ཁྲོ་གཏུམ།
དེ་རིང་། ལྷིང་འཇག་གི་མཚོ་མོ
རླབས་ཀྱི་འགྲམ་ལྕག་བྲལ
ཆུ་སྐྱུར་ཆ་ཀ་ཡང་ག་ཤེད་ཅིག་ཏུ་འཕུར
མཚོ་མོའི་ངོགས་སུ་ནམ་ཡང་ཅེར་མཁན
རྟག་བརྟན་གྱིས་གཟིགས་མཁན
མཚོ་མཐའི་ཁང་བརྩེགས་འདི་རིགས་ཡིན
མཚོ་མཐར་གནས་པ་ནི
ཆེས་ཧམ་སེམས་ཆེ་ཤོས
ཡང་ན་ཆེས་རེ་བ་འགྲུབ་ཤོས
དེ་ན་མི་ཚེ་ཡི་མཐར་མཇུག
འོ་ན་དཀའ་ངལ་གང་མང་ཞིག་ཕ་མཐའ
མཚོ་རླབས་སུ་རོལ་བའི་སེམས་པ་དག
ཕ་མཐའ་མི་མངོན་པའི་མིག་རྒྱང་རིང་པོ་ཞིག
སེམས་པའི་གཏིང་ལ་ལྷུང་བའི་དམིགས་ཡུལ་དེའི་མཐའ་ལ་ལྟ་བ
རེ་སྒུག་གི་ཁྲོད་ན་ལྷག་པའི་མི་ཡུལ་དེའི་ཕྱོགས་སུ་མིག་ཅེར་བ་ཞིག
ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༣༡ ཉིན།