༄༅།། ལྷར་བཅས་འགྲོ་བའི་འདྲེན་མཆོག་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་སྐུ་འཕྲེང་རིམ་བྱོན་གྱི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་རླབས་འཕྲེང་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།
གཤམ་གྱི་འབྲེལ་ཐག་ལ་བསྣུན་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དྲ་རྒྱ་ལ་གཟིགས་ནས་ལེའུ་རེ་རེ་བཞིན་ཀློག་བཏུབ་པ་འདུག
bonbo ང་ལ་ཡོད། རིན་མེད་དུ་མི་རེག གོང་ས་ལྔ་བའི་ཆེན་པོའི་རང་རྣམ་ཞིག་དང་། བཅུ་བཞི་བ་ཆེན་པོའི་རང་རྣམ་ངས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཟེར་བ་དེ་གཉིས་ཡིན་རྒྱུ་རེད།
གོང་ས་མཆོག་དགུང་ལོ་ཆུང་ཆུང་ཡིན་དུས་ཀྱི་རྣམ་ཐར་ཞལ་གསུང་མ་དེ་ཚོ་སྙན་པོ་ཞེ་དྲགས་འདུག དེ་མིན་ཆབ་སྲིད་ཀྱི་རིགས་དེ་མཐོང་ན་མགོ་ན་གི་འདུག
མ་རེད། གོང་གི་རོལ་མཚོའི་ནང་གི་ལུང་འདྲེན་ཞུ་ས་དེ་ཚོ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་མེད་པ་ཤ་སྟག་རེད། ཕལ་ཆེར་ཞལ་གསུང་སྒྲ་ཐག་ནང་ཡོད་པ་དེ་འདྲ་ལས་བཤུས་པ་འདྲ། ཡང་མིན་ན་བཙན་བྱོལ་ནང་གི་རང་དབང་ཞེས་པ་དེ་མིན་འགྲོ ངས་དེ་ཀློག་མ་མྱོང་།
གུ་རུའི་སྲས་ཀྱི་མིང་ཅན་འདི་དཀྲུགས་ཤིང་གི་གོང་བུ་ཞིག་འདུག ཁོ་པས་གུ་རའི་སྲས་ཀྱི་མིང་ཐོག་ནས་དགེ་ལྡན་པའི་བླ་མའི་ཆབ་སྲིད་དེ་ཚོ་ཅུང་མི་བདེ་བ་འདུག་ཞེས་པ་ནི། ༧གོང་ས་མཆོག་གི་རྣམ་ཐར་ཀློག་རྐྱེན་དངོས་སུ་༧གོང་ས་མཆོག་གི་མཚན་མ་སྨྲས་ཀྱང་ཟུར་ཟ་ཚད་ལས་རྒལ་བ་བྱས་པ་གསལ་པོ་འདུག ཁྱེད་རང་མི་བདེ་བ་ཡོང་གཞི་འདི་དང་འདི་ལྟ་བུ་རེད་ཅེས་སྨྲ་དགོས་རྒྱུ་ལ་སྨྲ་རྒྱུ་མེད་ན་སྨྱོན་པའི་ཚིག་དང་སྒོ་ཀུན་ནས་མཚུངས་སོ།།
༸སྐུ་སྒེར་ཡིག་ཚང་དང་། ནོར་གླིང་མཐུ་མོང་གིས་འགན་བླངས་འོག་རྩོམ་སྒྲིག་འགས་མཉམ་ལས། ལས་བསྒྲུབ་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་གསར་སྒྲིག་ཅིག་རེེད།
ཕ་རོལ་གནད་དུ་འབིབ་པའི་ཚིག །
དགྲ་བོ་ལ་ཡང་སྨྲ་མི་བྱ། །
བྲག་ཆ་བཞིན་དུ་དེ་མ་ཐག །
་་་་་་
གོང་ས་སྐྱབས་མགོན་ཆེནཔོའི་མཛད་རྣམ་ཞལ་མཇལ་བྱུང་། ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་དབུ་ལས་ཚོས་སྐུ་ལས་སྐྱོན་པར་ཐུགས་རྗེ་ཆེ་ཞུ།