སྙན་བཟང་གཡུང་དྲུང་ཚེ་རིང་གིས་བསྒྱུར།
དུས་རྒྱུན་གྲུ་ཡི་ལས་མི་དག་གིས་རང་ཉིད་དགའ་སྤྲོ་འབྱུང་བའི་སླད། །
ཤིན་ཏུ་ཆེ་བའི་རྒྱ་མཚོའི་བྱ་ཆེན་མཚོ་བྱ་གཤོག་རིང་ལེན་པར་བྱེད། །
གང་དེ་འགྲུལ་པའི་ཟླ་བོར་བྱེད་བཞིན་ནུས་མེད་དང་བཅས་རྗེས་སུ་སྙེགས། །
གྲུ་གཟིངས་ཉིད་ནི་བ་ཚྭ་མཚོ་ཡི་ཁུགས་པའི་ངོས་སུ་ཤུད་ཅིང་འདྲུད། །
ཁོང་ཚོས་མཚོ་བྱ་གཤོག་རིང་དག་ནི་པང་གཅལ་སྟེང་དུ་བཞག་ཙམ་ཉིད། །
དེའི་ཚེ་སྤྱང་གྲུང་འཁྱུག་རྩལ་མེད་པ་གནམ་གྱི་རྒྱལ་པོ་འདི་དག་གི །
དཀར་ཞིང་ཆེ་བའི་གཤོག་པ་ལེབ་མོ་ཉམ་ཐག་ངང་ནས་དཔྱངས་པ་ནི། །
གྲུ་ཡི་ཁེམ་བུ་མཚོ་བྱའི་འཁྲིས་སུ་ཐུར་དུ་དྲུད་པ་དབྱེར་མ་མཆིས། །
གཤོག་ལྡན་འགྲུལ་པ་མཚོ་བྱ་ཁོང་ནི་འཁྱུག་རྩལ་མི་ལྡན་ཉམ་ཐག་ཨང་། །
འཕུར་ཤུགས་ཆེ་ཞིང་མཛེས་ཉམས་དོད་པ་ད་ནི་མི་སྡུག་དགོད་བྲོ་ཨང་། །
ལས་མི་ཞིག་གིས་དུ་བའི་རྭ་རྩེས་ཁོང་གི་མཆུ་ཏོར་སུན་སྣང་སྐྱེད། །
གཞན་པ་དེ་ཡིས་ཞ་བོའི་འགྲོས་ཀྱིས་ཡོ་བའི་འཕུར་ཉམས་ལད་མོ་བྱེད། །
སྙན་ངག་མཁན་དག་ཆར་སྤྲིན་གསེང་གི་རྒྱལ་སྲས་ཉིད་དང་ཀུན་ནས་མཚུངས། །
གང་དེ་ཆར་རླུང་ཁྲོད་དུ་འཕུར་ཞིང་མདའ་ཡི་བུ་ལ་ཁྲེལ་དགོད་བྱེད། །
མི་ཡིས་འཕྱ་ཞིང་སྨོད་པའི་ཡུལ་དུ་བྲོས་བྱོལ་བྱེད་པར་སླེབས་པ་ན། །
ཤིན་ཏུ་ཆེ་བའི་གཤོག་ཟུང་ལེབ་མོས་གོམ་པའི་འགྲོས་དག་འགོག་པར་རྩོམ། །
ཉེ་ཆར་ཕྲན་གྱིས་ཧྥ་རན་སིའི་སྙན་ངག་པ་གྲགས་ཅན་ཆར་ལི་བྷོ་བྷི་ལེར་(༡༨༢༡~༡༨༦༧)གྱིས་བརྩམས་པའི་“མཚོ་བྱ་གཤོག་རིང་”ཞེས་པའི་སྙན་ངག་འདི་“མི་དགེ་མེ་ཏོག་”ཅེས་པའི་སྙན་དེབ་ལས་ཁོལ་ཕྱུང་གིས་བསྒྱུར་ཏེ་དྲ་བ་ཞིག་ཏུ་བཀོད་ཟིན་མོད། དེ་རིང་དགོས་དབང་གིས་ཁ་བརྡ་དྲ་བར་བཀོད་པ་ཡིན། མ་རྩོམ་དང་ཨིན་འགྱུར་གཉིས་གཤམ་དུ་གསལ། ཨིན་འགྱུར་ལ་འགྱུར་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་འབྲེལ་ཐག་འདི་ནས་གཟིགས་ཆོག་པས་དགོངས་འཆར་གནང་རོགས། http://fleursdumal.org/poem/200
L’Albatros
(Par Charles Baudelaire)
Souvent, pour s’amuser, les hommes d’équipage
Prennent des albatros, vastes oiseaux des mers,
Qui suivent, indolents compagnons de voyage,
Le navire glissant sur les gouffres amers.
A peine les ont-ils déposés sur les planches,
Que ces rois de l’azur, maladroits et honteux,
Laissent piteusement leurs grandes ailes blanches
Comme des avirons traîner à côté d’eux
Ce voyageur ailé, comme il est gauche et veule !
Lui, naguère si beau, qu’il est comique et laid !
L’un agace son bec avec un brûle-gueule,
L’autre mime, en boitant, l’infirme qui volait !
Le Poète est semblable au prince des nuées
Qui hante la tempête et se rit de l’archer ;
Exilé sur le sol au milieu des huées,
Ses ailes de géant l’empêchent de marcher.
The Albatross
(By Charles Baudelaire)
Often, to amuse themselves, the men of a crew
Catch albatrosses, those vast sea birds
That indolently follow a ship
As it glides over the deep, briny sea.
Scarcely have they placed them on the deck
Than these kings of the sky, clumsy, ashamed,
Pathetically let their great white wings
Drag beside them like oars.
That winged voyager, how weak and gauche he is,
So beautiful before, now comic and ugly!
One man worries his beak with a stubby clay pipe;
Another limps, mimics the cripple who once flew!
The poet resembles this prince of cloud and sky
Who frequents the tempest and laughs at the bowman;
When exiled on the earth, the butt of hoots and jeers,
His giant wings prevent him from walking.
— William Aggeler, The Flowers of Evil (Fresno, CA: Academy Library Guild, 1954)