གཙང་མེ་ལྕེ།
བདག་ལ་སྙིང་ཆུང་ཉེ་བའི་ཁྲེལ་གཞུང་གི་བྱམས་པ།།
བརྩེ་བའི་སྒྲོན་མེ་ལྟ་བུའི་གཏན་གྲོགས་ཁྱེད་མིན་ན།།
འཇིག་རྟེན་བྱ་ར་ཐམས་ཅད་སྨག་རུམ་དུ་སྣང་བས།།
འཁོར་བའི་སྙིང་པོ་འདི་ལ་ཞེན་ཆགས་ཀྱང་བརླག་འགྲོ།
དམ་ཆོས་གཞུང་ལུགས་ནང་ན་འཁོར་བ་ཡི་སྙིང་པོ།།
མེད་ཅེས་ཡང་སེ་མཇལ་ཡང་ཡོད་སྣང་རང་ཤར་བ།།
མཛའ་བཅུགས་གསེར་ཐག་རིང་མོའི་སྣེ་ཁ་ལ་འཇུས་ཏེ།།
སྔར་བས་ཞེན་ཆགས་ཆེ་བའི་འཁོར་བ་ལ་འཕྱན་འགྲོ།
མིག་གིས་བལྟས་བལྟས་ཉིད་ལ་འཁོར་བ་ལས་སྐྱིད་ཅིག།
ཡོད་ཅེས་སུ་ཡིས་སྨྲས་ཀྱང་བདེན་ཤས་ཀྱིས་སྟོང་པས།།
མ་མཇལ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཤིག་ཡོད་ཀྱང་།།
བདག་རང་སྐུ་ཉིད་སྤངས་ནས་གང་ལ་ཡང་མི་འགྲོ།
མཐོ་ལ་མགོ་བོ་བཏུད་པའི་གོམས་སྲོལ་གྱིས་དབེན་ཡང་།།
དམན་ལ་རྡོག་བརྫིས་ཤོར་བའི་སྣང་དོགས་རང་མེད་པ།།
དྲང་ཚུགས་གཤིས་ལ་མངའ་བའི་རིན་ཆེན་གྱི་བང་མཛོད།།
བདག་རང་སེམས་པ་མགུ་བའི་ཕྱུག་བདག་ཀྱང་ཁྱེད་ཡིན།།
མཆན་ཡོད་མེད་གཉིཨ་ནང་མེད་པ་མང་། གཞོན་པ་རྣམས་ཀྱིས་རང་བློ་སྤེལ་རྒྱས་པའི་དོན་དུ། འབྲི་ན་གང་འདྲ་འདུག་གམ། བལྟ་དགོས་སོ།