ལྷོ་ཕྱོགས་ཉི་ཟླ།
མཛངས་མ་དག་ནི་མཛེས་མ་མ་ཡིན་ཀྱང་།།
ཕོ་གསར་ཁ་ཤས་སེམས་ལ་རིན་ཐང་ཡོད།།
རང་དབང་ཡོད་པའི་ས་མཐའི་ཡུལ་ལུང་འདིར།།
བུད་མེད་ཐམས་ཅད་མཛངས་མར་མཆིས་ན་འདོད།།
མཛངས་མའི་རིགས་ལ་བདག་པོ་མང་བས་ན།།
མཛེས་མའི་རིན་ཐང་སྟོང་ལ་ཉེ་བའི་ཁད།།
སྤྱི་ཚོགས་མགོ་སྟོང་འདི་ཡི་གྲུ་ཟུར་ན།།
ཕོ་མོའི་རིན་ཐང་འགྲན་རྩོད་ཆེ་བར་འོང།།
ཕོ་གསར་དག་གིས་ཆགས་སྲེད་གང་དྲན་བརྗོད།།
མཛངས་མ་དག་གིས་རྣམ་པའི་གཟིགས་སུ་བསྟན།།
ཕྱི་ནང་གཉིས་ཀྱི་ཁྱད་ཆོས་མ་འཚོལ་ན།།
འདི་དག་མཛངས་མ་ཐམས་ཅད་མཛེས་མར་འགྱུར།།
ཕོ་གསར་མོ་གསར་ཐམས་ཅད་འདིར་ལོངས་ཤོག
ཁྱེད་དང་ང་ཡི་བར་གྱི་རྨི་ལམ་ཞིག
དེ་རིང་སང་ཉིན་འདིར་ཚོགས་ཁྲོམ་ནས་འཆར།།
རེ་བ་སྟོང་གི་སེམས་པ་འདོད་པའི་ཁེངས།།
ལོངས་ཤོག་ལོངས་ཤོག་མཛངས་མ་ཐམས་ཅད་ལོངས།།
སྡོད་ཅིག་སྡོད་ཅིག་མཛེས་མ་ཡིན་ན་སྡོད།།
ཁྱེད་དང་ང་ཡི་བར་གྱི་འགྲན་རྩོད་མིན།།
འདི་དག་ཐམས་ཅད་ཁྱེད་ཀྱི་ཐོབ་ཐང་ཡིན།།
2011.5.30
དྲ་བདག་ལགས།
ཁ་བྱང་དུ་མཛངས་མ་ཐམས་ཅད་མཛེས་མ་མིན། ཅེས་ལ་བཅོས་རོགས་ཞུ།
མཛེས་མ་ཐམས་ཅད་མཛེས་མ་མིན། །
བུད་མེད་མ་རབས་མཛེས་མ་མིན། །
ཡ་རབས་བུད་མེད་ཐམས་ཅད་ནི། །
མཛངས་མ་ཡིན་པས་མཛེས་མ་ཡིན། །
བོད་ཀྱི་མཛངས་མ་མཛེས་གྱུར་ཅིག །
མཛངས་མ་ཐམས་ཅད་མཛེས་མ་མིན།།
རང་སེམས་ཤོར་ན་མཛེས་མ་ཡིན།།
འདམ་རྫབ་ཉེས་པའི་ཕུང་པོ་ལ།
མཛངས་མ་ཞེས་བྱ་འཁྲུངས་མི་སྲིད།
འཇིག་རྟེན་འཁྲུལ་བའི་སྣང་ངོ་རུ།
དག་པར་གང་ཡང་སྣང་བ་མེད།
ཐ་སྙད་འཇིག་རྟེན་སྣང་ངོ་རུ།
ཞ་ལོང་འོན་ལྐུགས་འཛིན་མ་ཡང།
ཡིད་ཀྱི་བརྟན་པ་འཕྲོག་པའི་ཕྱིར།
མཛེས་མའི་འགྲན་ལ་བཞུགས་ཀྱང་འོས།
བཤད་རྒྱུ་མེད་ཀྱང་བཤད་དགོས་པའི་དབང་དུ་བྱས་ཏེ་ལ་སྟོད་བུས་ཆོས་བཤད་འདྲ་ཞིག་བྱས་འདུག
སྤྱིར་མཛངས་མ་འགྲན་རྩོད་ཀྱི་ལས་འགུལ་འདིར་རྒན་ཟམ་གདོང་སོགས་ཀྱིས་དགག་པ་གནང་གི་ཡོད་མོད་
ཁོ་བོས་རྒྱབ་སྐྱོར་བྱེད་འདོད་ཡོད། འོན་ཀྱང་མཛངས་མའི་སྤུས་ཚད་ལ་ཡར་རྒྱས་ཟེར་བ་ཞིག་ཁྱོན་ནས་མི་འདུག ད་ལོ་མཛངས་མ་དག་ལ་དངོས་གནས་སྐྱེ་གཟུགས་མི་འདུག་ག གཅིག་མ་གཏོགས་གཞན་དག་ཚང་མ་
མདོག་ངན་རེད་ཤག་ལབ་ན་ཆོག་གི་འདུག
མཛངས་མ་མཛེས་མ་གཉིས་ལ།
དོན་གྱི་ཁྱད་པར་ཆེ་མོད།
རུང་ཕྲུག་བློ་བཟང་དབང་རྒྱལ།
བོད་ཡིག་མི་ཤེས་ཁག་མེད།
མཛེས་མ་ནི་མཛངས་མ་མིན། མཛངས་མའི་མཚན་ཐོབ་པ་ལ། མཛངས་མའི་ཡོན་ཏན་བརྒྱད་ཚང་ན་མཛངས་མ་ཡིན། འོན་ཀྱང་མཛེས་མ་ཡང། རིག་ཟུག་ལང་ཚོ་ལྡན་ན་ཡང། ཡོན་ཏན་མེད་ན་མཛེས་མ་ཡིན། རྨ་བྱ་སྤུ་སྡུག་ཡིད་འོང་ཡང་། ཆེན་པོའི་རྒྱན་དུ་འོས་སམ་ཅི།
ཁྱེད་ཚོས་བཤད་པ་ལྟར་མཛངས་མ་དང་མཛེས་མའི་བར་དུ་ཁྱད་པར་འཇོག་རྒྱུ་ཡོད་རུང་
མཛངས་མ་ནི་ངེས་པར་མདོག་ངན་ཞིག་ཡིན་མི་རུང་སྙམ།
དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་གསུང་བ་བཟང་ངོ་།
མཛངས་མ་ནི་མདོག་ངན་ཀྱང་རུང་མཛེས་ཀྱང་ཆོག
བུད་མེད་འཇོན་སྟངས་ཅན་ཅིག་ཡིན་ན་ཆོག
མཛེས་མ་ནི་མདོག་ངན་ཞིག་ནམ་ཡང་ཡོང་མི་སྲིད།
མ་གཞི་ནས་མཛེས་དང་མི་མཛེས་ཞེས་པ་སུས་ཐག་ཆོད་བྱེད་ཐུབ་བམ།
མི་རེའི་ངོ་ན་མཛེས་མ་རེ་ཡོད།
ཁོ་ལ་ཡིན་པ་ང་ལ་མིན་ང་ལ་ཡིན་པ་ཁོ་ལ་མིན།