མཚར་གཏམ་གོ་རྒྱུ་ཅན་ཞིག Posted on 2010-01-182010-01-18 By དགེ་རབ་ 19 Comments on མཚར་གཏམ་གོ་རྒྱུ་ཅན་ཞིག གོང་གསལ་གྱི་རི་མོ་འདིའི་ནང་། གལ་ཏེ་ཁྱེད་ལ་རྒྱ་ནག་ཏུ་ཉེན་རྟོག་་པ་དགོས་མཁོ་བྱུང་ཚེ། གང་མགྱོགས་སམ། ༩༡༡ ལ་ཁ་པར་གཏོང་བའམ། ཡང་ན། དྲ་རྒྱའི་ཐོག་༧གོང་ས་མཆོག་ཅེས་འཚོལ་བ། ཞེས་འདམ་ཁའི་དྲི་བ་ཞིག་བཀོད་འདུག མཚར་གཏམ།
རི་མོ་འདི་ཤིན་དུ་ངོ་མཚར་ཆེ། སྒྱུར་གཞན་ཞིག་བསམ་འཆར་ལ་ཕུལ་ན། “གལ་ཏེ་རྒྱ་ནག་ནང་ཉེན་རྟོག་པ་སྐད་གཏོང་དགོས་ཚེ། ཁ་པར་ཐོག་༩༡༡མནན་པའམ། ཡང་ན། གུ་གལ་ཐོག་ཏ་ལའི་བླ་མ་ཞེས་བྲིས་ན། གང་མགྱོགས་སམ།”
IF YOU NEED A POLICEMAN IN TIBET WHICH WAY IS FASTER? DIAL 911 OR GOOGLING THE DALAI LAMA. གལ་ཏེ་བོད་ནང་ཉེན་རྟོག་པ་སྐད་གཏོང་དགོས་ཚེ་ཐབ་ལམ་མགྱོགས་ཤོས་གང་ཡིན། ༩༡༡ མནན་པའམ། ཡང་ན། གུ་གལ་ཐོག་ཏ་ལའི་བླ་མ་བཤེར་བ། མཚར་གཏམ་ཧ་ལས་པའི་ཡག་པོ་ཞིག་འདུག་པས། རང་དབང་མེད་པར་ལག་པ་ཐལ་སོང་། དགོངས་འགལ་མེད་པ་ཞུ།
་་་་་གནད་ཕིག་གམ་གནད་ཕོག་ཅེས་འབྲིར་འདོད་པ་ལ་གནོད་ཕོག་ཞེས་བྲིས་ཐལ་ཤོར་བ་རྒྱ་མིར་སྙིང་གཅེས། དེ་ཡང་ལས་རེད། །
ཨེེ། རྒྱ་ཡི་ཉེན་རྟོག་མྱུར་མཁོ་ཚེ། ། དགུ་དང་གཅིག་གཅིག་མནན་པ་ལས། ། ཏཱ་ལའི་དྲ་རྒྱ་ཕྱེས་ན་མྱུར། ། རྒྱ་གཞུང་མྱུར་འཇིགས་རང་རྟགས་རེད། ། དམ་སྲི་མྱུར་དུ་བསྒྲལ་རན་འདུག །
གོང་གི་མཚར་གཏམ་ཡག་པོ་ཞེ་དྲག་འདུག རྒྱ་ནག་གཞུང་གིས་ཆོས་ལུགས་རང་མོས་ཡོད་ཟེར་བ་ལ་འགྲམ་ལྕག་ཞུས་འདུག ངས་ཀྱང་མཚར་གཏམ་ཞིག་བཤོད་འདོད་སྐྱེས་སོང་། མཚར་གཏམ་དེའི་མིང་ལ་ཀུན་སློང་ངན་པ་ཟེར། དེ་ཡང་ཉིན་ཞིག་འདོད་ཆགས་ཅན་གྱི་ཁྱི་སྐྱག་དང་། རྒྱུ་རྔམ་ཅན་གྱི་ཕག་སྐྱག ཕོ་འདོད་ཅན་གྱི་སྐུ་ཞབས་བྱམས་པ་གསུམ་བྲག་རི་གཡང་གཟར་ཅན་གྱི་ལམ་བུ་ཞིག་བརྒྱུད་ནས་འགྲོ་དགོས་པའི་སྐབས་དེར་གློ་བུར་དུ་མི་ལ་རས་པ་ཐུག་འདུག མི་ལས་ཟེར་ན། ལམ་གཟར་འདི་བརྒྱུད་སྐབས་སུ་ཞིག་གི་སེམས་སུ་ཀུན་སློང་ངན་པ་འཆར་ན་དེ་མ་ཉིད་དུ་དམྱལ་བ་ཡང་སོས་སུ་སྐྱེ་འགྲོ་ཅེས་ནན་བཅག་བྱས། དེ་ལྟར་ཁྱི་སྐྱག་མདུན་དང་ཕག་སྐྱག་བར། སྐུ་ཞབས་བྱམས་པ་རྗེས་སུ་བྱས་ནས་མུ་མཐུད་མདུན་དུ་ཕྱིན། ཉག་ཁ་ཞིག་བརྒྱུད་རྗེས་གཡང་གཟར་གྱི་འོག་ཏུ་མཚེའུ་སྔོན་པོ་ཞིག་གི་ནང་དུ་བུད་མེད་འགའ་ལུས་པོ་འཁྲུ་བཞིན་འདུག ཁྱི་སྐྱག་དེ་དག་མཐོང་བ་དེ་མ་ཉིད་དུ་ཡལ་སོང་། ཕར་ཙམ་ཕྱིན་པ་ན་གསེར་རྡོག་པོ་ཞིག་ལམ་ཐོག་ན་འོད་ཆེམ་མེར་ལྷུང་འདུག ཕག་སྐྱག་སྒུར་ནས་ལེན་རྩིས་བྱེད་སྐབས་མི་ལའི་སྐད་ཆ་ཡིད་ལ་འཁོར་བ་དང་ཁྱི་སྐྱག་གི་ལས་དབང་སྡུག་པོ་མིག་གིས་མཐོང་བས་རང་སེམས་གཅུན་བཞིན་དུ་གསེར་མ་སྒྲུག་པར་མདུན་དུ་ཕྱིན། གཡང་སར་ལམ་བུ་གྲོལ་རྗེས་ཕག་སྐྱག་ཁོ་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་ལྷག་འདུག གྲོགས་པོ་ཚོ། སྐུ་ཞབས་བྱམས་པ་ག་རེ་བྱས་པ་ཡིན་ནམ། སུས་ཐིག་ན་དེ་ལ་བྱ་དགའ་ཡོད།
སྐུ་ཞབས་བྱམས་པ་མཚོ་ནང་དུ་རང་གི་གྲོགས་པོ་ཁྱི་སྐྱག་ལེན་གི་སོང་བ་རེད། ཞོར་དུ་བུ་མོ་དེ་ཡང་མཚོ་ནང་ནས་མ་བཞག་པར་ཁྲིད་ཡོང་རྒྱུ་རེད་འདུག
དེ་རིང་བླ་རྒན་ཁྱོའི་མགོ་ལ་དབྱུག་པ་ཞིག་བབས་འདུག་མོད། ངས་ད་ཐེངས་བཟོད་པ་དགོངས་ཀིན་ཡིན། རྗེས་མ་རྒྱ་སྐད་འདྲ་རྒྱབ་མ་ཡོང་ཨེ་གོ་ཐལ།
གཞོན་ནུ་ཟླ་མེད་ལགས་ཀྱིས་ལན་ཕོག་མི་འདུག དྲི་བ་དེ་དེ་ལས་ཁ་གསལ་ཙམ་ཡོང་བ་བྱས་ན་སྐུ་ཞབས་བྱམས་པ་ཟེར་བ་ནི་ཉེ་ཆར་ཨ་རི་རུ་འཁྲུངས་ས་བཀྱོན་གནང་བའི་སྐུ་ཞབས་དེ་རེད། ད་ཅིའི་ཕྱིར་ཁོ་ཡང་གཡང་གཟར་ལམ་བུ་དེ་ནས་མ་ཐར་བ་རེད།
འོ་ཡ་རྩམ་དགའ། རྗེས་མ་ནས་རྒྱ་སྐད་ཚིག་གཅིག་ངའི་ཁ་ནང་ནས་སླེབས་མ་ཐག་ཏུ་ཁྱོད་རང་གིས་གིས་ཆད་པ་བཅད་ན་ཆོག ང་ལ་ཁག་ཟིག་མེད་ཡ། འདི་ནས་ཧོ་ཅིན་གྱི་རྒྱ་རྒན་ཚོ་མཉམ་པོར་འཚོ་འབུའི་རྒྱ་སྒད་བཤད་ཞོར་དུ་མཚོ་འབུའི་པགས་པ་བཤུས་ནས་ལོབས་སོང་ངེ། རྒྱ་སྐད་གཅིག་རེ་གཉིས་རེད་སོ་བར་ཟིག་ནས་ཤོར་སོང་ནས་བླ་མི་འཁེལ་གི ལ་ལ། ངས་ལན་བཏང་པ་དེ་རྩོམ་ཡིག་གི་ཁ་བྱང་མཚར་གཏམ་ཟེར་བ་དེར་བསྟུན་ནས་ལན་རྒྱབ་པ་མ་གཏོགས་དྲི་བ་དེའི་བསྟན་དོན་ཤེས་པའི་ཆེད་དུ་ལན་རྒྱག་གི་མེད་མོ། ཁྱོད་རང་གི་དྲི་བ་དེ་མཚར་གཏམ་བཤད་ཡོད་ན་ངའི་ལན་ཡང་མཚར་གཏམ་གོ་རྒྱུ་ཡོད་པ་གཅིག་དགོས་ཀ
གཞོན་ནུ་ཟླ་མེད་ལགས་ཀྱིས་ལན་མ་ཤེས་ན་ངའི་མཚར་གཏམ་ཧ་མ་གོ་བ་རེད། ཀླད་པ་དཀྲུག་མགྱོགས་པོ་ཅུང་ཟད་མེད་ན་ངའི་མཚར་གཏམ་འདི་ཡང་གོ་བ་ལོན་རྒྱུ་དེ་ལྟ་བུའི་མི་སླ་ཀི། འདི་ནི་སྦས་དོན་ཅན་གྱི་མཚར་གཏམ་ལྟ་བུ་རེད། རིག་པ་ཅུང་ཟད་དགོས་ནི་རེད། ཨ་རོ།
ཁ་གསལ་བ་ཡོང་ཆེད། དོན་གཅིག་རང་རྒྱས་བཤད་ཞུ་རྒྱུ་ཡིན་ཏེ། འདོད་ཆགས་ཅན་ཁྱི་སྐྱག་བུ་མོ་མཐོང་བས་ཀུན་སློང་ངན་པ་བློ་ལ་ཤར་བས་གློ་བུར་ཡལ་སོང་བ་ནི་ཁོ་རང་མི་ལ་རས་པས་གསུངས་བ་བཞིན་དམྱལ་བ་ཡང་སོས་སུ་ལྷུང་བ་ཡིན། ད་ལན་ཐེབས་ཚོད་ཡིན།
ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན། ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན། ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས། བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་ སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད། དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
བསམ་ཆུ༹ལ། འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད། རོགས་རམ་གནང་བ། ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ། སྣང་མེད་བཏང་བ། འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར། རྗེས་ལུས་ཐེབས་སོང། ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།
རི་མོ་འདི་ཤིན་དུ་ངོ་མཚར་ཆེ། སྒྱུར་གཞན་ཞིག་བསམ་འཆར་ལ་ཕུལ་ན།
“གལ་ཏེ་རྒྱ་ནག་ནང་ཉེན་རྟོག་པ་སྐད་གཏོང་དགོས་ཚེ།
ཁ་པར་ཐོག་༩༡༡མནན་པའམ། ཡང་ན། གུ་གལ་ཐོག་ཏ་ལའི་བླ་མ་ཞེས་བྲིས་ན། གང་མགྱོགས་སམ།”
མཚར་གཏམ་སྔ་གཞུག་གཉིས་ཀྱི་རྗེས་མ་དེ་ཅུང་གོ་རྒྱུ་ཅན་ཞིག་འདུག་སྙམ།
IF YOU NEED A POLICEMAN IN TIBET WHICH WAY IS FASTER?
DIAL 911 OR GOOGLING THE DALAI LAMA.
གལ་ཏེ་བོད་ནང་ཉེན་རྟོག་པ་སྐད་གཏོང་དགོས་ཚེ་ཐབ་ལམ་མགྱོགས་ཤོས་གང་ཡིན།
༩༡༡ མནན་པའམ། ཡང་ན། གུ་གལ་ཐོག་ཏ་ལའི་བླ་མ་བཤེར་བ།
མཚར་གཏམ་ཧ་ལས་པའི་ཡག་པོ་ཞིག་འདུག་པས། རང་དབང་མེད་པར་ལག་པ་ཐལ་སོང་། དགོངས་འགལ་མེད་པ་ཞུ།
ཀོུགཧཇུཇཧཀཇ
ཟུར་ཟའི་འདྲ་རིས་དང་མཚར་གཏམ་གོ་རྒྱུ་ཅན་འགོད་མཁན་ཚང་མའི་གནོད་ཕོག་ཤེས་རྒྱར་ངོ་མཚར་ཆེ། །
་་་་་གནད་ཕིག་གམ་གནད་ཕོག་ཅེས་འབྲིར་འདོད་པ་ལ་གནོད་ཕོག་ཞེས་བྲིས་ཐལ་ཤོར་བ་རྒྱ་མིར་སྙིང་གཅེས། དེ་ཡང་ལས་རེད། །
མཚར་གཏམ་གོ་རྒྱུ་ཅན
ཨེེ།
རྒྱ་ཡི་ཉེན་རྟོག་མྱུར་མཁོ་ཚེ། །
དགུ་དང་གཅིག་གཅིག་མནན་པ་ལས། །
ཏཱ་ལའི་དྲ་རྒྱ་ཕྱེས་ན་མྱུར། །
རྒྱ་གཞུང་མྱུར་འཇིགས་རང་རྟགས་རེད། །
དམ་སྲི་མྱུར་དུ་བསྒྲལ་རན་འདུག །
རི་མོ་ཤིན་དུ་བཟང་མོད་། ༩༡༡་དེ་ཨ་རིས་ཉེན་རྟོགས་པས་ཨང་གྲངས་ཡིན་པ་ལས་རྒྱ་ནག་གི་མ་རེད་།
གོང་གི་མཚར་གཏམ་ཡག་པོ་ཞེ་དྲག་འདུག རྒྱ་ནག་གཞུང་གིས་ཆོས་ལུགས་རང་མོས་ཡོད་ཟེར་བ་ལ་འགྲམ་ལྕག་ཞུས་འདུག ངས་ཀྱང་མཚར་གཏམ་ཞིག་བཤོད་འདོད་སྐྱེས་སོང་། མཚར་གཏམ་དེའི་མིང་ལ་ཀུན་སློང་ངན་པ་ཟེར། དེ་ཡང་ཉིན་ཞིག་འདོད་ཆགས་ཅན་གྱི་ཁྱི་སྐྱག་དང་། རྒྱུ་རྔམ་ཅན་གྱི་ཕག་སྐྱག ཕོ་འདོད་ཅན་གྱི་སྐུ་ཞབས་བྱམས་པ་གསུམ་བྲག་རི་གཡང་གཟར་ཅན་གྱི་ལམ་བུ་ཞིག་བརྒྱུད་ནས་འགྲོ་དགོས་པའི་སྐབས་དེར་གློ་བུར་དུ་མི་ལ་རས་པ་ཐུག་འདུག མི་ལས་ཟེར་ན། ལམ་གཟར་འདི་བརྒྱུད་སྐབས་སུ་ཞིག་གི་སེམས་སུ་ཀུན་སློང་ངན་པ་འཆར་ན་དེ་མ་ཉིད་དུ་དམྱལ་བ་ཡང་སོས་སུ་སྐྱེ་འགྲོ་ཅེས་ནན་བཅག་བྱས། དེ་ལྟར་ཁྱི་སྐྱག་མདུན་དང་ཕག་སྐྱག་བར། སྐུ་ཞབས་བྱམས་པ་རྗེས་སུ་བྱས་ནས་མུ་མཐུད་མདུན་དུ་ཕྱིན། ཉག་ཁ་ཞིག་བརྒྱུད་རྗེས་གཡང་གཟར་གྱི་འོག་ཏུ་མཚེའུ་སྔོན་པོ་ཞིག་གི་ནང་དུ་བུད་མེད་འགའ་ལུས་པོ་འཁྲུ་བཞིན་འདུག ཁྱི་སྐྱག་དེ་དག་མཐོང་བ་དེ་མ་ཉིད་དུ་ཡལ་སོང་། ཕར་ཙམ་ཕྱིན་པ་ན་གསེར་རྡོག་པོ་ཞིག་ལམ་ཐོག་ན་འོད་ཆེམ་མེར་ལྷུང་འདུག ཕག་སྐྱག་སྒུར་ནས་ལེན་རྩིས་བྱེད་སྐབས་མི་ལའི་སྐད་ཆ་ཡིད་ལ་འཁོར་བ་དང་ཁྱི་སྐྱག་གི་ལས་དབང་སྡུག་པོ་མིག་གིས་མཐོང་བས་རང་སེམས་གཅུན་བཞིན་དུ་གསེར་མ་སྒྲུག་པར་མདུན་དུ་ཕྱིན། གཡང་སར་ལམ་བུ་གྲོལ་རྗེས་ཕག་སྐྱག་ཁོ་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་ལྷག་འདུག གྲོགས་པོ་ཚོ། སྐུ་ཞབས་བྱམས་པ་ག་རེ་བྱས་པ་ཡིན་ནམ། སུས་ཐིག་ན་དེ་ལ་བྱ་དགའ་ཡོད།
སྐུ་ཞབས་བྱམས་པ་མཚོ་ནང་དུ་རང་གི་གྲོགས་པོ་ཁྱི་སྐྱག་ལེན་གི་སོང་བ་རེད། ཞོར་དུ་བུ་མོ་དེ་ཡང་མཚོ་ནང་ནས་མ་བཞག་པར་ཁྲིད་ཡོང་རྒྱུ་རེད་འདུག
རྒྱ་ནག་ནང་ནས་ཛ་དྲག་ཁ་པར་ཡོ་ལེན་ལེན་(100) ཡིན་ས་རེད།
དེ་རིང་བླ་རྒན་ཁྱོའི་མགོ་ལ་དབྱུག་པ་ཞིག་བབས་འདུག་མོད། ངས་ད་ཐེངས་བཟོད་པ་དགོངས་ཀིན་ཡིན།
རྗེས་མ་རྒྱ་སྐད་འདྲ་རྒྱབ་མ་ཡོང་ཨེ་གོ་ཐལ།
གཞོན་ནུ་ཟླ་མེད་ལགས་ཀྱིས་ལན་ཕོག་མི་འདུག དྲི་བ་དེ་དེ་ལས་ཁ་གསལ་ཙམ་ཡོང་བ་བྱས་ན་སྐུ་ཞབས་བྱམས་པ་ཟེར་བ་ནི་ཉེ་ཆར་ཨ་རི་རུ་འཁྲུངས་ས་བཀྱོན་གནང་བའི་སྐུ་ཞབས་དེ་རེད། ད་ཅིའི་ཕྱིར་ཁོ་ཡང་གཡང་གཟར་ལམ་བུ་དེ་ནས་མ་ཐར་བ་རེད།
འོ་ཡ་རྩམ་དགའ། རྗེས་མ་ནས་རྒྱ་སྐད་ཚིག་གཅིག་ངའི་ཁ་ནང་ནས་སླེབས་མ་ཐག་ཏུ་ཁྱོད་རང་གིས་གིས་ཆད་པ་བཅད་ན་ཆོག ང་ལ་ཁག་ཟིག་མེད་ཡ། འདི་ནས་ཧོ་ཅིན་གྱི་རྒྱ་རྒན་ཚོ་མཉམ་པོར་འཚོ་འབུའི་རྒྱ་སྒད་བཤད་ཞོར་དུ་མཚོ་འབུའི་པགས་པ་བཤུས་ནས་ལོབས་སོང་ངེ། རྒྱ་སྐད་གཅིག་རེ་གཉིས་རེད་སོ་བར་ཟིག་ནས་ཤོར་སོང་ནས་བླ་མི་འཁེལ་གི
ལ་ལ། ངས་ལན་བཏང་པ་དེ་རྩོམ་ཡིག་གི་ཁ་བྱང་མཚར་གཏམ་ཟེར་བ་དེར་བསྟུན་ནས་ལན་རྒྱབ་པ་མ་གཏོགས་དྲི་བ་དེའི་བསྟན་དོན་ཤེས་པའི་ཆེད་དུ་ལན་རྒྱག་གི་མེད་མོ། ཁྱོད་རང་གི་དྲི་བ་དེ་མཚར་གཏམ་བཤད་ཡོད་ན་ངའི་ལན་ཡང་མཚར་གཏམ་གོ་རྒྱུ་ཡོད་པ་གཅིག་དགོས་ཀ
གཞོན་ནུ་ཟླ་མེད་ལགས་ཀྱིས་ལན་མ་ཤེས་ན་ངའི་མཚར་གཏམ་ཧ་མ་གོ་བ་རེད། ཀླད་པ་དཀྲུག་མགྱོགས་པོ་ཅུང་ཟད་མེད་ན་ངའི་མཚར་གཏམ་འདི་ཡང་གོ་བ་ལོན་རྒྱུ་དེ་ལྟ་བུའི་མི་སླ་ཀི། འདི་ནི་སྦས་དོན་ཅན་གྱི་མཚར་གཏམ་ལྟ་བུ་རེད། རིག་པ་ཅུང་ཟད་དགོས་ནི་རེད། ཨ་རོ།
ཁ་གསལ་བ་ཡོང་ཆེད། དོན་གཅིག་རང་རྒྱས་བཤད་ཞུ་རྒྱུ་ཡིན་ཏེ། འདོད་ཆགས་ཅན་ཁྱི་སྐྱག་བུ་མོ་མཐོང་བས་ཀུན་སློང་ངན་པ་བློ་ལ་ཤར་བས་གློ་བུར་ཡལ་སོང་བ་ནི་ཁོ་རང་མི་ལ་རས་པས་གསུངས་བ་བཞིན་དམྱལ་བ་ཡང་སོས་སུ་ལྷུང་བ་ཡིན། ད་ལན་ཐེབས་ཚོད་ཡིན།
ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན། ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས། བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས།
ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་ སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།
དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
བསམ་ཆུ༹ལ།
འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།
རོགས་རམ་གནང་བ།
ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།
སྣང་མེད་བཏང་བ།
འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།
རྗེས་ལུས་ཐེབས་སོང།
ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།