—-ཚེ་རིང་།
རླུང་བུའི་ཁ་ཕྱོགས་གཅིག་གིས
ང་རང་དཀྱིལ་ནས་དཀྱིལ་ལ་དེད་ཅིང
སོང་གིས་སོང་གིས
ནམ་ཡང་སྐམ་སར་ལོག་མི་ཐུབ་པའི་ཚོ
མཚན་མོའི་མཚོ་ཀློང་དུ
ནམ་ཡང་མཐོང་ཐུབ་པ་ནི
གོ་རིམ་ངེས་མེད་ཀྱི་སྐར་མ་རྒྱུ
སྐར་མའི་ཚོགས རང་རང་ས་ནས་འཆར་ཞིང
སླར་ཡང་རང་རང་ས་རུ་ནུབ་འགྲོ
ཕྲ་ལམ་ལམ་གྱི་སྐར་ཚོགས་དེ་སུ་ཞི
ནག་ཡོར་ཡོར་གྱི་ནམ་མཁའ་འདི་སུ་
རེ་ཐག་ཆད་པའི་ཚོར་བ་འདིའི་དབང་
ངོ་གདོང་ནམ་མཁར་ཕྱོགས་ནས
བརྗོད་འདོད་པའི་སྐད་ཆ་གཅིག་བཤད་
སུ་ཞིག་གིས་གོ་ཨེ་འགྲོ་སྙམ་པའི་
ཡང་སུ་ཞིག་གིས་ཨེ་གོ་སྙམ་པའི་རེ
མཚོ་མོ་ཕྱོགས་གང་སར་འཐེན་པའི་
མཚོ་མོ་འགྲོ་ས་ཅི་ཡང་མེད་པའི་
རླུང་བུ་ད་དུང་ང་ཡི་རྒྱབ་ཕྱོགས་
2013/9/10