ཁྲོ་གཏུམ།
——-ངས་སྣ་ཁུང་ནང་གི་བ་སྤུ་བཏོག་ཞོར།
ང་ཚོས་དུས་རབས་འབོད་ཞོར་མདུན་ལ་རྒྱུ
མཐོ་ས་ནས་མར་ལ་བལྟས་པའི་མིག
བར་གནས་སུ་ལྷོད་ཀྱིས་གཡོ་བའི་མིག
དམའ་ས་ནས་ཡར་ལ་ཧེད་པའི་མིག
འགུལ་བསྐྱོད་ཀྱི་ཁྲོད་ན་ཉི་མ་འཁྱོལ་བ་ནི་མི་ཚེ་རེད
ལམ་ནས་ཐད་ཀར་གོམ་པ་སྤོ་དུས
སེམས་ཀྱིས་ཁ་ལོ་བྱེད་པའི་འདུན་མ་མོད་པོ་དག
ལམ་གྱི་དཀྱོགས་མཚམས་རེ་ནས་དལ་བུར་བརླགས་ནས་ཚར
ད་རུང་ཁྱོད་རང་མདུན་གྱི་ལམ་ཁ་དེར་གཏད་ཡོད
༢༠༡༥།༡༡།༢༢ ཉིན།
བཟང་གིན་་་ངོ་མ་སྙན་བྱུང་།