འབྲོག་རུ་ཆོས་དར།
སྦོད་མི་སྒར་ཁྲན་གྱི་ལོ་རྒྱུས་རགས་བསྡུས།
དང་པོ། མི་སྣ་ངོ་སྤྲོད།
བོད་ཡིག་མིང། སྦོད་མི་སྒར་ཁྲན།
དབྱིན་ཡིག་མིང། Alexander Gottlieb Baumgarten (A·G·Baumgarten)
རྒྱ་ཡིག་མིང། 亚历山大•戈特利布•鲍姆嘉通
རྒྱལ་ཁབ། འཇར་མན་ནེ། 德国 Germany
སྐྱེས་ཡུལ། Frankfurt (Oder) 奥得河畔法兰克福
སྐྱེས་ལོ། 1714-07-17
འདས་ལོ། 1762-05-26
ལས་རིགས། འཇར་མན་ནེའི་བློ་འབྱེད་ལས་འགུལ་དུས་སྐབས་ཀྱི་མཚན་ཉིད་རིག་པ་བ། མཛེས་དཔྱོད་རིག་པ་བ།
མཛད་རྗེས་གཙོ་བོ། མཛེས་དཔྱོད་རིག་པའི་སྲོལ་འབྱེད་པ།
སྤྱི་ཚོགས་ཀྱི་གདེང་འཇོག མཛེས་དཔྱོད་རིག་པའི་ཡབ་ཆེན་དུ་བསྔགས་པ།
གཉིས་པ། མི་ཚེའི་བརྒྱུད་རིམ་དང་བརྩམས་ཆོས།
ཁོང་གི་བརྩམས་ཆོས་མང་ཤོས་ཤིག་ལ་ཁྲན་སྐད་དུ་བརྩམས་ཡོད་པ་རྣམས་ཁོང་གི་སློབ་མ་ (Georg• Friedrich •Meyer 格奥尔格•弗里德里希•迈尔) ཡིས་འཇར་མན་ནེའི་སྐད་དུ་ཐོག་མར་བསྒྱུར།
1) 1714 ལོར་འཇར་མན་ནེ་རུ་སྐྱེས། སྤུན་མཆེད་བདུན་ཡོད་པ་ལས་ལྔ་བ་དེ་ཡིན། 1717 ལོར་ཨ་མ་ཚེ་ལས་འདས་རྗེས། སྤུན་མཆེད་རྣམས་ Berlin柏林 ལ་གནས་སྤོ་བྱས་ཏེ་རྨོ་མོས་གཉོར་སྐྱོང་བྱས། 1722 ལོར་ཨ་ཕ་ཚེ་ལས་འདས། ཁོང་གིས་ཁར་རེ་སི་ཐི་སྒོ (Martin Georg Christgau马丁·乔治·克利斯特高)ཡི་མཛུབ་སྟོན་ལ་བརྟེན་ནས Hebrew སྐད་ཡིག་དང་ལ་ཁྲན་གྱི་ཡི་གེ་དང་སྙན་ངག་སོགས་ལ་སློབ་གཉེར་བྱས།
2) 1730 ལོར། ཧུལ་ལེ Halle哈雷 གཙུག་ལག་སློབ་གྲྭ་ཆེན་མོར་ཝད་ལི་ཧྥུ(C.Wolff 沃尔夫1679-1754)དགེ་རྒན་དུ་བསྟེན་ནས་མཚན་ཉིད་རིག་པ་དང་ལྷ་ཆོས་རིག་པ་སྦྱངས། དུས་སྐབས་དེར་ཧུལ་ལེ་སློབ་ཆེན་ནི་ལད་སྦི་ནེ་ཚི(Baron Gottfried Wilhelm Leibniz 莱布尼茨1646-1716)ཡི་རྗེས་དཔག་རིང་ལུགས་མཚན་ཉིད་རིག་པ་དར་ཁྱབ་ཆེ་ས་གཙོ་བོ་དེ་ཡིན་ལ། ཝད་ལི་ཧྥུ་ནི་གྲུབ་མཐའ་དེའི་རྐང་འཛིན་མི་སྣ་ཡིན། རྗེས་སུ་ལད་སྦི་ནེ་ཚི་དང་ཝད་ལི་ཧྥུ་གཉིས་ཀྱི་མཚན་ཉིད་རིག་པའི་རྨང་གཞིའི་ཤུགས་རྐྱེན་ལ་བརྟེན་ནས། སྦོད་མི་སྒར་ཁྲན་ལ་མཛེས་དཔྱོད་རིག་པའི་བསམ་གཞིགས་སྐྱེས་པར་མངོན།
3) 1735 ལོར། 《སྙན་ངག་གི་འཆར་སྣང། སྙན་ངག་གི་ཐད་ལ་བཀོད་པའི་མཚན་ཉིད་རིག་པའི་བསམ་གཞིགས》《 Mediationes Philosophicae de No nnullis ad Poema Pertinentibus》《诗的感想:关于诗的哲学默想录》 ཞེས་པ་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་དུ་ཕུལ་ནས་སློབ་མཐར་ཕྱིན། ཆེད་རྩོམ་དེར་མཛེས་དཔྱོད་རིག་པ་ Aesthetic ཞེས་པ་ཐོག་མར་བེད་སྤྱོད་བྱས།
4) 1735 ལོར། ཧུལ་ལེ Halle哈雷 གཙུག་ལག་སློབ་གྲྭ་ཆེན་མོར་དགེ་རྒན་གནང།
5) 1738 ལོར་སློབ་དཔོན་ཆེན་མོའི་ཐོབ་ཐང་བླངས།
6) 1739 ལོར། <<མྱོང་འདས་དཔྱོད་ཤེས་ཀྱི་རིག་པ>>(physica 形而上学)ཞེས་པ་དེ་རྩོམ་འགྲུབ་བྱུང།
7) 1740 ལོར། ཧྥ་རམ་ཁུ་ཧྥོར་ཁྲི་གཙུག་ལག་སློབ་ཆེན་ (Goethe University Frankfurt法兰克福大学) དུ་ལས་སྤོར་བྱས།
8) 1740 ལོར། <<མི་ཆོས་མཚན་ཉིད་རིག་པ>>(Ethica philosophica伦理学)ཞེས་པ་དེ་འདོན་སྤེལ་བྱས།
9) 1741 ལོར། <<ཨེ་ལི་ཐི་ཧྥི་ལོ་སི་ལ་སྤྲིངས་པའི་མཚན་ཉིད་རིག་པའི་འཕྲིན་ཡིག >>གམ་<<བདེན་དོན་གྱི་མཛའ་བཤེས–མཚན་ཉིད་རིག་པའི་སྤྲིངས་ཡིག>>(Philosophische Briefe von Aletheophilus ‘真理之友’的哲学书信)
10) 1742 ལོར། ཧྥ་རམ་ཁུ་ཧྥོར་ཁྲི་གཙུག་ལག་སློབ་ཆེན་དུ་ཤར་ནུབ་ཀྱི་རྒྱལ་ཁབ་གང་དུ་ཡང། སྔར་བྱུང་མ་མྱོང་བའི་ “མངོན་སུམ་གྱི་རིག་པ ” སྟེ་ཡོངས་གྲགས་ལ་ “མཛེས་དཔྱོད་རིག་པ ”ཞེས་པ་དེ་ཐོག་མར་འཆད་ཁྲིད་གནང།
11) 1750 ལོར། <<མཛེས་དཔྱོད་རིག་པ>> (Aesthetica 美学1)ཞེས་པའི་དེབ་ཕྲེང་དང་པོ་གསར་རྩོམ་བྱས།
12) 1758 ལོར། <<མཛེས་དཔྱོད་རིག་པ>> (Aesthetica 美学2)ཞེས་པའི་དེབ་ཕྲེང་གཉིས་པ་རྩོམ་འགོ་ཚུགས།
13) 1760 ལོར། <<ཉམས་ལེན་མཚན་ཉིད་རིག་པའ་འཇུག་སྒོ>>(Initia Philosophiae Practicae. Primae Acroamatice 实践哲学)
14) 1762 ལོར། <<མཛེས་དཔྱོད་རིག་པ>>འིི་དེབ་ཕྲེང་གཉིས་པ་མཇུག་མ་རྫོགས་གོང་དུ་སྐུ་གཤེགས། དགུང་ལོ་༤༨ལ་བཞུགས།
15) 1765 ལོར། <<རང་བྱུང་གི་རྩ་ཁྲིམས>>《Jus Naturae自然法(མ་ཟིན་སློབ་མས་དག་བསྒྲིགས་བྱས་པ།)
16) 1770 ལོར། <<མཚན་ཉིད་རིག་པའི་སྤྱི་བཤད>>《Philosophia generalis哲学概论》(མ་ཟིན་སློབ་མས་དག་བསྒྲིགས་བྱས་པ)
གསུམ་པ། སྤྱི་སྡོམ།
དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་ལད་སྦི་ནེ་ཚི་ (Leibniz ) ཡིས་མཚན་ཉིད་རིག་པའི་ཁྲོད་དུ་ཤེས་རྟོགས་ཀྱི་རྣམ་བཞག་ལ་རབ་རིབ་ཀྱི་རྣམ་པ་ཅན་དང་གསལ་སྣང་གི་རྣམ་པ་ཅན་གཉིས་སུ་དབྱེ་སྟེ། གསལ་སྣང་གི་རྣམ་པ་ཅན་ལའང་གཞལ་བྱ་གསལ་སྣང་རྙོག་ཟིང་གི་རྣམ་པ་ཅན་ལ་གཞལ་བྱེད་ཤེས་རྟོགས་འོག་མ་མངོན་སུམ་གྱི་ཤེས་པ་དང། གཞལ་བྱ་གསལ་སྣང་ངེས་གསལ་གྱི་རྣམ་པ་ཅན་ལ་གཞལ་བྱེད་ཤེས་རྟོགས་གོང་མ་རྗེས་དཔག་གི་ཤེས་པ་གཉིས་བཞག་ཡོད།
དེར་བརྟེན། སྦོད་མི་སྒར་ཁྲན་གྱིས་ཤེས་རྟོགས་འོག་མའི་མངོན་སུམ་ལས་ “ མཛེས་དཔྱོད་རིག་པ ” འི་གཞུང་ལུགས་ཀྱི་སྲོལ་ཕྱེས་པ་མ་ཟད། རབ་རིབ་ཀྱི་རྣམ་པ་ཅན་མ་གཏོགས་མངོན་སུམ་དང་རྗེས་དཔག་གཉིས་ཀས་མིའི་རིགས་ལ་ཤེས་ཡོན་སྐྲུན་པར་གསལ་བཤད་བྱས། གཞན་ཁོང་གིས་མཛེས་དཔྱོད་རིག་པ་ལ་རང་བྱུང་གི་མཛེས་དཔྱོད་རིག་པ་དང་སྒྱུ་རྩལ་གྱི་མཛེས་དཔྱོད་རིག་པ་གཉིས་སུ་དབྱེ་ཞིང་སྤྱིའི་མཚན་ཉིད་དང་འབྲེལ་བའི་སྒོ་ནས་རྩ་བའི་ཁྱད་ཆོས་བཞི་ལྡན་དུ་གཏན་ལ་ཕབ་པར་བརྟེན་ཀུན་གྱིས་ཁོང་ལ་མཛེས་དཔྱོད་རིག་པའི་ཡབ་ཆེན་ཞེས་བསྔགས་བརྗོད་བྱས་ཡོད།
རྩ་བའི་ཁྱད་ཆོས་བཞི་ལྡན་གྱི་མཛེས་དཔྱོད་རིག་པའི་མཚན་ཉིད་ནི་སྦོད་མི་སྒར་ཁྲན་གྱི་<<མཛེས་དཔྱོད་རིག་པ>>འི་དེབ་ཕྲེང་དང་པོ་ལས། “ རང་དབང་སྒྱུ་རྩལ་གྱི་གཞུང་ལུགས་དང་ཤེས་རྟོགས་འོག་མའི་རྣམ་བཞག མཛེས་རྟོག་བསམ་གཞིགས་ཀྱི་སྒྱུ་རྩལ། རྗེས་དཔག་ལྟར་སྣང་གི་སྒྱུ་རྩལ་གྱི་བསམ་གཞིགས་སུ་གྱུར་བའི་མཛེས་དཔྱོད་རིག་པ་ནི། མངོན་སུམ་ཤེས་རྟོགས་ཀྱི་ཚན་རིག་ཅིག་ཡིན་ ” ཞེས་སོ།། (རྒན་སྤྲེལ་ནག་པའི་འགྱུར) འོན་ཀྱང། འདི་ནི་ཁོང་གི་ཐོག་མའི་མཛེས་དཔྱོད་རིག་པའི་མཚན་ཉིད་ཡིན་པ་ལས་མཚན་ཉིད་མཐར་ཐུག་དེ་མྱོང་འདས་དཔྱོད་ཤེས་རིག་པའི་སྐབས་སུ་བཤད་ཡོད།
སྤྱི་ལོ་ ༢༠༡༤ ཟླ ༩ ཚེས ༢༩ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ།
དཔྱད་གཞི།
1. 鲍桑葵 《美学史》张今译 北京 商务印书馆 1985.
2. 鲍姆嘉通的《美学》李修建
3. 朱立元 曾仲权《鲍姆嘉通美学的二重性和美学批评》本刊网址窑在线杂志院憎憎憎援躁澡造贼援灶藻贼援糟灶
4. <<རྒན་སྤྲེལ་ནག་པའི་མཛེས་དཔྱོད་རིག་པའི་འཆད་ཁྲིད་ཟིན་བྲིས>> འབྲོག་རུ་ཆོས་དར།
ཁོ་བོས་ལོ་ཤས་རིང་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་དང་རིག་གཞུང་སློབ་གཉེར་བ་རྣམས་ལ་ཕན་པའི་ཡིག་ཚགས་དཔྱད་བསྡུར་བྱས་པ་ཁག་ཅིག་ཡོད་པ་ལས་རེ་ཟུང་འདི་གར་འགོད་རྩིས་ཡོད་མོད། འོན་ཀྱང་ཁ་བརྡ་དྲ་གྲོགས་རྣམས་ཀྱིས་དོ་སྣང་ཅི་ཙམ་བྱེད་མིན་ལ་བལྟས་ནས་སྤེལ་རྒྱུ་ཡིན།
ཧ་ཅང་ཡག་པོ་འདུག མུ་མཐུད་དུ་ཁ་དབུགས་གསར་པ་གནང་རོགས།