ཁྲོ་གཏུམ། ༼ཨོ་གླིང་།༽
རླབས་ཀྱི་ཁུག་སོ་རེ་ལ་ཝུ་བའི་ཕྲེང་ཐག་ཐོར་བ
མིག་གིས་མི་ཟིན་པའི་མཚོ་མཐའ་སྨུག་པོ་དེའི་ཕར་ཕྱོགས
ངས་མཐོང་འདོད་པ་ཡིན་ཀྱང
ཇི་ལྟར་ཅེར་ཡང་མིག་གི་ངལ་བ་ལས་མ་འདས
རླབས་ཕྲེང་གཅིག་པས་མིག་དབང་འཕྲོག
རླུང་གིས་སྐྲ་ལོ་ཤད་པ་མཁྲིས་ཀྱི་ལྗོན་ཚལ་ལ་འཕྱ
མཚོ་རླབས་ནི་མགོ་སྟོང་ཞིག་རེད
ལྟད་མོར་བལྟས་ཀྱིན་བལྟས་ཀྱིན་ཤུགས་ཀྱིས་ང་སར་འཕྱོ
མཚོ་རླབས་ནི་ཁོང་ཁྲོ་ཅན་ཞིག་རེད
ཕར་ལ་བརྒལ་གྱིན་བརྒལ་གྱིན་རླབས་ཀྱི་འགྲམ་ལྕགས་སྤྲད་ཡོང
མཚོ་མཐའ་ནི་སྒྱུ་འཕྲུལ་ཞིག་རེད
སྐེ་བསྲིང་ནས་བལྟས་ཀྱང་མིག་གི་མཐོང་ཚད་ཉམས་འགྲོ
འདི་ལྟར་མཚོ་མཐའི་ཕ་རོལ་དེ་སེམས་སུ་བཅིངས
༢༠༢༠/༥/༢༥