འདི་ག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས། བོད་ཀྱི་རིག་གཞུང་སྤྱི་བྱེ་མི་ཉམས་རྒྱུན་འཛིན་དང་ཡུན་གནས་སླད། རིག་གཞུང་སློབ་གཉེར་དང༌། ཉམས་ཞིབ། རྩོམ་སྒྲིག་བཅས་སྣ་མང་ཞུ་སྒོ་ལས་གཉེར་ཁོངས། ༢༠༠༩ ཟླ་ ༡༠ ཚེས་ ༢༦ ཉིན་ྋགོང་ས་ྋསྐྱབས་མགོན་བཅུ་བཞི་པ་ཆེན་པོའི་《མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། 》གླེགས་བམ་དྲུག་བརྩམས་གྲུབ་ཀྱིས་ཞལ་དབྱེ་མཛད་སྒོ་བསྐྱངས་པ་མཁྱེན་ཆུབ་ལྟར་དང༌།
ད་ལམ་ ༡༩༦༠ ཟླ་ ༨ ཚེས་ ༡༧ ནས་ ༡༩༦༥ ཟླ་ ༡༢ ཚེས་ ༢༣ བར་གླེགས་བམ་གཉིས་དང༌། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་སྐུལ་སྙན་ཞུ་ཕུལ་ཚུལ་དང་གྲོས་ཆོད་སྔ་རྗེས་ཇི་ལྟར་འཇོག་གནང་མཛད་པའི་སྐོར་གླེགས་བམ་གཅིག་བཅས་ཁྱོན་གླེགས་བམ་གསུམ་དཔར་སྐྲུན་ཟིན་ཡོད།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གཙོ་གཉེར་ཞུས་པའི་མཛད་རྣམ་འདི་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུན་མོང་སྐུའི་མཛད་འཕྲིན་མཐའ་དག་རྒྱུ་མཚན་གྱི་ལམ་ནས་ཤེས་རྟོགས་ཡོང་རྒྱུ་གཙོ་གནད་དུ་བཟུང་སྟེ་འབྲི་རྩོམ་ཞུས་ཤིང༌། སྐབས་དོན་མཛད་རྣམ་ཀོ་བའི་རྒྱབ་ཤ་ཅན་དང༌། ཤོག་འཐུག་གི་རྒྱབ་ཤ་ཅན་བཅས་དེབ་ཕྲེང་མི་འདྲ་བ་གཉིས་ཡོད་ན། རྒྱ་ཆེ་ཀློག་པ་པོ་ཡོངས་དང་ཁྱད་པར་རྒྱ་བལ་འབྲུག་གསུམ་ནང་བོད་ཀྱི་རིག་གཞུང་ཉན་བསམ་གྱི་ལྟེ་གནས་ཁག་གི་དཔེ་མཛོད་ཁང་སོགས་སྤྱི་སྒེར་ཚང་མར་མ་གནས་ཐོག་འགྲེམས་སྤེལ་བྱ་རྩིས་ཡིན་ན། འབྲེལ་ཡོད་ཐུགས་མཁོ་མཆིས་རིགས་ནས་གཤམ་གསལ་ཁ་བྱང་དང་དྲ་གནས་ཐོག་འབྲེལ་ལམ་གནང་སྐྱོང་ཡོང་བ་ཞུ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ ༢༠༡༣ ཟླ་ ༣ ཚེས་ ༡༦ ལ།
________________________________________
Norbulingka Institute
PO Sidhpur 176057
Dharamsala, HP
INDIA
Tel: 91-1892-246402/246405
Fax:91-1892 246404
E-mail: info@norbulingka.org
ཀོ་བའི་རྒྱབ་ཤ་བྱས་པ་ཅུང་མི་ལེགས་སྙམ།
གུས་པ་ཡང་གཉེར་ཕྱག་པས་གསུང་པ་དེ་བདེན་ཁ་སྦྱིན་ནོ།
༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་རྣམ་ཡོངས་རྫོགས་ལ་བླུ་ཡོན་ཧིན་སྒོར་ག་ཚོད་ཡིན་ནམ། མཁྱེན་མཁན་ཡོད་ན་ལན་གསལ་ཞིག་གསུངས་རོགས།
གུས་པའི རེ་བ་ལ་ཀོ་བའི་རྒྱབ་ཤ་མ་རྒྱབ་རོག། ༧གོང་ས མཆོག་གིས་བཀའ་སློབ་དང་མཐུན་པ་ཞིག་དང་ཀོ་བ་མ་ཡིན་པའི་རྒྱུ་བཟང་དེ་འདྲ་ཡོད་བཞིན་དུ་ཀོ་བ་མ་བཟོ་རོག་
ཀོ་བ་རྒྱབ་ཤ་མ་བཟོས་ན་གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཡག་པོ་འདུག། གལ་སྲིད་ངེས་པར་དུ་ཀོ་བ་རྒྱབ་ཤ་དགོས་ན་སྟག་ལྤག་ གཟིག་ལྤག་་གཡི་ལྤག་་་་དུམ་ལྤག་སོགས་བཟོས་ན་ཡག་ཤོས་རེད། རྒྱལ་བའི་ཐོས་པ་འཛིན་པ་ཀུན་དགའ་བོ་གཉིས་པ་སྐུ་ངོ་ཏ་ར་བ་ནི་དགོངས་པ་རྫོགས། ད་འདི་ཚོས་རྒྱབ་བ་ཡིད་བཞིན་ནོར་བུའི་མཛད་རྣམ་རིན་པོ་ཆེ་ཀོ་བའི་རྒྱབ་ཤ་བརྒྱབ། སྐུ་ངོ་བཀའ་དྲིན་ཅན་དེ་ཡིད་ལ་དྲན་བཞིན་འདུག་ལགས།།
ནོར་གླིང་ནི་བོད་ཀྱི་རིག་གཞུང་ཚོང་ཁང་རེད་དེ་ནས་བཟོས་པ་ཐམས་ཅད་རིན་བབ་ལྡབ་འགྱུར་གྱིས་གཞན་དངོས་ལས་རིན་གོང་ཆེ་བ་རེད། བྱས་ཙང་ལྷག་པར་དུ་ཀོ་བའི་རྒྱབ་ཤ་ཡོད་དེ་བས་མྱང་རིན་པ་ཆེན་པོ་ཡིན་ཁོ་ཐག་རེད།
ཀོ་བའི་རྒྱབ་ཤ་མེད་ན་ལེགས་ཤོས་རེད། དེ་འཚམས་པོ་ཞིག་ཏུ་མ་མཐོང་ངོ།
དངོས་གནས་གྲ་གྲོགས་བན་དེས་གསུངས་པ་བདེན་པ་རེད་
ད་འདི་ཚོས་དངུལ་མ་ཏོག་གཞན་བསམ་ཡག་མེད་པ་རེད
དམན་ལ་ཅིག་ཏུ་རྩེ་བའི་སྐྱབས་མགོན་ཡིད་བཞིན་ནོར་བུའི་
མཛད་རྣམ་རེན་པོ་ཆེ་ལ་ཀོ་བའི་རྒྱབ་ཤ་མ་ཏོག་མ་རག་པ་འདྲ་པོ་
དེང་དུས་སུ་ཀོ་བ་ལས་ལྷག་པའི་རྒྱབ་ཤ་ཡག་པོ་དེ་འདྲ་ཡོད་རེད་
ད་ཡིན་ན་གོང་ཆེན་པོ་ཡིན་ཐག་ཆོད་རེད་ དངུལ་མེད་ན་ཉོ་ཐུབ་ཡག་ཡོད་མ་རེད་
ང་སྔོན་མ་ནོར་གླིང་ལ་ཕྱིན་སྐབས་ལུག་གི་ཨ་ལི་པེ་གོག་ལུག་གི་འདྲ་རྙེན་ཞིག་ཉོས་བསམ་ནས་ག་ཚོད་་རེད་ལབ་པ་ཡིན། སྒོར་༡༥༠༠རེད་ལབ་སོང་ ང་ནི་ཧང་བསམ་ནས་ཨོ་སེར་འབྲས་དགེ་གསུམ་ཟེར་ནས་་མནའ་ཞིག་སྐྱལ་ཐལ། དངོས་གནས་གི་ལུག་ལས་གོང་ཆེ་འདུག་ལབ་པ་ཡིན་བུ་མོ་ཚོང་མོ་དེ་བགེད་མོ་ཞེ་བུ་ཞིག་ཤོར་སོང་
ཀོ་རྒྱབ་ཅན།
མཛད་དེབ་ཁྲག་མདངས་དམར་པོ་དག །
ཀོ་བས་གཡོག་པ་ཡིན་ཚོད་འདུག །
དེ་ནི་ཕྱི་རྒྱལ་བརྩེ་མེད་ལུགས། །
རྗེས་དེད་བྱས་པ་རྗེས་ལུས་རེད། །
ཤོག་འཐུག་ཅན།
མཛད་དེབ་དཀར་གཙང་ཁྲ་ཟིང་དག །
ཤོག་འཐུག་འོས་ཤིང་འཚམས་པ་དང་། །
ཆོས་རིག་ནང་འཁོད་ཕྱི་གསལ་འདི། །
གྲུབ་ནས་ཀུན་སྤེལ་བཀའ་དྲིན་ཆེ། །
དངོས་གནས་གཉེར་ཕྱག་ལགས་ ཚིག་དོན་བཟང་བ་དང་ཚིག་སྦྱོར་ཡག་བ་ལགས་བཀའ་དྲིན་ཆེ་གྲོག་པོ་ལགས
ད་ཁྱོད་ཚོས་གང་ཡང་མི་ཤེས་མཁན་པ་ཞིག་གིས་ཅིག་ཤེས་མདོག་བྱས་ནས་ཅིག་བཤད་མ་འདུག ཀོ་བས་རྒྱབ་ཤ་བྱས་པ་བཟང་། ང་ཤི་བའི་དུས་སུ་ངའི་པགས་པས་རྒྱལ་བ་རིན་པོ་ཆེའི་རྣམ་ཐར་གཡོགས་ཐུབ་ན་ང་ནི་དགའ་ས་རེད། ལས་ངན་སེམས་ཅན་འདི་ཚོ་ཤི་ཟིན་པའི་པགས་པ་གྱོང་པོ་འདི་མི་ཁྲེལ་མེད་སྡིག་ཅན་རྒྱས་སྤྲོས་ཅན་ཚོའི་རྐང་མགོའི་ལྷམ་ཀོག་སོགས་སུ་མ་གྱུར་པར་རྒྱལ་བ་རིན་པོ་ཆེའི་རྣམ་པར་ཐར་པའི་རྒྱབ་ཤར་གྱུར་པ་དེ་ཡང་སེམས་ཅན་ལས་ངན་ནང་གི་ལས་ཅན་རེད། གསུང་རབ་ཀོ་བས་གཡོགས་པ་འདི་སངས་རྒྱས་སྟོང་གི་རིང་ལ་དར་ཡོད་པ་ཞིག་ལས་བན་ཆུང་གཅིག་གི་རིང་ལ་བཟོས་གཞག་པ་ཞིག་ཅང་མ་རེད། བོད་ཀྱི་སྲོལ་རྒྱན་ལ་གཟུངས་སྔགས་ཀྱི་འཁོར་ལོ་སོགས་ཀྱང་ཀོ་བས་གཡོགས་སྲོལ་ཡོད། ངས་ནི་ད་ནས་བཟུང་རྒྱལ་བའི་མཛད་རྣམ་འདིའི་མིང་ལ་མཛད་རྣམ་ཀོ་ཐུམ་མ་ཞེས་འདོགས་འདོད་ཡོད། ང་རང་གིས་ཀྱང་རིན་གོང་ཆེ་ཆུང་ལ་མ་ལྟོས་པར་མཛད་རྣམ་ཀོ་ཐུམ་མ་འདི་གཅིག་བླུས་ནས་དད་རྟེན་དུ་ཉར་རྒྱུ་ཡིན།
ལྟོས་དང་། བཙོག་ངོ་མ་ཤོག་བུའི་རྒྱབ་ཤ་ཅན་འདི་བཙོག་གི། ཁྲ་ཁྲ་ཟིང་ཟིང་གྲོང་གསེབ་པ་རྩ་མི་ཚང་མཁན་ཞིག་གིས་གཟབ་འཕྱོར་སྤྲས་པ་ལྟ་བུ་ཞིག་རེད། དེབ་རྒྱབ་ཤ་འདི་འདྲ་ཅན་ཞིག་དཔེ་སྒྲོམ་ནང་ལ་འཇོག་དགོས་ན་ཡང་དོག་མི་བདེ་བ་ཞིག་ཡིན་ས་རེད།
མདང་ངས་ངོ་དེབ་ནང་ལ་ཨིན་སྐད་དུ། དུད་འགྲོ་སྤུ་མདོག་མཛེས་པོའི་པགས་པ་དེ་ཚོ། མི་མདོག་ངན་པ་དེ་ཚོས་བེད་སྤྱོད་བྱེད་བགྱིད་རེད། ཅེས་པ་ཅིག་མཐོང་བྱུང་། ཨིན་སྐདུ་ཚིག་རྩལ་མཛེས་ལ་འདོད་དོན་པགས་རིགས་བེད་སྤྱོད་ངོ་རྒོལ་ཆེད་དུ་བྲིས་པ་འདྲ།