གནས་ཚུལ་མཁོ་འདོན་པ། བསོད་ནམས།
མདོ་སྨད་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོོས། དེ་རིང་དགོང་དྲོ་བོད་ནང་གི་ཆུ་ཚོད་༦པ་ནས་༧པ་བར་དུ་སློབ་མ་ཆིག་སྟོང་ལྷག་ལྷན་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གདུང་སེལ་མཉམ་བསྐྱེད་ཀྱི་མར་མེ་ཕུལ་བ་དང་། མ་ཎི་འདོན་བཞིན་གསོལ་བ་སྨོན་ལམ་བཏབས་ཏེ་སློབ་གྲྭའི་ར་བསྐོར་ནང་དུ་ལས་འགུལ་ཞིག་སྤེལ་འདུག
བཙན་བྱོལ་ནང་གི་སློབ་མ་ཚོ་གང་ལ་སོང་བ་རེད་་་ཨ་ཧཧཧཧཧ
ལེགས་སྦྱར་ལྷའི་སྐད་དུ། རྩོད་པའི་དུས་ལ་འདུས་ལ་ནུས་པ་ཡོད།། ཅེས་སོ།
བཙན་བྱོལ་ནང་གི་་མཐོ་སློབ་ཚོ་ལ་བོད་མི་རིགས་གི་ལ་རྒྱ་དང་སྐད་ཡིག་བཅས་ལ་དྲི་མ་ཞིག་མི་བྲོ་ཡ
བཟང་གི་ཡ་བཟང་གི་རང་ས་ནས་རྒོལ་ཐང་འདི་མཆོག་ཏུ་འགྱུར་བ་ཞིག་ཇི་ལྟར་མིན།
སློབ་མ་ཚོ། སློབ་དཔོན་སངས་རྒྱས་རྒྱལ་གྱིས་རང་ཉིད་སད་དགོས། ཞེས་པ་དེ་དྲན།
དེ་སྔོན་རེབ་གོང་གི་སློབ་མ་ཚོའི་ངོ་རྒོལ་ལ་ནུས་པ་ཐོན་ཐལ། དེ་རིང་ཕྱི་དྲོ་གང་འདྲ་ཆགས་ཡོད་མེད་སུ་ལ་རྒྱུས་ཡོད།
མི་རིགས་ཞིག་གི་ཆེད་དུ་ཁྱེད་ཚོ་འདི་འདྲིས་དཀལ་ངལ་སྤྲད་སོང་། ཕ་ཡུལ་ལ་ཡོད་པའི་སློབ་མ་ཚོ་བཀའ་དྲིན་ཆེ། ཁྱོད་ཚོ་བདེ་བར་སྨོན། ང་ཚོ་ཡུལ་འཁྱར་བའི་སློབ་ཆེན་སློབ་མས་ནང་བོད་སྐད་བཤད་ན་ངོ་ཚ་བོ་དང་བོད་ལ་གྱོན་ན་ཅིང་མ་ཤིས་མཁན་འདྲ་བོ་བརྩི་མཁན་མང་ཡ། ང་ཚོའི་ཅིང་མི་ཤེས་ང་ཚོའི་ཐ་མ་འཐེན་ཡ་དང་དགའ་རོགས་སྒྲིག་ཡ་མི་ཅིང་མི་ཤེས། མ་འོང་བོད་གྱི་བདག་པོ་ཁྱོད་ཚོ་རེད།
གངས་སྤྲེལ་ཚ།
ཡང་ཀྱཱ་མ་མགོན།
དཔའ་བུའི་རོ་ཤུན་རྣམ་གསུམ་ལ་གུས་འདུད་བཅས་ཞུ་རྒྱུ།
ཁྱེད་རྣམ་པ་དང་ང་ཚོ་ཡང་ན་ས་ཡ་དྲུག་པོ་རེ་རེ་བསམ་ཚུལ་མི་འདྲ་བ་ཡོད་ངེས་རེད། ཡིན་ནའང་མཐུན་ས་ནས་ང་བོད་པ་ཡིན་བསམ་པ་དང་། རང་ཡུལ་རྒྱ་ལག་ལ་ཤོར་བ། ང་ཚོའི་གཉེན་ཉེ་འབུམ་ཕྲག་དམར་གསོད། ཆོས་དང་རིག་གཞུང་གཏོར་བཤིག
གསོན་པའི་ཕུ་ནུ་ལ་ལུས་སེམས་གཉིས་ཀྱི་མནར་གཅོད། ཕུ་ནུ་བདུན་ཅུ་ལ་ཉེ་བ་མེས་སྲེག་ཏུ་བཅུག་པའི་ན་ཚ་ཚང་མ་ལ་ཡོད་རེད། དེས་ན་བོད་ལ་བླ་མ་ཞིག་གིས་ཆོས་གསུངས་སོང་ཟེར་དུས་བཙན་བྱོན་བླ་མས་མ་བྱས་རབས། བོད་དུ་མི་ཞིག་དེབ་བྲིས་སོང་ཟེར་དུ་བཙན་བྱོལ་ནང་ཡི་གེ་མི་ཤེས་རབས། བོད་ནང་དུ་གླུ་བཏང་སོང་ཟེར་དུས་བཙན་བྱོལ་ལྕེ་དིག་རེད་ཟེར་བ། དེ་འདྲ་རྐྱང་བཤད་ནས་དངོས་གནས་ཕན་ཐོགས་འདུག་གམ། ད་དུང་འདི་འདྲའི་དུས་ཚོད་ཛ་དྲག་སྐབས་ང་དང་ཁྱོད་ཟེར་ན་ཅུང་འགྲིག་གམ། ཐུགས་རྗེ་གཟིགས། བཙན་བྱོལ་བ་འབུམ་ལྷག་ཙམ་འདི་ཁྱེད་རྣམ་པའི་བཀའ་བཀྱོན་གཏོང་ས་འདྲ་པོ། མཐོང་ཆུང་གཏོང་ས་འདྲ་པོ། མིག་ལོག་ལྟ་ས་འདྲ་པོ། མཆིལ་ཞགས་འཕངས་འདྲ་པོ། འོ་དེ་འདྲ་མ་གནང་རོགས། དེ་འདྲ་མ་དགོངས་རོགས།