ཟླ་ཀླུང་།
དུས་ཡུན་རིང་འགྲོགས་པའི་མཛའ་མོ་དྲན། །
སེམས་བརྩེ་བ་ཟབ་པའི་མཛའ་མོ་དྲན། །
སེམས་བསམ་པའི་གཏིང་ནས་མཛའ་མོ་དྲན། །
ངའི་ཡིད་ལ་འཁོར་བ་མཛའ་མོ་ཡིན། །
ངའི་མཛའ་མོར་མཛེས་པའི་གཟུགས་བྱད་ཡོད། །
ངའི་མཛའ་མོར་བཟང་པོའི་སྤྱོད་པ་ཡོད། །
ངའི་མཛའ་མོར་ཤེས་ཡོན་རྣམ་དཔྱོད་ཡོད། །
ངའི་ཡིད་ལ་འཁོར་བ་མཛའ་མོ་ཡིན། །
ཡུལ་འགྲིམ་བཞིན་མཛའ་མོ་ཇེ་དྲན་རེད། །
སྐྱིད་རིག་བཞིན་མཛའ་མོ་ཇེ་དྲན་རེད། །
ལོ་སོང་བཞིན་མཛའ་མོ་ཇེ་དྲན་རེད། །
ངའི་ཡིད་ལ་འཁོར་བ་མཛའ་མོ་ཡིན། །
རྒྱུ་དཔལ་འབྱོར་མེད་ཀྱང་མཛའ་མོས་ཆོག །
འཐོབ་གོ་ས་མེད་ཀྱང་མཛའ་མོས་ཆོག །
མཚན་སྙན་གྲགས་མེད་ཀྱང་མཛའ་མོས་ཆོག །
ངའི་ཡིད་ལ་འཁོར་བ་མཛའ་མོ་ཡིན། །