བསྟན་འཛིན།
ཉིན་གཅིག་དངོས་ཁམས་རིག་པ་མཁས་ཅན་ཨེན་སི་ཀྲེན་དང་བོད་པའི་འབྲོག་པ་ཞིག་གནམ་གྲུའི་སྡོད་ས་འཁྲིས་ལ་འཁེལ། འབྲོག་པ་དེས་དངུལ་མང་པོ་ཞིག་ཁུག་མ་ནས་བཏོན་ནས་རྩི་བཞིན་ཡོད། གནམ་གྲུའི་འགྲུལ་བཞུད་དུས་ཚོད་རིང་བས་ཨེན་སེ་ཀྲིན་ཉོབས། འབྲོག་པ་དེ་ལ་ཁ་བསྐོར་ནས། ཁྱོད་ཀྱིས་ང་ངོ་ཤེས་སམ་ཞེས་དྲིས། འབྲོག་པ་དེས། ཨོ་ཧོང་། མི་ཤེས་ཟེར་ནས་མགོ་འཕྲེད་ལ་གཡུགས། ཨེན་སེ་ཀྲེན་ཅུང་ཧ་ལས་ནས། ཡག་པོ་འདུག་ཟེར་ནས་མཛུབ་མོའི་མཐེ་བོ་འགྲེངས།
ཨེན་སི་ཀྲེན་གྱིས། གྲོགས་པོ། དུས་ཚོད་རིང་བས། ང་གཉིས་རྩེད་མོ་ཞིག་རྩེད་དོ། ངས་ཁྱེད་ལ་དྲི་བ་ཞིག་དྲིས། ཁྱེད་ཀྱི་ལན་མ་ཤེས་ན། ང་ལ་སྒོར་མོ་གཅིག་སྤྲོད། ཁྱེད་ཀྱི་ང་ལ་འདྲི་བ་ཞིག་དྲིས། ངས་ལན་མ་ཤེས་ན་ཁྱེད་ལ་སྒོར་མོ་ལྔ་བརྒྱ་སྦྱིན་ཟེར། འབྲོག་པ་དེ་ཅུང་ཐེ་ཚོམ་བཟས། འོན་ཀྱང་ཨེན་སི་ཀྲེན་གྱིས་ཨུ་ཚུགས་བགྱིས་སྟབས། ངོ་མ་ཅོག་པར་ཁས་ལེན་བྱས།
ཨེན་སི་ཀྲེན་གྱིས། ཡ་གྲོགས་པོ། ཟླ་བ་དང་་ཉི་མའི་བར་ལ་རྒྱང་ཐག་ཇི་ཙམ་ཡོད་དམ་ཞེས་དྲིས། འབྲོག་པ་དེས་ཨེན་སེ་ཀྲེན་ལ་མིག་ཧུར་རེར་བལྟས་ནས་བསྡད། ཨེན་སེ་ཀྲེན་གྱིས། ལན་མ་ཤེས་ན་དངུལ་སྤྲོད་ཟེར། འབྲོག་པ་དེ་ད་གཟོད་དྲན་པ་གསོས་ནས་ཨེན་སེ་ཀྲེན་ལ་སྒོར་གཅིག་སྤྲད། ཨེན་སེ་ཀྲེན་གྱིས། ཡ་ད་ཁྱོད་ཡིན་ཏ་ཟེར།
འབྲོག་པ་དེས་བསམ་བློ་དྲུག་གསུམ་ཅོ་བརྒྱད་བཏང་རུང་དྲི་བ་ཡག་པོ་ཞིག་མ་རྙེད། ཨེན་སེ་ཀྲེན་གྱིས་ཡང་ཡང་དྲིས་ཙང་། ཡ་ད་འོ་ན་གདན་ས་གསུམ་དེ་དག་གི་མིང་རེ་རེ་བཞིན་ཤོད་ཟེར། ཨེན་སེ་ཀྲེན་གྱི་བསམ་བློ་ཡུན་རིང་བཏང་རུང་ལན་མ་རྙེད་པས། འབྲོག་པ་དེ་ལ་ཨ་སྒོར་ལྔ་བརྒྱ་སྤྲད།
ཨེན་སི་ཀྲེན་གྱིས་གནམ་གྲུ་འབབ་མཁར་འབྲོག་པ་དེ་ལ། གདན་ས་གསུམ་གྱི་མིང་དེ་དག་གང་རེད་ཟེར། འབྲོག་པ་དེས་སྤོབས་པ་མཐོན་པོས། པོ་ཏ་ལ། དགའ་ལྡན། སེར་འབྲས་བཅས་རེད་ཅེས་སྐད་ཤུགས་ཆེན་པོས་ལན་བརྒྱབ། ཨེན་སེ་ཀྲེན་གྱིས་ཁུག་མའི་ནང་ནས་དེབ་ཆུང་ཞིག་བཏོན་ནས་དེ་དག་ཐོ་བརྒྱབ།
སྒྲུང་སྙན་པོ་ལ་དགའ་བསུ་དགོས།
པོ་ཏ་ལ། དགའ་ལྡན། སེར་འབྲས་བཅས་ པོ་ཏ་ལ དགའ་ལྡན། སེར་འབྲས་སུ། ཐེ་ན་གསུམ་མ་ཡིན། བཞི་རེད་འདུག ལས་རྒྱ་འབྲས་ལ་རྩི་མཁན་ཡིན་ན། འབྲོག་པས་ནོར་དངུལ་སྒོར་༥༠༠་རྙེད་པ་འཇུ་འམ།
འདི་ནི་འབྲོག་པར་དམའ་འབེབས་པའི་བཅོས་སྒྲུང་ཡ་མ་བརླ་ཞིག་ཏུ་མཐོང་། གང་ཡང་མི་ཤེས་པའི་འབྲོག་པ་དང་། དངོས་ཁམས་རིག་པ་བ་གནམ་གྲུར་མཉམ་དུ་ཡོང་མི་ཤེས། བརྒྱ་ལ་མཉམ་དུ་ཁེལ་ན་ཡང་། སྐད་བརྡ་མི་འཕྲོད་པས་ཁ་བརྡ་ཡོང་དོན་མེད། བོད་པའི་འབྲོག་པར་དེང་དུས་ཀྱི་ཤེས་ཡོན་མེད་པ་གཞིར་བཅས་ཀྱང་། རང་བཞིན་གྱི་ཡོན་ཏན་དངོས་ཁམས་རིག་པ་བ་ལས་མང་བ་ཡོད། ཁོང་ཚོར་ས་མཐོའི་རང་བྱུང་ཁམས་ཀྱི་འཚོ་བར་རོལ་སྟངས་དང་། སྒོ་ཕྱུགས་འཚོ་སྐྱོང་། འབྱུང་བཞིའི་གནོད་པ་ལ་གདོང་ལེན་ནམ། གཡོལ་ཐབས་ཀྱི་རིག་པ་ཐུན་མོང་མ་ཡིན་པ་སོགས་སྐྱེས་སྟོབས་ཀྱི་རིག་པ་མང་པོ་ཡོད། དངོས་ཡོད་གནས་ཚུལ་གྱི་ཆ་ནས་ཀྱང་། ཉི་མ་དང་ཟླ་བའི་བར་ཐག་འོལ་ཚོད་ཙམ་ལས་ངེས་གཏན་སུ་ལའང་མེད། རྒྱུ་མཚན་དེ་གཉིས་ཀྱི་བར་ལ་དངོས་སུ་མི་ལྟ་ཞོག་འཕྲུལ་ཆས་ཙམ་ཡང་ཉི་མར་སླེབས་པའི་ལོ་རྒྱུས་མེད། ལར་ནས་འབྲོག་པས་མ་ཤེས་ན་མི་ཤེས་བརྗོད་པ་ལས་དེང་དུས་ཀྱི་ཁྲམ་པ་རྣམས་ལྟར་མི་ཤེས་ཤེས་མདོག་ནམ་ཡང་བྱེད་ཀྱི་མ་རེད་ཅེས་ཚིག་ཐག་ཆོད་པོས་བརྗོད་ཆོག་ཅེས་ང་སྨྲའོ། །
ཨ་ཁུ་འབྲོག་པ།
གོང་གི་ཁ་བྱང་ལ་མཚར་གཏམ་ཞེས་བྲིས་འདུག ཁྱོད་སེམས་སྦུག་དོག་པོ་འདི་འདྲ། འབྲོག་པ་ཞིག་ཡིན་ཟོ་གཏན་ནས་མི་འདུག
འདི་ལྟར་བཤད་ན། ཨ་རིག་ཚོའི་མཚར་གཏམ་དག་ལ་ཁྱོད་ཅི་ཤོད།
ཟུར་གནས་ལགས། མཚར་གཏམ་ལ་དཔེ་གང་སྦྱར་སྦྱར་ཡོད་པ་བཞག་ནས་བོད་པའི་འབྲོག་པ་དཔེར་སྦྱོར་དགོས་པ་མཚར་གཏམ་ལ་དཔེའི་མུ་གེ་ཐེབས་པ་མིན་མཆི། ཨ་རིག་གི་མཚར་གཏམ་ལ་དགོས་པ་དང་རྒྱུ་མཚན་ཡོད་པ་ཁྱོད་ཀྱིས་མི་གོ།
མཚར་གཏམ་གཅིག་དྲན་སོང་།
འབྲོག་པའི་ཁྱིམ་ཚང་གཅིག་གི་ནང་ལ་ལུག་གཅིག་བཤས། ཤ་མང་པོ་བཙོས། བཟའ་ཚོ་གཉིས་དང་ཕུ་ནུ་མིང་སྲིང་རྣམས་དགོངས་ཚ་སྣུམ་པོ་ཞིག་བཟའ་བའི་བསྐལ་བ་ཐོབ།
དེ་དགོངས། ཨ་ཕས་བྱིས་པ་རྣམས་བསྙལ་རྗེས། ཨ་མའི་མལ་ལ་འཛུལ། མོ་ལ་ཁ་སྦྱོར་བཞིན་འཕུར་གཉེད་བཏང་། མོས་འཁུན་སྒྲ་ཆུང་ཆུང་ཞིག་སྒྲོག་བཞིན། ལྕེ་དེ་སྤྲོད་དང་ཟེར། གཉིད་ལ་འགྲོ་བཞིན་པའི་བྱིས་པ་གཅིག་གིས། མལ་ལས་སྐད་ཤུགས་ཆེན་པོས། “ཨ་ཕ། ལྕེ་ཚང་མ་སྤྲོད་ཨང་། སང་ཉིན་ང་ཚོ་ཡང་བཟའ་དགོས་ཡོད་ཟེར།”
ཉིན་གཅིག་གླ་འཁོར་གཏོང་མཁན་ཞིག་རླངས་འཁོར་དལ་པོས་སྐོར་བཞིན་མགྲོན་པོ་འཚོལ་བའི་སྐབས། གློ་བུར་དུ་བུད་མེད་རྒྱག་པ། ལུས་ལ་གོས་ལྷན་པ་གཅིག་ཙམ་ཡང་མ་གྱོན་པ་ཞིག་རྒྱུག་ཡོངས་ནས། གླ་འཁོར་དེ་བཀག ཤུགས་ཀྱིས་གླ་འཁོར་ནང་ལ་མཆོངས།
ཁ་ལོ་བ་དེ་ཧོན་འཐོར། རྒྱབ་ལ་ཁ་ཕྱིར་བསྐོར་ནས། མོའི་ལུས་ཡོངས་ལ་གཤེར་བར་ཤོར། མོས། “མགྱོགས་པོ་ཐོངས། མདུན་གྱི་རླངས་འཁོར་སྔོན་པོ་དེ་འདེད།”ཟེར། ཁོས་འཁོར་ལོ་གཏོང་བཞིན་ཡང་བསྐྱར་རྒྱབ་ལ་མོའི་ལུས་ཡོངས་ལ་གཅིག་བཤེར། མོ་ཚིགས་པ་བཟས་ནས། “ལྟས་ངན་འདྲ་མཐོང་གི་འདུག་གམ། བུད་མེད་དམར་ཧྲེང་མའི་ལུས་མཐོང་མ་ཡོང་ངམ།”ཅེས་གཤེ་གཤེ་ཚ་པོ་ཞིག་བཏང་།
ཁོས། “ཨ་ཅག མ་རེད། ངས་ཁྱེད་ཀྱི་དངུལ་དེ་ག་པར་བཅུག་ཡོད་མེད་གཤེར་བཞིན་ཡོད།”ཟེར།
པོ་ཏ་ལ་གདན་ས་གསུམ་ལ་ངོས་འཛིན་བྱེད་མཁན་གྱི་འབྲོག་པ་ཨ་ཡོད་པོ་ཏ་ལ་དང་དགའ་ལྡན་སེར་འབྲས་གསུམ་ཟེར་བ་སེར་འབྲས་གཉིས་གདན་ས་གཅིག་ལ་ངོས་འཛིན་མཁན་གྱི་འབྲོག་པ་ཨ་ཡོད་འབྲོག་པ་ལ་དམའ་འབེབས་ཙམ་ལས་རྩོམ་ལ་བློ་
ཕྱོགས་ཐུབ་མ་སོང་།
གཞུང་པ་ཚེ་དབང་ལགས།
ཁོ་བོས་བལྟས་ན། འབྲོག་པདེས་རྐང་བཙུགས་ནས་ཨ་ཡེན་སི་ཏན་ལ་གནས་ཚུལ་རྫུན་མ་སྤྲད་པ་རེད། ཁོ་ལ་མགོ་སྐོར་གཡོགས་པ་རེད། རྗེས་མ་བོད་པ་ཞིག་གིས་ཁོ་ལ་གདན་ས་གསུམ་གང་རེད་ཟེར་ན། ཁོས་ལན་དེ་སྤྲད་ཀྱི་རེད། བོད་པ་དེས་ཁྱེད་ནོར་སོང་ཟེར་ནས་ཡང་བསྐྱར་སྒོར་ལྔ་བརྒྱ་བླང་ཐུབ་ཀྱི་རེད། ཧ་ཧ།
སྒྲུང་དེའི་ནང་ཨེན་སི་ཏན་འཛམ་གླིང་ན་མི་སྤྱང་ཤོས་དེ་བོད་པ་འབྲོག་པ་སྤྱང་པོ་ཞིག་གིས་ལས་སླ་པོར་བླུ་བྲིད་བྱས་པའི་སྐོར་རེད། སྒྲུང་དེ་དབྱིན་ཡིག་ནས་ཕབ་འདུག དབྱིན་ཇིའི་ནང་འབྲོག་པ་དེ་རྒྱ་གར་བའི་མི་ཞིག་རེད། ངོ་མ་ཁྱེད་རྣམ་པ་ཀླད་པ་བེད་སྤྱོད་་་་་་
དེ་ནི་དེང་སྐབས་བོད་ཀྱི་སློབ་གྲྭ་ཁག་གི་འགྲོ་སྟངས་ཆགས་འདུག