སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ།
ཀ་མ་ལ་ལྟར་མཛེས་པའི་ཡིད་འཕྲོག་མ།།
ཁ་བའི་ལ་རྒྱ་འཛིན་པ་མཛངས་མའི་ཕུལ།།
ག་ཆད་ཕྲག་དོག་གདོན་གྱིས་ཟིན་པ་ཡི།།
ང་རྒྱལ་ཅན་རྣམས་ཟིལ་གྱིས་གནོན་མཁས་མ།།
ཅ་ཅོ་མ་ཡིན་བོད་དོན་གཏམ་གྱི་ཕྲེང་།།
ཆ་ཙམ་མ་ཡིན་གོ་ལའི་ཁྱོན་ཡངས་པོར།།
ཇ་ཡུན་ཙམ་མིན་གཏན་དུ་སྒྲོག་པ་ལ།།
ཉ་རྒྱས་ཟླ་བའི་དཔལ་གྱི་ལྷག་བསམ་འཆང་།།
ཏཱ་ལའི་བླ་མའི་འབངས་ཀྱི་སྤོབས་པ་ཅན།།
ཐ་སྙད་གཙུག་ལག་རྒྱ་མཚོས་མགྲིན་པ་བརྒྱན།།
ད་ལྟ་གཞིས་བྱེས་བོད་མི་ཡོངས་ཀྱི་ནང་།།
ན་མཉམ་བུ་མོའི་ཁྲོད་ན་ཕུལ་དུ་བྱུང་།།
པ་ལོ་ཡིད་འོང་འོད་ལྔའི་འཇའ་རིས་འཛིན།།
ཕ་བཟང་བུ་མོའི་འཛུམ་ཞལ་གངས་ལས་དཀར།།
བ་ཡན་ཧ་རིའི་རྒྱུད་ཀྱི་ཤེས་རབ་མ།།
མ་བཅོས་ལྷུན་གྲུབ་ཤེལ་ཀྱི་མེ་ཏོག་ལགས།།
ཙཱ་རི་མན་ཆད་མདོ་ལ་ཡན་ཆད་ཀྱི།།
ཚ་བ་སྒང་སོགས་བོད་ཀྱི་ཡུལ་ཀུན་ན།།
ཛ་ཏིའི་མེ་ཏོག་ལྟ་བུའི་མཛེས་མའི་ཁྲོད།།
ཝ་ལེར་བསམས་ན་ཁྱེད་ལས་ལྷག་སུ་ཞིག།
ཞ་འཐེང་གྱོལ་པོ་སྤྲང་ལོང་ཡན་ཆད་ནས།
ཟ་འོག་འཐུག་པོའི་ནང་གི་མི་དཔོན་བར།།
འ་ཅག་ཁ་བ་རི་བའི་མི་རིགས་འདིས།།
ཡ་རབ་བུ་མོ་ཁྱེད་ལ་སྙིང་ནས་བསྔགས།།
ར་བ་རབ་དཀར་གངས་རིའི་ཡུལ་ལྗོངས་ནས།།
ལ་ལུང་རི་ཆུ་འབུམ་ཕྲག་རབ་བརྒལ་ཏེ།།
ཤུ་རུས་གདུང་རྒྱུད་གཅིག་པའི་བོད་ཀྱི་ཆེད།།
ས་མཐར་འཁྱམས་པ་ཀུན་གྱི་མིག་ལྟོས་ལགས།།
ཧ་ཅང་ཐལ་བའི་བསྟོད་པ་འདི་ན་མེད།།
ཨ་རོགས་གྲོགས་པོ་གཉིས་དང་མཉམ་གཅིག་ཏུ།།
ཧ་ལམ་ཆུ་ཚོད་གཅིག་ལ་ཁྱེད་ཉིད་ཀྱི།།
ཨ་རིའི་ནང་གི་བརྙན་འཕྲིན་བལྟས་ཏེ་བྲིས།།
བདག་གི་དགའ་མའི་ལང་ཚོ་ལྷ་དང་འདྲ།།
བདག་གི་དགའ་མའི་ཀུན་སྤྱོད་ལྷ་བས་ལྷག།
དེས་ན་ཁྱེད་ལ་འགྲམ་ཆུ་ལྡང་མིན་ཡང་།།
ཁ་བའི་ལ་རྒྱ་བསམ་ནས་བདེན་པར་སྨྲས།།
ད་དུང་མདུན་དུ་བསྐྱོད་ཅིག་སྒེག་ལྡན་མ།།
རྒན་རབས་རེ་བ་སྐོང་ཤིག་མཛངས་ལྡན་མ།།
གཞོན་པའི་སྣེ་ཁྲིད་མཛོད་དང་མཁྱེན་ལྡན་མ།།
ཁ་བའི་བདེན་དོན་སྤེལ་དང་དཔལ་ལྡན་མ།།
བླ་མའི་བྱིན་རླབས་རིན་ཆེན་ཕྲོག་ཞུ་ལ།།
ཡི་དམ་དངོས་གྲུབ་ནོར་བུའི་རྒྱན་གྱིས་སྤྲས།།
མཁའ་འགྲོའི་ཕྲིན་ལས་འོད་ཟེར་ཕྱོགས་བརྒྱར་འཕྲོ།།
ཟླ་བྲལ་སྒེག་མོའི་དབུ་ལ་མཛེས་གྱུར་ཅིག།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༩ ལ་བྲིས།
ཁ་བའི་ལ་རྒྱ་འཛིན་པ་མཛངས་མའི་ཕུལ།། རེད་རེད་ངོ་མ་ཁ་ཐོག་ནས་བཤད་པ་བཞིན་དོན་ཐོག་ལ་ཡོད་པའི་མཛང་མ་དེ་ཚེ་རིང་སྐྱིད་རེད། ཁཽང་ནི་བོད་མི་རིགས་ཙམ་དུ་མ་ཟད་གོ་ལའི་ཁྱོན་གྱི་ཕུལ་བྱུང་གི་བུད་མེད་དག་གི་རྐང་པ་དང་མགོ་བོ་ཐད་ཐད་དུ་འཇོག་པ་འདོད་པའི་བློ་སྤོབ་ལྡན་པའི་བུད་མེད་ཅིག་ཡིན་ཙམ་དུས་སང་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་མི་ཉུང་བ་ཞིག་ཡོད་པ་ལས་ཚེ་རིང་སྐྱིད་ཀྱང་དེའི་གྲས་ཤིག་ཡིན། འོན་ཀྱང་བུད་མེད་ཀྱི་ཐོབ་ཐང་རྩོད་ཚུལ་ནི་འགའ་ཤས་ཀྱིས་ཁྱིམ་ཚང་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ནང་ལས་དང་བུ་ཕྲུག་བདག་སྐྱོང་སོགས་ཀྱི་ཐད་ནས་རྩོད་དེ་ཁྱིམ་ཚང་གི་བྱ་བ་མཐའ་དག་བགོ་བཤའ་རྒྱག་དགོས་པ་ལྟ་བུའི་སྒོ་ནས་རྩོད་ཀྱི་ཡོད་པ་དང་། ཡང་འགའ་ཤས་ཀྱིས་གནའ་བའི་སྲོལ་བརྒྱུན་དེས་བྱས་པ་ཡིན་པས་དེ་ལ་གཞུགས་ཕྱོགས་ནས་བསྒྱུར་བཅོས་བཏང་དགོས་པ་ལྟ་བུའི་བསམ་བློ་བཏང་མཁན་ཡོད། ཡང་ཁ་ཅིག་གིས་ཕོ་ཡིས་གང་བྱས་པ་དག་མོས་ཀྱང་བྱེད་དགོས་ལ་བྱེད་ནུས་པ་ལྟ་བུའི་
བསམ་བློ་བཏང་མཁན་ཡང་ཡོད། དཔེར་ན་བུད་མེད་འགའ་ཤས་ལང་ནས་གཅིན་པ་བགཏོང་གི་ཡོད་པ་དང་ཕོ་ཡི་གསང་སྤྱོད་ནང་གཅིན་པ་གཏོང་གི་ཡོད་པ་སོགས་སྣ་ཚོགས་བྱེད་ཀྱི་ཡོད། དེ་དག་གི་བསམ་བློའི་ནང་ཕོ་མོའི་ཁྱད་པར་དེ་གང་ནས་བྱུང་བ་དང་ཅིའི་ཕྱིར་བྱུང་བ་དང་ཁྱད་པར་སོ་སོ་ལ་ནུས་པ་སོ་སོ་རེ་ཡོད་པ་དང་དེ་དག་ནི་གཞན་ལ་མེད་པའི་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡིན་པ་རྩ་བ་ནས་ངོས་ཟིན་མེད། འོན་ཀྱང་ཚེ་རིང་སྐྱིད་ཀྱིས་བུད་མེད་ཀྱི་ཐོབ་ཐང་རྩོད་ཚུལ་ནི་དེ་དག་དང་རྩ་བ་ནས་མི་འདྲ་བ་ཞིག་ཡིན། ཚེ་རིང་སྐྱིད་ཀྱིས་ནི་ཕྱི་གཟུགས་པོའི་དབྱིབས་དང་ཁ་དྭོགས་ནུས་པ་སོགས་དང་ད་དུང་ནང་ལས་དང་ཕྲུ་གུ་ལྟ་སྐྱོང་སོགས་ལས་ཕོ་མོ་འདྲ་མཉམ་མ་ཡིན་པ་ནང་བསམ་བློའི་ནུས་པ་དེ་ཕོ་མོ་ཁྱད་མེད་དུ་ཤེས་ཏེ་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་རྩོམ་ཐུང་རེ་རེས་ཀྱང་བུད་མེད་ཀྱི་ཁེ་དབང་དང་ནུས་པ་དག་སྤྱི་ཚོགས་ཀྱི་ཁྲོད་དུ་བཤམས་ཀྱི་ཡོད་ལ་བུད་མེད་ཀྱི་ཐོབ་ཐང་ནི་བུད་མེད་རང་ཉིད་ཀྱིས་ངལ་རྩོལ་དང་ནུས་ཤུགས་རྒྱག་སྟངས་ཁོ་ན་ལ་བསམ་སྟེ་མཛང་མ་ཞེས་པའི་ཐ་སྙད་དེ་ཡང་སྒྲུབ་ཡོད། ད་དུང་ད་ལྟ་ཡང་འཛམ་གླིང་གི་ཁྲོད་དུ་ཆེས་དར་སྲོལ་དང་ནུས་ཤུག་ལྡན་པའི་དྲ་རྒྱའི་རྒྱུ་ལམ་ཐད་ཀྱི་བྱ་བ་ལ་བརྩོན་ཏེ་དྲ་སྣང་གི་བོད་ཅེས་པའི་གསར་འགྱུར་གྱི་མདོ་འཛིན་པའི་ཐོབ་ཐང་གི་ཐོག་ནས་བོད་ལ་གྱོན་པའི་བུད་མེད་ཅིག་འཛམ་གླིང་གི་མི་ཚོགས་དག་གི་མིག་སྔར་དུས་རྟག་ཏུ་བཤམས་བཞིན་ཡོད། ད་དུང་ཁྱད་པར་ཡོད་ན་མཆོག་དམན་ཡིན་མི་དགོས་པ་དེ་ཡང་ཚེ་རིང་སྐྱེད་ཀྱིས་གསལ་པཔ་རྟོགས་ཡོད། བློ་གྲོས་དང་ཤེས་ཡོན་ཉམས་མྱོང་མཐུན་རྐྱེན་སོགས་ཀྱིས་སྒོ་ནས་རང་ཉིད་ལ་ཕམ་ཉེས་ཡོང་གི་ཡོད་པ་དེ་རྟོགས་ཡོད་པའི་རྣམ་པ་ཡོད། དེས་ན་དྲ་གྲོགས་ཁྱེད་ཀྱིས་བསྟོད་པ་དེ་ཐལ་ཆེ་མི་འདུག་ཞུ་ཡ་ཡིན། ཁྱེད་ཀྱི་ཚིགས་བཅད་འདི་ང་ལ་གཡར་རོགས་གནང་། བདག་གི་དགའ་མའི་ལང་ཚོ་ལྷ་དང་འདྲ།།
བདག་གི་དགའ་མའི་ཀུན་སྤྱོད་ལྷ་བས་ལྷག།
དེས་ན་ཁྱེད་ལ་འགྲམ་ཆུ་ལྡང་མིན་ཡང་།།
ཁ་བའི་ལ་རྒྱ་བསམ་ནས་བདེན་པར་སྨྲས།།
རང་བཞིན་བརྗོད་པའི་སྒོ་ནས་བསྟོད་སྨད་བྱས་ལེགས་སེ་རེད། རང་ཕྱོགས་དགའ་གཞན་ཕྱོགས་ལ་སྡང་བ། བོན་བན་ཕྱོགས་འཐེན་གྱི་ཕོ་མོ་འདི་ཚོ་ལ་མོས་མཐུན་མེད། ཀླུ་སྨྱོན་དགྱེས་རྡོར་སུ་ཡིན་ཡང་ཕྱོགས་རེ་བའི་མིག་ཅན་རེད། ཆགས་སྡང་ཁོ་ནས་མི་ཚེ་འདའ་མཁན་རེད། དེ་ཡང་ཇི་སྐད་དུ།
བལ་ཐིག་འཇམ་པོ་སྐེ་ལ་དཀྲིས་ནས་འཇའ་ཚོན་རྗེས་ལ་སྙེགས་པའི་ཚེ།
ཡིད་སེམས་རྨས་མའི་སྐྱོ་གླུ་ལེན་བཞིན་གངས་རི་དཀར་པོའི་གསེབ་ལ་འཁྱམ།
མཚམས་སྤྲིན་དམར་པོའི་རྐང་སྒྲོག་གོན་ནས་རྒྱ་མཚོའི་ཀླུང་ལ་ཞུགས་པའི་དུས།
ཁྲ་ཆུང་མཆིལ་མས་གཤོག་ཟུང་བརྐྱངས་ནས་གངས་སེང་དཀར་མོའི་ཕྱོགས་སུ་འཕུར།
དུར་བདག་རྒད་པོའི་ལག་ཟུང་བརྐྱངས་ནས་ཡང་ཡང་གཡབ་མོ་བྱེད་པའི་སྐབས།
བླ་སྲོག་གསོན་པའི་སྨེ་ངག་འདོན་བཞིན་གདོང་དམར་བུ་ཡི་ཞབས་ལ་འཇུས།
སྨིན་འཁྱོག་གཡེམ་མའི་ཟུར་མིག་བལྟས་ནས་འགུག་པའི་ཕྱག་རྒྱ་བྱེད་པ་ན།
རེ་ལྟོས་ཁུག་མ་མཆན་ལ་འཇུག་ནས་གཉའ་རི་བཙན་པོའི་བང་སོར་འཛུད།
མཚོན་ཆ་རྣོན་པོའི་ཆར་བ་འབབ་ནས་ཤ་དང་རུས་པ་འཐོར་བའི་དུས།
རྣམ་ཤེས་སྦྲང་མའི་འོ་དོད་འབོད་བཞིན་པདྨ་དཀར་པོའི་ཟེ་འབྲུར་འབྱར།
གཏུམ་སྤྱོད་སྲིན་མོའི་སྤར་མོ་གདངས་ནས་རུམ་གྱི་བུ་ལ་སྙོབས་པའི་དུས།
སྙིང་ཁྲག་དམར་པོ་མཆིལ་མར་སྤྲུལ་ནས་ཁྲ་ཆུང་མིག་ལ་ཁུང་བུ་བརྟོལ།
རྒོད་སྒྲོ་ཡང་མོ་གློ་བུར་རླུང་གི་ཕྱོགས་མཚམས་ངེས་མེད་འཁྱེར་བའི་དུས།
ལས་དབང་བཙན་པོའི་འཇའ་ཚོན་ཞོན་ནས་དགོད་སྤྲོའི་གཏམ་རྒྱུད་ངག་ལ་གྱེར།
སྨག་རུམ་མཐུག་པོ་མངོན་དུ་གྱུར་ནས་ཉི་མའི་མཐའ་ནས་ཟ་བའི་དུས།
སྙིང་སྟོབས་རྡོ་རྗེའི་འཁར་བར་བརྟེན་ནས་འུ་དམ་བཙན་པོ་འཚོལ་དུ་ཕྱིན།
དུག་སྤྲུལ་ཁྲ་བོའི་ལག་གདུབ་དཀྲིས་ནས་ལས་ཀྱི་མཐའ་ལ་འཇུ་བའི་དུས།
ཁྭ་ཏ་ནག་པོའི་མིག་ཤེལ་གྱོན་ནས་སྡོང་པོའི་མགོ་ནས་ལྐོག་བལྟ་བྱེད།
འཇའ་ཚོན་སྣ་ལྔའི་གོས་ཆེན་བགོས་ནས་འདུ་བའི་ཁྲོམ་དུ་རྒྱུ་བའི་ཚེ།
ཨ་ཅེ་ཝ་མོའི་སྤྱན་མདངས་འགྱུར་ནས་དམར་བའི་མེ་ལྕེ་ཚ་ཚ་འཕྲོ།
སློབ་དཔོན་ལགས་དང་དོམ་ཁྲ་ལགས་ཁྱེད་རང་གཉིས་ནས་འདི་ལྟར་བཤད་ཡོད་པ་ཁྱེད་རང་གཉིས་ཀྱི་དགའ་མས་མཐཽང་སོང་ན་ལས་ལྷ་པོ་བཞག་རྒྱུ་མ་རེད་ཀོ། ཧཧཧཧཧཧ
ཁོང་གཉིས་ལ་དགའ་མ་མེད་སྟབས་ཚེ་རིང་སྐྱིད་ལ་འགྲམ་ཆུ་ལྡང་གིན་ཡོེད་རེད་ཡིན་ནའང་ཐུགས་སྐྱོ་བ་ཞིག་ལ་ཚེ་རིང་སྐྱིད་ནི་ཁྱེད་གཉིས་ཀྱིས་རག་མི་ཡོང་ཨ་རོགས།
འདིར་གྲོགས་པོ་ལྷག་པ་ཡེ་ཤེས་ཀྱི་སྡེབ་སྦྱོར་སྙན་པའི་ཚིག་བཅད་དེའི་ལད་ཟློས་ཚུལ་དུ་ཚིག་བཅད་
ཞིག་བྲི་འདོད་བྱུང་བ་བཞིན་འདིར་བཀོད་ཡོད་པས་གྲོགས་པོ་ལགས་དགོངས་འགལ་རྩ་བ་ནས་
མི་གནང་པའི་རེ་བ་ཞུ་རྒྱུ་ཡིན། འདིར་འབྲེལ་མེད་ལྟ་བུ་ཞིག་ཆགས་སོང་ནའང་ཁོང་ཁྲོ་མ་གནང་
རོགས།
བལ་ཐིག་འཇམ་པོ་རྐེད་པར་དཀྲིས་ནས་བར་སྣང་མཁའ་རུ་སྙེགས་པའི་ཚེ།
ཡིད་སེམས་རྨས་མའི་སྐྱེ་བོ་རེ་འགའ་གློ་སྙིང་མཚམས་ནས་རླུང་ཞིག་ལྡང།
མཚམས་སྤྲིན་དམར་པོའི་རྐང་སྒྲོག་གོན་ནས་རྒྱ་མཚོའི་ཀླུང་ལ་བཞུགས་པའི་དུས།
མི་སྲུན་དྲེགས་པའི་ཀླུ་གཉེན་འགའ་རེ་ཁྲ་ཆུང་མིག་ཆུས་སྐྱོ་གླུ་བླངས།
དུར་བདག་རྒས་པོས་ལག་ཟུང་བརྐྱངས་ནས་ཡང་ཡང་གཡབ་མོ་བྱེད་པའི་དུས།
བླ་སྲོག་གསོན་པའི་རེ་བ་བྲལ་ཞིང་གཤིན་རྗེ་རྒྱལ་ལ་ངན་སྨྲས་བྱེད།
ིལྷ་སྒྲོན་ཆ་མའི་ཟུར་མིག་ལྟ་བཞིན་་ཀུན་ཡིད་དབང་མེད་འགུག་པའི་ཚེ།
རེ་ལྟོས་ཁུག་མ་མཆན་ཁར་བཅུག་པའི་བང་ཆུང་རྒས་པོའི་སེམས་རྩ་འཁྲུགས།
མཚོན་ཆ་རྣོ་པོའི་ཆར་པ་འབབ་བཞིན་ཤ་དང་རུས་པ་འཐོར་བའི་དུས།
རྣམ་ཤེས་སྦྲག་མས་འོ་དོད་འབོད་བཞིན་སྐྱོན་འདོགས་སྙན་རྩོམ་ལས་ལ་བྲེལ།
གཏུམ་སྤྱོད་སྲིན་པོའི་སྤར་མོ་གདངས་ནས་ཡབ་མེས་སྐེ་ལ་སྙོབས་པའི་དུས།
བང་ཆུང་བྱི་རྦའི་བེམ་གཟུགས་ཐུང་པས་སྒྲེང་སྒྲེང་རྐང་པའི་ལྗི་རྩ་རེངས།
རྒོད་སྒྲོ་ཡང་མོ་གློ་བུར་རླུང་གིས་ཕྱོགས་མཚམས་ངེས་མེད་ཁྱེར་བའི་དུས།
ལས་དབང་བཙན་པོའི་མཚོན་ཁ་སྦྱོར་བཞིན་བག་ཡངས་སྣང་བ་ཕག་ཏུ་ཡིབས།
སྨག་རུམ་མཐུག་པོ་མངོན་དུ་གྱུར་ནས་ཉི་མའི་མཐའ་ནས་ཟ་བའི་དུས།
སྙིང་སྟོབས་རྡོ་རྗེའི་འཁར་བར་བརྟེན་ནས་ཞེ་ངན་དམོད་ཚིག་གང་སར་བཀྲམས།
དུག་སྦྲུལ་ཁྲ་བོའི་ལག་གདུབ་དཀྲིས་ནས་ལས་ཀྱི་སྒོ་མོ་ཕྱེེ་བའི་དུས།
རིགས་དམན་ཁ་ཏ་ནག་པོའི་མིག་ཟུར་སྐྱུར་ཁུ་ཚན་མོའི་བཞུར་རྒྱུན་རློམ།
འཇའ་ཚོན་སྣ་ལྔའི་གོས་ཆས་བགོས་ནས་འདུ་བའི་ཁྲོམ་དུ་རྒྱུ་བའི་ཚེ།
དོག་བཅས་ཁུ་དོད་ཝ་སྐྱེས་ངོ་བོར་མི་ཉེན་སྤོབས་པའི་ཚུལ་དུ་ལྷག་
ཚེ་རིང་སྐྱིད་ལགས་བསྟོད་བསྔགས་དེ་འདྲ་བྱེད་འོས་བབ་ཡོད་མེད་བཤད་ཚོད་མ་ཐིག་ཀྱང་། མོས་བུད་མེད་ཀྱི་ལས་འགན་དང་ཐོབ་ཐང་སྐོར་ཤོད་སྐབས། ཧམ་པ་དང་ཐོབ་ཐང་རྩོད་པ་ཁོ་ན་མ་ཡིན་པར། བུད་མེད་ཀྱི་གནས་བབ་དང་མཐུན་པ། བོད་པའི་སྤྱི་ཚོགས་ལ་འཚམས་པ། བུད་མེད་སྤྱིའི་གནས་སྟངས་ཤོད་མཁན་ཞིག་ཏུ་མཐོང་སོང་། དེ་མིན་ཁ་ཤས་ཀྱིས་བུད་རེ་ཟུང་གི་དཀའ་ལ་སྤྱི་ལ་འགེབས་པ་དང་། བུད་མེད་མཐོ་རིམ་གྱི་ཐོབ་ཐང་ཁོ་ན་བཤད་དེ། དམའ་རིམ་སྤྱི་ཚོགས་ནང་གྱོང་རག་བྱེད་སོགས་མང་པོ་འདུག ད་དུང་ཕོ་མོའི་བར་ཀྱི་མཛའ་བརྩེ་དང་གཅིག་ཕན་གཅིག་གྲོགས་ལ་བརྡབ་གསིག་གཏོང་གི་འདུག དེ་ཚོ་ཡག་པོ་མ་རེད། བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡིན་མིན་བཤད་སྟངས་སྣ་ཚོགས་ཡོད་ཀྱང་། ནུབ་ཕྱོགས་དང་མི་འདྲ་བར་ཕོ་མོ་ཕན་ཚུན་གྱིས་གཅིག་ཕན་གཅིག་གྲོགས་ཀྱིས་མཛའ་བརྩེ་གཏིང་ཟབ་པོ་ཡོད་པ་རེད།
ཚེ་རིང་སྐྱིད་ཀྱིས་བུད་མེད་གླེང་སྐབས་དངོས་གནས་བུད་མེད་ཀྱི་གནས་བབ་དང་དགོས་མཁོ་རང་བཞིན་ཅན་གྱི་སྐད་ཆ་བཤད་པ་དེས་མོའི་ལངས་ཕྱོགས་ཀྱི་རྒྱབ་ལྗོངས་དང་རང་ཚུགས་ཀྱི་སྤོབས་པ་ཚང་མ་འབུར་ཐོན་བྱས་ཡོད་པས་སྤྲོ་བས་བརྟས་ཡོད།
མུ་མཐུད་དུ་དེ་འདྲའི་གནས་ལུགས་དང་མཐུན་པའི་ལམ་ལ་ཞུགས་པར་སྨོན།
དགྱེས་པ་རྡོ་རྗེ་འདི་ཉིད་མཁན་པོ་ཞིག་ཡིན་ཚོད་འདུག ཁྱོད་ཉིད་ཀྱི་ཡི་དམ་ཚེ་རིང་སྐྱིད་རྟག་ཏུ་མི་འབྲེལ་བར་སྤྱི་གཙུག་ཏུ་སྒོམས་ཤིག
དགྱེས་རྡོར་བླ་མས་མཛངས་མའི་བསྟོད་པ་འགོག་མེད་ཤུག་གླུ་ཀྱུ་རུ་རུ།
ཧེ་རུ་ཀ་དཔལ་ཀླུ་སྨྱོན་ཆེན་པོའི་ཕྲག་དོག་མེ་ལྕེ་ལྷབས་སེ་ལྷབ།
ཉམ་ཆུང་ཁོ་བོའི་རེ་དོག་བར་ནས་སྡུག་གི་འཁང་ར་ཙི་རི་རི།
ཚེ་རིང་སྐྱིད་ཀྱིས་འུ་གསུམ་སྙིང་ལ་སོས་དུས་མེད་པའི་རྨ་ཁ་རེ།
མཛངས་མས་སྒེག་པའི་ཉམས་ཀྱིས་ཁྲོས་པའི་གར་སྟེགས་སྟེང་གི་བུ་མོ་ཁྱོད།
འདོད་པའི་སྒྱུ་རྩལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མུ་མཐུད་ནས་འཕྲོ་འགོད་རྒྱུ་ཡིན།
དོམ་ཁྲ་ཟེར་བའི་ཉོག་གཏམ་བཤད་མཁན་ལགས། ཚེ་རིང་སྐྱིད་ལ་མཛངས་མའི་མིང་ཐོབ་ཡོད་པ་བདེན་མོལ།
ཁྱེད་ཀྱིས་ཉོག་གཏམ་བཤད་ནས་བསྔགས་བརྗོད་བྱས་པ་དེ་འདྲ་ཞིག་ཨེ་ཡིན་ན། གལ་སྲིད་དེ་འདྲའི་མཛངས་མ་ཞིག་ཡིན་ན། ཚགས་པར་སྟེང་ “གཅིག་མ་གཏོགས་མིན་འདུག །གཅིག་པོ་ལ་སྤྲད་ཤག་ཡིན་ ” ཟེར་གི་མ་རེད་པ།
ཚགས་པར་ནང་ཚེ་རིང་སྐྱིད་མཛངས་མ་ཡིན་མིན་གསལ་པོ་བཀོད་འདུག་ག
ཨ་རོགས་དྲ་གྲོགས་བོན་དང་། ཚེ་རིང་གཉིས་ལགས། སློབ་དཔོན་རྒྱ་མཚོའི་སྤྲིན་མཁན་ཆེན་དཔལ་དགྱེས་མ་རེད། གོང་གི་རྩོམ་གྱི་མ་ཕྱི་དང་རྒྱ་མཚོའི་སྤྲིན་གྱི་དྲ་ཐག་འདི་ན་འདུག་པས་ལྟོས་ཤིག བརྟག་དཔྱད་མེད་པར་གང་བྱུང་དུ་སྨྲ་བ་མཚམས་བཞག་ན་མི་ལེགས་སམ།
http://lightof-wisdom.blogspot.com/2011/08/blog-post.html#more
གོང་གི་སྙན་བརྩོམ་ལྟར་ལྡན་མིན་མི་ཤེས་ཏེ། ད་ལོ་ཨ་རིའི་རྒྱལ་སར་དུས་དབང་སྐབས་ཁྱུག་ཙམ་མཐོང་བྱུང་བའི་རྣམ་པ་སྐྱོན་མི་འདུག
སློབ་དཔོན་སོགས་ཆགས་ལྡན་ཚོས་ཚེ་སྐྱིད་ལ་བསྟོད་དྲགས་ནས། སང་ཉིན་ནས་ཡུམ་ཞི་མོས་ཁ་ཡ་ར་མི་བྱེད་ན་ཐང། རང་ཚུགས་བརྟན་པོ་བྱེད་རོགས། ཕ་རྒོད་ཚོ།
ད་ཡིན་ན་ལྟད་མོ་འདུག་གོ།།
དྲ་གྲོགས་རྣམས་གུས་པ་ཚེ་རིང་སྐྱིད་ལ་རྒྱུས་མེད་ཀྱང་། བོད་ཀྱི་བུ་མོ་ཆེས་ཉམས་ཆུང་བག་འཁུམ་ནང་ནས་འབོར་དུ་ཐོན་པ་ཞིག་ཡིན་པ་དགའ་བསུ་ཞུ་རྒྱུ་ཡིན།
སྔགས་པ་ཡག་པོ་ཞིག་མཇལ་སོང་། སྙན་རྩོམ་ཚོ་དགའ་རབ་མཐོང་སོང་། ཀྱེ། སློབ་དཔོན་རྒྱ་མཚོའི་སྤྲིན། ཤེས་རབ་ཀྱི་འོད་སྣང་། །ངོ་མ་ཡག་པོ་འདུག་གདའ། །མོ་བསྟོད་དེ་ཚོ་ཡང་སྔགས་པ་ཚོ་ལ་མཛའ་བར་སྣང་། །
ཚེ་རིང་སྐྱིད། གཤིས་ཀ་དང་དྲང་ཚུགས་ལ་རྒྱུས་ལོན་མེད། ཕར་བལྟ་ས་རྒྱོ་ཞིམ་པོ་སྤྲོད་མདོག་ཁ་པོ་འདུག ཁོག་ཏུ་འདོད་པས་ཁེངས་ནའང་ཕྱིར་མངོན་མི་ཐུབ་པ་དེ་འདྲ་མིན་པར། མོ་རང་ལ་ཇི་ལྟར་བྱེད་ན་གཡའ་ཕྲུག་འབྱུང་ན་དེ་འདྲ་དགོས་པའི་བསམ་ཚུལ་བཙུག་བཞིན་པའི་སྐབས་འདོན་ངེས་རེད། དེ་ནས་དེང་གི་དུས་སུ་བུ་མོའི་སྐྱོན་ཆ་ཞིག་མིན་པར་ཕན་ཚུན་གཉིས་ཀ་ལ་ཁེ་ཕན་དང་དགོས་མཁོ་ཡོད་པ་ཞིག་རེད། བྱས་ཙང་མོ་ལ་མིང་གི་རྣམ་གྲངས། ཨམ་མོ་མཛེས་མ། བོད་ཀྱི་མཛངས་མ། བོད་པའི་ཤེས་ལྡན་མ། སྔོན་ཐོན་གྱི་གཞོན་སྐྱེས། ད་དུང་མིང་གཞན་རྒྱོ་ཞིམ་མའང་འདོགས་རུང་།
ས་སྐྱ་པཎ་ཆེན་གྱིས། བསྟོད་པས་དགའ་བར་མི་འགྱུར་ལ། སྨད་༷པས་མི་དགར་མི་འགྱུར་ཞིང་། རང་གི་ཡོནྟ་ལེགས་གནས་པ། སྐྱེས་བུ་དམ་པའི་མཚན་ཉིད་ཡིན་ཞེས་གསུངས་པའི་ཚིག་དོན་དག་ཉམས་སུ་ལེན་རྒྱུའི་དུས་ལ་བབ་བོ་ས་མ་ཡཱ།
གང་ལྟར་རྙོག་གཏམ་མང་དྲག་པས་ལྟ་འདོད་མི་འདུག
གསོན་དང་དྲ་གྲོགས་ནམ་མཁའ་ཞེས་པ་ལགས། །དོམ་ཁྲས་ཉོག་གཏམ་བཤད་ཀྱང་ཉན་རྒྱུ་ཡོད། །ནམ་མཁས་བཤད་ཚད་ནམ་མཁའི་མཇའ་བཞིན་དུ། །གང་ཡང་གོ་རྒྱུ་རིག་རྒྱུ་མི་འདུག་པས། །སླར་ཡང་གསལ་པོ་གསུང་དང་དྲ་གྲོགས་ལགས། །སྡེབ་སྦྱོར་མེད་ཀྱང་དག་ཆ་ངེས་པར་དགོས། ཁྱེད་ཀྱིས་བྲིས་པའི་མཆན་བུ་ཐུང་ངུའི་ནང་། །ཚེ་རིང་སྐྱིད་ལ་མཛང་མའི་ཡོན་ཏན་ནི། །ཡོད་ཞེས་གསུངས་ལ་ཐེ་ཚོམ་ཡིན་ཚུལ་ཡང་འདུག །འོན་ཀྱང་ཁྱེད་ཀྱིས་འཛང་མ་ཞེས་པ་དེ། །གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། །མཛང་མ་དང་ནི་མཛེས་མ་ནོར་མི་ཉན། །འདི་ལ་མིང་དོན་འབྲེལ་བ་མཐའ་དད་ཡོད། །ཚེ་རིང་སྐྱིད་ལ་མཛང་མའི་ཡོན་ཏན་ཞིག །གལ་སྲིད་ཁྱེད་ཀྱི་ཡུལ་དུ་མ་སྣང་ཀྱང་། །དེ་ལ་མཛང་མའི་ཡོན་ཏན་མི་འདུག་ཞེས། །བཤད་ན་འགལ་བ་ཡོད་མེད་ལེགས་པར་གཟིགས། །
ཚེ་རིང་སྐྱིད་ལ་གོང་ཚད་ཅིག་རྒྱག་དགོས་ན་ང་ལས་ལྷག་ཅིག་ཡོད་ས་མ་རེད། ཐོག་མར་སྙན་རྩོམ་གྱི་དེབ་དེ་ཅི་ལྟར་ལེགས་འགྲུབ་བྱུང་ཚུལ། གཉིས་པ་ཡོ་རོབ་ནས་ཕྱིར་རྒྱ་གར་དུ་ཅིའི་ཕྱིར་ལོག་པ། དེ་དང་དེ་འདྲ་བའི་གསང་བ་མང་པོ་ཞིག་ཡོད་མོད། འདི་ཚོའི་མོའི་གདོང་པར་བལྟས་ནས་བསྟོད་པ་བྱེད་པ་ལས་མི་གཤིས་ལ་བལྟས་ནས་ཅང་བཤད་ཀྱི་མི་འདུག མཛངས་མ་ཟེར་བ་མི་གཤིས་གཙོ་བོར་འཇོག་དགོས་སམ་རྣམ་པ་གཙོ་བོར་འཇོག་དགོས་པའང་མ་ཤེས་པ་འདྲ་འདུག ཧ་ཧ་ཧ།
ཕུར་བས་བཤད་པ་གནས་ལུགས་འདུག གཞན་ཚོས་མཐོང་བ་སྣང་བ་དག་ནས་ཡིན་ན་ནོར་འདུག་ཟེར་ས་མི་འགྲོ ཁོང་ཚོར་ཕོག་འགྲོ་ནི་རེད།
མདོ་དོན་ག་རེ་ཡིན་ན་མིན་ན། ག་རེ་གཙོ་བོ་རེད་ལབ་ན། མི་སྤུས་ཟེར་བ་འདི་གཙོ་བོ་རེད། མི་སྤུས་འདི་རང་ཚུགས་ཟེར་བ་ཁོ་ནས་སྲུང་ཐུབ་ལ། རང་ཚུགས་འདི་ལྷན་སྦྱང་གཉིས་ཀྱི་རྣམ་དཔྱོད་ཀྱི་འབྲས་བུས་སྲུང་ཐུབ། དེ་ལྟར་གཅིག་ལ་གཅིག་བརྟེན་གྱི་གནས་ལུགས་དེའི་ངོས་ནས་ལྟོས་ཚེ། ང་ཚོ་མི་ཞིག་ལ་བསྟོད་སྨད་གང་བབ་ཀྱི་ཡོད་མེད་གསལ་བོ་ཤེས་ངེས་ཡིན།
རྒྱུས་ཡོད་ཡོད་འདྲ་བོ་བཤད་དེ་ཚེ་རིང་སྐྱིད་ཀྱི་་གནས་ཚུལ་གང་མང་ཞིག་ལ་སྒྲོ་མདོགས་དང་ངན་སྨྲས་སྣ་ཚོགས་ཀྱིས་རང་གི་གོ་ཚོད་ཀྱིས་སྒྲུང་རེ་བཟོས། དེ་ཡིས་ཚེ་རིང་སྐྱིད་ལ་མི་ཁ་གཏོང་ཐབས་ཀྱིས། མི་རེ་ཟུང་ཞིག་གིས་མིང་སྣ་ཚོགས་བེད་སྤྱོད་བཏང་ནས། རང་གཞན་གང་ལ་མི་ཕན་པའི་སྒྲོ་མདོགས་དང་བདེན་རྫུན་འདྲ་མིན་མཉམ་དུ་བསྲེས་ནས་བོད་ཕྱི་ནང་གི་དྲ་ཚིགས་སུ། ངོ་གདོང་རྒྱབ་ཏུ་སྤས་ཏེ་མི་ཁ་གཏོང་བའི་ལས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་དཔྱོད་ཤེས་སྐྱེས་པོ་ཚོས་མཐོང་ཆོས་སུ་གྱུར་ཡོད། མིའི་རྒྱུ་དག་ཡག་བཙོག་དེ་རང་གིས་ལྟ་ཚཱུལ་ལྟར་མཇལ་ཆོག་གི་མེད་ལ གཞན་གྱི་ངག་རྒྱུན་ལས་ཀྱང་བརྩི་ཆོག་གིན་མེད།
ཡང་ཁ་ཅིག་གིས་ཚེ་རིང་སྐྱིད་ལ་རྒྱུས་མེད་པར། གོ་ཐོས་ཀྱིས་ཚེ་རིང་སྐྱིད་ལ་བསྟོད་པ་ཐལ་ཆ་ཆེ་བ་རེ་བྱེདཀྱིན་པ་དེ་ཚོས་ཀྱང་རང་གི་འདོད་ཕྱོགས་ཙམ་སྒྲུབ་ཀྱིན་ཡོད་སྲིད་དེ། ང་ལ་མཚོན་ན་ཚེ་རིང་སྐྱིད་མཛེས་མ་ཞིག་གཏན་ནས་མཐོང་གིན་མེད་ལ། བོད་ཀྱི་སྲོལ་རྒྱུན་ཡིག་ཕྲེང་བར་གྱི་ཉོག་གཏམ་མཛངས་མའི་ཡོན་ཏན་ཟེར་བའི་ཆ་ཡང་ལྡན་པའི་ངོས་འཛིན་བྱེད་ཀྱིན་མེད།
ཚེ་རིང་སྐྱིད་ལ་འགྲན་ཡ་མེད་པར་བོད་ཀྱི་བུ་མོ་ཞེས་པའི་མཚན་སྙན་ཐོབ་པ་རེད་དེ། དུས་ད་ལྟ་བར་དུ་བོད་ཀྱི་བུ་མོའི་མཚན་སྙན་ཐོབ་མཁན་་ཚང་མའི་གྲས་སུ། ཚེ་རིང་སྐྱིད་ལྟར་རང་རྐང་རང་གིས་འཛིན་མཁན་མེད་པ་མ་ཟད། རང་གི་སྐད་ཡིག་ལ་དོ་སྣང་ཡོད་མཁན་དང་མི་རིགས་ལ་རིགས་ཞེན་ཡོད་མཁན། རང་གི་སྐད་ཆ་བཤད་པ་དེར་འགན་བླངས་ནས་ཤུགས་རྒྱག་མཁན་ནི་ཚེ་རིང་སྐྱིད་ལས་མཐོང་མ་སོང་བས། མཚན་སྙན་དེ་ཡང་མོ་ལ་མི་མཛའ་བམེད་དོ།
སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ་བོད་ཀྱི་སྙན་དངགས་པ་མཆོག་གི་ཀ་བཤད་རྩོམ་སྙན་ཅིང་ཡིད་དུ་འོང་བ་ཞིག་ཏུ་མཆིས།
ལ་དྭགས་ལ་ཀ་བཤད་ཀྱི་རྩོམ་རི་རྫོང་སྲས་རིན་པོ་ཆེས་བརྩམས་པའི་མཐུན་པ་སྤུན་བཞིའི་སྐོར་ལ་ཁམས་ཚ་བག་ཤོད་ད྄ུ། མགོན་པོ་རང་ཉིད་ཀྱིས་ཕྱག་གིས་བྲིས་པ་དེ། རི་རྫོང་དགོན་དུ་འདྲ་བཤུས་གཉིས་ཡོད་པ་ནས། ལོ་ངོ་བཞི་བཅུ་སྔོན་བདག་གིས་འདྲ་བཤུས་བྱེད་པ་ན། འདྲ་བཤུས་བྱེད་མི་དགོས་གཅིག་ཁྱེད་ཀྱིས་འཁྱེར་ཆོག་གསུངས་པ། དངོས་མ་དེ་ལ་དྭགས་བ་སྒོ་གྲོང་ཡུལ་དཀྱིལ་ལ་མཆོད་རྟེན་མཛེས་པ་ཡུལ་གྱི་རྒྱན་ཆ་ལྟ་བུར་བཞུགས་པ་དེ་ལོ་སྔ་མ་ཆུ་ལོག་གིས་བཤུལ་མེད་པར་སོང་། སླར་མཆོད་རྟེན་དེ་འདྲ་བ་ཞིག་ས་རྡོ་སྤུངས་ཏེ། རི་ཆུང་སྒང་ལྟ་བུ་ཞིག་བཟོས་ཏེ། མཆོད་རྟེན་བཞེང་བའི་གཟུངས་སུ་འབུལ་བར་བཏང་། བཀའ་བཤད་དེ་རིང་མིན་དྲ་རྒྱར་དགོད་པར་སེམས།
བདག་རང་གི་ཡི་གེའི་དག་ཆ་ནོར་བ་མང་བ་ཡོད་ངེས། དེ་དག་སྟོན་པ་ལ་ངས་དགའ་བསུ་བྱེད་པ་མ་གཏོགས། ང་ལ་དམའ་འབེབས་བྱེད་འདུག་བསམ་པ་གཏན་ནས་མེད་པ་ཐུགས་ལ་འཛིན་དགོས་ཞེས་ཞུ་བ་དང་འབྲེལ་ཚིག་འགའ་ཞིག་ལ་རངདང་་གཞན་ལ་བོད་ཡིག་དག་ཆ་ལ་བློ་བསྐྱེད་ཕྱིར་དུ་མཐའ་དཔྱོད་པར་བྱ་དགོས་ཏེ།
ཇ་ཡུན་ཙམ་མིན་གཏན་དུ་སྒྲོག་པ་ལ།།
སྔ་མོ་བཞིན་སྒྲ་གདངས་འདོན་པ་ཉམས་པས། གཏན་དུ་འགྲོགས་པ་ལ། ཞེས་ཡིན་སྲིད། དེ་མིན་སྒྲ་ཆེར་སྒྲོགས་པའི་དོན་ཡིན་ན། སྒྲོགས། ཞེས་ས་ཡང་འཇུག་ཡོད་པ་ལེགས། སྒྲོག ཅེས་ས་ཡང་འཇུག་མེད་པ་དེ། འཆིང་བའམ་སྡོམ་པའི་དོན་ལ་གོ་སྟེ། ལྷམ་སྒྲོག ཅེས་པ་ལྟ་བུ།
ཙཱ་རི་མན་ཆད་མདོ་ལ་ཡན་ཆད་ཀྱི།། ཙཱ་རི་ཞེས་བོད་སྐད་དུ། རིང་བའི་རྟགས་མི་དགོས་པས། ཙ་རི་ཞེས་པ་ལེགས།
ཞ་འཐེང་གྱོལ་པོ་སྤྲང་ལོང་ཡན་ཆད་ནས། ལོང་ཞེས་པ་མིག་ལོང་བའི་དོན་ལ་རྩོད་པ་མེད། སློང་ཞེས་པ་སྤྲང་པོའི་དོན་ལ་ངའི་ཡུལ་དུ་བཀོལ།
འ་ཅག་ཁ་བ་རི་བའི་མི་རིགས་འདིས།། རི་བའི་ ཞེས་པར་བཀའ་བསྟན་རིག་གནས་ཀྱི་སྐད་དང་མཐུན་པར་བདག་སྒྲ་ལ་པ་ཡིག་དགོས་པས། རི་པའི་ ཞེས་པ་བཟང་།
ཡ་རབ་བུ་མོ་ཁྱེད་ལ་སྙིང་ནས་བསྔགས།། ཡ་རབ་ ཅེས་པར་ཡ་རབས་ཞེས་ས་ཡང་འཇུག་དགོས་པར་བསམ། དཔྱད་པར་འཚལ།
ཏཱ་ལའི་བླ་མའི་འབངས་ཀྱི་སྤོབས་པ་ཅན།། ཏཱ་ལའི་ཞེས་པར་ པོ་ཏ་ལ་ ལེགས་སྦྱར་ཚིག་ཡིན། པོ་ཏ་ གྲུ་དང་ལ་འཛིན་པ་ལ་འཇུག དེས་ན། ཏཱ ཞེས་རིང་པོ་མེད་པར་ ཏ ཐུང་བ་དག་པར་སེམས།
ཤུ་རུས་གདུང་རྒྱུད་གཅིག་པའི་བོད་ཀྱི་ཆེད།། ཆེད་ ཅེས་པ་དགོས་ཆེད་ཀྱི་ཆེད་ཡིན་ན། འགྲིག་འདུག དེ་མིན་མཆེད་ ཅེས་པ་སྤུན་མཆེད་ཀྱི་དོན་ལ་མ་སྔོན་འཇུག་དགོས།
རྒན་རབས་རེ་བ་སྐོང་ཤིག་མཛངས་ལྡན་མ།། སྐོང་ཤིག་ ཅེས་པར་ཡང་འཇུག་ས་ཆད་པར་བསམས།
བླ་མའི་བྱིན་རླབས་རིན་ཆེན་ཕྲོག་ཞུ་ལ།། ཕྲོག་ཞུ་ ཞེས་པ་དག་པ་པྲོག་ཞུ་ལ་ཕྲོག་ཞུ་ཞེས་ཡིག་ནོར་ཐེབས་པར་སེམས།
མཁའ་འགྲོའི་ཕྲིན་ལས་འོད་ཟེར་ཕྱོགས་བརྒྱར་འཕྲོ།། ཕྲིན་ལས་ཞེས་པར་འ་སྔོན་ཡོད་མེད་གཉིས་སུ་སྣང་བ་ལས། ཡོད་པ་དེ་གཙོར་བཟུང་སྟེ། འཕྲིན་ལས་ཞེས་པ་དག་པར་སེམས་སོ།།
མཛེས་མི་མཛེས་ནི་རང་རང་གི་ལྟ་སྟངས་ལ་རག་ལས། ངའི་སློབ་གྲོགས་གར་ཞ་པ་སྐུ་གཤེགས་དངོས་གྲུབ་ཚེ་རིང་མཆོག་གིས། གར་ཞ་རུ་བྱུང་བའི་ལོ་རྒྱུས་ཤིག་གསུངས་པ་དྲན། མི་ཞིག་བུད་མེད་ཅིག་ལ་སེམས་ལྷག་པར་ཆགས་པ་ན། གཞན་ཞིག་གིས་མོ་ལ་ཆགས་ན་ཅི་བྱེད། མཛེས་མོ་ཞིག་ཏུ་མི་འདུག་ཅེས་པ་ན། སེམས་ཆགས་པའི་མི་དེས། ཅི་ཟེར། ངའི་ལྟ་སྟངས་ཀྱི་སྒོ་ནས་ལྟོས་དང་། ཞེས་དངོས་བྱུང་གི་ལོ་རྒྱུས་སོ།།
རྒན་འཇམ་དཔལ་ལགས།
བཀུར་འོས་ཁྱེད་ཀྱི་མཚན་ལ་འཇམ་སི་དཔལ་ལྟ་བུ་ཞིག་ཀློག་གི་འདུག། སི་དེ་གང་ནས་ཡོང་ངམ། དབྱིན་ཡིག་ནང་ལ་བཀུར་འོས་ཁྱེད་ཀྱི་མཚན་འབྲི་སྐབས། Jamspal ལྟ་བུ་མཐོང་སོང་།
གུས་སློབ་བསམ་པ་ནས།
གོང་གི་ཀ་ཕྲེང་དེ་དང་མཆན་རྣམས་ཀྱི་སྡོམས་ནི་འདི་ལྟར་རྒྱག་གི་ཡིན།
གལ་ཏེ་མཛངས་མ་མིང་དོན་མཚུངས་ཤིང་བོད་མོའི་གཙུག་རྒྱན་གྱུར་བདེན་ན།།
རིང་མིན་སྲིད་སྐྱོང་བློ་སེང་ཁྲི་དྲུང་བཀའ་བློན་ཤེས་ཛྷའཇོན་གཉིས་ལྡན་འགའ།།
བོད་འབངས་འགག་རྩའི་དགོས་མཁོར་མཆིས་པས་བུད་མེད་རྩེར་ཕུད་ཁྱེད་བཟའ་འཚོས།།
བཀའ་ཁྲི་མཆོག་ལ་སྙན་གསེང་མཛོད་དང་བོད་དང་བུད་མེད་དོན་ཆེན་འགྲུབ།།
ཀ་ཅིའི་མདངས་ལྡན་གངས་རིའི་མུ་ཁྱུད་ཀྱི་སྐོར་བའི།།
ཁ་བའི་ལྗོངས་ཀྱི་མཛངས་མས་བོད་འབངས་བརྩེ་བདེན་ན།།
ག་ལེར་བོད་ལ་མཁོ་བའི་མཛངས་མ་མང་སྐྱེས་ནས།།
ང་ཚོ་རྩོམ་པོ་མཆན་མཁན་ཆགས་ཅན་ལ་གནོངས་དང་།།
ཅ་དངོས་རིན་ཆེན་མཛོད་ཀྱིས་འགྲན་ནུས་ཀྱང་མིན་པའི།།
ཆ་ཤས་བོད་ཀྱི་མི་འབོར་སྤེལ་ཐབས་ལ་འབོད་དང་།།
ཇ་ལན་ཆུ་མཇལ་རྒྱ་གཞུང་གྲང་དམག་གིས་བརྟུལ་ཏེ།།
ཉ་ཆུའི་བརྩེ་བས་འཁྱུད་པའི་གཞིས་བྱེས་གཉིས་འཛོམས་ཡོང་།།
བསམ་པ་ལེགས།
ཁྱེད་ཀྱི་བཀའ་དྲི་འདི་ཉིད་ཤིན་ཏུ་བོད་ཀྱི་སྐད་སྒྱུར་སྟངས་སྐོར་ལ་ཕན་པ་ཞིག་ཏུ་མཆིས། ངས་ལན་མང་སྔོན་འཇུག་ད་ཡིག་དེ་སྐབས་འགར་ར་རུ་འདོན་པ་དང་། དེ་བཞིན་ས་རུ་འདོན་པ་བཅས་སུ་གྱུར་འདུག་ཅེས་བྲིས། ལ་དྭགས་པས་དཔལ་ལ་སྤལ་ཞེས་འདོན། འདི་ཉིད་དཔེ་ཆའི་སྐད་དུ་ཡང་མཐོང་སྟེ། དཀྱིལ་ཀྲུང་ལ་སྐྱིལ་ཀྲུང་དང་། སྨིག་རྒྱུ། དམིགས་པའི་ནང་ལ་རྒྱུ་བ་ལ། ད་ཡིག་ས་རུ་འབོད་པའི་རྒྱུ་མཚན་གྱིས། སྨིག་རྒྱུ། ཞེས་ཆགས། དཔེ་ཆའི་སྤར་ལ་ཡང་ད་དང་ས་སྒྲ་གདངས་འདྲ་བར་འབོད་པའི་རྒྱུ་མཚན་གྱིས་སྤར་ཞེས་པ་ལ་དཔར་ཞེས་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་འདུག སྐྱེ་དགུ་ཞེས་པ་ལ་སྔོན་འཇུག་ད་དེ་ཉིད་ར་རུ་འབོད་པ་ལས། སྐྱེ་རྒུ་ཞེས་མང་པོས་མ་་དག་རྒྱུན་འབྱམས་འདི་འབྲི་བར་བྱེད་དོ།།
ཚེ་རིང་སྐྱིད་གླེང་ན་སྔོན་མ་ངའི་གྲོགས་པོ་ཞིག་གིས་ཁོ་རང་གི་ཟིན་བྲིས་དང་ཚེ་རིང་སྐྱིད་ཀྱི་ཟིན་བྲིས་ཐོག་བྲིས་པའི་རྩོམ་ཡིག་ཅིག་དྲན་སོང་། དེ་ནི་ཚེ་རིང་སྐྱིད་གཅིག་པོར་སྨྲས་པ་ཞིག་མ་ཡིན་པར་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པ་རྣམས་ལ་སྨྲས་པ་ཞིག་ཡིན་ཞིང་། དེའི་མཛངས་མར་རློམས་པ་ཚོའི་ཁས་ལེན་དང་ལག་ལེན་གྱི་བར་ཐག དེ་དག་དང་དེའི་འགན་འཁྲིའི་བར་ཤོར་བའི་ཡང་ལྕི་སོགས་ཕྱོགས་མང་པོ་ཞིག་ནས་གནད་པ་འཕིགས་པའི་གཏམ་མང་པོ་ཞིག་བཤད་འདུག
དྲ་གྲོགས་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་འདི་ལྟར་གསུངས་ཏེ། ཏཱ་ལའི་བླ་མའི་འབངས་ཀྱི་སྤོབས་པ་ཅན།། ཏཱ་ལའི་ཞེས་པར་ པོ་ཏ་ལ་ ལེགས་སྦྱར་ཚིག་ཡིན། པོ་ཏ་ གྲུ་དང་ལ་འཛིན་པ་ལ་འཇུག དེས་ན། ཏཱ ཞེས་རིང་པོ་མེད་པར་ ཏ ཐུང་བ་དག་པར་སེམས། ཞེས་བྲིས་འདུག་འདི་ནི་ཁོང་གི་སྐད་ཆ་དངོས་གནས་ཡིན་མིན་མི་ཤེས་ཏེ་གང་ལྟར་ཡང་ངས་འདི་ལ་གསལ་བཤད་ཤིག་ཞུ་འདོད་བྱུང་། པོ་ཏ་ལ་ཞེས་པ་དེ་བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་འཇུག་པ་བདེན་ཀྱང་ཏཱ་ལའི་བླ་མའི་ཞེས་པའི་ཏཱ་ལའི་དང་པོ་ཏ་ལ་གཉིས་ནི་འབྲེལ་མེད་ཞིག་ཡིན། ཏཱ་ལའི་ཞེས་པ་དེ་ནི་སོག་པོའི་སྐད་ཡིན་པ་དང་བོད་སྐད་དུ་རྒྱལ་མཚོའི་དོན་དུ་འཇུག་པ་ཡིན་པ་གསུངས་འདི་ནི་མིང་རྒྱལ་རབས་ཁྲི་ལོ་བརྒྱད་པའི་དུས་སུ་སོག་པོ་ཨལ་ཐན་རྒྱལ་པོས་རི་བོ་དགེ་ལྡན་པའི་བླ་མ་བསོད་ནམས་རྒྱལ་མཚོ་ལ་ཕུལ་བའི་ཆེ་བསྟོད་ཀྱི་མཚན་ཞིག་ཡིན་པས་མཁྱེན་པ་གནང་རོགས། དེས་ན་པོ་ཏ་ལ་རྒྱུ་མཚན་དུ་བྱས་ནས་ཏཱ་ལའི་ཞེས་ནོར་བ་གསུང་པ་དེ་ངའི་བློ་ལ་མ་འཐད་པས་དེ་ཙམ་ཞིག་འབྲི་ཉེན་ཤོར་བས་གལ་སྲིད་ཁྱེད་ཀྱི་ཐུགས་ལ་མ་བབས་ཚེ་དགོང་སེལ་ཞུ།།
གེ་སར་ནོར་བུ་དགྲ་འདུལ་ནས་།
༄ གྲོག་པོ་ཚོས་ག་རེ་ཡིན་ན་། ངས་ཚེ་རིང་སྐྱིད་དེ་མདོག་ངན་ཞིག་དངོས་ནས་མཐོང་གི་འདུག་། དགོངས་གལ་མེད་པ་མེད་ཞུ་
མཛངས་མའི་ཁྱད་ཆོས་ལྡན་མིན་ཁོ་རང་ལ་ཕུལ་དུ་བྱུང་བའི་ནུས་པ་གང་ཡོད་ན་ཁྱད་ཆོས་ཡིན་ལ།ཚེ་རིང་སྐྱིད་ལྟ་བུ་ལ་མཚོན་ན་སོ་སོའི་སྐད་དང་ཡི་གེ་ལ་གདེངས་འཇོག་ཡོད་མཁན་དང་དེ་ལ་ནུས་པ་ཕུར་ཚུགས་སུ་འདོན་མཁན་གྱི་གྲས་ཡིན་པ་བོད་གཞེས་བྱེས་གཉིས་སུ་གསལ་བས་མཛངས་མའི་མཚན་སྙན་མི་འགྲིག་པ་གཏན་ནས་མེད་མོད་་་་་་་འོན་ཀྱང་སྐྱོན་གྱི་ཆའང་ཡོད་སྲིད་པས་དེ་ལ་ཁག་དཀྲི་དགོས་དོན་ཅི་ལ་ཡོད།མི་སུ་ཡིནརུང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་འཚང་འབྲུ་བ་ཐ་ཤལ་གྱི་སྤྱོད་པ་ཡིན་ལ་དེ་བས་ཤེས་ཡོན་དང་རྣམ་དཔྱོད་ཀྱི་བང་རྩལ་འགྲན་ཏེ་སུ་ལ་རྒྱལ་ཁ་ཐོབ་ན་དེ་དངོས་གནས་་་་་་་་་་མཛངས་པ་རེད་སྙམ།
མཛངས་མིན་མཛངས་དོག་བྱ་མཁན་ཚེ་རིང་སྐྱིད།
དེ་སྔོན་དཀར་མཛེས་བུའི་ཕོ་རྟགས་མདགས་མཁན་མ།
བར་སྐབས་བསྟུ་ཚོང་བརྒྱབ་ཏེ་ཨ་རིར་འབྱོར།
སྨད་ཚོང་ཚེ་རིང་སྐྱིད་ལ་ཐིག་ལེ་འབུལ།
གསོལ་ལོ་གསོལ་ལོ་ཁ་ཡི་ནང་དུ་གསོལ།
དཀོན་མཆོག་མཁྱེན། དགའ་ལྡན་ཟེར་བའི་མི་འདི་ཡང་ཕ་མའི་ས་བོན་གྱི་ནང་དུ་དུག་འདྲེས་ཡོད་མཁན་ཞིག་རེད་འདུག དོལ་རྒྱལ་བ་ཞིག་ཡིན་པ་འདྲ།
དོམ་ཁྲ་ལེགས།
ཁྱེད་ཉིད་དང་། སློབ་དཔོན་རྒྱ་མཚོའི་སྤྲིན་ལེགས་གཉིས་ཀས་འདྲ་བར་གསུངས་པ་བདེན་པར་འདུག འོན་ཀྱང་
ཏའ་ལའི་བླ་མ། ཞེས་པར་ཏ་ཡིག་རིང་པོ་དགོས་པ་ལ་བློ་བསྐྱེད་བྱུང་། ཏའ་ལ་ཞེས་པ་སོག་སྐད་རྒྱ་མཚོ་ལ་འཇུག་པའི་དོན་དང་། དེ་ཉིད་སོག་པོ་ཧོར་གྱིས་རྒྱལ་བ་རིན་པོ་ཆེ་ལ་མཚན་གསོལ་བ་ཡིན་པ་ཞིག་ཐོས་མྱོང་། འོན་ཀྱང་ཆུང་དུས་སུ་ཐོས་པའི་བག་ཆགས་དེ་བདག་གི་སེམས་ལ་ལུས་འདུག། དེ་ནི་པོ་ཏ་ལའི་བླ་མ་ལ་ཏའ་ལའི་བླ་མ་དང་། བཀྲ་ཤིས་ལྷུན་པོའི་བླ་མ་ལ། ཀྲ་ཤིའི་བླ་མ། ཞེས་པཎ་ཆོས་ཀྱི་ཉི་མའི་ཞབས་ལ་ཕྱི་རྒྱལ་པས་ཞུ་ཚུལ་ཞིག་ཡིན་འདུག
ཀ་ལ་པ་ན་འཇམ་དཔལ་གྲགས་པ་ལྟར།
ཁ་བ་ཅན་འདིར་ཐུབ་བསྟན་འཛིན་པ་ལ།
ག་ནས་བལྟས་ཀྱང་འགྲན་ཟླ་མ་མཆིས་པ།
ང་ཡི་གཙུག་གི་རྒྱན་གྱུར་ཙོང་ཁ་པ།། ༡ །།
ཅ་ཅོ་སྤངས་ཏེ་ལེགས་བཤད་སྒྲ་དབྱངས་སྒྲོགས།
ཆ་ལུགས་མཛེས་པའི་ཆོས་གོས་རྣམ་གསུམ་འཆང་།
ཇ་སོགས་སྲེད་སྤངས་གང་འབྱུང་ཙམ་གྱིས་འཚོ།
ཉ་ལྟོ་པ་དང་མཚུངས་པའི་ཙོང་ཁ་པ།། ༢ །།
ཏ་ཐའ་ག་ཏའི་བསྟན་པ་འཛིན་པ་ལ།
ཐ་ ་་་ མི་དྲན །
ད་ལྟ་བློ་བཟང་གྲགས་པ་ཞེས་སུ་གྲགས།
ནའ་གའ་རྫུ་ནའི་རྣམ་སྤྲུལ་ཙོང་ཁ་པ།། ༣ །།
པ་སངས་རྒྱུ་སྐར་དབུས་ན་ཟླ་བ་ལྟར།
ཕ་རོལ་ ་་་ མི་དྲན་ །
བ་ལང་བདག་ལྟར་བས་མཐར་གནས་བཅས་ཤིང་།
མ་གཡེངས་སྒྲུབ་ལ་བརྩོན་པའི་ཙོང་ཁ་པ།། ༤ །།
ཙ་རི་ལ་སོགས་དབེན་པའི་གནས་རྣམས་སུ།
ཚ་གྲང་འགལ་རྐྱེན་ཐམས་ཅད་ཁྱད་བསད་ནས།
ཛ་ལང་ཅན་གྱི་རང་སེམས་འདུལ་བ་ལ།
ཝ་ལེར་རྩེ་གཅིག་གནས་པའི་ཙོང་ཁ་པ།། ༥ །།
ཞྭ་བཟང་ཏོག་ལྟར་ཡོངས་འཛིན་གཙུག་ན་མཛེས།
ཟ་མ་མཆོག་དང་གང་འབྱུང་ཙམ་གྱིས་འཚོ།
འ་ཅག་སྲིད་མཚོར་འཁྱམས་པའི་འགྲོ་བ་ལ།
ཡ་མཚན་ཐར་ལམ་སྟོན་པའི་ཙོང་ཁ་པ།། ༦ །།
ར་ལོ་ ་ ་ ་ མི་དྲན་ །
ལ་བ་པ་དང་མཚུངས་པའི་ཙོང་ཁ་པ།
ཤ་ ་ ་ ་ མི་དྲན་ །
ས་སྟེང་འགྲན་ཟླ་བྲལ་བའི་ཙོང་ཁ་པ།། ༧ །།
ཧ་ཅང་དང་བའི་ཡིད་ཀྱིས་གསོལ་འདེབས་ན།
ཨ་དོན་སྐྱེ་མེད་སྟོན་ཅིག་ཙོང་ཁ་པ།། ༨ །།
རྗེ་བཙུན་བླ་མ་ཙོང་ཁ་པ་ལ་ཀ་བཤད་ཀྱི་སྒོ་ནས་བསྟོད་ཅིང་གསོལ་བ་འདེབས་པ་འདི་སུས་མཛད་པ་མི་ཤེས། བོད་བཀྲ་ཤིས་ལྷུན་པོར་བློ་འཛིན་བྱས་ཤིང་། ཚོགས་འདོན་དུ་སྐྱོར་ཀྱང་། ད་ལྟ་གསལ་བར་མི་དྲན་པ་དག དྲ་གྲོགས་ཁྱེད་རྣམས་སུ། འདི་ལ་ཐུགས་རྒྱུས་འདྲ་ཡོད་ན། ཆད་པ་རྣམས་ལ་ཁ་སྐོང་མཛད་པ་དང་། ཡི་གེ་ནོར་འཁྲུལ་ལ་དག་བཅོས་མཛོད་ཅེས་ཞུ་བ་ལགས་སོ།།
བུ་མོ་ཚེ་རིང་སྐྱིད་མཛེས་མ་ཡིན་པ་འདྲ་་། ཡིན་ན་ཡང་ངས་བུ་མོ་ཕྲིན་ལས་ལགས་མཛེས་མ་ཐོང་སོངས་།
དགའ་ལྡན་ལགས་དགོང་མཚམས་མེད་པར་ཞུ་ཡ་ལ་། ཚེ་རིང་སྐྱིད་ལ་དེ་ཙམ་ཡིན་ནམ་།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། གོང་གི་རྗེ་བླ་མའི་ཀ་བསྟོད་དེ་འབྲི་མཁན་དགེ་ལྡན་པའི་མཁས་པ་ཞིག་མིན་པ་འདྲ། དཔེར་ན། ཇ་སོགས་སྲེད་སྤངས་གང་འབྱུང་ཙམ་གྱིས་འཚོ།། ཟེར་བ་དང་། ཟ་མ་མཆོག་དང་གང་འབྱུང་ཙམ་གྱིས་འཚོ།། ཞེས་པ་གཉིས་བསྐྱར་བཟློས་བྱས་པ་ལྟ་བུ་འདུག་ག ད་དུང་སྙན་པོ་ཞེ་དྲག་ཀྱང་མི་འདུག དེ་ལས་རྡོ་རྦིས་དགེ་བཤེས་ཀྱིས་བྲིས་པའི་རྗེ་བླ་མའི་བསྟོད་པ་ཞིག་བོད་ནས་ཀློག་རྒྱུ་བྱུང་བ་དེས་ངོ་མ་ཡིད་འཕྲོག་སོང་། མིང་མི་དྲན་གི ཡིན་ན་ཡང་ཤོ་ལོ་ཀ་རེ་རེའི་མཚམས་སུ། འབྲོག་རིའི་དགེ་སྦྱོང་དེ་ལ་ཕྱག་འཚལ་ལོ།། ཞེས་པ་རེ་རེ་འདུག དེ་གྲོགས་སུས་ཤེས་ན་འདིར་འགོད་རོགས།
སྟག་གསོད་འབྲོང་འདུལ་ལེགས།
རྗེ་བླ་མར་བསྟོད་པའི་ཀ་བཤད་དེ། བདག་རང་གིས་རྩད་བཅད་དེ། མ་ཚང་དེ་དག་ཚང་བར་བྱེད་པ་དང་། ཡིག་ནོར་དག་ལ་གང་ཐུབ་ཞུས་དག་བྱེད་ངེས། མཛད་པ་པོ་དེ་མཁས་པ་ཞིག་ཡིན་རུང་མ་ཡིན་རུང་། འདི་ཉིད་བྱིན་རླབས་ཆེ་བ་ཞིག་ངེས་པར་དུ་ཡིན་འདུག དམ་པའི་གསུང་ལ་། ད་དུང་སྙན་པོ་ཞེ་དྲག་ཀྱང་མི་འདུག ཅེས་ཟེར་་ན། ཆོས་སྤོར་གི་ལས་གསོག་པར་མི་འགྲོ་བའམ།
ན་རོ་མེད་པའི་འཛངས་མ།།
ན་བུན་བཞིན་འཁྲིགས་གི །
ན་གཞོན་རྣམས་ཀྱིས་བསྟོད་གི།
ན་ཆུང་ཡིན་པའི་རྟགས་རེད།
ན་རོ་མེད་པའི་འཛངས་མ།།
ན་བུན་བཞིན་དུ་འཁྲིགས་གི །
ན་གཞོན་རྣམས་ཀྱིས་བསྟོད་གི།
ན་ཆུང་ཡིན་པའི་རྟགས་རེད།
ཨ་ཅེ་རྒྱ་མོ་སྐེ་རིང་། །བོད་མོ་ཡིན་པ་མ་བཤད། །ཕ་རྒན་རྒྱ་དམར་ཡིན་པ། །ཁ་ངོར་བལྟས་ནས་ཤེས་སོང་།
སྐད་ཆ་སྙན་པོ་འདུག
བུ་མོ་ཚེ་རིང་སྐྱིད་ནི་བོད་ཡོང་བའི་བུ་མོ་བོད་ཡིག་སློབ་སྦྱོང་ཡག་པོ་ཡོད་པ་དང་
ད་ལྟར་བར་དུ་བོད་སྐྱབས་གཅོལ་ནང་ལ་སློབ་སྦྱོང་ཡོད་མཁན་ཁོང་འདྲ་པོ་ཡོད་
མེད་པ་ཚང་མའི་མཁྱེན་གསར་རེད་།དཀར་མཛེས་སྐལ་བཟང་ནས་from newyork
Hi tsekyi missed you lo
མཛངས་མ་ཚེ་རིང་སྐྱིད་ནི་བོད་ཀྱིས་ནང་ནས་བུ་མོ་སློབ་སྦྱོང་ཡག་ཤོག་རེད་
སྣང་བ་དག་པའི་མི་ལ།
ཁྱི་སྐྱག་ཟ་མར་སྣང་ངོ་ཟེར་བ་ཞིག་ཀྱང་ཡོད་པས། བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས་སྨད་མི་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་མ་ཡིན་ནམ།
ཚེ་རིང་སྐྱིད་ནི་འགྲན་ཡ་མེད་པོའི་མཛངས་མ་དང་པོ་དེ་ཡིན་པས། བསྟོད་པ་འདི་ཙམ་གྱིས་ཆོག་ནི་མ་རེད་ལོ།
དུར་ཁྲོད་ཀྱི་སྐད་ཆ་དེ་དུར་ཁྲོད་ཡོང་བ་ཞིག་རང་རེད། གང་ལགས་ཤེ་ན། དོན་དག་གང་ཡང་གོ་རྒྱུ་མེད་པར་རོའི་དྲི་མ་ཁ་སོང་།