བསྟན་འཛིན།
འབྲོག་པ་རྒན་པོ་ཞིག་སྨན་ཁང་ལ་ཕྱིན། ཁོའི་གྲོགས་པོ་སྨན་པ་དེས་ཁོ་ལ་བརྟག་དཔྱད་བྱེད་ཞོར་དྲིས་པར། “ཁྱོད་ལ་ནད་ཅི་ཡང་མིན་འདུག་པས། གཟུགས་པོ་ཡག་པོ་འདུག གཉིད་ཡག་པོ་ཁུག་གམ།”
ནད་པས། “གཉིད་དཔེ་ཡག་པོ་ཁུག འོ་ཞུ་རྒྱུ་གཅིག་ལ་ངའི་ཆུང་མ་ལོ་ཅོ་བརྒྱད་ཅན་པོ་དེ་ལ་ཕྲུ་གུ་བཙའ་རྒྱུ་ཡོད། ངའི་གཟུགས་པོ་ཞན་པོ་རང་ད་མ་རེད།”ཟེར་ནས་གདོང་ནས་འཛུམ་བསྟན།
སྨན་པ་ཡིད་ཆེས་མ་ཐུབ་པར། “དེ་ཡོང་མི་སྲིད་པ་ཞིག་རེད།”ཟེར་ནས་ངོ་ནག་ཆགས སྨན་པས་བསམ་བློ་ནན་པོ་ཞིག་བཏང་ནས། “ཁྱེད་སྤྱང་ཀིའི་སྒྲུང་དེ་གོ་ཨེ་མྱོང་།”ཟེར།
འབྲོག་པས། “འོ་དེ་ངས་ཤེས། སྔོན་མ་ལུག་རྫི་རྒན་པོ་ཞིག་རི་ལ་ལུག་འདེད་བཞིན་འགྲོ་སྐབས། ལམ་བར་ལ་སྤྱང་ཀི་ཞིག་མཐོང་། འབྲོག་པས་ལག་པ་དེ་སྐེད་པར་རེག་པས། གྲི་དེ་ཁྱིམ་ལ་ལུས་པ་ཤེས། དེ་ནས་ཅི་བྱེད་འདི་བྱེད་མེད་པར་སྤྱང་ཀི་དེ་ལ་ཁ་བཏད་ནས། “ཕར་རྒྱུག་་་་་་ཕར་རྒྱུག” ལབ་པ་དང་སྤྱང་ཀི་དེ་སར་གྱེལ་བ་དུས་གཅིག་འཁེལ། འཁྲིས་ལ་ཕྱིན་ནས་ལྟ་དུས། ལུས་ལ་རྡོ་ཆེན་པོ་ཞིག་ཕོག་ཡོད། སྒྲུང་དེ་ཨེ་རེད།”ཟེར།
སྨན་པ་ན་རེ། “རེད་སྒྲུང་དེ་རེད། དེ་གསོད་མཁན་ལུག་རྫི་དེ་ཨེ་རེད་ཟེར།
འབྲོག་པས། “མ་རེད། རྡོ་དེ་གཞན་གྱིས་བརྒྱབ་པ་རེད།”ཟེར།
སྨན་པ་ན་རེ། “དེ་རེད། དེ་རེད། ཁྱེད་ཀྱི་ཆུང་མ་དེ་ལ་རྒྱག་མཁན་གྱི་མི་དེ་ངེས་པར་དུ་འཚོལ་དགོས།”ཟེར།
འབྲོག་པས། “ཨ་ཨ་ཨ། ད་ངའི་སྙིང་དེ་ལ་གཟེར་ཞིག་རྒྱག་གི་འདུག ཁྱེད་ཀྱིས་གཅིག་ལྟོས་དང་ཟེར།”