ཁྲོ་གཏུམ།
ཉི་འོད་ཀྱི་མངའ་ཐང་ལ་གྲང་རག་ཕྲ་མོའི་བརྒྱན་བཏབ
མཚོ་ངོགས་སུ་འཕྲོ་བའི་ཞོགས་ཉི་དེའི་དབང་གིས
ངའི་སྐྲ་ལོ་ལ་སོ་མང་མི་དགོས་པར་ཤད
སེམས་བསམ་པའི་གོམ་པ་སྤོ་ཕྱོགས་ཤིག་གི་ལས་དབང་ལ
གྲུ་ཁ་རུ་བཏེགས་པའི་མཚོ་གྲུ་ཆུ་ལྟིག་མ་དེའི་གཡོ་སྐྱོམ་གཅིག་པུ་ཁེན
ཞོགས་པའི་མིག་ཟུང་ལ་ལྷུང་བའི་མཛེས་པ་དག
བསམ་བློའི་རྒྱག་ཕྱེ་ལ་སོང་བའི་གོ་རེ་དམར་བོ་དེ་དང་བསྡུངས
འཚིག་ཇ་འཐུང་བར་མ་གོམས་པའི་ང་ལ
ཆུ་དམ་བུ་གང་གིས་གོ་ཆོད་པར་སྣང
དེ་རིང་གི་ཉི་འོད་ལ་ཟེར་མ་སྟོང་ཕྲག་འཕྲོ
ཕྱོགས་པ་ཡིན་ཙང་མཁའ་དབུགས་ཀྱིས་བདེ་བ་སྦྱིན
མཚོ་གྲུ་ཆེ་བའི་ནུར་འགྲོས
མཚོ་གྲུ་ཆུང་བའི་མྱུར་ཤ
མཚོ་འགྲམ་གྱི་རྐང་ཐང
རྣ་ཉན་བཀོད་ཞོར་མཚོ་འགྲམ་རྐང་པས་འཇལ
ཕྱི་ལོ ༢༠༡༩ ཟླ་ ༣ ཚེས་ ༢༩ ཉིན།
༄༅། དུང་སེམས་གསེར་གྱི་མེ་ཏོག་དེ། ཡིད་ཀྱི་གཏིང་ནས་འཛུམས་ནས་ཡོད།
ཁྱེད་དང་ང་ཡི་སྙིང་གཏམ་ནི། བྲིས་པའི་རི་མོ་ཆ་གཅིག་ཡིན།
འཛད་མེད་བརྕེ་བའི་རྒྱ་མཚོ་དེ། དམར་ཆུང་སེམས་ནང་བཞུར་ནས་ཡོད།
ཁྱེད་དང་ང་ཡི་སེམས་པ་ནི། གསལ་བའི་མེ་ལོང་ཆ་གཅིག་ཡིན།