕྲུག་དེ་ལ་འཇིག་བརྟེན་མི་རྟག་པ་རེད། འཆི་བ་ནམ་ཡོང་ངེས་པ་མེད་ཟེར།རྒྱུན་པར། ཤ་དང་མར་རྣམས་བཟའ་མ་ནུས་པར། རང་གི་ཉལ་ཁྲིའི་འོག་ལ་སྦས། དགེ་ཕྲུག་དེར་ཐ་ན་རྩམ་པ་བགྲོད་པ་རྒྱག་པ་སྤྲོད་ཀྱི་མེད། ཉིན་ཞིག་དགེ་རྒན་དེ་ལ་ནད་གཅིག་བྱུང་ནས། མལ་ནང་ལྷུང་བས་ན། དགེ་ཕྲུག་དེ་ལ། “ཁོ་རེ། ད་གྲ་སྒྲིག་བྱོས། འཆི་བ་སླེབས་ཡོང་གི་འདུག་ཟེར།” དགེ་ཕྲུག་དེས་ལམ་གསེང་ཤག་ནང་ཡར་རྒྱུག་མར་རྒྱུ་བྱས་ནས། རྡོག་མཁྲེགས་ཆེ་བ་གཅིག་དང་ཆུང་བ་གཅིག་བཟོས། དགེ་རྒན་གྱི་འགྲམ་ན་ཕྱིན་ནས། “རྒན་ལགས་ཚང་མ་གྲ་སྒྲིག་ཡིན། འཆི་བ་སླེབས་སོང་ན། རྒན་ལགས་ཀྱིས། ཇ་དང་རྩམ་པ་དེ་ཡང་བ་ཡོད་སྟབས། དེ་དག་འཁུར་ནས་སྔོན་ལ་ཕེབས་རོགས། ངས་ཤ་དང་མར་དེ་ཁྱེར་ནས་རྗེས་ལ་སླེབས་ཡོང་ཟེར།”
སྔོན་མ་རྒྱ་གར་ལ་ཕག་པའི་ཡུལ་ཟེར་བ་དེ་ཁ་ཆེ་སླེབས་ནས་འཕགས་པའི་ཡུལ་ལ་བརྗེ་བ་རེད་ཟེར་རྒྱུ་ཞིག་འདུག དེ་ངོ་མ་ཡིན་ནམ།
ཨ་ཁུ་འབྲོག་པ་ཞིག་རོང་ཕྱོགས་སུ་ཕྱིན་ཐེངས་རེར་ཁོ་རང་གི་གྲོགས་པོ་རོང་པའམ་ཞིང་པ་ཞིག་ཡོད་པ་དེའི་རྩར་འགྲོ་རྐྱང་བྱེད་གི་ཡོད་པ་མ་ཟད་ཁོང་གཉིས་ནས་རོང་འབྲོག་གི་ལ་རྒྱ་རྩོད་ནས་གཅིག་གཅིག་ལ་རྒྱལ་ཕམ་བྱུང་སྐབས་གད་མོ་ཐག་ཐག་ཤོར་གི་ཡོད་འདུག
སྐབས་འདིར་ཨ་ཁུ་འབྲོག་པ་དེ་རྒྱལ་ནས་རོང་སྐྱག་རྔ་ལོ་དེ་ཁ་གྲག་མེད་དུ་བཏང་འདུག ཨ་ཁུ་འབྲོག་པ་དེས་བཤད་རྒྱུར། རོང་པའི་ཁྱིམ་ཚང་ཞིག་ལ་མགྲོན་པོར་ཕྱིན་ན། གྱང་ཁ་ནས་ཞི་མེ་ཞིག་གིས་ མ་ཡོང་། མ་ཡོང་(མེའོང། མེའོང)ཟེར་གི་རེད། གྱང་རྩ་ནས་ཕག་པ་ཞིག་གིས། ཧར་སོང་ཧར་སོང་(ཕར་སོང)ཟེར་གི་རེད། ངེད་ཚོའི་འབྲོག་པར་ཡོང་ན། ཁྱི་རྒྱ་ལི་ཆེ་ཆེ་བ་ཞིག་གིས། བོབས། བོབས། ཟེར། (རྟ་ལས་བབ་པའི་སྐུལ་ཚིག) གི་རེད་ཅེས་བཤད།
ཡང་ཉིན་ཞིག ཨ་ཁུ་འབྲོག་ནག་ཕྱི་ལོགས་སུ་རྩ་ནས་འགྲོ་མ་མྱོང་པ་ཞིག་རོང་པ་ངོ་ཤེས་ཤིག་ནང་ཕྱིན་འདུག
རོང་པ་དེའི་སྒོ་རའི་ནང་ཕག་པ་ཞིག་ཡོད་འདུག འབྲོག་པ་དེས་དེ་སྔོན་ཕག་པ་རྩ་ནས་མཐོང་མྱོང་ཡོད་མི་འདུག ཁོས་ཕག་པ་མཐོང་བ་དང་སྐྲག་ཐག་ཆོད་ནས། སྐུ་མཁྱེན། དང་པོ་ཁྱེད་རང་ནས་ཁྱི་དེ་ཅིག་འཇུས་དང་བཤད་པར། རོང་པ་དེས། ཨ་འབྲོག་རྒན། དེ་ཁྱི་མ་རེད། ཕག་པ་རེད། ཅེས་ལན་བཏབ། འབྲོག་པ་དེས། ཕག་པ་ཡིན་ན་ཡང་དེ་ཅིག་འཇུས་དང་ཞེས་ཞེད་སྣང་དང་བཅས་བཤད།
ཡང་། རྒྱ་གུང་ཁྲན་ཟེར་བ་དེ་ཐེངས་དང་པོར་ཨ་མདོའི་འབྲོག་ཁུལ་ཞིག་ཏུ་སླེབས་སྐབས་འབྲོག་དམངས་དེ་ཚོས་རྒྱ་ནག་ལ་དམག་རྒྱབ་ནས་ཕར་ཚུར་གཉིས་ཀར་ཤི་རྨས་མང་པོ་བཏང་འདུག དང་པོ་དམག་རྒྱབ། དེ་ནས་ལ་བྲོས་ལུང་བྲོས་མང་པོ་བྱས་མཐར་འབྲོག་པ་ཞིག་གིས་བསམ་བློ་མང་པོ་བཏང་ནས་བཤད་རྒྱུར།། རྒྱ་འདི་ཚོ་ལྐུགས་པ་རང་རེད། ཡིན་པ། ཕལ་ཆེར་ཁོ་ཚོ་སློང་མོ་སློང་གི་ཡོང་པ་ཡིན་རྒྱུ་རེད། ཡིན་ན་ཡང་། ཁོ་ཚོའི་རྩམ་ཁུག་ཁྱེར་མ་ཡོང་བར་མེ་མདའ་ཁྱེར་ཡོང་བ་དེ་ཁོ་ཚོ་མ་འགྲིགས་པ་རེད། ང་ཚོས་ཀྱང་བསམ་ཤེས་བྱས་ནས་ཁོ་ཚོར་གཡག་རྒན་ཁ་ཤས་སྤྲད་པ་ཡིན་ན་ཁོ་ཚོ་ཕར་ལོག་འགྲོ་གི་རེད་དེ། འུ་ཚོའི་དཔོན་པོ་སེར་སྣ་ཆེ་ནི་གི་དེ་ཡང་མ་ཡོང་པ་རེད། ད་ཕར་ཚུར་བར་མི་ཤི་རྟ་འགྱེལ་རི་འདྲ་བ་ཞིག་ཡོང་། ཆི་བྱས་ན་དགའ་བ། ང་སོང་ནས་མའོ་ཀྲུའུ་་ཀྲུའུ་ཁོ་བསད་ཐུབ་ན། རྒྱལ་བ་པན་ཆེན་གཉིས་ཡང་ཐུགས་དགྱེས། ང་ཤི་ནའང་འགྲོ་ས་ཞིག་ཡོད་པ་རེད།
མའོ་ཀྲུའུ་ཀྲུའུ་ཁོ་གཡག་ལུང་ཁོག་ན་མེད་ནའང་ཕལ་ཆེར་རྫ་དམར་ཀླད་ན་ཡོད་ཁོ་ཐག་ཡིན་རྒྱུ་རེད་ཅེས་བཤད་དེ་མི་མང་པོས་བཀག་ཀྱང་མ་ཁོག་པར་ཤོར་གྲབས་ཤོར་གྲབས་བྱས་འདུག
ཧིན་དྷིའི་ཆོས་ལུགས་པ་དང་ནང་པའི་ཆོས་ལུགས་པའི་ལྷ་བྲིས་པ་ཚོས་གནའ་སྔོན་མ་རི་མོ་འགྲན་བསྡུར་བྱས།
ཧིན་དྷིའི་ལྷ་བྲིས་པ་ཚོས་ཧ་ནི་མ་ལ་སྤྲུའུའི་མགོ་བཙུགས་ནས་ནང་པའི་ལྷ་བྲིས་པ་ཚོས་ག་རེ་བྱ་རྒྱུ་འདུག་བལྟས།
ནང་པའི་ལྷ་བྲིས་པ་ཚོས་སྤྱན་རས་གཟིགས་ལ་ཕྱག་བཞི་བཏགས་ནས་ཕྱག་དྲུག་བྱས། ཧིན་དྷི་པ་ཚོས་དེ་འདྲ་དང་དོགས་པ་སྐྱེས་མེད།
བསམ་བློ་མང་པོ་མ་བཏང་ནས་ཧིན་དྷི་པས་གླང་ཆེན་གྱིས་མགོ་ཞིག་འཛུགས་རྒྱུ་ཐག་བཅད།
ནང་པའི་ལྷ་བྲིས་པ་ཚོས་དེ་འདྲའི་ཐབས་སྐྱོ་བ་ལ་ཨང་སྙམ་ནས་སྤྱན་རས་གཟིགས་ན་ཕྱག་སྟོང་བྲིས། ཧིན་དྷིའི་ལྷ་བྲིས་པ་ཚོས་ཧོན་འཐོར་ནས་སྡོད། ནང་པའི་ལྷ་བྲིས་པ་ཚོས་ད་ཡིན་ན་སྤྱན་ཡང་སྟོང་གཅིག་བྲིས་ནས་དེ་ལྟར་བྲིས། ཧིན་དྷི་བས་ཕམ་ཁ་ལེན། སྤྱན་རས་གཟིགས་ལ་ཕྱག་སྟོང་སྤྱན་སྟོང་འབྲི་མཁན་དེ་ལ་བྱ་དགའ་ཨང་དང་པོ་དེ་ཐོབ། ཚང་མས་ལག་པ་བརྡེབ་རོགས།
ཁ་བརྡའི་ལེ་ཚན་འདི་བརྒྱུད་ནས་འུ་ཚོས་སོ་སོའི་སྐད་ཡིག་བེད་སྤྱོད་རེ་བྱེད་དུས
ཧ་ཅང་གི་སྐྱིད་སྣང་ཞིག་དང་མང་པོ་ཞིག་བརྗོད་འདོད་སྐྱེས་འོང་།
སྤུན་ཟླ་ཚོ་མུ་མཐུད་ནས་རང་སྐད་འདི་དར་ཁྱབས་སུ་ཐོངས་དང་།
བུ་རྒོད་ཚོ་ལུགས་མཐུན་གྱིས་ཤིག
ངས་འདི་ནས་གསར་འགྱུར་ཞིག་བཤད་ཡ་ཁྱེད་ཚོས་ཉོན་དང་།
དེ་རིང་ལྷག་པ་ཚེ་རིང་ཚོགས་ཁང་ནང་དུ་རྒྱ་མི་ཝང་ལུ་ཞུང་སླེབས་དེ་གཏམ
བཤད་མགོ་མ་བརྩམ་གོང་དུ་བཅུད་པར་རྫ་སྐྱེས་སམ་གཡང་མཁོ་རྒྱལ་ཐོན་ཏེ
མདུན་ཅོག་སྒང་ལ་ཁུ་ཚུར་གཅིག་གཞུས་ནས་རྒྱ་མི་དེའི་གདོང་ལ་འཛུབ་མོ
བཙུགས་ཏེ་བཤད་རྒྱུར། མི་འདི་ནི་རྒྱ་མིའི་མྱུལ་མ་ཡིན་པས་ང་ཚོས་གཟབ་དགོས
བ་མ་ཟད་འདི་ལྟར་བཀོད་སྒྲིགས་བྱེད་མཁན་པེན་བོད་ཀྱི་རྩོམ་པ་པོའི་མཐུན
ཚོགས་ལའང་སྐད་ཆ་འགའ་བཤད་དེ་ཁོ་དང་ཁོའི་ཆུང་མ་ད་དུང་མི་ལྔ་བཅས་
དེ་རིང་ནས་བཟུང་རྩོམ་པ་པོའི་མཐུན་ཚོགས་ནས་དགོངས་པ་ཞུས་ཚུལབརྗོད་ཀྱིན
འདུག་དྲ་གྲོགས་རྣམས་པ་ཁྱེད་ཚོས་བལྟོས་ན་ག་འདྲ་འདུག་གམ།
འོས་འཚམས་ཨེ་རེད་།
ཧ་ཧ་ཏག་ཏག་རེད།
ཧིན་དྷུ་ཞེས་བྲི་དགོས།
རྫ་སྐྱེས་ཟེར་བ་དེ་གང་བྱུང་མ་བྱུང་བྱས་པ་རེད། ངོ་མ་ཤེས་ན་མི་ཀླད་མེད་དམ་ཉུལ་མ་ཡིན་རྒྱུ་རེད།
མཚར་གཏམ་ཞིག་ཡོད།
འབྲོག་པའི་ཁྱིམ་ཚང་ཞིག་ལ་ཉིན་གཅིག་ལུག་གཅིག་བཤས་ནས། རྒྱུ་མ་བརྒྱངས། དེ་ཕྲུ་གུ་དང་ཕ་མ་རྣམས་ཀྱིས་བགོས་ནས་བཟས། ཤ་དང་མགོ་དེ་ཉིན་རྗེས་མ་བཟའ་རྒྱུ་བྱས།
དེའི་དགོངས་མོ། ཕྲུ་གུ་རྣམས་ཉལ་རྗེས། ཁྱིམ་བདག་དེས་ཆུང་མའི་མལ་ཆས་ནང་འཛུལ། མགོ་ལ་ཁ་ཞིག་བྱིན། “དོ་དགོངས་རྒྱུ་མ་དེས་བྱས་པ་འདྲ།”ཟེར་ནས། ཆུང་མ་དེ་ལ་ཆགས་པ་སྤྱོད་སྐབས།” ཆུང་མ་དེ་ཆགས་པ་ཆེན་པོ་འཕེལ་ནས། “འོ། ང་ལ་ཁ་ཞིག་སྤྲོད་དང་། ལྕེ་དེ་སྤྲོད་དང་།”ཟེར།
དེ་ནས། “ཨ་མ་ཅི་ཟེར། ཨ་ཕ། ཁ་དང་ལྕེ་མ་སྤྲོད་ཨང་། དེ་ང་ཚོ་སང་ཉིན་མཉམ་དུ་བཟའ་རྒྱུ་ཡིན་ཟེར།”
གནམ་གྲུ་ཞིག་གི་ནང་དུ་བོད་པ་ཞིག་དང་ཉིན་ཧོང་བ་གཅིག སོ་སུ་ནས་ཡིན་པ་གཅིག་བཅས་མི་གསུམ་མཉམ་ཏུ་འཛོམ་ཡོད་པ་རེད། ཉིན་ཧོང་བ་དེས་རང་གི་དཔར་ཆས་བརྫིག་པོ་ཞིག་ཡོད་པ་དེ་གནམ་ཁྲིའི་སྒེའུ་ཁུང་ནས་མར་གཡུག་པ་རེད། དེ་དུས་བོད་པ་དེས་དེ་གཡུག་ནས་ག་རེ་བྱེད་ཅེས་དྲིས་དུས། ད་དེ་ཚོ་གང་ཡང་མ་རེད། ང་ཚོའི་ཉིན་ཧོང་དུ་དེ་འདྲའི་ག་ཚོད་དགོས་དགོས་ཡོད་རེད། འདི་ནས་འཁྱེར་སོང་ན་ལྗིད་ཁོག་ཆེ་བ་ལས་མི་འདུག་ཟེར་ནས་བསྡད་པ་ན། སོ་སུ་ནས་ཡིན་པས་མི་དེ་ཡར་བླངས་དེ་རང་གི་ལག་མགོའི་ཆུ་ཚོད་བརྫིག་པོ་དེ་འཕུད་དེ་སྒེའུ་ཁུང་ནས་མར་གཡུག་པ་ན་སླར་ཡང་བོད་པ་དེས་ཨ་ཙི་ཆུ་ཚོད་དེ་འདྲའི་ཡག་པོ་ཞིག་མར་གཡུག་ནས་འཕངས་པ་ལ་ཟེར་དུས། མི་དེས་དེ་ལ་འཕང་རྒྱུ་གང་ཡོད་ངེད་ཅག་གི་རྒྱལ་ཁབ་ན་ཆུ་ཚོད་འདི་འདྲ་གད་སྙིགས་ནང་ནས་ཀྱང་རྙེད་ཀི་རེད་ཟེར་ནས་ལན་བཏབ་དུས། བོད་པ་ཡར་བླངས་དེ་ཕར་ངོས་ཀྱི་རྐུབ་སྟེགས་སྟེང་དུ་རྒྱ་མི་ཞིག་ཡོད་པ་བཟུང་དེ་སྒེའུ་ཁུངས་ལས་མར་གཡུག་རྩིས་བྱས་དུས། ཁོ་གཉིས་རྒྱུགས་ནས་སོང་དེ་ཁྱེད་རང་གིས་ག་རེ་བྱེད་རྩིས་ཡོད་ཟེར་དུས། ཨོ་རེད། ང་ཚོ་བོད་ན་རྒྱ་མི་ཟེར་ན་ག་ཚོད་དགོས་དགོས་ཡོད་རེད་ཟེར་ནས་གནམ་ཁྲིའི་སྒེའུ་ཁུངས་ནས་མར་གཡུག་པ་རེད།
གྲོགས་པོ་ཚོའི་མཚར་གཏམ་དེ་ཚོ་ཕ་ཡུལ་ཤེས་བྱའི་བང་མཛོད་ནང་བཀོད་ན་གཞོན་སྐྱེས་ཚང་མའི་མཐོང་ཐུབ་པས་ཡག་པོ་འདུག་ག།
ཕ་ཡུལ་ཤེས་མཛོད་གློག་འཕྲིན་ཁ་བྱང་། phayulshedzod@yahoo.com
སྨྱུག་རྒོད་ལགས། དང་པོ་ཕ་ཡུལ་ཤེས་མཛོད་ཀྱི་དྲ་རྒྱའི་ཁ་བྱང་གནང་རོགས་གནང་། གཅིག་ཀློག་འདོད་འདུག ཐུགས་རྗེ་ཆེ།
ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་དྲ་རྒྱ་ཡོད་ས་མ་རེད། དེ་ནི་བོད་ཕྲུག་ཚོའི་ཆེད་དུ་འདོན་སྤེལ་བྱེད་པའི་ཚགས་ཤོག་ལྟ་བུ་ཞིག་རེད་འདུག་ལ། ཕལ་ཆེར་བཙན་བྱོལ་ཁྲོད་ཀྱི་བྱིས་པ་ཕལ་ཆེ་བས་བལྟ་ཐུབ་པ་ཞིག་རེད་ཤག
སྨྱུག་རྒོད་ལགས།
ཐུགས་རྗེ་ཆེ། ད་ཧ་གོ་སོང་། རྗེས་མ་རིན་ཐང་ཆེ་བའི་ཚགས་ཤོག་དེ་ལ་དྲ་རྒྱ་ཞིག་ཡོང་བའི་རེ་བ་ཞུ།
དྲ་གྲོགས་ཚོ་ངས་གཅིག་བཤད་རྒྱུ། ཨ་མདོ་ནས་ཚོང་པ་ཅིག་ཇག་པ་དང་ཕྲད་པ་རེད། ཚོང་པ་དེ་ཕྱུགས་ཟོག་གི་ཚོང་རྒྱག་མཁན་རེད། ཇག་པས་ཚོང་པའི་ཕྱུགས་ཟོག་ཡོད་ཚད་འཕྲོག་པར་མ་ཟད། རྒྱབ་ཀྱི་གོས་ཀྱང་བཤུས་ནས་ཤིང་སྡོང་ཅིག་ལ་གཅེར་བུ་དམར་ཧྲེང་མར་བཏགས་ནས་སོང་། ཤུལ་ཏུ་གཅིག་ལྷག་པ་ནི་བེའུ་ཅིག་ཡིན། ཕྱི་ཉིན་ལམ་འགྲོ་བ་ཁ་ཤས་སླེབས་ནས་ཚོང་པ་ཤིང་སྡོང་ལས་མར་ཕབས། ཚོང་བ་མར་བབས་མ་ཐག་ཁོང་ཁྲོ་དྲག་པོ་ལངས་ནས་བེའུ་ལ་རྡུང་ཞོར་དུ་འདི་སྐད་ཟེར། མདང་དགོང་ང་ཁྱེད་རང་གི་ཨ་མ་མིན་ཅེས་སྐད་ག་ཚོད་བརྒྱབ་ན་ཡང་། ཁ་མི་ཉན་པའི་རྒྱུ་མཚན་གང་ཡིན་ཅེས་ཟེར།། དྲ་གྲོགས་ཚོ། ཁོ་རང་བེའུ་ལ་ཁོང་ཁྲོ་ཟ་དགོས་པའི་རྒྱུ་མཚན་ཅི་རེད། ཤེས་མཁན་ལ་གཡག་ཅིག་ཡོད།། །།
བེའུ་དེ་དེ་འདྲའི་ལྐུགས་པ་ལ།
བ་མོ་ལ་ནུ་མ་བཞི་ཡོད་པ་ཡང་ཤེས་ཀྱིས་མེད་པ་རེད།
བེའུ་དེ་དེ་འདྲའི་ལྐུགས་པ་ལ།
བ་མོ་ལ་ནུ་མ་བཞི་ཡོད་པ་ཡང་ཤེས་ཀྱིས་མེད་པ་རེད།
གཞོན་ནུ་ཟླ་མེད་ལགས། འདི་ངོ་མ་བགོད་བྲོ་བོ་འདུག ཨ་ཁུ་འབྲོག་པ་ག་ཚོད་ཚ་མེད་དམ།
ང་ལ་མཚར་གཏམ་ཞིག་ཡོད།
ཉིན་ཞིག་ཡེ་ཤུའི་བླ་ཆེན་ཞིག་རི་འཛེགས་པར་འགྲོ་སྐབས། ལམ་པར་དོམ་ཆེན་པོ་ཞིག་འཕྲད། དོམ་དེ་ཉིན་ཁ་ཤས་བཟའ་མ་རག་མེད་སྟབས། བླ་ཆེན་དེ་མཐོང་མ་ཐག་ཁ་ནས་རང་དབང་མེད་པར་ཆིལ་མ་ཤོར་ཡོང་། བླ་ཆེན་དེ་ཤིན་དུ་འཇིགས་ནས། པུས་མོ་གཉིས་ས་ལ་བཙུགས་ནས། དཀོན་མཆོག་ལ་གསོལ་བ་བཏབས། དཀོན་མཆོག་མཁྱེན། ཁྱེད་ཀྱི་བྱིན་རླབས་ལ་བརྟེན་ནས། དོམ་དེ་ཡེ་ཤུའི་ཆོས་པ་ཞིག་ལ་བསྒྱུར་རོགས་གནང་ཟེར།
ཡ་མཚན་ཞིག་ལ། སྨོན་ལམ་དེའི་རྗེས་ལ། དོམ་དེ་བླ་ཆེན་འདིའི་མདུན་ལ་ཡོང་ནས། པུས་མོ་བཙུགས། བླ་ཆེན་དེ་དགའ་ཐག་ཆོད་ནས། དོམ་དེ་ལ་བྱིན་རླབས་བྱེད་པར་རྩམ་མ་ཐག དོམ་དེས་ལག་གཉིས་གནམ་ལ་རྐྱང་ནས། དཀོན་མཆོག་ཐུགས་རྗེ་ཆེ། ཁྱེད་ཀྱིས་དི་རིང་ང་ལ་འདི་འདྲའི་ཁ་ལག་ཞིག་གནང་བར་ཐུགས་རྗེ་ཆེ་ཅེས། སྨོན་ལམ་ཞིག་འདེབས་ནས། བླ་ཆེན་དེ་ཟོས་སོ།
ང་ནམ་ཡང་བོད་ཡིག་ཀློག་པར་དགའ།མ་ལོའི གསུང་སྐད་ལྟ་བུའི་སྐད་ཡིག་འདོན་ལ་དགའ།དངས་གསལ་གངས་ཆུ་འདྲ་བའི་རང་སྐད་བཤད་ལ་དགའ།ཡིད་འོང་མཛེས་མ་འདྲ་བའི་བརྡ་དག་མཐོང་ན་དགའ
དངོས་གནས་བཤད་ན་མཚར་གཏམ་བཤད་པའི་དུས་མ་རེད། མཚར་གཏམ་བཤད་ཆེ་ནས་སྔོན་ལྷ་ས་ནས་རང་རང་ཤོར་བའི་གཏམ་རྒྱུད་ཨེ་ཤེས་སམ། དཔེར་ན་བོད་ཡུལ་ནས་རེ་སྒུག་བྱས་། ཕྱི་ཡུལ་ནས་མཚར་གཏམ་གྱི་ཉི་མ་འདས་ན་ཅི་འདྲའམ། ངས་བོད་ཡུལ་དུ་ཁ་སྤར་གཏོང་སྐབས་རྒན་པོ་ལོ་༨༠ སོན་པ་ཡིན་ནའང་བསམ་པ་འདི་འདྲ་རེ་འདུག གཟིགས་དང་།
༄༅། ། མགར་ཆེན་ཀུན་རྒྱལ་གྱི་རེ་སྒུག་བླ་མ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
སྙིང་སྡུག་གི་བུ་ཆུང་བརྗེད་མེད། །
གཅེས་ཕྲུག་ཁྱེད་ཕྱི་ཡུལ་འགྲིམ་ནས། །
བཅུ་ཕྲག་ལྔའི་ལོ་འཁོར་ཏག་ཏག །
མ་མཇལ་འདི་སེམས་པ་སྐྱོ་བ། །
མཛེས་སྡུག་གི་ལང་ཚོ་ཡོལ་ཞིང་། །
ཚོགས་དྲུག་གི་དབང་ཤེས་ཉམས་ཡང་། །
སྙིང་ཕྲུག་གི་བུ་ཆུང་ལོ་ལོ། །
ན་རྒས་ངས་རྟག་ཏུ་དྲན་ནོ། །
བློ་ཕུག་དེ་ལྷ་ལ་བཅོལ་ཡང་། །
ཉིན་མཚན་གྱི་རེ་དྭོགས་ཕྲེང་བ། །
ཤི་གསོན་གྱི་འཕྲི་ས་ཁེར་རྐྱང། །
བུ་ཆུང་ཁྱེད་སྙིང་ལ་གཉེར་ཡོད། །
གློ་སྙིང་འདི་ཚལ་བར་གཤེགས་ནས། །
དམར་ཕྱོགས་ལ་མཆོད་པ་བྱས་ཏེ། །
རང་ཆོས་ཞིག་ཟིན་ཐབས་ཡོད་ན། །
མི་བྱེད་རེ་བླ་མ་དཀོན་མཆོག །
གློ་བུར་གྱི་རྐྱེན་ངན་བར་ཆད། །
བཙན་བྱོལ་གྱི་སྒེར་སྤྱོད་ལས་ངན། །
དུས་ངན་གྱི་མཐོང་ཐོས་གོ་ཚེ། །
མི་རྒན་ང་སྙིང་ནས་སྐྱོ་བ། །
སྐྱབས་མཆོག་ཉིད་བཤད་སྒྲུབ་སྣང་བས། །
ཕྱི་རྒྱལ་ནས་ཡང་ཡང་གནང་བ། །
མཐོང་ཐོས་ཀྱི་མཛད་ཕྲིན་གོ་ཚེ། །
དབང་མེད་དུ་དགའ་བདེ་སྐྱེ་སོང་། །
འགའ་རེ་ཡི་ཁྱེད་ཉིད་ཚོང་ལས་སྤེལ་ཞིང་། །
འགའ་རེ་ཡི་ཁྱེད་ལ་སྒྲོ་བཀུར་འདེབས་པ། །
འགའ་རེ་ཡི་ཁྱེད་ལ་འཁང་ར་བྱེད་པས། །
སོས་མེད་ཀྱི་ན་ཟུག་སེམས་ལ་བསླངས་སོང་། །
མི་རབ་འགས་ཁྱེད་ཀྱི་མཛད་རྗེས་གླེང་བ། །
མི་ཡུལ་ནས་ཁྱེད་ཀྱི་བརླབ་ཆེན་མཛད་བཟང་། །
མི་རིགས་ཀྱི་སྙིང་ཕྲུག་ཡིད་བཞིན་ནོར་བུ། །
མི་རྒན་ང་སེམས་བདེ་ཉི་མ་ཤར་འདུག །
ཁྲ་ཆུང་གི་མིག་གཉིས་ལྟད་སའི་ཡུལ་མཆོག །
དལ་ལུང་གི་རྣ་གཉིས་མཉན་སའི་སྒྲ་སྙན། །
གཞིས་བྱེས་ཀྱི་སེམས་གཉིས་འཁྲི་ས་ཉག་ཅིག །
ཞི་བདེ་ཡི་དེད་དཔོན་བསྐལ་བརྒྱར་བཞུགས་སྨོན། །
ལོ་ཟླ་ཡི་དུས་རིང་སེམས་ནད་རྩ་བ། །
ལས་རླུང་གི་བག་ཆགས་སྙིགས་སྤྱོད་གར་སྟབས། །
ཉིན་རེ་བཞིན་ཇེ་ངན་ཇེ་ཐུ་མཐོང་ཚེ། །
རེ་སྒུག་གི་ཉི་མ་འགྲོ་ཐབས་མི་འདུག །
རང་ཡུལ་གྱི་རེ་སྒུག་མ་ལོའི་སྙིང་བརྩེ། །
གཞན་ཡུལ་གྱི་བཀོད་བསྒྲིག་ས་རྡོའི་བ་གམ། །
སྐྱབས་བཅོལ་གྱི་སྤུན་ཟླ་བློ་ལ་འཆར་ཚེ། །
མི་ཚེ་འདི་སྐྱོ་བ་སོང་ཐབས་མི་འདུག །
ལྷད་མེད་ཀྱི་བརྩེ་གདུང་ཁྱེད་ལ་ཕྱོགས་པས། །
མཚུངས་མེད་ཀྱི་ཐུགས་རྗེ་ཉེ་རིང་མེད་པས། །
ཤི་མེད་ངའི་རོ་གོག་མ་ཞིག་སྔོན་དུ། །
བླ་མེད་ཀྱི་མཛད་ཕྲིན་མངོན་སུམ་སྟོན་རོགས། །
གནམ་རྒན་མ་སྐད་ཅིག་འགྱུར་བ་ཐེབས་ནས། །
གནམ་ཐང་དུ་བོད་རིགས་བསུ་མ་ཕེབས་ཏེ། །
གནམ་འོག་འདི་སྐྱིད་པ་མཐར་ཐུག་མྱོང་ཚེ། །
མི་རྒན་ང་ཤི་སེམས་གཏན་དུ་བདེའོ། །
གཅེས་ཕྲུག་གི་འཛུམ་ཞལ་ལྷང་ལྷང་ངོམས་ནས། །
ཆོས་སྲིད་ཀྱི་བསླབ་བྱ་ཡང་ཡང་གནང་ཏེ། །
གཞིས་བྱེས་ཀྱི་བདེ་སྐྱིད་མཉམ་རོལ་མཛད་ནས། །
ཞི་བདེ་ཡི་དེད་དཔོན་ཞབས་བརྟན་སྨོན་ནོ། །
ཞེས་པའང་ཕྱི་ལོ་༢༠༠༩ ༦ ༢༧ཉིན་ཕ་ཡུལ་གྱི་རྒན་པོ་ལོ་༨༠ སོན་པའི་མགར་ར་ཀུན་རྒྱལ་གྱིས་
ཁམས་ཕྱོགས་ནས་ཁ་སྤར་རྒྱུད་དེ་སྐད་ཆ་བཤད་པ་རྣམས་ཚིགས་བཅད་དུ་ཤྲྰིས་བཀོད་པ་དགེའོ།
ཤྲྰི་སརྦ་ལོ་ཀ་ཀེ་ལ་ཤ་བི་ཛ་ཡནྟུ།། །།
མཚར་གཏམ་བཤད་ན་འཕྲོད་བསྟེན་ལ་ཕན་པ་མ་ཚད་དྲ་ཚིག་ནང་མི་མང་པོ་བཀུག་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་རེད། ད་རིང་ངས་ཀྱང་མངོན་བྱུང་གཅིག་བཤད་གྱེས་རྡོར་རང་ཉོན་ཨང་། སྤྱི་སེམས་ཆེ་མདོག་བྱས་ནས་རང་དོན་ཁོ་ན་སྒྲུབ་སྡོད་པ་ལས་མཚར་གཏན་ཉོན་ན་དགའ།
སྔོན་མི་རྒན་ཀླད་པ་དཁྲེགས་པོ་ཞིག་ཨ་མི་རི་ཀ་ལ་ཕྱིར་ནས་ཚུར་ལོག་ཡོང་སྐབས། ཁོང་གནམ་གྲུ་བབ་ཚུགས་སུ་ལུས་བཤེར་བྱེད་སྐབས་ཅ་ལག་གནམ་འཕར་སྤྲད་ཕར་སྤྲད་ཀྱང་རང་གི་ལག་པའི་ཆུ་ཚོད་དེ་ཕུད་མེད། དེ་དུས་ལུས་བཤེར་རམ་སྔོག་བཤེར་མཁན་མི་ནག་པོ་ཞིག་ཡོད་པ་དེས། ལག་བརྡ་བྱས་ནས་ཆུ་ཚོད་ཚུར་འཁྱེར་ཤོག་ལབ་ཀྱང་། མི་རྒན་དེས་མ་སྤྲད་པར་གྱོན་ཕྱིན་པའི་སྔོག་བཤེར་མཁན་དེས་གང་མ་ལབ་པར་བཏང་། གནམ་གྲུ་ནང་ཞུགས་ནས་རྒྱ་གར་དུ་སླེབས་མ་ཐག་མི་མང་པོ་ཡོད་ས་ཞིག་ལ། ཁ་སེང་གནམ་གྲུ་ཐང་ལ་ཕྱི་རྒྱལ་མི་ནག་པོ་ཞིག་གིས་ངའི་ཆུ་ཚོད་དེར་སེམས་པ་ཤོར་ནས་སྤྲོད་རོགས་ཟེར་གྱི་འདུག འོན་ཀྱང་ང་མི་དཁྲེགས་པོ་སོང་གཙང་ཐོ་གང་སྤྲད་མེད་ཞེས་བོར་ཤོབ་ལྟ་བུར་བཤད་པ་རེད།
དགྱེས་པ་རྡོར་རྗེ་ལགས། མནའ་མའི་སྟུ་དང་ཨ་མའི་སྟུ་ནོར་ན་འགྲིག་ནི་མ་རེད། དྲ་ཚིགས་འདིར་རྩོམ་ཡིག་འབྲི་སའི་སྡེ་ཚན་མང་པོ་འདུག་ག ཁྱོད་ཀྱི་རྩོམ་ཡིག་དེ་སྡེ་ཚན་འདིས་མ་རེད།
ཉིན་ཞིག་དགྱེས་པ་རྡོར་རྗེ་དང་ངེད་གཉིས་འབྲོག་པའི་རུ་ནང་ལ་ཞབས་བརྟན་༼གྲོང་ཆོག༽ལ་སོང་། ཁྱིམ་བདག་མས་ལུག་གི་རྒྱུ་མ་ཐབ་ལ་བཙོས་ནས་ཕྱི་ལ་ཐོན། ངེད་གཉིས་རྒྱུན་རིང་སྒུག་ཀྱང་སྦྱིན་བདག་མ་ཕྱིར་མ་སླེབས། དགྱེས་པ་རྡོར་རྗེས་ཐབ་ནས་རྒྱུ་མ་བཏོན་ཏེ་ཟ་མགོ་བརྩམས། གློ་བུར་དུ་སྦྱིན་བདག་མ་ར་སྒོ་ནས་འོང་བའི་ལྡོག་སྒྲ་ཐོས། དགྱེས་རྡོར་གྱིས་རྒྱུ་མ་སྔགས་པའི་རལ་བ་ནང་དུ་བླུགས་ནས་མགོ་ལ་དཀྲིས། ངས་བལྟས་པ་ན་རྒྱུ་མའི་སྣེ་མོ་དགྱེས་རྡོར་གྱི་རྣ་འབྱོག་འགྲམ་ན་གཡུག་བཞིན་འདུག་ཅིང་རླངས་པ་མགོ་ན་འཐིལ། དེ་ནས་ངས་རྔ་རྡུང་ཞོར་དུ་འདོན་པ་འདི་ལྟར་བཏོན། བྷྱོ བསྟན་སྲུང་བདུད་འདུལ་དགྱེས་རྡོར་ཁྲོ་བོའི་གར། །རལ་བའི་ཚིང་ཚིང་མཁའ་འགྲོའི་ཁ་རླངས་འཐིལ། །ཐོས་འཛིན་འདབ་གཤོག་རྒྱང་བའི་གཡས་འགྲམ་ན ། ། རྒྱུ་མའི་རྡ་རྡུའི་བྲོ་གར་འཆམ་ལ་བསྟོད། ། ཅེས་བཏོན་པ་ན། ཁོས་ལམ་སང་རྒྱུ་སྣེ་རལ་བའི་ནང་ལ་བརྫངས་སོ།། །།
ཡང་དགྱེས་རྡོར་ཆོས་སྒོར་ཞུགས་ནས་རྒྱུན་རིང་མ་འགོར་བའི་ཉིན་ཞིག ཁོ་རང་ཡུལ་ལ་སོང་། དེ་ནས་ཁོང་གིས་མིག་བཙུམས་ཞོར་དུ་ཕ་རྒན་ལ་འདི་ལྟར་བཤད། འོ་ད་ཡིན་ན་ཆོས་ཐམས་ཅད་རྒྱུ་མ་ལྟ་བུ་རེད་དོ་ཟེར། ཕ་རྒན་དགའ་ཐག་ཆོད་ནས་མི་རྣམས་ལ། ངས་བུ་འདིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པ་ཧ་གོ་འདུག་ཅེས་རང་གི་བུ་ལ་བསྟོད་ར་བཏང་། དེ་ནས་དགྱེས་རྡོར་རིག་པ་ཡག་རབ་དང་ཆོས་ཤེས་རབ་ཀྱི་སྐད་གྲགས་གྲོང་པ་ཡོངས་ལ་ཆོད། ཐེངས་རྗེས་མ་ཅིག་ལ་ཡང་ཡུལ་ལ་སོང་ནས་གྲོང་བའི་མི་ཐམས་ཅད་འཛོམས་སར། ད་ཡིན་ན་སྔོན་མ་ལས་སྐད་གྲགས་ཆོད་པའི་ཆོས་ཤིག་བཤད་དགོས་ཐུགས་ལ་དགོངས་ནས་མིག་བཙུམས་ཞོར་དུ། འོ་ད་ཡིན་ན་ཆོས་ཐམས་ཅད་གྲོད་པ་ལྟ་བུ་རེད་དོ་གསུངས་པས་དེར་འཁོད་གྲོང་བ་རྣམས་བཞད་གད་ཐག་ཀེར་སོང་། ཕ་རྒན་ངོ་ཚ་ནས་ད་ཆོས་མ་གསུངས་ན་འགྲིག ནང་ལ་འགྲོ་ཟེར་ནས་ཁོ་རང་ཁྲིད་ནས་སོང་ངོ་།། །།
༼སྐྱེས་བུ་དམ་པའི་རྗེས་འཇུག༽
དངོས་བྱུང་མཚར་གཏམ།
སྒོམ་སྡེ་ལྷ་རམས་པས།
ཕྱི་ལོ་༡༩༩༥-༩༦ ཡས་མས་ཤིག་ལ་ང་དང་ངའི་དགེ་ཕྲུག་ཕྱི་རྒྱལ་བ་ཅིག་བཅས། དྷ་སར་༸གོང་ས་མཆོག་གི་གསུང་ཆོས་ལ་བཅར་ནས། མར་ལམ་ཚ་བ་ཆེ་བའི་སྐབས་ཤིག་མེ་འཁོར་ནང་འགྲུལ་བཞུད་བྱེད་སྐབས། གྲོད་པ་ལྟོགས། ཁ་སྐོམས་ཀྱང་རེ་ཞིག་གི་བར་དུ་མེ་འཁོར་འབབ་ཚུགས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ནས་དུས་ཡུན་གང་འཚམས་ཤིག་ནས། བཟའ་བཏུང་སོགས་ཅི་ཡང་ཉོ་སྒྲུབ་བྱ་ས་མེད་པའི་འབབ་ཚུགས་ཆུང་ཆུང་ཐེབ་ཆག་ཐལ་བ་འཚུབ་བེ་བ་ཞིག་ཏུ་འཁྱུག་ཙམ་རིང་བཀག་སོང་། ཕར་ལྟ་ཚུར་ལྟ་བྱས་ཀྱང་། གཞན་ཕར་ཞོག་ཆུ་ཙམ་ཡང་མཐོང་རྒྱུ་མི་འདུག (ཕལ་ཆེར་རི་ལི་འདིས་རི་ལི་གཞན་གྱི་འགྲོ་ལམ་བཟོ་བའི་ཆེད་དུ་ཟུར་དུ་བཀག་པ་འདྲ) དེ་ནས་རི་ལི་འགྲོ་གྲབས་བྱེད་དུས། རྩྭ་རས་ཆུར་སྦངས་པ་ཞིག་གིས་དཀྲིས་པའི་འགྱིག་དམ་ནག་པོ་ཆེན་པོ་ཞིག་འཁྱེར་བའི་མི་འགའ་ཤས་ཤིག་སླེབས་བྱུང་།
ཕན་སེམས་དང་གཏོང་ཕོད་ཆེ་མདོག་ཁ་པོས་ཆུ་དགོས་ཟེར་ཚད་ལ་ཆུ་གྲང་ཞིང་བསིལ་བ་དེ་ཕངས་མེད་དུ་སྤྲད་སོང་། ངེད་ཀྱི་དགེ་ཕྲུག་ཕྱི་རྒྱལ་བ་དེས་ཀྱང་འགྱིག་དམ་ཆུང་ཆུང་ཞིག་ཏུ་ཆུ་གྲང་མོ་དེ་བཟེད་སོང་། དེ་ནས་ཁོ་པས་མིག་སྤུ་ཟིང་ཟིང་བྱེད་དེ། “འདི་སྐྱེས་བུ་དམ་པ་ཞིག་གི་རྗེས་འཇུག་ཅིག་ཡིན་པ་ཐག་ཆོད”ལབ་སོང་།
ཁོ་བོ་ནི་མགོ་མཁྲེག་ཙམ་ཡོད་ཙང་། ཁོག་པའི་ནང་“མགོ་སེ་ར་ཁྱོད་ཚོ་མགོ་སླ་པོ་ཡོད། གཏོགས་ཙམ་བསྒུག་ཨང” ཞེས་ཁོག་ལབ་ཅིག་བརྒྱབ།
དེ་ནས་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་ནས་མི་དེ་ཚོ་སླར་ཡང་མར་སླེབས་སོང་། དེ་ནས་མི་ཚང་མའི་རྩ་ནས་ཆུ་འགྱིག་དམ་ཆུང་ཆུང་རེ་ལ། ཧིན་སྒོར་གཉིས་རེ་གཉིས་རེ་བསྡུས་བྱུང་ང་།
དེ་ནས་ལམ་སེང་། ངས། “འོ་དེ། སྐྱེས་བུ་དམ་པའི་རྗེས་འཇུག་དངོས་གནས་རེད་འདུག་ག” ཞེས་ལབ་ནས། བསྲན་མི་ཐུབ་པའི་དགོད་ཤོར་ཏེ། དགེ་ཕྲུག་གི་འཁྲིས་ལ་བགད་ན་ཁོ་པ་ཁོང་ཁྲོ་ལང་གིས་དོགས་ནས། རི་ལིའི་གསང་སྤྱོད་ནང་འཛུལ་ནས་མིག་ནས་མིག་ཆུ་དང་། གྲོད་ཁོག་ན་ནར་བགད་པ་ཡིན། ཧ་ཧ་ཧ་ཧ་ཧ་ཧ།
ཕོ་གསར་ཅིག་གིས་དགོང་ཟས་ཟོས་རྗེས་རང་གི་མནའ་མ་ལ་ཕྱི་ལོག་ལ་འགྲོ་དགོས་པའི་མིག་བརྡ་བསྟན། དེ་ནས་ཁོང་གཉིས་སྒོའི་ཕྱི་ལ་ཐོན་མ་ཐག་གཅིག་གཅིག་ལ་འཐམ་ནས་ག་ལེར་གོམས་པ་མདུན་ལ་སྤོས། གང་མཚམ་སོང་བ་ན་ཤིང་སྡོང་ཆེན་པོ་ཅིག་གི་རྩར་སླེབས། དེ་ནས་ཕོ་གསར་དེས་རང་གི་མནའ་མ་ལ་བ་ཕྱུགས་ཀྱི་ཆགས་པ་སྤྱོད་སྟངས་ལྟར་བྱེད་དགོས་པའི་བསམ་ཚུལ་བཏོན། མནའ་མའི་འདོད་ཐོག་ལ་ཡོང་། དེ་ནས་མནའ་མ་ཁ་ཕར་ཤིང་སྡོང་ལ་འཁོར་ནས་རྐུབ་ཚུར་ལ་བསྟན། ཕོ་གསར་གྱིས་གླང་ཀོག་ལྟར་ཐོག་མར་རང་གི་ཁ་སྣ་མནའ་མའི་རྐུབ་ལ་ཕུར་ཕུར་འགའ་བྱས་རྗེས། ཁ་གནམ་ལ་རྫེས་ནས་མོའོའོའོ་ཅེས་པ་ན་། རང་གི་ཡབ་ཆེན་སྔོན་ནས་ཤིང་སྡོང་སྟེང་འཛེགས་ཡོད་པ་མཐོང་། དེ་ནས་ཁོ་རང་ངོ་ཚ་ཐག་ཆོད་ནས་ཕྱིར་བལྟས་མེད་པར་བྲོས། ཡིན་ན་ཡང་མནའ་མས་ད་དུང་མ་ཤེས་པར་གླང་མོ་ལྟར་མོའོའོའོ་ཅེས་སྐད་བརྒྱབ། དེ་དུས་ཁྭ་ཏ་ཅིག་གིས་མནའ་མ་ལ་ཨ་ཕ་ ཨ་ཕ་ ཅེས་སྐད་བརྒྱབ། དེ་ནས་མནའ་མ་ཡང་བྲོས་སོང་ངོ་།། །།
འ་རོགས་ཚོ། ངས་འཚར་གཏམ་ཞིག་འབྲི་འདོད་མོད། ཁ་བརྡ་ཚང་གིས་སྒོ་ཐེམ་ལ་འགོམ་མི་འཇུག་གི ཁ་བརྡ་ཚང་གིས་ང་ཡོང་མི་འཇུག་དོན་གང་ཡིན་ནམ།། །།
འོ་ང་ནང་ལ་འགྲོ་བཅུག་སོང་། ཐུགས་རྗེ་ཆེ་ཁ་བརྡ་ཚང་གི་དགེ་བསྐོས་ལགས།
དེ་ནས་ཡང་ཕོ་གསར་ཅིག་གིས་རང་གི་མནའ་མ་ལ། དེ་རིང་ངེད་གཉིས་ཀྱིས་རྟ་ཡི་སྤྱོད་པ་ལྟར་ཆགས་པ་སྤྱད་ན་ག་འདྲ་འདུག་ལབ། མནའ་མས་རེད་ཟེར་ནས་མགྱོགས་སུ་སོང་ཏེ་རྩྭ་སྟེར་སའི་ཁ་རའི་ནང་ཕར་འཁོར་ནས་རྒོད་མའི་འཚར་སྐད་བརྒྱབ། ཕོ་གསར་གྱིས་ཀྱང་རྐང་ལག་བཞི་པོ་ས་ལ་བཙུགས་ནས་རྟ་རྒོད་ལྟར་འཚར་སྐད་ལྷང་ལྷང་རྒོད་མའི་ཕྱོགས་སུ་རྒྱུགས། སྟབས་མ་ལེགས་པར་ཕོ་གསར་གྱི་མགོ་བོ་ཀ་བ་ལ་བརྡབ་པས་མིག་འགྲམ་ནས་སྐར་མ་ཁྲི་འབུམ་མང་པོ་འོད་མཚེར་མཚེར་ཤར་ཞིང་དྲན་པ་འཐོར།
ཡུད་ཙམ་ནས་དྲན་པ་སོས་སྐབས་ད་དུང་མནའ་མས་ཁ་རའི་ཕྱོགས་ན་རྒོད་མའི་འཚེར་སྐད་ལྷང་ལྷང་འབོད་བཞིན་པ་ཐོས། ཕོ་གསར་ཁོང་ཁྲོ་རབ་ཏུ་ལངས་ནས་རྒྱུགས་པ་སྦོམ་པོ་ཅིག་གིས་མནའ་མ་ལ་བྲབ་པོ།། །།
ངས་འཚར་གཏམ་ཡ་མེད་རྐྱང་རྐྱང་བཤད་ན་ཡང་ཁྱོད་ཚོས་ལག་པ་མི་བརྡབ་གི ད་ཡིན་ན་འཚར་གཏམ་མི་བཤད་དོ།
འོ་དཀོན་མཆོག་མཁྱེན། ད་ནི་ཀླད་པ་ལ་སྐྱོན་ཞུགས་པ་འདྲ་འདུག མཚར་གཏམ་ལ་འཚར་གཏམ་བྲིས་འདུག
ང་ལ་ཡང་མཚར་གཏམ་ཡག་པོ་གཅིག་ཡོད་་་
ཁ་སང་ཚོང་ཁང་ཆེན་པོ་ཞིག་ནང་ཕོ་སར་རྒྱག་པ་ཞིག་ཡར་ཡོང་བ་དང་བུ་མོ་སྐམ་པོ་ཞིག་མར་འགྲོ་བ་གཉིས་ཐུག་དེ་ནས་ཕོ་སར་དེས་བུ་མོ་ག་པར་ཕེབས་ག་ཞེས་དྲི་་་་་བུ་མོ་དེས་ནང་ལ་ཕར་ལོག་ཡག་ཡིན་ཟེར་་་་་་་དེ་ནས་ཕོ་སར་དེས་འོ་ན་ག་ལེར་ཕེབས་ཨ་ཟེར།
ག་འདྲའི་འདུག་ཨ་་་་་་