མེ་སྒྱོགས་རྒྱ་མཚོ་ནས།
————-
ང་ ཚོ་བོད་ཀྱི་སྐད་ཡིག་རིག་པ་བའམ་སུམ་རྟགས་དག་གསུམ་གྱི་མཁན་པོ་ཚོས་ཡིག་རྙོག་ བསྔོགས་ཏེ་འཛད་རྒྱུ་མེད་པའི་རྩོད་གཞིའི་ཆེད་དུ་རྔུབ་ནག་ཚུབ་ཚུབ་རྒྱུག་ནས་ མིག་མདུན་དུ་འཕག་འཚག་རྒྱག་བཞིན་པའི་དཀའ་གནད་རྣམས་མི་མཐོང་བ་ལྟ་བུ་འདུག དེ་རིང་ངས་ཕ་ཡུལ་དྲ་རྒྱའི་བརྙན་འཕྲིན་༼ http://media.phayul.com/༽དུ་ཡོད་པའི་ “བོུ་བཞི་ཡིས་བོད་ཀྱི་མཛངས་མའི་དབུ་རྒྱན་ལ་དམིགས་པ་”ཞེས་ པ་དེ་ཡིག་ཐོག་ཏུ་ཐད་ཀར་བཤུས་ཡོད་། འདི་བཀླགས་ནས་བཙན་བྱོལ་བོད་མིའི་གཞོན་སྐྱེས་མང་ཆེ་བའི་ཕལ་སྐད་ཀྱི་གནས་སྟངས་ གང་ཞིག་ཏུ་སླེབས་ཡོད་པའི་སྤུས་ཚད་རགས་ཙམ་ཞིག་ཤེས་ཐུབ་སྙམ། འགན་ཡོད་མཁྱེན་ལྡན་རྣམ་པའི་ཕལ་སྐད་ཀྱི་གནས་སྟངས་འདི་ལ་གཟིགས་ནས་ཇི་དགེའི་ དགོངས་ཚུལ་ལྷུག་པོ་ཡོང་བ་ཞུ། དེ་དང་ཆབས་ཅིག་ཏུ་འགྲན་བསྡུར་བའི་བོུ་བཞི་པོ་ལ་བོད་སྐད་ཀྱི་བརྒྱ་ཆ་མཐོ་ཤོས་ དེ་སུ་ལ་ཐོབ་པ་ངོས་བཟུང་རོགས།
སྒྲོལ་དཀར་གྱིས།
སྤྱིར་བཏང་Miss Tibet དེ་ བློ་བཟང་ལགས་ཀྱིས་དེ་དེ་བྱས་པ་རེད་པཱ མགོ་བཙུགས་གནང་བ་རེད་པཱ ཨ་ནེས་ཨ་ནེས་དེ་ངས་བསམ་ཚུལ་ལ་ཁོང་གིས་མགོ་བཙུགས་པ་དེ་དངོས་གནས་ཁོ་རང་ཡག་པོ་ དཔེ་རེད་བསམ་གྱི་འདུག དམིགས་བསལ་གྱིས་བོད་པ་བུ་མོ་ལ། ལབ་ན། གང་ཡིན་ཟེར་ན་ང་ཚོ་ཕྱི་ཡི་རྒྱལ་ཁབ་ལ་ཆ་བཞག་བ་བཞག་ན་ཡིན་ན་ཁོང་རང་ཚོ་ལ་ཆ་ བཞག་ན་ང་ཚོ་དཔེ་མི་སྲིད་པའི་རྗེས་ལུས་ཐེབས་ཡོད་རེད་རེད་པ། ང་རང་ཚོ་འདི་རྒྱ་གར་ལུང་པ་ལ་exile བཙན་བྱོལ་བྱས་ནས་ཡོང་བ་རེད། ཨ་ནེ་དེས་བློ་བཟང་ལགས་འིས་ངས་བསམ་ཚུལ་བློ་བཟང་ལགས་འིས་མགོ་དེ་མགོ་establish བྱེད་པ་དེས་ངས་དཔེ་ཡག་པོ་རེད་བསམ་གྱིན་འདུག དམིགས་བསལ་གྱིས་བོད་པའི་བུ་མོ་དེ་ཚོ་ལ། ད་Miss Tibet ལབ་ ན་ད་ད་ད་ད་འདི་སུ་ལས་འགན་དེ་ཚོ་ད་དཔེ་ཆ་བཞག་ན་སོ་སོ་ད་ག་རེ་བསམས་པ་ད་དེ་ གཅིག་ཡོད་རེད་བ་ད་ད་བོད་དོན་སྐོར་གཅིག་བྱེད་དགོས་བམས་པ་ཞིག་ཡོད་རེད་བ། འདི་སུ་སེམས་ནང་བསམ་གྱི་འདུག་རེད་པ། ད་ཕྱིས་སུ་་དེ་སླེབས་པའི་གཞུག་གུ་ལ་ད་དངོས་གནས་ཁོ་རང་media དང་དེ་འདྲ་མང་པོའི་དཀྱིལ་དུ་སླེབས་དུས། ད་དེ་ཚོ་ཚང་མ་དངོས་གནས་ཁོ་རང་སོ་སོ་ག་རེ་ཨའའ་ ད་དངོས་གནས་ཁོ་རང་དངོས་སུ་ཁོ་རང་ལག་ལེན་བསྟར་ཡ་གྱི་གོ་སྐབས་དེ་རག་ཆོག་འ་ བསམ་གྱིན་འདུག
ངག་དབང་ཆོས་དབྱངས་ཀྱིས།
བོ་ མོ་དེ་ཚོ་ཕྱི་ལོག་ཐོན་ཐུབ་ཀྱིི་མིན་འདུག་གཱ ཨ་ནི་མང་ཆེ་བ་ད་དེ་འདྲས་བྱས་ནས་ཨི་འདྲ་དོག་ལོག་གཅུང་གཅུང་གོན་དགོས་རེད་ལབ་ ནས་ད་ཁོང་ཚོ་མི་ལ་ད་face བྱེད་ཐུབ་ཀྱི་མིན་འདུག་ད་། ད་དེ་བློ་བཟང་དབང་རྒྱལ་ལགས་ཀྱིས་དཔེ་ཡག་པོ་ཞིག་བཟོས་བཞག་ཇེ་Miss Tibet ང་ཚོ་རྒྱལ་ཁབ་མེད་ནས་ཡིན་ང་ཚོ་ད་གཅིག་ Miss Tibet ལབ་ནས་གཅིག་བྱས་ནས་བསྟན་ཡ་འདུག་དཱ།
བསྟན་འཛིན་ཆོས་འཛོམས་ཀྱིས།
དེའི་ འཛུལ་བྱས་ད་ང་ཚོའི་གིས་ད་ང་དང་ང་རང་འདྲ་བའི་གིས་གཞོན་སྐྱེས་མང་པོ་གཅིག་གིས་ ད་ལྟ་དམངས་ལ་སྡོད་ནས་ཡར་སྟོན་མོ་ལྟ་ཡ་ཞིག་མ་གཏོགས་སྡིངས་ཆ་གོང་ནས་ལོངས་ནས་ ང་ཚོ་ནང་བཞིན་གྱིས་ད་competition(ཏག་ཏག་ཅིག་གོ་མ་སོང་།) བྱས་ ནས་འཛུལ་ཞུགས་བྱས་ཐུབ་ཀྱིན་མ་རེད། དེ་ཨ་ནི་བོད་པ་བོ་མོ་གཅིག་པོ་བོད་པ་བུ་མང་ཆེ་བ་སྐབས་ཅིག་ཞིག་ལ་དཀའ་ངལ་ཆེན་ པོ་ཞིག་ཆག་སྡོད་ཀྱི་བོ་ར། དེང་སང་དུས་ཚོད་དེ་ལ་། ད་དེས་ངས་རེ་བ་ག་རེ་ཞུས་ཀྱིས་ཡིན་ཟེར་ན་ད་ཨེ་འདྲས་བྱས་ད་ངོ་ཚ་བྱས་ནས་ད་འོག་ ལ་དམངས་ལ་བཞུགས་མ་སྡོད་ཟེར། ད་དམངས་ལ་མི་གོང་སྟོན་མོ་འཁྲབ་དུས་ཙམ་བ་ང་ཚོས་འོག་ནས་ལག་པ་བརྡབ་སྡོད་ན་སོ་ སོ་གས་གོང་གཅིག་འཇོན་ཡ་མེད་པ་འདྲ་བོ་ཞིག་ཆགས་སྡོད་ཀྱི་འདུག་ག བྱས་ ཙང་ཨ་ནི་སོ་སོས་ཡར་འཛུལ་ཞུགས་བྱས་ནས་མི་འཛམ་གླིང་གཞན་པའི་བུ་མོ་དང་དཔུང་པ་ དང་དཔུང་པ་བཏུག་ནས་ཨ་ནི་མར་འགྲན་སྡུར་ལ་འགྲོ་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱིན་ འདུག་རའ། ངས་འཛུལ་ཞུགས་བྱས་པ་དེ་གང་ཡིན་ལབ་ན་ང་ཚོ་བོད་སྐབས་ཅིག་གི་ད་ spokesperson གཅིག་ཆགས་ཆོག་འ་བསམ་གྱི་འདུག ང་འཛུལ་ཞུགས་བྱེད་དགོས་ཡ་གི་དམིགས་ཡུལ་གཙོ་བོ་དེ་ཡིན། ངས་མི་དམངས་དེ་ཚོ་སོ་སོ་འཛུལ་ཞུགས་མ་བྱེད་པར་ནས་འོག་ལ་རྒྱབ་ལོག་ནས་མང་པོ་ ཞིག་ཤད་སྡོད་ཀྱི་ཡོད་རེད། དེ་འདྲ་བཤད་ན་ཆོ་ཡོད་ཀྱི་མ་རེད་བསམས་ཀྱིན་འདུག
ཡེ་ཤེས་ལྷ་མོ་ཡིས།
ཨིནའ་ སྐད་ལ་ཆུང་ཆུང་ནས་བསམ་བློ་གཏོང་ན་ཨིན་ང་ང་དེ་མཛངས་མའི་འགྲན་བསྡུར་བསྡུར་ནས་ ང་ག་རེ་ལབ་དགོས་ཀྱིས་རེད་ད་ཡིན་ཡ་ང་རང་སློབ་སྦྱོང་མུས་མཐུན་ནས་བྱེད་ཡ་འདོད་ པ་ཡོད་རའ། ག་ལེ་ག་ལེ་ད་རྗེས་ནས་ international pageant ལ་སླེབས་དུས་ཙམ་བ་གལ་སྲིད་ང་གོ་སྐབས་རག་ཧབ་བྱས་ན་ང་བོད་ཀྱི་ awareness སྐོར་ལ་ཤོད་ཡའི་གོ་སྐབས་བཟང་པོ་ཞིག་རག་གི་འདུག་བསམ་གྱི་འདུག་རའ། ཨ་ནི་ང་དེའི་གོ་སྐབས་རག་པ་དེ་དཔེ་ཡག་པོ་འདུག་བསམ་གྱི་འདུག དམིགས་ བསལ་ཨེ་འདྲས་དང་གས་ཤེས་ཀྱི་མིན་འདུག་ལ། ཚང་མ་སོ་སོ་སོ་སོས་ག་རེ་ལབ་དགོས་རེད་འདི་ལ་རེ་བ་བྱས་ནས་སླེབས་བ་ འགྲན་བསྡུར་ལབ་ཡ་དེ་ག་དུས་ཡིན་ནའང་ཤོར་ཡ་དང་ཐོབ་ཡ་དེ་མི་ཚེའི་འགྲོ་སྟངས་ འདྲ་བོ་ཞིག་རེད། ང་རང་གིས་སེམས་ག་འདྲས་ཞིག་བཟོས་ཡོད་ཟེར་ལབ་ན་འཐོབ་ནས་ཡག་པོ་ཡིན་མ་ཐོབ་ནས་ དགའ་བསུ་ད་ང་རང་འདིས་སླེབས་བ་གཅིག་གིས་དགའ་བོ་ཡོད་ང་།
དཔེ་འདྲ་པོ་བྲིས་འདུག་དཱ
དེ་རིང་བརྗོད་གཞི་འདི་ལ་འབྲེལ་བའི་རྩོམ་གཉིས་མཐོང་བྱུང་། རྩོམ་དང་པོ་དེ་དུས་བབ་ཀྱི་དྲ་རྒྱ་ན་འདུག དེ་ནི་ཁང་གསར་རྡོ་རྗེ་ཞུ་བ་ཁོང་ཁེ་ཎ་ཌར་ཕེབས་ནས་ལོ་ཤས་བསྡད་རྗེས་ཕྲུ་གུ་རྣམས་ཀྱི་བོད་སྐད་དང་བོད་གཤིས་ཤོར་ཉེན་ལ་བརྟེན་ནས་རྒྱ་གར་དུ་སླར་ལོག་སྟེ་རྡོ་རྗེ་གླིང་དུ་གཞིས་བཅས་པའི་སྐོར་དེ་རེད། རྩོམ་དེ་ལ་དུས་བབ་རྩོམ་སྒྲིག་པ་ལུང་རིགས་ལགས་ཀྱིས་མཆན་ཞིག་བྲིས་ནས། “ཉིད་ཀྱི་དཀའ་ངལ་དེ་ནུབ་ཕྱོགས་ནས་ཅི་ཁག བོད་ནང་དང་། བཙན་བྱོལ་ནས་ཀྱང་གནས་སྟངས་འདིར་ཁ་གཏད་གཅོག་མ་ཐུབ་པར་བསྡད་འདུག ལོ་ཤས་གོང་ངའི་ཕ་ཡུལ་ནས་བྱིས་པ་རེ་ཟུང་རྒྱ་གར་བསྐྱལ། དེ་ནི་ཁོ་ཚོའི་ཁ་ནང་ལ་རྒྱ་སྐད་དང་རྒྱ་གླུ་གོམས་ཏེ། བོད་སྐད་མི་བཤད། བོད་ཡིག་མི་ཀློག་པའི་གཤིས་ཀ་དེའི་དབང་གིས་ཡིན་ཟེར། གནས་སྟངས་འདི་ད་ཆ་བོད་ས་ཁྱོན་ཡོངས་སུ་དར་འདུག རྒྱ་གར་གྱི་བྱིས་པ་ཚོའི་ངག་གི་བོད་སྐད་དང་ལག་གི་བོད་ཡིག་ནི་ཉིད་ཀྱིས་མཁྱེན་མཁྱེན་པ་རེད། ལོ་སུམ་ཅུའི་འཐུས་ཤོར་གྱི་དབང་གིས་བོད་ཡིག་གི་སྟེང་ནས་རང་མགོ་ཐོན་པ་ཞིག་འབྱུང་ཁག་པར་གྱུར།” ཅེས་གསུངས་འདུག
དེ་ནས་རྩོམ་གཉིས་པ་དེ་འདིར་བཀོད་ཡོད་པ་དེ་ལགས། བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་དེ་ཚོས་བོད་སྐད་གསུངས་ལུགས་དེ་ཡིག་ཐོག་ནས་ད་དུང་བཟང་ཉམས་ཤིག་ཐོན་འདུག དངོས་སུ་ཉན་དུས་ཧ་ལམ་གློ་སྙིང་མཆིན་གསུམ་ལྷན་ཅིག་ཏུ་ས་ལ་ལྷུང་བ་ལྟ་བུའི་ཟུག་གཟེར་རེ་ཡོང་བ་འདུག ཧ་ལམ་མི་རིགས་ཤིག་ཉམས་ཆག་ཏུ་འགྲོ་བའི་སྔ་ལྟས་ནི་འདི་འདྲ་མིན་ན་ཅི་ཡིན་སྙམ། བོད་ནང་དུ་བོད་ཡིག་དང་བོད་སྐད་ཉར་མ་ཐུབ་ཚེ། ཧ་ལམ་ང་ཚོའི་མི་ཐོག་རྗེས་མ་དེའི་སྐབས་ལ་ཡལ་འགྲོ་གི་ཡོད་པ་ལྟ་བུའི་འཇིགས་དངངས་རེ་ཏན་ཏན་སྐྱེ་ངེས་ཅན་རེད།
འོན་ཀྱང་ང་ཚོས་སྐྱོན་གྱི་ཕྱོགས་འདི་དག་ལ་བསམ་བློ་གཏོང་སྐབས་ཏན་ཏན་བཟང་གི་ཆ་རྣམས་བརྗེད་མི་རུང་བ་དེ་རེད། བོད་ཡིག་བོད་སྐད་ཀྱི་ཕ་ས་བོད་ན་ད་དུང་ང་ཚོའི་རིག་གནས་འདི་ལ་རྨ་ཁ་ཡོད་མོད་ཟུངས་ཁྲག་དྲོན་མོ་དམར་ཆིལ་ལེ་རྒྱུ་བཞིན་པ་དེ་ཡང་གསལ་པོ་རེད། དེ་ནས་སྐད་ཡིག་ཉམས་ཟེར་བ་དེ་མཐའ་གཅིག་ཏུ་ཕྲུ་གུའི་སྟེང་གཡུགས་ན་མི་འགྲིག་པའི་ཚུལ་ཞིག་ང་ལ་གྲོགས་པོ་ཞིག་གིས་བརྗོད་མྱོང་། གྲོགས་པོ་དེ་ནི་ཨ་རི་ན་ཡོད་ཅིང་ཨ་རི་བ་ཡིན། ཁོས་རང་གི་ཕྲུ་གུར་ཆུང་ཆུང་སྐབས་ནས་ཕྱི་སྐད་ཅིག་ལ་འཇུག་པའི་ལས་ཀ་རྣམས་གཙིགས་ཆེན་བྱས་པའི་དབང་གིས་ད་ལྟ་ཕྱི་སྐད་དེ་ཕ་སྐད་བཞིན་འཆད་ཐུབ་ཟེར། དེ་ནས་ང་ལ་བོད་ཀྱི་གྲོགས་པོ་ཞིག་ཡོད། ཁོང་གི་བུ་མོ་དེས་བོད་སྐད་བཤད་ན་ཨམ་སྐད་དག་མ་ཞིག་ཤོད་ཅིང་། བོད་ཡིག་ཀློག་ཐུབ་ཀྱིན་ཡོད། དེ་ཡང་ཨ་རི་ན་ཡོད། དེ་ཙམ་ཞིག་འདིར་དྲན་ཐོར་ཕུལ་བ་ཡིན། གོ་རིམ་ཡོད་པ་ཞིག་ཀྱང་བྱུང་མ་སོང་། དགོངས་དག
de rif yf f’i mCn bu ‘gog rag,u yin p ‘d./
ང་ཉིན་འགའི་རིང་ལ་ཁ་བར྄ྡ་དྲ་ངོས་སུ་ཡོང་གི་མ་བཅུག་པར་བ྄ློ་ཕམ་བྱུང༌། འོན་ཀྱང་དེ་རིང་བས྄ྐྱར་དུ་ཞུགས་བཅུག་ཡང་བ྄ློ་ཕམ་བྱུང༌། ཐུགས་ར྄ཇེ་ཆེ་ཞུ།དྲ་དཔོན་རབ་གསལ་ལགས། ར྄ྗེས་སུ་ཡང་གིས་མཇལ་ཡོང༌།
བོད་ཀྱི་མཛངས་མ་ཟེར་ནས་མིང་ཡོད་པ་དེ་ཚོ་ཚང་མས་བོད་སྐད་ཡག་པོ་ཤེས་མདོག་མ་རེད་ལ། ལོ་འདིའི་བུ་མོ་དེ་ཚོ་བཞིན་ཡིན་རྒྱུ་རེད།
ད་ངོ་མ་ཐན་ལྟས་ཤར་ཡོང་གིས།
ང་རང་ངའི་ན་ཚོད་དང་མཐུན་པའི་བུ་མོ་ཚོར་མཉམ་དུ་སྐད་ཆ་བཤད་ན་ངའི་སྐད་ཆ་གོ་གི་མི་འདུག་ཟེར་གྱིན་འདུག ཡིན་ན་ཡང་ངས་བོད་སྐད་ཤོད་ཀྱིན་ཡོད། དེ་བས་མཚམས་རེར་གོ་བརྡ་འཕྲོད་ཆེད་ངས་ཀྱང་ཁོང་ཚོ་ལ་lunchརྗེས་ལ་ཐུག evening ག་བ་འགྲོ་གི་ཡིན། debate ཅིག་འདུག་ལབ་སོང་། ཟེར་བ་ལྟར་བཤད་དགོས་བྱུང་གི་འདུག དེ་ལྟར་མ་བཤད་པར་ ཉིན་གུང་རྗེས་སུ་ཐུག་ཡོང་། དགོང་དྲོ་གང་དུ་འགྲོ་རྒྱུ་ཡིན་ནམ། བགྲོ་གླེང་ཞིག་འདུག་ཟེར་ལྟ་བུ་བོད་སྐད་ཆ་ཚང་ཞིག་བཤད་ན་ཁྱེད་ཀྱིས་སྐད་འཁྲེགས་པོ་འདུག་ཟེར་གྱིན་འདུག
ད་དུང་སྲང་ལམ་གཡས་གཡོན་གྱི་ཕོ་གསར་ཚོས། བུ་མོ་ཡ་ཡུའུ་ཡ་མ་ཚ་བོ་འདུག Knowledge Zero རེད་དཱ ད་དུང་Proud དཔེ་འདུག ཡེ་ཤེས་རྒྱ་བ་ཞེས་སྐད་ཆ་བཤད་ཀྱིན་འདུག སྐད་ཆ་དེ་ཚོ་ག་རེ་རེད་དམ།
སྐུ་ངོ་དང་ལས་བྱེད་ཚོས་ཀྱང་སྐད་ཆ་འདི་འདྲའི་གྲས་དེ་རང་གིས་གང་ཞིག་ཤེས་ཀྱིན་ཡོད་མདོག་མདོག་གིས་བེད་སྤྱོད་གཏོང་གི་འདུག་་་གོ་རྒྱུ་མང་པོ་འདུག་་་་
ངས་ཀྱང་གཞིས་ཆགས་སྐད་ཅིག་བཤད་ཀྱི་ཡིན་རྣམ་པ་ཚོས་གོ་ལོན་མིན་ལྟ་ཚོད་གནང་རོགས།
ཧ་སོང་ངས། ཧ་མ་སོང་། ཨ་མ་ཀས་གཉིད་ཙོག་རྒྱག་གི་འདུག
ད་དུང་ངས་སློབ་ཕྲུག་ཅིག་གི་རང་གི་ཕ་མ་གཉིས་ལ་འཕྲིན་པའི་གཏོང་ཡིན་ནང་དེ་ལྟར་བྲིས་པ་ཞིག་མཐོང་མྱོང༌། བརྩེ་བའི་པཱ་ལགས་དང་ཨ་མ་ལགས་ཁྱེད་རང་གཉིས་བདེ་པོ་ཡིན་ཤག་ལ་བུ་ང་ཧང་སང་སོང༌།
ཀློག་མཁན་རྣམ་པ་——གཏོང་ཡིན་—–གཏོང་ཡིག་ལ་བཅོས་པ་ཡིན་ལགས།
བོད་ཀྱི་མཛངས་མའིའདྲན་བསྡུར་ནང་ཞུགས་རྒྱུར ། ཆ་རྐྱེན་གཉིས་ངེས་པར་དུཚང་དགོས། དང་པོ་བོད་ཀྱི་མཛེས་མ་ཞིག་ངེར་པར་དུ་ཡིན་པ ། གཉིས་པ་རང་གི་ཕ་སྐད་གཙང་མ་ཤོད་ཐུབ་པ་གཉིས་སྔོན་འགྲོའི་ཆ་དུ་འཇོག་དགོས། དེ་མིན་བློ་བཟང་དབང་རྒྱལ་གྱི་འདོད་ཆགས་ཀྱི་དབང་དུ་བཏང་ཚེ་ནུ་མ་ཡོད་ཚད་མཛེས་མ་མིན་ག་ལ་སྲིད་། བོད་ཀྱི་མཛེས་མའི་མིང་ཐོབ་རྒྱུར་འགན་དབང་ཡོད་དགོས་པ་མ་རེད་པས། གོང་ཏུ་དགེ་རབ་གྱི་གསུང་པ་འདི་ངོ་མ་གལ་ཆེན་པོ་རེད་བསམ་ཀི སྣ་ལེབ་ལེབ་དང་མིག་ཆུང་ཆུང་ང་འདྲ་པོ་དེ་འདྲ་ཅིག་ཆོག་ཚེ་ (Hawaiian and Somoan)སོགས་ཀྱང་འདྲན་བསྡུར་འདིས་ནང་ཞུགས་སྲིད་པ་རེད་།
བོད་ཀྱི་མཛངས་མའི་བོད་སྐད་མི་ཤེས་པ་དང་བོད་ཀྱི་མཛངས་མའི་བོད་སྲོལ་གོམ་གཤིས་མི་ཤེས་པ། བོད་ཡིག་འབྲི་ཀློག་ཟེར་བ་ནི་དེ་བས་ཀྱང་ངོ་། འདི་འདྲ་ཞིག་བོད་ཀྱི་མཛངས་མ་གདམས་བཞིན་པ་དེ་ལ་གཟིགས་ནས་ཟམ་གདོང་རིན་པོ་ཆེའི་ཐན་རྟས་སུ་བལྟས་པ་ལོས་ཡིན་སྙམ། དེ་མིན་ན་ཟམ་གདོང་བླ་མ་ནི་མི་སྤྱིར་བཏང་བ་ཞིག་དང་བསྡུར་ཐབས་མེད་པ་ཀུན་གྱིས་མཁྱེན་གསལ་རེད།
དྲང་མོ་བཤད་པ་ཡིན་ན་བོད་སྐད་སྤུས་དང་མི་ཤེས་མཁན་དང་བོད་ཡིག་མི་ཤེས་མཁན་གྱི་བུ་མོ་ཞིག་ལ་བོད་ཀྱི་མཛངས་མའི་མིང་དེ་ནི་གཏན་ནས་ཐོབ་ཐབས་མེད་པ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རང་རང་གི་རྒྱལ་ཁབ་ཀྱི་མཛེས་མའི་མིང་ཡོད་མཁན་སུ་ཞིག་ལ་རང་སྐད་མི་ཤེས་པ་དང་རང་ཡིག་མི་ཤེས་མཁན་འདུག་མིན་བལྟས་དེ་སོང་ན་ད་གཟོད་བློ་དབང་གིས་སེམས་སུ་དྲན་རྒྱུ་ཞིག་ཡོད་ངེས་རེད།
བསམ་འཆར་ཡག་པོ་བཤད་འདུག། དེ་ཚོ་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་དུ་ཞུགས་མཁན་བུ་མོ་ཚོས་སེམས་ལ་བཞག་རྒྱུའི་རེ་བ་ཡོད། སློབ་གསོ་གཏོང་མཁན་གྱིས་གཏོང་ནས་ཉན་མཁན་གྱིས་ཉན་ན་ཡར་རྒྱས་ངེས་པར་ཡོང་གི་རེད། བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་ལ་བཀྲ་ཤིས་བདེ་ལེགས་ཞུ།
མགོ་ནག་བོད་པ་ཚང་།
དཀར་ནག་ལས་འབྲས་འཐག་པའི་སེམས་ཁོང་དུ།།
མཛེས་གཟུགས་ལྷ་ལ་དད་ཞེན་མངར་མོ་དང་།།
མི་སྡུག་གདོན་གྱི་གཤིས་ལ་སྡང་ལུགས་འདི།།
མགོ་ནག་བོད་པའི་བག་ཆགས་ཟབ་མོ་ཞིག།
དར་དཀར་ཡུག་གཅིག་སྣེ་རུ་འཁྱིད་པའི་སེམས།།
སྒོར་མོ་རྨི་ལམ་རྨིས་པའི་སྟོང་འདང་རིགས།།
རྩིས་ཀྱང་ཚར་བ་མེད་པའི་འགྱུར་བ་འདི།།
མགོ་ནག་བོད་ལ་དྲངས་པས་གཡུལ་འཐབ་ཡིན།།
རྒྱང་རིང་ཡུལ་ནས་ཞེ་མདངས་ཆེ་རབས་མོད།།
ཉེ་སར་བཅར་དུས་སྐྱོན་ཆ་མང་རབས་བཤད།།
ཚོན་འདོག་སྣ་དགུའི་བསླུས་པའི་ཚོར་བ་འདི།།
མགོ་ནག་བོད་པའི་ནད་ཡམ་ལྕི་མོ་རེད།།
ཁ་ཕོ་སྟོང་གིས་རང་རིགས་ནང་དུ་མཁས།།
སྡར་མའི་ངང་ཚུལ་ཕྱི་རོལ་དགྲ་ལ་སྟོན།།
ཕྱི་ནང་ཁ་ཁ་མི་ཤེས་རྨོངས་ཞེན་འདི།།
མགོ་ནག་བོད་པ་ཚང་གི་གཤིས་ལ་འབྱར།།
རང་རིགས་ཡི་གེ་རྗེས་ལུས་བེད་མེད་འདོད།།
གཞན་གྱིས་སྐད་ཡིག་རང་གི་འཚོ་བརྟེན་བསམ།།
རིགས་ཀྱི་དངས་ཞེན་མེད་པའི་འཚོ་བ་འདི།།
མགོ་ནག་བོད་ཀྱི་མི་རབས་བཙོང་ལུགས་རེད།།
རྩོམ་སྒྲིག་པ་ལགས། རྩོམ་ཡིག་འདི་དྲ་ཐོག་འགོད་རོགས་ཞུ།
བཅའ་འདྲི་བཞི་པོའི་དུས་ཡུན་སྐར་མ་གསུམ་ལས་མི་འདུག་ཀྱང་དེ་ཡིག་ཐོག་ཏུ་ཕབ་རྒྱུར་དུས་ཚོད་རིང་ཙམ་འགོར་སོང་། འདིར་ཕབ་པའི་དམིགས་ཡུལ་གཙོ་བོ་ནི་ཕལ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་འི་ཡོད་པ་དེ་གསལ་སྟོན་ཐུབ་པའི་དོན་དུ་ཡིན། བོད་ཡིག་གི་སྤུས་ཚད་འདི་འདྲ་ཞིག་ཏུ་སླེབས་པའི་རྒྱུ་རྐྱེན་དེ་ཚན་རིག་གི་ལམ་ནས་ཞིབ་འཇུག་གིས་འཚོལ་རྒྱུ་གལ་ཆེ་བ་སྣང་། དེ་ཡང་ང་ཚོ་བོད་ཀྱི་བླ་རྒན་ཞིག་གྲོངས་སོང་ན་དེའི་ཀླད་པ་ལ་གློག་སྐུད་འགའ་བརྒྱུས་ནས་ཀླད་རྩ་ཁྱད་པ་བ་ཞིག་བསྟན་རྒྱུ་ཡོད་ན་དེ་ནི་བོད་པའི་ནང་ཆོས་ཀྱི་གཟི་བརྗིད་ཅིག་རེད། དེ་དང་ཆབས་ཅིག་ཏུ་རང་གི་ཕ་སྐད་འདིའི་ལས་དབང་ཉག་ཕྲ་བོ་འདི་འདྲ་ཞིག་ཏུ་སླེབས་ཡོད་པ་ལའང་བསམ་ཤེས་ངེས་པར་དུ་བྱ་དགོས་སྙམ།
བཙན་བྱོལ་བོད་མིའི་ཞན་ཆ་ཞིག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་སློབ་ཅིག་མ་ཕེབས་ན་རང་འགུལ་གྱིས་ལས་འགུལ་གསར་པའི་རིགས་སྤེལ་རྒྱུའི་བསམ་བློ་མ་གཏོང་བའམ་གཏོང་བར་དེར་རྒྱབ་སྐྱོར་མེད་པ་ལྟ་བུའི་གཤིས་ཀ་ཞིག་སྣང་། ཡོད་ཚད་༸གོང་ས་མཆོག་གི་ཕྲག་ཏུ་ཡར་གཡུག་ནས་ད་དུང་ཁ་ཉན་མདོག་གིས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་འདི་དང་དེ་ཟེར་ནས་འགྲོ་འིན་སྡོད་ན་ཐབས་སྐྱོ་བོ་རེད། དེ་དང་འབྲེལ་གནད་དོན་མང་པོ་ཞིག་འདིར་བརྗོད་ཀྱིན་སྡོད་ན་སྐབས་བབས་ཀྱི་བརྗོད་གཞི་བརླག་ཉེན་འདུག་པས་བོད་ཡིག་ལ་དུང་ཞེན་ཆེ་བའི་སྐད་ཡིག་རིག་པ་ཚོས་སྲོལ་རྒྱུན་གྱི་སུམ་རྟགས་ཀྱི་སྒྲིག་གཞི་དེ་དག་ལ་དུས་དང་འཚམས་པའི་བླང་འདོར་མི་ནོར་བའི་ཐོག་ནས་ཕལ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་དེ་དབུ་མའི་ལམ་ནས་སེལ་ཐུབ་པའི་རེ་འདུན་ཞུ། གཤམ་དུ་དགེ་འདུན་རབ་གསལ་ལགས་ཀྱི་བྲིས་པའི་༼ཡིག་རྙིང་གི་སྐད་དང་ལོ་ཚིགས།༽་ལས་༼ཡིག་རྙིང་དང་སྐད་ཡིག་༽ཅེས་པའི་ལེ་ཚན་དེ་ཟུར་འདོན་བྱས་ཡོད་པས་དེ་ནི་སྐབས་བབས་ཀྱི་བརྗོད་གཞི་དང་འབྲེལ་བ་ཆེ་བས་དེ་དང་འབྲེལ་པའི་དགོངས་ཚུལ་ལྷུག་པོ་ཡོང་བར་ཞུ།
“ཡིག་རྙིང་དང་སྐད་ཡིག
ད་ལྟའི་ལྷ་སའི་ཁ་སྐད་ཁྲོད་དུ། ཁོང་གིས་ཇ་འཐུང་སོང་། ཁོང་གིས་ཇ་འཐུང་ཤག ཁོང་གིས་ཇ་འཐུང་པ་རེད1། སོགས་འདས་ཚིག་སྟོན་པ་གང་ཞིག་ལ་རྗོད་མཁན་ལ་བརྗོད་དོན་གྱི་ཐད་རྒྱུས་ཇི་ཙམ་ཡོད་པའི་རིམ་པ་སྟོན་ལ། ལྷ་སའི་ཁ་སྐད་ཙམ་མིན་པར་ཨ་མདོའི་ཁ་སྐད་ལ་མཚོན་ན་ཡང་། ཁོས་ཇ་འཐུང་བཏང་གཟིག ཁོས་ཇ་འཐུང་བཏང་ཐ། ཁོས་ཇ་འཐུང་བཏང་ནི་རེད། ཅེས་ཟེར། འདས་ཚིག་ཙམ་མ་ཡིན་པར་དུས་གསུམ་ཆར་ཁྱད་པར་འདི་ལྟར་ཡོད་ལ། དགོན་པ་འདི་འདེབས་མཁན་གྱི་བླ་མའི་མཚན་ལ་བློ་བཟང་གྲགས་པ་ཞུ། ཟེར་བ་ལྟ་བུ་ལ་མཚོན་ན། ཚིག་ཕྲད་གྱི་དེ་འབྲེལ་སྒྲ་ཙམ་མིན་ཁར། བྱེད་པ་པོས་བྱ་བའི་ཡུལ་གང་ལ་བྱ་བ་གང་ཞིག་བྱས་པ་སྟོན་པའི་བོད་སྐད་ཀྱི་རྗོད་པའི་འགྲོས་སྤྱིར་བཏང་བ་དེ་དང་ཆ་མི་མཚུངས་པར་གྱུར་ཐོག དགོན་པ་འདི་འདེབས་མཁན་གང་དེའི་མཚན་ལ་བློ་བཟང་གྲགས་པ་ཞུ་ཟེར་བའི་ཚིག་གྲུབ་དང་ཆ་ཉེ་ལ། སྐད་ཡིག་གཞན་གྱི་ནང་འདི་འདྲ་ནི་རྗོད་པའི་ཆ་ནས་ས་བཅད་ཟུར་དུ་ཡོད་པ་ཞིག་རེད་འདུག2
ཡང་ཕལ་སྐད་དུ། དེབ་འདི་ལས་དེབ་དེ་ཡག་པོ་ ཡག་ག་ ཡག་ཤོས་རེད་ཟེར་སྐབས། ཡག་རབས་ཀྱི་རིམ་པ་བསྡུར་ནས་འཆད་ཀྱིན་ཡོད། ཁྱད་ཆོས་སྟོན་པའི་མིང་ཚིག་གི་གོ་རིམ་བསྡུར་ཚུལ་ཐད། ཁྱད་ཆོས་དེའི་ཚིག་ཐོག་མའི་རྗེས་འཇུག་གི་སྒྲ་བཟླས་ཏེ་དཔེར། ཆུང་ཆུང་དང་ཆུང་ང་། ཞིམ་པོ་དང་ཞིམ་མ་སོགས་རྣམ་གཞག་རང་མཚན་པ་ཞིག་ཡོད་ལ། དེ་མཚུངས་སུ་མིང་རྐྱང་གི་ཁྱད་ཆོས་སྦྱོར་ཚུལ་དང་བྱ་ཚིག་གི་ཁྱད་ཆོས་སྦྱོར་ཚུལ་སྐོར་དཔེར་ན། འབྲོག་པ་སྟོབས་ཆེན་དེས་རྩམ་པ་ཞིམ་པོ་མགྱོགས་པོར་འཐག ཅེས་བརྗོད་སྐབས་མིང་རྐྱང་གི་ཁྱད་ཆོས་དེ་མིང་རྐྱང་གི་རྗེས་དང་བྱ་བའི་ཁྱད་ཆོས་དེ་བྱ་ཚིག་གི་མདུན་ལ་སྦྱར་ཡོད་ཅིང་། བྱ་བའི་ཁྱད་ཆོས་དང་བྱ་ཚིག་གཉིས་ཀྱི་བར་དུ་ལ་དོན་གྱིས་བསྐངས་ཡོད་དོ༎ ཡང་ཡོངས་སུ་གྲགས་པའི་སྤྱོད་འཇུག་གི་ཚིགས་སུ་བཅད་པ། གལ་ཏེ་བཅོས་སུ་ཡོད་ན་ནི༎ དེ་ལ་མི་དགར་ཅི་ཞིག་ཡོད༎ གལ་ཏེ་བཅོས་སུ་མེད་ན་ནི༎ དེ་ལ་མི་དགའ་བྱས་ཅི་ཕན༎3 ཅེས་པ་ལ་མཚོན་ན་ཡང་། སྐད་ཆའི་ནང་མེད་དུ་མི་རུང་བའི་རྗོད་པའི་ཆ་ཤས་ཏེ། ལྟོས་དབང་ངམ་རྟོག་པ་མཐའ་བཟུང་གི་རྗོད་པའི་རྣམ་པ་ཐོན་ཡོད། ད་དུང་སྙན་ངག་གི་གཞུང་འགྲེལ་ཁག་ཏུ་བཀོད་པའི་མཚུངས་པ་གསལ་བྱེད་ཀྱི་སྐོར་དང་། བསྡུས་གྲྭ་དང་རྣམ་འགྲེལ་སོགས་སུ་གསལ་བའི་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་ལས་འཕྲོས་པའི་ཆོས་དང་ཆོས་ཅན་གྱི་སྐོར་སོགས་ཡོད་ལ། གནད་འདི་དག་འདས་པའི་ལོ་ངོ་བརྒྱ་ཕྲག་གི་ནང་བོད་སྐད་ཁྲོད་གསར་དུ་སླེབས་པ་ཞིག་མིན་པ་ནི་ཁ་ཚོན་ཆོད་ངེས་ཐོག བཙན་པོའི་དུས་སྐབས་ནས་སྐད་འགྲོས་འདི་དག་གི་རྒྱུན་སྔ་མ་ཞིག་ཡོད་ངེས་ལ། ཐོན་མིས་སྐད་ཡིག་གསར་བཟོའི་ལས་རིམ་ནང་ཡང་འདི་ཚོ་མེད་ཐབས་མེད་པའི་ཆ་ཤས་ཤིག་རེད་སྙམ།
དེ་ལྟར་ན། བོད་ཀྱི་སུམ་རྟགས་གཙོས་པའི་བརྡ་སྤྲོད་པའི་གཞུང་དུ་འདི་དག་གི་ཐད་འགྲེལ་བཤད་ཡོད་དམ་མེད་ཅེས་པ་འདི་ལ་བསམ་ཞིབ་བྱེད་དགོས་ངེས་རེད་ལ། གནད་དོན་འདི་དག་གི་ཐད་སྔོན་གྱི་མཁས་དབང་ཚོའི་ཁྲོད་དུ་དཔེར་ན། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ལས། ཚིག་ཕྲད་ལ་་་་་་བྱེ་བྲག་གི་དབྱེ་བའི་དབང་དུ་བྱས་ན། ཕྲད་གཉིས་འདུས་དང་མང་འདུས་སོགས་མཐའ་ཡས་པ་ཞིག་ཡོད་དེ། ད་སྔ་སུས་ཀྱང་གྲངས་བཅད་འདི་ཙམ་མོ་ཞེས་ཁ་ཚོན་བཅད་པ་ཞིག་མ་མཐོང་མོད། ཨ་ལ་ཤ་སོགས་ཀྱིས་མང་ཙམ་ཞིག་བཀོད་ཡོད་དོ༎4 ཞེས་གསུངས་ཏེ། མཐའ་ཡས་པ་ཞེས་པའི་ཚིག་འདིའི་ནང་བསྡུས་འདུག་ལ། ཁོང་གིས་སྐབས་མང་པོར་ད་ཡོད་བོད་ཀྱི་བརྡ་སྤྲོད་རིག་པའི་ནང་མ་ཚུད་པའི་བརྡ་སྤྲོད་པའི་རྣམ་གཞག་ཁག་ཡོད་པའི་དགོངས་ཚུལ་བཏོན་ཡོད་ཅིང་། དེ་ཡང་དཔེར་ན། ཁོང་གིས། ཐོན་མིའི་བརྩམས་ཆོས་ལས་ཕལ་ཆེར་ནུབ་པའི་དབང་གིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ་མཁས་པ་རྣམས་ཀྱི་བཞེད་པ་ཆེས་ཆེར་མི་མཐུན་པས་ན་བཞེད་སྲོལ་དེ་དག་གི་དགོངས་པ་གཅིག་ཏུ་བསྒྲིལ་ཐབས་མེད་དོ༎5 ཞེས་གསུངས་འདུག་གོ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་ཕལ་སྐད་དུ་ཡི་གེ་འབྲི་བ་འདི་ཚོ་ལང་ལ་ཤོར་ན་བོད་ཀྱི་སྤྱི་སྐད་བརླག་ཉེན་གྱི་སེམས་ཁྲལ་བསླངས་པ་ནས་བཟུང་།6 ད་བར་བོད་ཡིག་ཤེས་མཁན་ཚོས་ཕལ་སྐད་ལ་ཞིབ་འཇུག་བྱ་རྒྱུའི་དོད་དུ་འཚེར་སྣང་དང་འཇིགས་སྣང་བྱས་ཤིང་། ལྷག་པར་བོད་ནང་དུ་ཕྱི་ལོ་ ༡༩༨༠ ཚུན་ནས་ཁ་སྐད་འགོག་པའི་རྩོམ་ཡིག་ཀྱང་རིམ་པར་སྤེལ་ཡོད། འོན་ཀྱང་ད་ནི་ཁ་སྐད་ལ་སློབ་སྦྱོང་བྱེད་པ་ལ་འཚེར་ནས་བསྡད་ན་ང་ཚོའི་སྐད་ཀྱིས་རང་རྐྱ་མི་འཕེར་བ་དེ་ཆེས་གསལ་དུ་སོང་ཞིང་། བོད་ཡིག་གི་བཀོལ་ཡུལ་ཀྱང་ཆེས་གཞི་རྒྱ་ཆེ་རུ་སོང་སྟབས། ཁ་སྐད་དང་ཡིག་སྐད་ཀྱི་འབྲེལ་བ་དེ་ཇེ་ཟབ་དང་ཇེ་མཐོར་གཏོང་དགོས་རྒྱུ་དེ་གནད་ལ་ཐུག་ཡོད་སྙམ། དེ་ཡང་ཁ་གསལ་དུ་བཏང་ན། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དུ་འགྲེལ་བཤད་མེད་པའམ་ཡང་ན་ཟུར་ཙམ་ལས་མེད་པའི་རིགས་ལ་ཆད་པ་ཁ་གསབ་བྱེད་དགོས་པ་ནི་དུས་ལ་བབ་པར་སྣང་ངོ་༎
གོང་གསལ་འདིའི་སྐོར་ལ། དག་ཡིག་གསར་བསྒྲིགས་ཀྱི་འགོ་བརྗོད་དུ་འདི་ལྟར། དག་ཡིག་འདིར་བཀོད་པའི་དབུ་ཡིག་མང་ཆེ་བར་མིང་ཚིག་དང་ཚབ་ཚིག རྒྱན་ཚིག གྲངས་ཚིག ལས་ཚིག བསྣན་ཚིག སྦྱོར་ཚིག སྦྲེལ་ཚིག གྲོགས་ཚིག འབོད་སྒྲ་བཅས་ཐ་སྙད་ཀྱི་རིགས་བཅུ་ཕྱེ་ཞིང་། ཞེས་དང་། ཡང་། ལས་ཚིག་ལ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག ལས་ཚིག་རྗེས་མཐུན་པ་གསུམ་དུ་ཕྱེ་ཡོད།7 ཅེས་ཚིག་གི་དབྱེ་བ་ལ་རིམ་པ་ཕྱེ་འདུག་མོད། དེ་དག་རྣམ་གཞག་ཏུ་སྡེབ་པ་ཞིག་ད་སྔར་མ་མཐོང་ལ། མཁས་དབང་དམུ་དགེ་བསམ་གཏན་ཚང་དང་མཁྱེན་རབ་འོད་གསལ་གཉིས་ཀྱིས་བོད་ཀྱི་ཚིག་ཕྲད་སྐོར་ཞིག་ཐོ་འགོད་ཀྱིས་འགྲེལ་བཤད་དཔེར་བརྗོད་དང་བཅས་བརྩམས་པ་རང་རང་གི་གསུང་འབུམ་ན་མཆིས་སོ།།
མཆན།
1. ཁ་སྐད་འདི་ཚོ་ནི་དག་ཆ་མིན་པར་སྒྲ་ཙམ་གྱིས་འཐུས་པར་བྱས་ཡོད། རྩོམ་པ་པོའི་མཆན།
2.རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པའི་དབུར་ཡང་། གང་ཞིག་གཟིགས་ཤིང་གསུང་བ་ཡི༎ མཁྱེན་དང་སྟོན་པ་བླ་ན་མེད༎ རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་༎ གཟིགས་ཤིང་འདོམས་པ་དེ་ལ་འདུད༎ ཅེས་གང་ཞིག་གི་ཕྲད་འདི་ཚིག་རྐང་གི་དབུར་བཞག་ནས། བྱེད་པ་པོ་རྒྱལ་བ་དེ་དཀྱིལ་དུ་བཅུག་ཡོད་པ་ཡང་སྐབས་འདི་དང་གནད་མཚུངས་སོ༎
3. སྤྱོད་འཇུག་རྩ་འགྲེལ་ཆེན་མོ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་ ༢༠༠༠ ལོར་པར་དུ་བཏབ་པ། ཤོག་གྲངས་ ༢༡༠
4.ཐོན་མིའི་ཞལ་ལུང་། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་ ༡༡༤
5.ཐོན་མིའི་ཞལ་ལུང་། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་ ༢༤༨
6. “དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས།” གོང་གསལ་ནི། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་པ། ལྡི་ལིར་བསྐྱར་པར་བྱས་པ། ༢༠༠༡ ཤོག་གྲངས་ ༢༧༢ ལས་དྲངས།
7. ཉེ་ཆར་ཕྲན་གྱིས་མཁས་དབང་པད་མ་འབུམ་ལགས་སུ་འདི་སྐོར་དྭོགས་འདྲི་ཞུས་པར། བོད་ནང་དག་ཡིག་གསར་བསྒྲིགས་རྩོམ་མཁན་ཨ་ཁུ་བསམ་གཏན་ཚང་གིས་དག་ཡིག་ཏུ་འདི་སྐོར་དབྱེ་འབྱེད་བྱས་པ་ནི་བོད་ཡིག་ཏུ་དེ་ལྟར་དབྱེ་བ་བྱས་པ་ཐོག་མ་དེ་ཡིན་རབས་གསུངས།
བོད་མཛངས་མ་གཞན་དང་འདྲ་ས་མེད།།
རང་གི་སྐད་ཡིག་སྦྱང་བྱ་ཅང་མེད་ཀྱང་།།
དབྱིན་སྐད་ཧིན་དྷི་སོགས་ལ་ཆུ་མ་ཎི།།
ཕོ་གཞོན་བསླུ་ཁྲིད་བྱེད་ལ་ཨྃ་མ་ཎི།།
ངས་བསམ་ཚུལ་བྱས་ན། མཛངས་མའི་་འགྲན་བསྡུར་དེ་གྲྭ་པས་གོ་སྒྲིག་བྱས་ན་ཡག་པོ་འདུག། དེ་འདྲ་བྱས་ན་མཛངས་མའི་འགྲན་བསྡུར་ཞུགས་མཁན་མང་པོ་ཡོང་གི་རེད་ལ། བཤང་གཙོང་མ་དེ་འདྲ་ཡང་ཡོང་གི་མ་རེད།
འོ་་་་ཏག་ཏག་རེད། བློ་བཟང་དབང་རྒྱལ་ཁོང་གྲྭ་པ་བཟོ་ན་གང་འདྲ་འདུག།
བློ་བཟང་དབང་རྒྱལ་གྲྭ་པ་བཟོ་ན་མཐའ་འཁོར་གྱི་ཨ་ནེ་དགོན་པ་རྣམས་སྟོང་པ་ཆགས་ཏེ། ཨ་ནེ་མཛངས་མས་དྷ་ས་ཁེངས་ཀྱི་རེད། དེ་དུས་ང་ཚོར་ཡང་ལྟོ་མང་པོ་རག་གི་རེད། ཁྱོད་རང་གི་ཐབས་ཤེས་དེ་ངོ་མ་ཡག་པོ་འདུག
བྱ་རྒོད་དང་བློ་བཟང་བསྟན་པ་ཟེར་མཁན་འདི་གཉིས་ཤོད་སྟངས་ལ་བལྟས་ན་མི་འདི་གཉིས་ནི་བློ་བཟང་དབང་རྒྱལ་གྱི་སྟོད་ཐུང་དམར་སྐྱ་དེའི་རིན་ཐང་ཙམ་ཡང་མིན་འདུག ང་ཚོ་བོད་ཀྱི་མཛངས་མ་ཚོ་ལ་རྒྱུ་མཚན་མེད་པའི་ཐོག་ནས་མིང་འདོགས་འདི་འདྲ་མ་འདོགས་རོགས། བཟང་ན་འདྲ་ངན་ན་འདྲ་བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ཞུགས་ཐུབ་པའམ་ཕོད་པའི་བུ་མོ་བཞི་པོ་འདི་དག་རེད།
ཉིན་ཁ་ཤས་རིང་ལ་རྣམ་འགྱུར་བསྟན་སྟངས་ཐད་ལ་ཡར་རྒྱས་ཆེན་པོ་ཕྱིན་འདུག ང་ཚོས་མུས་མཐུན་བསྐུལ་མ་གཏོང་ན་ཁོང་ཚོའི་ཕལ་སྐད་དེ་ལའང་ཡར་རྒྱས་འགྲོ་ངེས་རེད།
་དེ་ཡང་མཛངས་མ་ཞེས་པ་དེ་྄ཕྱི་་ནང་གཉིས་ཀར་ནས་མཛངས་མ་ཞིག་དགོས་པ་ནི་མིང་དོན་མཚུངས་པའི་མཛངས་མ་ཞིག་ཆགས་གི་མ་རེད་དམ།ཡིན་ཡང་ཁོ་ཅག་ནི་ཅི་ཞིག་ལ་གཞིགས་ནས་ཡོང་བ་ཡིན་ནམ༌།ད་དུང་རང་རིགས་ལ་ཡོད་པའི་སྐད་ཡིག་གི་རིན་ཐང་བརྩི་ཡ་མ་བྱས་པར་སྣང་མེད་དུ་ད྄བྱིན་ཡིག་དང་མཉམ་བ྄སྲེས་བྱས་ནས་རང་ཉིད་྄ཀྱི་ཆེད་མཐོང་གདེགས་པའི་྄སླད་སྐད་ཆ་྄རྫིགས་པོ་འགའ་བཤད་པ་དེ་ནི་འོས་པ་ཞིག་རེད་དམ༌།ཕྱི་ཡི་྄རྣམ་པའི་ཐོག་ནས་བུ་མོ་གཅིག་ལ་ཅུང་ཟད་ལྟ་ཉེན་འདུག་྄སྙམ་དེ་ནི་྄སྔོན་སུ་ཇ་བོད་ཁྱིམ་ནང་ནས་ཐོན་པའི་བུ་མོ་དེ་རེད་མོད་དོ༌།།
བློ་བཟང་དབང་རྒྱལ་གྱི་སྟོད་ཐུང་དམར་སྐྱ་དེ་ལ་རིན་ཐང་ལོས་ཡོད། དེ་ནི་བོད་རིགས་དང་ཕྱི་གླིང་བའི་གསར་མོ་སྟོང་ཕྲག་མང་པོའི་ཏུ་ཁྲག་གིས་ཚོས་པ་ཡིན་ས་རེད། གནས་ཚུལ་དེ་ཡང་མེ་སྒྱོགས་ལགས་ཀྱིས་མཁྱེན་འདུག་གཱ་
འཆི་བདག་སྐྱབས་ལགས།
རེད་རེད་། ཁྱེད་རང་གིས་གསུངས་པ་ལྟར་ཕྱིའི་མཛེས་སྡུག་དང་ནང་གི་ཤེས་ཡོན་གཉིས་ཀ་དགོས་རྒྱུ་རེད་བསམས། ནང་གི་ཤེས་ཡོན་ཡང་སློབ་ཐོན་ལག་ཁྱེར་ཡོད་མེད་ཙམ་མིན་པ་མཐའ་ན་སྤག་བརྫིས་སྟངས་དང་སྐད་ཆ་ཤོད་། བསམ་བློ་འཁྱེར་ཕྱོགས་སོགས་ལའང་རིན་ཐང་ཞིག་སྤྲོད་ཐུབ་ན་བོད་པའི་ཁྱད་ཆོས་མངོན་ཐུབ་ཀྱི་རེད་སྙམ།
ང་ཚོས་ཤེས་དགོས་པ་ཞིག་ལ་མཛངས་མའི་འགྲན་བསྡུར་འདིའི་དམིགས་ཡུལ་དེ་བོད་ཀྱི་མཛངས་མ་ཞིག་འདེམས་ཐུབ་པ་ནས་མཇུག་བསྒྲིག་པ་མིན་པ། ད་དུང་འཛམ་གླིང་མཛངས་མའི་འགྲན་བསྡུར་ནང་དུ་མཉམ་ཞུགས་ཐུབ་པ་ལའང་འབད་བརྩོན་བྱེད་ཀྱི་ཡོད་པས། མཛངས་མའི་ཆ་རྐྱེན་དེ་དག་གཞན་དབང་སྟབས་བསྟུན་མ་བྱ་ཐབས་མེད་ཡོང་གི་ཡོད་འདུག
ཁྱེད་རང་གིས་”རང་རིགས་ལ་ཡོད་པའི་སྐད་ཡིག་གི་རིན་ཐང་བརྩི་ཡ་མ་བྱས་པར་སྣང་མེད་དུ་ད྄བྱིན་ཡིག་དང་མཉམ་བ྄སྲེས་བྱས་ནས་རང་ཉིད་྄ཀྱི་ཆེད་མཐོང་གདེགས་པའི་྄སླད་སྐད་ཆ་྄རྫིགས་པོ་འགའ་བཤད་པ་”གསུངས་པ་ལྟར་བདེན་པ་རེད་། འདི་གནད་དོན་གལ་འགངས་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག
ངས་སྐབས་འགའ་བཤད་རྒྱུ་བྱུང་། བོད་པ་མང་དག་ཅིག་གིས་རང་མི་རིགས་ཀྱི་ངོ་བོ་དང་སྤོབས་སེམས་དེ་ངོས་འཛིན་ཡག་པོ་ཞིག་ཐུབ་ཀྱི་མིན་འདུག དེ་ལ་བརྟེན་ནས་བོད་སྐད་ཤོད་པར་སྤོམ་ཞུམ་པ་འདི་གང་ཟག་རེ་གཉིས་ཀྱིས་བཟོས་པ་མ་རེད་། འདིས་སྤྱི་ཚོགས་ཀྱིས་བོད་ཡིག་ལ་ཕྱོགས་པའི་འདུ་ཤེས་དེ་མཚོན་གྱི་ཡོད་། དེ་ཡང་བཙན་བྱོལ་ཙམ་མ་ཟད་རང་ཡུལ་བོད་དུའང་ཉམ་དམའ་བའི་བསམ་བློ་འདི་ནད་ཡམས་ནང་བཞིན་ཁྱབ་ཀྱིན་ཡོད་པ་གོ་སོང་། འདིའི་རིགས་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད།
བློ་བཟང་དབང་རྒྱལ་ལགས་ཀྱིས་བཏོན་པའི་མཛངས་མར་ཞུགས་རྒྱུའི་ཆ་རྐྱེན་གཤམ་དུ་འགོད་ཀྱི་ཡིན།
འདི་དག་ཁོང་གི་དྲ་རྒྱ་༼misstibet.com༽ནས་བཤུས་པ་ཡིན།
3. Can anyone apply for the Miss Tibet contest? What are the criteria to participate?
Any Tibetan woman fulfilling the following criteria can apply to participate in the pageant. The criteria are:
1.Must have Tibetan government tax paid up to date. However, this criterion does not apply to a woman coming from Tibet to compete in the pageant.
2.Must be between 18 and 26 years of age.
3.Must be a minimum of 165 cm in height.
4.Must be unmarried and must not have given birth to a child.
4. Why are these criteria so strong? Why the swimsuit competition?
The winner of the Miss Tibet Pageant will be competing in world beauty pageants, representing Tibet. Therefore we have to set our criteria to the same as theirs, or our Miss Tibet will not qualify for them.
ཁྱེད་ཀྱིས་དབྱིན་ཡིག་མཁྱེན་ཀྱི་ཡོད་ཤག་ཡིན། གལ་སྲིད་བོད་ཡིག་ཏུ་ཀློག་འདོད་ན་གསུངས་དང་མདོར་བསྡུས་ཅིག་བསྒྱུར་ཆོག ཐུགས་ཕན་གསོལ་བའི་རེ་བ་ཡོད།
བློ་བཟང་བསྟན་པ་ལགས།
བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་དང་ཕྱི་གླིང་པའི་གསར་མོ་སྟོང་ཚོ་མང་པོ་བྱས་དྲག་ནས་ཁྱེད་རང་གིས་ཁ་དེ་ལ་སྐྱོན་ཤོར་བ་མིན་ན། རྩེ་མོ་བཤད།
ཁོང་གིས་སྟོང་ཐུང་དམར་སྐྱ་དེ་གོན་ཏེ་སྤོབས་པ་ཆེན་པོའི་ཐོག་ནས་རྡ་སའི་སྤོ་ཏོ་དང་རྨོ་ཏོ་དེ་དག་གི་གསེང་ལ་འགྲོ་ཕོད་པ་དེ་ལའང་ཡིད་སྨོན་ཡོད་།
ཁོང་ལྟ་བུའི་ཡར་ཐོན་གྱི་བསམ་བློ་འཁྱེར་ཐུབ་མཁན་དང་ཕོད་མཁན་བཙན་བྱོལ་བའི་ཁྲོད་དུ་ཉུང་བས་ཁོང་ལ་ཆེར་བསྟོད་ཡོད།
བཙན་བྱོལ་སྤྱི་ཚོགས་ནས་དམའ་འབོད་དང་ཁྱད་གསོད་ཀྱི་ཚིག་མཚོན་དྲག་ཆར་འབབ་འབབ་ཡིན་ཡང་མུས་མཐུན་ལས་གཞི་འདི་འདྲ་མཇུག་སྐྱོང་ཐུབ་པ་ནི་བོད་མི་ཞིག་གི་སྙིང་སྟོབས་མཚོན་གྱི་ཡོད་པས་ཁོང་ལ་དེ་བས་བསྔགས་བརྗོད་ཡོད།
ད་ཡིན་ན་ང་ཚོའི་སྐད་ཡིག་ཕྱུག་ཏུ་ཕྱུག་ཏུ་འགྲོ་གི་འདུག་པས་དགའ་སྤོབས་ཞེ་དྲག་བྱུང་། སྐད་ཡིག་འདི་ལ་བབ་པའི་ཚིག་མཛོད་དང་རང་འགྲེལ་ཞིག་མི་དགོས་སམ། གོང་དུ་དྲ་གྲོགས་ཤིག་ནས་བོད་ཀྱི་བུ་མོ་འདེམས་པ་ལ་ཆ་རྐྱེན་དང་པོ་བོད་སྐད་གཙང་མ་བཤད་ཐུབ་པ་ཞེས་བཀོད་འདུག་པ་དེ་ཡག་པོ་འདུག ངས་ངེས་པར་དུ་བློ་དབང་ལ་ཞུ་གི་ཡིན།
ད་ལྟའི་བོད་ཀྱི་མཛངས་མ་ཟེར་བ་འདི་ལ་བློ་བཟང་དབང་རྒྱལ་གྱི་མཛངས་མ་ཟེར་བའམ་བཙན་བྱོལ་བོད་ཀྱི་མཛངས་མ་ཞེས་མིང་བཏགས་ན་དྲ་གྲོགས་རྣམ་པར་བསམ་ཚུལ་འདྲ་ཡོད་དམ།
ཚང་མས་བསམ་ཚུལ་འདྲ་གསུངས་རོགས།
བསམ་ཚུལ་ཡང་མེད་ལ་དགའ་གུས་ཀྱང་མེད། མཛངས་མ་དེ་འདྲ་ཡིན་ན་བོད་ཀྱི་བོུ་ཚང་མ་མཛངས་མའི་མཁས་སྤྱོད་ཚང་འཛོམས་ཀྱང་ཡིན་པར་ཁྱབ། ཧཧཧ
བླ་བཟང་ལགས་མཛངས་ཕོ་ཡིན་པར་བརྫོད་མི་དགོས། ཁོ་ལ་ལག་ཆ་ནི་ཡོད། གདོང་རྩལ་ནི་ཡོད། མདོར་ནས་ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། ཁྱོད་ནི་མིན་པ་གཅིག་ཀྱང་མིན། ཚང་མ་ཡོད་པ་དེ་ཁྱོད་རང་རེད།
ཟླ་བ་གཞོན་ནུ་ལགས་སུ།
མཛངས་མ་ཟེར་བ་ལས་མཛེས་མ་ཟེར་ན་གོ་དོན་མཚུངས་པ་འདུག་ཅེས་གངས་ལྷ་མོས་བཤད་འདུག་པ་དེ་ཡང་རྒྱུ་མཚན་དང་ལྡན་པ་ཞིག་རེད་འདུག་སྙམ།
བློ་བཟང་དབང་རྒྱལ་གྱིས་བཙུགས་པའི་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་སྒྲིག་གཞི་འདི་སྒེར་བདག་གི་ཚོང་ལས་ཅིག་ལ་ངོས་གཟུང་དགོས། དེའི་མིང་དུ་བློ་བཟང་དབང་རྒྱལ་གྱི་མཛངས་མ་ཟེར་ན་མི་འགྲིགས་པ་བློ་བཟང་དབང་རྒྱལ་གྱིས་ཐག་བཅད་ཟིན། ང་ཚོ་ལ་རང་དབང་མེད་གི ཨ་་་ཧཧཧ་་ཧ། ཡིན་ནའང་སྒྲིག་འཛུགས་འདི་གཞུང་གིས་གཉེར་གྱིན་མེད་པ་ཙམ་གྱིས་བོད་མི་དམངས་མཚོན་མི་ཐུབ་པ་ཞིག་ཆགས་ཀྱི་མ་རེད།
ཨ་རིའི་མཛེས་མའི་འགྲན་བསྡུར་ཚོགས་པའང་སྒེར་གཉེར་གྱི་ཚོང་ལས་ཅིག་ཡིན་པ་མཁྱེན་གསལ་རེད་པཱ། Trump ཟེར་མཁན་དེ་བདག་པོ་རེད་པཱ་ལ། སྐྲ་ལ་duck sauce བྱུག་མཁན་དེ་རེད་པཱ་ལོ། ང་ཚོ་ག་ག་ལོ ཨ་ཧ་ཧ་།
གནས་ཚུལ་ཡག་པོ་འདུག་ ཡང་བས྄ྐ྄ྱར་མུ་མཐུད་ནས་བཀོད་རོགས།
བདེ་ཆེན་སྒྲོལ་མ་ཟེར་མཁན་འདི་བོད་མོ་ཞིག་མིན་པ་ཁོ་ཐག་བཅད་། མོ་མིང་འཛིན་པ་འདིའི་ཁ་ནས་རྫོ་ཚིག་དང་དམེད་ཚིག་མ་གཏོགས་ཐོན་གྱི་མིན་འདུག ཁོས་བློ་བཟང་དབང་རྒྱལ་གྱི་ཆ་ལག་ཆེན་པོ་ཡོད་གང་འདྲས་ཤེས་པ་རེད་།
ཅ་ལག་ཆེ་ན་ཡག་ནི་རེད། ཕོ་ལ་ཡོད་དགོས་པ་དེ་རེད་ལ་མོ་ལ་དགོས་པ་ཡང་དེ་རེད། ང་བློ་བཟང་དབང་རྒྱལ་ལ་ཡིད་སྨོན་ཤོར་གི གལ་ཏེ་ཁྱོད་ཚོས་ཀྱང་འཇོན་གི་ཡོད་ན། འདི་འདྲ་ཅིག་བསྡུས་དང་ཚོང་ཁ་ཚོད་ཡོད་མེད་ཤེས་ནི་རེད། ངས་ཀྱང་ཁོ་ལ་ཞལ་འདེབས་ཅིག་ཕུལ་ན་འདོད་མོད། འབྲེལ་བ་འཛུགས་སྟངས་ཤེས་གི་མི་འདུག རང་ཉིད་ཀྱིས་ངོས་ནས་བོད་ཀྱི་མཛངས་མ་ཅིག་ལ་རྔན་པ་སྤྲད་ན་འདོད་མོད། འོན་ཀྱང་སྟབས་བདེ་མ་རེད། དེ་ལས་ཁོང་ལ་ཞལ་འདེབས་ཕུལ་ན་ཡག་ཤོས་རེད།།
ད་ལོའི་མཛེས་མ་ཨང་དང་པོ་དེ་ང་ལ་མནའ་མ་དགོས། ཚང་མ་ལོ་འཚང་ཀ་མ་རྒྱག་ལོ།། །།
མཛེས་མ་འགྲན་བསྡུར་ལ་ཞུགས་མཁན་ཚང་མས་ང་མ་སླེབས་པར་དུ་གཞན་ལ་སྙིང་གཏམ་མ་ཤོད་ཨང་།།
གང་ལྟར་བོད་ཀྱི་མཛངས་མ་ཡིན་ན། ངས་བསམ་ན་སྟུ་ཆུང་ཆུང་དགོས་ནི་རེད། སྟི་ཆེན་པོ་ཡིན་ན་ངས་བོད་ཀྱི་མཛངས་མར་བརྩི་རྒྱུ་མིན། བློ་བཟང་དབང་རྒྱལ་ལགས་ཡག་པོ་ལྟོས་འ། ཡིན་ན་ཡང་ཁྱོད་རང་གི་ཅ་ལག་བེད་སྤྱོད་བཏང་མི་ཆོག ཨིན་ཅི་ག་ཚོད་ཡོད་མེད་ཚད་བརྒྱབ་ན་འགྲིག
༡༽ གཟུགས་པོའི་ཚད
༢༽ རྒྱགས་ལོ
༣༽ ནུ་མ་ཆེ་ཆུང
༤༽ རྐུབ་ཆེ་ཆུང
༥༽ སྟི་ཆེ་ཆུང
སོགས་ཆ་རྐྱེན་ངེས་པར་ཚང་དགོས
མཛངས་མའི་མོ་སྒོ་ཡག་བཙོག་ངས་རྩ་བ་ནས་ཤེས་ཀྱི་མེད།
ཡིན་ནའང་། མ་འོངས་པར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་བོད་སྐད་གཙང་མ་བརྒྱབ་ཐུབ་མིན་ཐོག་ལའང་ཡིག་ཚད་གཏང་རྒྱུར་ཤིན་ཏུ་གལ་ཆེན་པོ་མཐོང་། ར་སྐད་ལུག་སྐད་རྒྱབ་བསྡད་ན་བོད་པ་གཙང་མ་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་ཡང་ཟ་ཡོང་གི་འདུག ཨོ་དགོངས་དག ངས་མོ་སྒོ་ཡག་བཙོག་མི་ཤེས་པ་ནི་ང་མིག་ལོང་བ་ཞིག་ཡིན་པས་རེད། ཡིན་ནའང་ཨ་མཆོག་ཐང་པོ་ཡོད།