ཁྲོ་གཏུམ། ༼ཨོ་གླིང་།
—ཁ་སང་ཞོགས་པར་པར་བཏབ་སྟེ་དེ་རིང་ཞོགས་པར་སེམས་པ་བྲིས།
ཞི་བདེ་རྒྱ་མཚོའི་ར་ལག་ཅིག
ཉིང་ལག་ཅིག
རྣ་ལུང་ཞིག
རྩིབས་རུས་ཤིག
ར་ལུ་ཞིག
འོན་ཀྱང འདི་ནི་མེ་ལོང་ཞིག་སྟེ
སྤྲིན་པ་དང་ཉི་མའི་མེ་ལོང
བང་རིམ་གྱིས་བསྒྲིགས་པའི་ཁང་བརྩེགས་དེ་ཚོའི་ཤེལ་སྒོ་ཞིག
ངའི་ཁ་པར་གྱི་ཤེལ་མིག་ལ་ལྷུང་བའི་མཚོན་གྱི་རི་མོ་ཞིག
རྨི་ལམ་གྱིས་འཚོལ་ན་མི་རྙེད་པ
ཤོག་ཐོག་ཏུ་ཕབ་ན་མི་ཕྲིས་པ
ཉི་འོད་ཡང་སྤྲིན་འོག་ནས་ཡིབ་ནས་ལྟ་བ
ཡིན་ནའང
མི་རྣམས་སྔར་བཞིན་ཧམ་སེམས་ཀྱིས་རྒྱུགས་ཤར་གློད
བྱ་རིགས་ཀྱི་སྐད་སྒྲས་རྒྱུད་མངས་བར་མེད་དཀྲོལ
བྱིལ་བྱིལ་བྱེད་འདོད་པའི་མཚོ་ལག་འདི་ངའི་ཁ་སང་གི་ཞོགས་ཇ་ཡིན
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ལ།
མཚོན་གྱི་མཚོ་མོ་ཞེས་པའི་མཚོན་འདི་བྱ་ཚིག་གི་མཚོན་རེད་དམ། མིང་ཚིག་གི་མཚོན་རེད།