རིན་ཆེན་ནས
—————-
འདི་མཚར་གཏམ་དུ་འགོད་ནའང་ཆོག་ལ་མ་གཞི་རོ་འཛིན་སྡེབ་འགྱུར་དཀའ་བའི་བརྗོད་པ་སྟེ་དབྱིན་སྐད་དུ་(tongue twister)ཞེས་པ་དེ་ཡིན་ ཐུགས་རྗེ་ཆེ་
ཨོ་བྷ་མ་ལགས་ མཚོ་པད་མ་ལ་ ངའི་ཕ་མ་ལ་ཐུག་ཞག། ངའི་ཕ་མ་ལ་ མཚོ་པད་མ་ལ་ ཨོ་བྷ་མ་ལགས་ཐུག་ཞག། སྒྲ་གསལ་ལ་དག་པས་འདི་ཚར་གསུམ་སྐར་ཆ་བཅུ་གཉིས་ཀྱི་ནང་ཚུན་ལ་འདོན་ཐུབ་ན་སྤྱིར་བཏང་དང་དེ་ལས་མགྱོགས་ན་དམིགས་བསལ་ལོ།
ཐེངས་དང་པོར། ༡༣.༣༠
ཐེངས་གཉིས་པར། ༡༡.༢༠
ཐེངས་གསུམ་པར། ༡༠.༠༠
ཁྱབ་སྙོམས། ༡༡.༥༠ འགྲིགས་ཙམ་ཡིན་ས་རེད།
དྲི་བ་འགའ་ཐོན་སོང་། བོད་ཡིག་འབྲི་དུས་ཨང་ཀི་བར་དུ་ཚེག་དམའ་བོ་༼ . ༽དེ་མིན་འདུག དེ་དང་དྲི་རྟགས་འདི་༼ ? ༽་ཡང་མི་འདུག ཧང་སང་རྟགས་ ༼ ! ༽ དབྱིན་ཡིག་ནང་བཞིན་ཐད་ཀར་མཛུབ་གཞོང་ནས་གནོན་ཐུབ་ན་ཡག་པོ་ཡོད་ས་རེད།
ཧང་སང་རྟགས་ཟེར་གྱི་ཡོད་མེད་མི་ཤེས།
མེ་སྒྱོགས་རྒྱ་མཚོ་ལགས།
ང་ཚོ་བོད་ཀྱི་རང་བཙན་ཤོར་སོང་བ་བདེན་པ་ཡིན་མོད། བོད་ཡིག་བརྡ་སྤྲོད་རིག་པ་ད་དུང་གསོན་ངོགས་འདིར་གནས་ཡོད་པ་རེད། བོད་ཡིག་ལ་ཡང་དབྱིན་ཡིག་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་ཡི་གེའི་བརྡ་སྤྲོད་ཀྱི་འགྲོ་སྟངས་བཞིན། གཞན་ལ་རེ་མི་དགོས་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་འཐུས་ཚང་ཞིག་ཡོད་པ་རེད། ང་ཚོའི་སྔོན་བྱོན་མཁས་པ་རྣམས་ཀྱི་ཕྱག་སྲོལ་ལྟར་ན། ཨང་གིའི་རྗེས་སུ་ཚེག་འཇོག་དགོས་ཚེ། བོད་ཡིག་གི་ཚེག་ཁོ་རང་འཇོག་གིན་ཡོད་པས། དབྱིན་ཡིག་གི་ཚེག་ཆུང་དེ་ཨེ་ཡོང་མི་ཡོང་བྱས་ནས་དཀའ་ངལ་ཁུར་དགོས་དོན་མེད། དཔེར་ན། ༡༡་ ༡༥་ ལྟ་བུ་རེད།
བོད་ཀྱི་བརྡ་སྤྲོད་རིག་པའི་ནང་དུ་དམིགས་བསལ་དྲི་རྟགས་ཟེར་བའི་ཐ་སྙད་མེད་མོད། དོན་གྱིས་ཡོད་པ་རེད། གམ་ངམ་དམ་ནམ་སོགས་དྲི་རྟགས་རེད། དཔེར་ན། ཁྱེད་བོད་མི་ཡིན་ནམ། ཁྱེད་ཀྱིས་བོད་ཡིག་ཤེས་སམ། བོད་ཡིག་ལ་དྲི་རྟགས་ཡོད་དམ། ཟེར་བ་ལྟ་བུ་རེད། !འདི་ལ་བོད་སྐད་ཐོག་ཧང་སང་རྟགས་ཞེས་བརྗོད་ན་འགྲིག་མིན་མི་ཤེས་ལ། དེ་འདྲའི་རྟགས་བོད་ཡིག་ནང་དངོས་སུ་མེད་མོད། ཡ་མཚན་པ་དང་། ཧང་སང་བ་སོགས་ཀྱི་ཐ་སྙད་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པ་ལོས་ཤེས། འོན་ཀྱང་བོད་ཡིག་ནང་སྔོན་ཆད་མེད་ཅིང་། ཡུལ་དུས་དང་བསྟུན་ཏེ་གསར་དུ་བཅུག་ན་བོད་ཡིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ཞིག་ཡིན་ན། དེ་ལ་དགག་པ་བྱེད་ཀྱིན་མེད། འོན་ཀྱང་ང་རང་ལ་མཚོན་ན་ཡིག་ངོ་ཤེས་པ་ནས་བཟུང་ད་བར་བོད་ཡིག་གིས་མ་འདངས་བའི་དཀའ་ངལ་ཞིག་རྩ་བ་ནས་འཕྲད་མ་མྱོང་། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་བསྐལ་བའི་བར་གནས་གྱུར་ཅིག དབྱིན་ཡིག་སོགས་ཀྱི་བསྲེ་སླད་ཀྱང་མི་འབྱུང་བར་ཤོག་ཅིག དེ་རིང་དེ་ཙམ་ཡིན།
རིག་མཆོག་ལགས་ཀྱི་བསམ་འཆར་ལ་གུས་བརྩི་ཡོད། ཡིན་ནའང་ངས་ནམ་རྒྱུན་དུ་རྟགས་འདི་དག་བེད་སྤྱོད་ཀྱི་ཡོད། བོད་ཡིག་གི་ཚགས་ཤོག་དང་སྒྲུང་དེབ་མང་པོའི་ནང་དུ་རྟགས་འདི་དག་མཐོང་སོང་། ང་རང་ངོས་ནས་བལྟས་ན་རྟགས་འདི་དག་མེད་པ་ལས་ཡོད་པས་ཡག་པར་མཐོང་གི་འདུག ཕལ་ཆེར་རྟགས་འདི་དག་དགོས་མི་དགོས་ཀྱི་གནད་དོན་ཞིག་ཆགས་ཀྱི་མིན་འདུག་སྙམ། གཞུང་འབྲེལ་ཐོག་ནས་(officially) ངོས་ལེན་གྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་ནང་དུ་འཇོག་སྔར་ཕྱི་ཙམ་རེད་བསམ་གྱི་འདུག འདི་འདྲ་བོད་ཡིག་མཛུབ་གཞོང་དུ་བཅུག་ན་སྟབས་བདེ་རུ་འགྲོ་བ་ཤོད་མི་དགོས་པ་རེད།
སྐད་ཡིག་གཞན་དག་ནང་དུའང་རྟགས་འདི་དག་ནས་ཚང་མ་ནི་མེད་དུ་མི་རུང་བ་ཞིག་ཆགས་མིན་འདུག འདི་དག་ཡོད་ནས་སྟབས་བདེ་རུ་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་གི་འདུག ང་རང་ལ་མཚོན་ན་དམིགས་བསལ་གྱིས་མཆན་རྟགས་“ ”འདི་ལ་སྣང་བ་འགྲོ
ཨང་གྲངས་ཀྱི་ཚེག་ཆུང་དེ་ཁྱེད་རང་གིས་བཤད་པ་ལྟར་སོར་བཞག་བྱས་ནའང་མི་འགྲིགས་པ་མི་འདུག་སྙམ།