སློབ་དཔོན་རྟ་དབྱངས་ཀྱིས་བརྩམས།
ལ་དྭགས་བློ་བཟང་འཇམ་དཔལ་གྱིས་ལེགས་སྦྱར་སྐད་ལས་བསྒྱུར།
—————-
དེ་ནས་དགའ་ཚལ་དུ་རྒྱུ་བའི།
ལྷ་མོ་དེ་རྣམས་མཐོང་གྱུར་ནས།
དགའ་བོས་གཡེང་ཞིང་འདུལ་དཀའ་བའི།།
ཡིད་ནི་ངེས་པའི་ཀ་བར་བཅིངས།། ༡།།
གཤམ་གསལ་འབྲེལ་ཐག་བསྣུན་ནས་གཟིགས་རོགས།
saundara 11 khabrda
ཐོག་མར་བཅུ་པའི་ཚེས་གཉིས་ཉིན་གྱི་གན་དྷིའི་འཁྲུངས་སྐར་ལ་དྲྭ་གྲོགས་ཚང་མར་ལ་བཀྲ་ཤིས་བདེ་ལེགས་ཞུ། །
རྒྱ་གར་རང་གི་མཚན་ལ། །
མ་ཧྰ་མཏྨ་གན་དྷྰི། །
བོད་རྣམས་སེམས་དཔའ་ཆེན་པོ། །
གན་དྷིར་ཆེ་བསྟོད་བྱེད་ཅིང་། །
ཉིས་སྟོང་བདུན་གྱི་ལོ་ལ། །
རྒྱལ་སྤྱིས་འཚེ་མེད་ཞི་བདེ། །
ཉིན་མོ་བསྒྲགས་ནས་འཁྲུངས་ལོ། །
འདི་ལོར་བརྒྱ་དང་སོ་གསུམ། །
སོང་བར་རྟེན་འབྲེལ་མཛད་སྒོས། །
དེ་རིང་དགའ་བསུ་ཞུ་བགྱིད། །
ཛམ་གླིང་ཞི་བདེའི་ཉིན་མོར། །
ཀུན་ཡིད་ཞི་བདེར་འགྱུར་ཅིག །
དེ་ནས་དགའ་ཚལ་དུ་རྒྱུ་བའི།
ལྷ་མོ་དེ་རྣམས་མཐོང་གྱུར་ནས།
དགའ་བོས་གཡེང་ཞིང་འདུལ་དཀའ་བའི།།
ཡིད་ནི་ངེས་པའི་ཀ་བར་བཅིངས།། ༡།།
ཧིན་སྐད་དུ།
ཨིས ཀེ བྰད བཀིཅེ མེ ཅལ་ཏེ ཧུཡེ།
དེབིཨོང ཀོ ནཛར ཊིཀ ནེ ཀེ བྰད།
ཨྰནནྡ ནེ དྷཡྰན ཀོ བཊཀ ཀར ཨཤྰནཏྰི།
མན་ ཀོ ཨཀ སཐིཏི ཁམབེ ཀོ བནྡ དིཡ།། ༡།།
འགྱུར་རྩོམ་མཐོང་རྒྱུ་ཅང་མེད་ཅིང་། ཁ་ཐུག་མ་རྙེད་ཙང་རླུང་ལངས་ནས་ཧིན་སྐད་དུ་ཕར་བསྒྱུར་བཞག་པ་ཡིན།
འབྲེལ་ཐག་ལ་བསྣུན་ན་ PDF ཐོག་གཟིགས་ཐུབ་པ་མི་འདུག་གམ།
རྒན་ལ་དྭགས་པ་ལགས་ཤིན་ཏུ་ནས་ཀྱང་ལེགས་སོ་ཞུ་རྒྱུ་ལས་ཅི་ཡང་མེད།
ང་སློབ་རྟགས་དབྱངས་ཀྱི་སྙན་ངག་གི་གདུལ་བྱ་མིན་པ་འདྲ། སྤྱི་བཏང་ཚིག་བཅད་གྲང་མོ་ཚོར་མེད་ཞིག་ལས་མཐོང་མ་སོང་།། །།
བསྒྱུར་ཏག་ཏག་ཞིག་ཨེ་ཡོད། ལ་དྭགས་པས་བསྒྱུར་དུས་དོགས་པ་ཅུང་ཡོད་དོ།
སྙན་ངག་པ་གྲགས་ཅན་ཉི་དབང་མགོན་པོས་མཛད་པའི་ནོར་འཛིན་མ་ཁོལ་ཕྱུངས་བྱས།
བོད་ཡུལ་ན་ཡང་བྲག་རོང་ལ། །
རྡོ་ཡིས་བརྩིགས་པའི་གྲོང་ཁྱེར་དང་། །
ནང་པའི་ལྷ་ཁང་རྙིང་པ་སོགས། །
ལྗོངས་རྒྱུ་བ་ཡི་རྨི་ལམ་ཡོད། །
རྒུན་ཆང་ཟིལ་མངར་ལ་རོལ་བའི། །
ཏ་ཟིག་ཡུལ་གྱི་སྐྱེ་བོ་དང་། །
རྟ་ལ་དགའ་ཞིང་དཔའ་རྩལ་ཆེ། །
སྟོབས་ཀྱིས་བསྒྱུར་བར་བྱེད་པོ་སྟེ། །
ཆེན་པོ་ཧོར་གྱི་མི་རྣམས་དང་། །
དེ་བཞིན་ཉི་ཧོང་མི་དམངས་ནི། །
ལས་ལ་བརྩོན་པས་ཉིན་མཚན་སྦྲེལ། །
སྔོན་ཐོན་ཡོན་ཏན་འབུར་དུ་དོད། །
གཞན་རྒྱ་ནག་མི་རིགས་སོགས། །
ཡང་ནས་ཡང་དུ་མཇལ་བར་འདོད།
ཁ་ཤས་མི་གོ་གི ཁ་ཤས་ངོ་མ་སྙན་པོ་འདུག
མཛེས་དགའ་བའི་སྙན་དངགས་འདི་ཐེངས་གཅིག་ག་ལེར་བཀླགས་པ་ཡིན། སྙན་དངགས་ཆེན་པོ་འདི་བརྗོད་བྱ་མཛེས་དགའ་བས་བུད་མེད་ལ་སེམས་པ་ཤོར་བའི་གཏམ་རྒྱུད་ལ་སྦྱར་བ་འདི་འདུལ་བ་ལུང་སྡེ་གླེང་གཞིའི་སྐབས་ན་མང་དུ་འདུག་པ་དང་འདོད་པའི་ཉེས་དམིགས་བསྟན་ཅིང་སེམས་འདུལ་བའི་ཐབས་ལ་ཁྲིད་སྟངས་ངག་གི་སྦྱོར་བ་ཁྱད་དུ་འཕགས་པ་དང་བོད་སྐད་ཐོག་ནས་བཀླགས་པ་ད་རེས་ཐེངས་དང་པོ་ཡིན་པས་ལོ་ཙཱ་བ་ཆེན་པོ་རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་།
ཇི་ལྟར་ཐག་པས་བསྡམས་པའི་བྱ།།རིང་དུ་སོང་ཡང་སླར་ལོག་འགྱུར།།ཇི་ལྟར་རྨོངས་པའི་ཐག་པས་བཀྱིགས།།འཇིག་རྟེན་རིང་དུ་སོང་ཡང་འཁོར།།ཞེས་པ་འདི་གོ་ཁག་པོ་འདུག །
ཇི་ལྟར་ཐག་པས་བསྡམས་པའི་བྱ།།
རིང་དུ་སོང་ཡང་སླར་ལོག་འགྱུར།།
ཇི་ལྟར་རྨོངས་པའི་ཐག་པས་བཀྱིགས།།
འཇིག་རྟེན་རིང་དུ་སོང་ཡང་འཁོར།།
དཔེ་བཞག་ན་རྐང་པར་ཐག་པའམ་ཐ་གུས་བསྡམས་པའི་བྱ་ཞིག་ནམ་མཁར་འཕུར་དུ་བཅུག་ཀྱང་ཐག་རིང་པོར་འཕུར་མི་ཐུབ་པར་སླར་ས་ལ་མི་འབབ་ཀ་མེད་ཡིན་པ་དེ་བཞིན། ཆོས་ཀུན་གྱི་གནས་ལུགས་དེ་ཁོ་ན་ཉིད་ལ་རྨོངས་པ་ཐག་པ་ལྟ་བུས་སྒོ་གསུམ་བསྡམས་པ་འམ་བཀྱིགས་པའི་སོ་སོ་སྐྱེ་བོ་དག་གིས་ཚངས་པའི་གནས་པ་བཞི་ལྟ་བུ་བསྒོམས་ཏེ་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་ལྟ་བུ་ཐོབ་ནས་བསྐལ་པའི་བར་དུ་མི་འཆི་བའི་ཚེ་རིང་པོའི་དངོས་གྲུབ་ཐོབ་ན་ཡང་། ནམ་ཞིག་བསམ་གཏན་གྱི་འབྲས་བུར་གྱུར་པའི་དགེ་འབྲས་ཟད་པའི་དུས་དེར་སླར་ཡང་སྔོན་གྱི་ལས་ཀྱི་དབང་གིས་ཚེ་ཐུང་བ་ཉིན་ཞག་རེ་ཟུང་ལས་མེད་པའི་འབུ་སྲིན་ལྟ་བུ་དང་ཡང་ན་དམྱལ་བ་ལྟ་བུར་སྐྱེ་བ་ལེན་པར་འགྱུར་ཞེས་པའོ། །
ཧེ་རུ་ཀས་རྡོ་རྗེའི་ཚིག་འགྲེལ་མེ་འདྲ་བ་ཞིག་རྒྱབ་འདུག་པས་དགའ་འོ།།
སློབ་དཔོན་ལེགས་བཤད་ཀྱིས་ཚིགས་བཅད་དག་ལ་བརྟག་དཔྱད་མཛད་པ་དང་། ཚིགས་བཅད་གོ་དཀའ་བ་དེ་ལ་བླ་མ་སྙན་དངགས་པ་ཀླུ་སྙོན་གྱིས་འགྲེལ་བཤད་མཛད་པ་ཤིན་ཏུ་འཐད། མཛེས་དགའ་བོའི་གཏམ་བརྒྱུད་ཅིག་འདུལ་བ་ན་ཡིན་ངེས་སྔོན་བོད་དུ་བཀླགས་ཀྱང་། དེ་འདུལ་བ་པོ་ཏི་གང་དུ་ཡོད་པ་དང་། ནོར་ཡོད་དག་ལ་ཞུས་དག་གསུངས་ན། ཁོ་བོ་ཙམ་མ་ཡིན་པར་བོད་རིག་གཞུང་གི་ཞབས་ཏོག་ཏུ་འགྱུར་རོ།།
རྒན་ལ་དྭགས་པ་ལ་འཚམས་འདྲ་ཞུ།
སྐུ་ཚེ་འཁྲི་ལོ་བརྟན་པའི་སྨོན་ལམ་ཞུ།
འཚམས་འདྲ་ལ་་་་་འཚམས་འདྲི་་་་་ཞེས་བཅོས་རོགས།
ཇི་ལྟར་ཐག་པས་བསྡམས་པའི་བྱ།།
རིང་དུ་སོང་ཡང་སླར་ལོག་འགྱུར།།
དེ་ལྟར་རྨོངས་པའི་ཐག་པས་བཀྱིགས།།
འཇིག་རྟེན་རིང་དུ་སོང་ཡང་འཁོར།།
ཇི་ལྟར་ ་་་ དེ་ལྟར་ དགོས་པ་ཐུགས་ལ་ཞོག
ཇི་ལྟར་ཐག་པས་བསྡམས་པའི་བྱ།།
རིང་དུ་སོང་ཡང་སླར་ལོག་འགྱུར།།
ཇི་ལྟར་རྨོངས་པའི་ཐག་པས་བཀྱིགས།།
འཇིག་རྟེན་རིང་དུ་སོང་ཡང་འཁོར།།
འགྲེལ་པ།
ཇི་ལྟར་ཐག་པར་བསྡམས་པའི་བྱ། །
རིང་དུ་སོང་ཡང་སླར་ལོག་དགོས། །
ཇི་ལྟར་རྨོངས་ཐག་བཅིང་པ་གང་། །
འཇིག་རྟེན་ཚངས་གནས་སོང་ཡང་འཁོར། །
དཔེ་གསར་འབྲུ་བརྒྱད་མ།
ཇི་ལྟར་ས་ཡིས་འཐེན་པའི་གནམ་གྲུ །
རིང་དུ་སོང་ཡང་སླར་ལོག་དགོས་པ། །
ཇི་ལྟར་རྨོངས་ཐག་མཉམ་སྦྲེལ་བ། །
གོ་ལ་བསྐོར་ཡང་རང་སར་འཁོར། །
ཡང་ན།
ཇི་ལྟར་སས་འཐེན་གནམ་གྲུ །
རིང་དུ་སོང་ཡང་སླར་ལོག །
ཇི་ལྟར་རྨོངས་ཐག་མཉམ་སྦྲེལ། །
གོ་ལ་བསྐོར་ཡང་རང་འཁོར། །
དགེ་རབ་ལགས་ཀྱི་ལམ་སྟོན་PDF ཐོག་ལ་ངས་ནི་ལྟ་ཤེས་མ་སོང་ཡང་། རྒན་འཇམ་དཔལ་ལགས་ཀྱི་འགྱུར་རྩོམ་ལ་རྗེས་སུ་ཡི་རང་དང་། ཁ་བརྡར་འདྲེན་མཁན་ལ་ཡང་བཀའ་དྲིན་ཆེ་ཞེས་ཞུའོ། །
འཇམ་དཔལ་ལགས་ཀྱིས།
ཇི་ལྟར་ཐག་པས་བསྡམས་པའི་བྱ།།
རིང་དུ་སོང་ཡང་སླར་ལོག་འགྱུར།།
དེ་ལྟར་རྨོངས་པའི་ཐག་པས་བཀྱིགས།།
འཇིག་རྟེན་རིང་དུ་སོང་ཡང་འཁོར།།
ཡང་ན།
ཇི་ལྟར་ཐག་པས་བསྡམས་པའི་བྱ།།
རིང་དུ་སོང་ཡང་སླར་ལོག་ལྟར། །
དེ་བཞིན་རྨོངས་པའི་ཐག་པས་བཀྱིགས། །
འཇིག་རྟེན་རིང་དུ་སོང་ཡང་འཁོར། །
རང་བཟོ།
ཇི་ལྟར་ཐག་པས་བསྡམས་པའི་བྱ།།
རིང་དུ་སོང་ཡང་སླར་ལོག་འགྱུར། །
དེ་བཞིན་རྨོངས་ཐག་བཀྱིགས་པ་གང་། །
རིང་དུ་སོང་ཡང་སླར་འཁོར་འགྱུར། །
སྙན་དངགས་ཀྱི་རྟོགས་པ་ཀློང་དུ་རྡོལ་བ་ཨ་ལགས་ཀླུ་སྨྱོན་གྱིས་ཚིགས་བཅད་དེའི་དོན་འགྲེལ་དཔེ་ཟླ་བྲལ་བ་ཞིག་མཛད་འདུག །ཐུགས་རྗེ་ཆེ། རྒན་ལ་དྭགས་པར་ཞུ་རྒྱུར། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་གླེང་འབུམ་ན་དྲུག་སྡེ་དང་བཅུ་གཉིས་སྡེ་དང་བཅུ་བདུན་སྡེ་དག་གི་གཏམ་རྒྱུད་རྒྱས་བར་བཞུགས་པའི་ཁྲོད་ན་མཛེས་དགའ་བོའི་གཏམ་རྒྱུད་ཡོད་ཀྱང་ལས་བྲེལ་གྱི་རྐྱེན་པས་ལྟ་ཀློག་བྱེད་ཁོམ་མ་བྱུང་། དགའ་བོ་དང་མཛེས་དགའ་བོ་ནི་འདོད་ཆགས་ཆེན་པོ་ཡོད་པས་བཅོམ་ལྡན་འདས་ཀྱིས་དགའ་བོ་མངལ་འཇུག་གི་མདོ་གསུངས་པ་དང་ཐབས་ཀྱི་སྒོ་ནས་ལྷ་ཡུལ་དང་མི་ཡུལ་གྱི་གནས་མང་པོར་ལྟ་སྐོར་ལ་ཁྲིད་ནས་ལྷ་མིའི་སྡུག་བསྔལ་དུ་མ་ངོ་སྤྲོད་གནང་། ཐ་མར་དམྱལ་བ་ལ་ཁྲིད་ནས་དམྱལ་བའི་སྡུག་བསྔལ་མྱོང་བ་རྣམས་མངོན་སུམ་དུ་བསྟན་པས་འཁོར་བ་ལས་ཞེན་ལོག་སྐྱེས་པའི་ལོ་རྒྱུས་འདུག །
ལེགས་བཤད་ལགས་ལ་ཞུ་རྒྱུ། དྲུག་སྡེའི་ནང་གི་དགའ་བོ་ཞེས་པ་དེ་དང་ཅུང་དགའ་བོ་གཉིས་གང་ཟག་གཅིག་རེད་དམ་ཐ་དད་རེད་གསལ་བཤད་ཞིག་གནང་རོག།
བོད་འཁྱར་ལགས་ང་ཡང་དེ་ལ་འཐོམས་ནས་ཡོད། འདུལ་བ་ལུང་སྡེ་བཞིའི་སྐབས་ན་གཅུང་དགའ་བོ་དང་མཛེས་དགའ་བོ། དགའ་བོ་དང་ཉེ་དགའ། སོགས་མཚན་མང་པོ་ཞིག་བྱུང་འདུག་པས་གང་ཟག་གཅིག་ཡིན་མིན་གསལ་བོར་ཤེས་མ་སོང་། འོན་ཀྱང་དེ་དག་ཚང་མ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་ཡིན་པ་བཤད་མ་དགོས།