མཚོ་བྱུང་ལྷ་མོ།
སྐྱ་ཐིང་ཐིང་གི་མཐའ་འདི་ནས
ངས་ཕར་ཕྱོགས་ཀྱི་རྒྱ་མཚོ་ལ་བལྟ་ཞོར
ནང་སེམས་ཀྱི་བཞུར་རྒྱུན་ལ་ཉན་བཞིན
ངེད་ཕུ་ནུའི་བརྩེ་ཞེན་ལ་སེམས་པ་གླན་ནས
འགྱུར་མེད་ཀྱི་རེ་སྒུག་ལ་སླར་གསོ་བྱེད་འདོད
སྐྱ་ཐིང་ཐིང་གི་མཚོ་མཐའ་འདི་ནས
ངའི་མཐོང་ལམ་ཡོད་ཚད་ཡིད་ཆེས་ཀྱིས་ཁེངས་ཡོད
ཕུ་ནུའི་ལྷན་འཛོམས་ལ་ཕྱིར་དྲན་བྱེད་ཞོར
སྐྱིད་ཀྱི་ཉི་ཟེར་ལ་རེ་སྒུག་གི་མིག་ཟུང་ཅེར་ཡོད
སྐྱ་ཐིང་ཐིང་གི་མཚོ་མཐའ་འདི་ནས།
སེམས་གཅོང་གི་ལུས་པོ་མཚོར་གནས་ཅིང
རང་དབང་གི་སེམས་པ་དེ་ཁྱེད་ཕྱོགས་ལ་ཤོར
ཇི་ལྟར་བསྐྱར་ཡང་བརྗེད་ཐབས་བྲལ་བ་ནི
གཞན་ཁྱིམ་ན་གནས་པའི་ཕུ་བོ་ཁྱེད་ཡིན