དགའ་བ་མཇེ་ཕྲུག
བཞུད་པའི་ཆུ་མོའི་དབྱངས་ནི་རྣ་ལ་སྙན།།
སྐྱིད་པའི་ནམ་ཟླའི་འགྱུར་ཁུགས་བློ་ལ་བབས།།
སྡུག་པའི་ལྷ་མོའི་སྐུ་ནི་སེམས་ལ་སིམས།།
མཛེས་སྡུག་རང་བཞིན་ལྡན་པའི་ཞིང་ཁམས་འདྲ།།
དབྱར་གྱི་ལྷགས་རླུང་འཇམ་པོ་དལ་གྱིས་ལྡང་།།
སྐྲ་ལོའི་འོག་ནས་སྨིན་མ་ཀེམ་ཀེམ་བྱས།།
བཞིན་བཟང་དུང་ཟླ་ལྟ་བུའི་ཉམས་འཇོ་ལས།།
ལང་ཚོ་དར་ལ་སོན་པའི་མཛེས་སྡུག་མངོན།།
མེ་ཏོག་སྣ་མང་ཕྱོགས་ཡོངས་ས་ངེས་མེད་བཞད།།
དྲི་བཟང་བདུག་སྤོས་མུ་མེད་ཀུན་ལ་འཐུལ།།
རྫི་རྣོན་བུང་བ་ཟེ་འབྲུར་འཁོར་བ་བཞིན།།
སྨིན་ལེགས་མཛེས་མ་ཁྱོད་ལ་ང་ཡང་འཁྲེན།།
བསིལ་རླུང་ལུས་ལ་རེག་དུས་བདེ་བ་སྦྱིན།།
མེ་ཏོག་མིག་ལ་རིག་དུས་སྤྲོ་བ་སྟེར།།
གཞོན་ནུ་མ་དང་རང་བྱུང་མཛེས་པ་གཉིས།།
མཛེས་སྡུག་ཉིས་བརྩེགས་མིན་ན་ཅི་ཞིག་རེད།།
ལུས་ཁམས་གསོ་ས་དབེན་གནས་རང་བྱུང་ཡིན།།
སེམས་པ་གཏད་ས་ཞི་དུལ་སྨིན་ལེགས་ཡིན།།
ཐམས་ཅད་རང་དབང་ལྡན་པའི་ཡུལ་ལྗོངས་ལ།།
ང་དང་སྙིང་ཉེར་སྐྱིད་པའི་འཚོ་བ་ཡོད།།
འདི་འདྲ་མཐོང་མྱོང་ངམ། ལགས།
https://www.facebook.com/jigme.nangotsang/videos/1912004939086716/
ཞལ་ངོ་མ་མཇལ་ཡང་དྲག་ཀ།
གསུང་ངག་མ་ཐོས་ཡང་དྲག་ཀ།
སྙན་ངག་བདུད་རྩི་ཡི་ཆར་སིམ།།
རྟག་ཏུ་འབབས་རོགས་ཤིག་ཞུའོ།།
གངས་ལྗོངས་བསིལ་བའི་མེ་ཏོག་ཡུལ་ལྗོངས་སུ། །
དྲོ་བའི་ཕྱུ་པ་གྱོན་པའི་མོ་ལུས་མཛེས། །
རྒྱ་གར་ཚ་བའི་ཡུལ་ལུང་གྲིབ་བསིལ་འོག །
རས་གོས་སྲབ་མོས་འགེབས་པའི་མོ་ལུས་མཛེས། །