ཅོག་མྱི།
མཛེས་མ་དང་མཉམ་དུ་ཆང་འཐུང་ཞོར་ཆབ་སྲིད་གླེང་བ་ནི་རིན་ཆེན་གསེར་ལས་ཀྱང་དཀོན་པའི་གོ་སྐབས་ཞིག་ཡིན། ཆབ་སྲིད་གླེང་གླེང་བའི་བགྲེས་སོང་དག་ལ་འདོད་པ་འཕེལ་བའི་རྒྱུ་མཚན་མང་བོ་མེད་ལ་བརྩི་བཀུར་གུས་ཞུམ་བྱེད་པའི་དགོས་པ་རྒྱུ་མཚན་མང་བས་ཁོ་བོ་རིང་ནས་དེ་དག་ལ་ཡི་ག་གང་། བདག་པོ་ཡོད་པའི་མཛེས་མ་གཉིས་དང་ཆབ་སྲིད་གླེང་ཡོང་དུས་ཆབ་སྲིད་ནི་རྒྱང་རིང་གི་གཏམ་རྒྱུད་ཅིག་ཏུ་འཁུམ། མཛེས་མར་བཅིང་བའི་ལྐོག་གྱུར་གྱི་འདོད་ཆགས་ད་གཟོད་ཆོས་ཐམས་ཅད་ཀྱི་རྩ་བ་རུ་གྱུར། ཡིན་ནའང་བླ་མ་དང་དབང་ཐང་དང་བོད་མི་རིགས་ལ་དགའ་ཞེན་སླད་མེད་སྟོན་པའི་མཛེས་མ་གཉིས་ཀྱི་མྱོས་བུམ་གྱི་གཡོ་འགུལ་ལས། ངའི་ཆབ་སྲིད་ཀྱི་ལྟ་བ་རི་བོ་ཅོག་བཞག་དེ་ཅི་ཡང་རུང་བར་གྱུར་ལ་ཅི་ཡང་མ་རུང་ནའང་མ་རུང་བར་གྱུར། དབུ་མ་ནི་རེ་བ་མེད་པ་ཡིན། བླ་མ་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་མཛེས་མ་དཔལ་སྐྱིད་ཀྱིས་ན་རེ། བླ་མ་ནི་ནམ་ཡང་ནོར་འཁྲུལ་མེད་ལ་རྗེས་འཇུག་ལ་ནོར་འཁྲུལ་མང་བོ་འདུག་ཅེས་མཛེས་མ་ཚེ་སྐྱིད་ཀྱིས་ལན་བཏབ། ཆང་འཐུང་། བདག་གིས་སྡིག་སེམས་སམ་ལུང་མ་བསྟན་གྱི་དམིགས་ཡུལ་ཞིག་ལ་བསམས་ནས་ཆང་དྲངས། མིག་མདའ་ནི་འཛམ་གླིང་གི་མི་ཕོ་ཡོད་དོ་ཅོག་བཅོམ་པའི་རྡུལ་ཕྲན་མཚོན་ཆ་ཡིན་པས་གཟུར་སྟེ་ཆང་ཕོར་དུ་བདུད་རྩི་དྲངས། གློ་བུར་དུ་ཁམས་འདྲེས་བའི་ལྷ་ཡིད་ལ་ཤར། ཀ་པ་ལ་ཡིད་ལ་ཤར། ཀྱི་ཧུད་འདི་གཉིས་ལ་ཁྱོ་ག་མེད་ན་ཅི་མ་རུང་། བོད་མི་རིགས་ནི་ཁྱེད་གཉིས་ཀྱི་ཁྱོ་ག་མ་རེད། ཅིའི་ཕྱིར་དེ་འདྲ་དགའ་ཞེན་བྱེད་དགོས། ཨ་ཙི་ཙི་ང་རང་ཚིག་ནི་ནམ་ཡང་རྟ་ཕོ་ལས་མགྱོགས། བོད་མི་རིགས་ནི་ང་དགའ་བོ་ཡིན་ཞེས་མཛེས་མས་ལབ་པས། ང་ཡི་ལྟ་བ་ཡི་ཡོད་ཚད་ཀྱི་ཡོད་ཚད་དང་ཀུན་རྫོབ་ཀྱི་ཤེས་བྱའི་ཁང་བརྩེགས་མཐོན་པོ་དེ་ས་ཡོམ་ཀྱིས་སྤྲུགས་པ་ལྟར་རྡིབ་འགོ་བརྩམས། དངོས་གནས་ད་ལྟ་བར་དུ་རང་རིགས་ལ་དགའ་གྲོགས་ལྟ་བུའི་བརྩེ་སེམས་བཅིང་མ་མྱོང་བའི་ལེ་ལེན་གྱིས། ཐེ་ཚོམ་དང་ལེ་ལོ། གཡོ་སྒྱུ་དང་སྒྱིད་ལུག ཕྱི་བཤོལ་དང་རྗེས་ལུས་དང་རྨོངས་དད་ལ་རྫུན་གྱི་རྣམ་ཤེས་ཨུ་ཚུག་གིས་བཅུག་ནས་ལྟ་བ་ཞིག་གི་འོག་ནས་མི་ཚེ་ཟད་ཅིང་། བུད་མེད་ལོ་ན་སུམ་ཅུར་སོན་པ་གཉིས་ལའང་ལྷ་མོ་ནང་བཞིན་ལྟ་དགོས་བའི་ཚད་ལ་ལྷུང་། བདག་གི་འདོད་ཆགས་ནི་ཉི་འོག་གི་ཟིལ་བ་བཞིན་སྐམས། རང་ཉིད་ཀྱི་རང་བོ་ཟིན་པར་བྱས་བའི་མཛེས་མ་གཉིས་ཀྱང་ཁྱོ་ག་ཕྲ་མེན་མའི་ལག་རིང་གིས་དམ་པོར་བསྡམས་ནས་བཟི་འདུག བོད་མི་རིགས་ནི་ང་ཡི་ཅི་ཞིག་ཡིན་པ་ཤེས་བའི་གོང་རོལ་ནས་ངས་ང་ནི་ཅི་ཞིག་ཡིན་པ་ཤེས་དགོས།
བཀླགས་ཡིན་ཏེ་གོ་བ་མ་ལོན་ཐ། ཁྱེད་ལ་འབྲི་རྩལ་མེད་པའམ་ཡང་ན་ང་ལ་ཀློག་རྩལ་མེད་པ་གང་ལྟར་ཡང་དུས་ཚོད་བརླག་ཏུ་ཕྱིན་སོང་། དགོངས་པ་མ་འཚོམས།
སྙན་པོ་ཐམས་བཅས་སྙན་ངག་
མིན་།
གོ་རྒྱུ་ཡོད་ན་སྙན་ངག་རེད་།
གོ་རྟོགས་མེད་པའི་དཔྱད་རྩོམ་དེ་།
སྐད་ཡིག་སྲུང་བའི་མ་རྩ་རེད་།
ཁ་བརྡ་ལགས། ངའི་སྙན་ངག་འདི་ནི་དུམ་བུ་གཅིག་གི་རྩོམ་ལུས་ཡིན་པས་གཅོད་མཚམས་མེད་ན་བཟང་། ལྷག་ཏུ་ལེའུ་དང་བོའི་དང་གཉིས་བ་བར་གྱི་གཅོད་མཚམས་རྦད་དེ་ནོར་བས་ཡོ་བསྲང་གནང་རོགས།
གཡག་རྒོད་ལགས། བསམ་བློ་གཏིང་ཟབ་གཏོང་མི་དགོས་བར་བྲིས་བའི་སྙན་ངག་ནི་བྱིས་བའི་སྙན་ངག་སྐུ་ཉིད་ཀྱི་ཁ་ལྟ་བུའམ་རྐུབ་ལྟ་བུ་ཡིན།
བོད་མི་རིགས་ནི་ང་ཡི་དགའ་བོ་ཡིན་ཞེས་མཛེས་མས་ལབ་པས། ཞེས་བཅོས་རོགས་གནང་། བཀའ་དྲིན་ཆེ།
རང་ངོ་ཟིན་པར་བྱས་བར་བཅོས་རོགས།
ད་བར་དུ་བུད་ེད་གཏམ་མ་མྱོང་བ་དང་བུད་མེད་ལོ་ངོ་སུམ་ཅུ་ལོན་པ་གཉིས་ལ་དགའ་རོགས་བརྩེ་དུང་གི་སྐད་ཆ་ཤོད་པ་དང་མ་ཟད་དེ་གཉིས་ཀྱང་བདག་པོ་ཅན་གྱི་བུད་མེད་ཡིན་པ་གང་ལྟར། ཁྱེད་རང་ཁ་སང་ཁ་ཉིན་སྡོམ་པ་ཤོར་ཙམ་ཡིན་ས་རེད། ཤ་ཚ་ད་ཁག་པོ་རེད། གཞོན་ནུའི་དུས་ཚོད་ནི་དགོན་པར་ཟད། ད་རྒད་པོ་ཞིག་ཆགས་དུས་གཞི་ནས་དགའ་རོགས་འཚོལ་དགོས་ན་དཀའ་སེ་རེད། ད་འཇིག་རྟེན་འཇིག་རྟེན་མེད། ཆོས་ཆོས་མེད་པར་ཆགས་པའི་ཉེན་ཁ་འདུག་གདའ། དགོངས་པ་མ་འཚངས།
ཅོག་མྱི། ངའི་ཁ་དང་རྐུབ་འབྲི་ཤེས་ན་ད་གཟོད་ཁྱོད་དྲ་སྟེང་ནས་མགོ་ཡར་འགྱོག་ཆོག་པ་རེད། མ་གཞི་ཁྱོད་ཀྱི་ཅི་ཞིག་འབྲི་བཞིན་ཡོད། རང་གིས་བྲིས་བར་ཞིབ་ཏུ་བཀླགས་ཏེ་ད་གཟོད་སྐད་ཆ་ཤོད། རྩོམ་ལུས་གང་ཞིག་བྲིས་བ་རང་གིས་མ་ཤེས་ན་ཕལ་ཆེར་ངའི་ཁ་དང་རྐུབ་ཡང་འབྲི་ཤེས་མདོག་ཁ་བོ་མ་རེད། བྱིས་པའི་སྙན་ངག་ཙམ་ཞིག་འཁྱོངས་ན་ཁྱེད་རང་གི་ཚོད་ཀྱིས་ཕོ་ཁྱོ་ཀ་རེད། གཞི་རིམ་སློབ་མ་ཚོའི་ཉིན་ཐོར་མཇལ་འེ་མྱོང་།
ངོ་མ་བཙོག་བཤད་བདག་པོ་བཤད་ཀྱི་འདུག
ངས་བོད་ཀྱི་མཁས་པ་དག་གིས་བྲིས་པའི་དཔེ་ཆ་བཀླགས་དང་ཀློག་བཞིན་པ་ཡིན། དེ་དག་ན། དཀྱིལ་ལ། བར། ཞེས་པ་མ་གཏོགས། དབར། མཐོང་མ་མྱོང་། དཔེར་ན། ཐོག་མཐའ་བར་གསུམ། ཞེས་པ་ལྟ་བུ། དེས་ན། བར་ལ་དབར་ཞེས་པ་ཁུངས་སྐྱེལ་ཐུབ་མཁན་ཞིག་ཡོད་དམ། བོད་ཀྱི་ཡི་གའི་དག་ཆ་མི་ཉམས་པའི་དོན་དུ་ཡིན།
།
ཁ་བརྡ་ནས་བཟོ་བཅོས་བརྒྱབ་པ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། བདག་གི་རྩོལ་ལུས་འདི་ལ་སྙན་ངག་གྲུ་བཞི་མ་ཟེར་གྱིན་ཡོད།