(ནོར་གླིང་མཐོ་སློབ་ཀྱི་སྙན་ངག་མ་ཞིག་ལ་བསྟབས།)
རྟ་ནག་སྐལ་བཟང་ལུང་རིགས།
ཞལ་རས་འཛུམ་ཙམ་འཛུམ་ཙམ་བྱས་པ།།
སྙིང་སྡུག་བློ་ལ་འཐད་པས་ཡིན་ནམ།།
མགོ་བོ་གཡོན་ཙམ་གཡོན་ཙམ་བྱས་པ།།
སྙིང་སྡུག་རྒྱབ་གཟུགས་འཚོལ་བ་ཨེ་ཡིན།།
ནུ་ཟུང་དྲོན་མོའི་རྒྱབ་ཀྱི་གངས་རི།།
ཁྱེད་ཀྱི་སྙན་ངག་ཁུད་ན་བདོག་གམ།།
བྲང་གཞུང་ཚ་བོའི་ངོས་ཀྱི་བརྩེ་བ།།
སུ་དང་གང་གི་ལག་ལ་འཇོག་གམ།།
ལན་བུ་མུ་ཏིག་འདྲ་བོ་མཐོང་ན།།
གླིང་གི་འབྲུག་མོར་འཁྲུལ་འཁྲུལ་འདྲ་བ།།
ཞལ་རས་མེ་ལོང་འདྲ་བོར་བལྟས་ན།།
ལྷ་ཆབ་དྭངས་མོས་བྱབས་བྱབས་འདྲ་བ།།
སྟོད་ལྭ་ཁྲ་བོས་བཀབ་པའི་ནུ་ཟུང་།།
རིན་ཆེན་དུང་གི་དབྱིབས་ཀྱིས་ཡོད་འདྲ།།
སྤྱན་གཉིས་འོད་ལ་འོད་རབ་གསལ་མ།། (སྒྲོལ་མ་ལས་དྲངས།)
རི་དྭགས་སྤྱན་གྱི་མཚན་མས་འཁྱུད་འདྲ།།
སྤྱན་ཟུང་དམར་མདངས་ཅུང་ཞིག་ཆགས་པ།།
མདང་ནུབ་མིག་ཆུ་བཏང་བ་མིན་ནམ།།
རྨི་ལམ་རབ་རིབ་ནང་གི་མི་དེས།།
ཁྱེད་ལ་དཀའ་ལས་གཏད་པ་མིན་ནམ།།
མགྲིན་སྒོ་བརྣངས་ཙམ་བརྣངས་ཙམ་བྱས་ཏེ།།
སྙན་ངག་མཆི་མས་བཀླགས་པ་ཡིན་ནམ།།
སེམས་པ་སྐྱོ་ཙམ་སྐྱོ་ཙམ་བྱས་ནས།།
དངན་པ་ཐེངས་བརྒྱར་འཐེན་པ་ཨེ་ཡིན།།
གནམ་དང་ས་ཡི་བར་གྱི་སྨུག་པ།།
གློ་བུར་གློ་བུར་འཐིབ་པ་བྱུང་ན།།
ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།། (སྒྲོལ་མའི་ཚིག)
ཁྱེད་ཀྱི་མགོན་དང་དཔུང་དུ་བྱོན་ཤོག།།
༢༠༡༡། ༧། ༡༡། ལ་བྲིས།
ཁྱོད་ཀྱིས་དོན་དག་ཆེན་པོ ཞིག་གི་ཁ་ཕྱེས་དང་ཟིག
གང་ལྟར་འུ་གཉིད་ཀྱི་བར་ནས་བཤད་པ་དག་གཞན་ལ་བཤད་མི་ཉན་ཨ
ཀུ་རེ་ཡིན།་་་་་བཀླགས་ཟིན།
ཞི་མོ་ཆུང་ཆུང་ནུ་མོ་འདྲ་བོ།།
འཛུམ་མདངས་ཆུང་ཆུང་མེ་ཏོག་འདྲ་བོ།།
རྙ་མ་ཆུང་ཆུང་པདྨ་འདྲ་བོ།།
ནུ་མ་ཆུང་ཆུང་དུང་དཀར་འདྲ་བོ།།
ནོར་གླིང་བུ་མོའི་འཛུམ་དཀར་ཞགས་པས།།
བལ་ཡུལ་རྟ་ནག་སེམས་པ་བཅིངས་འདུག།
མུ་མཐུད་སྙན་ངག་མཆོད་པས་མཆོད་དང་།།
རེ་བའི་རྨི་ལམ་མངོན་དུ་ལོས་འགྱུར།།
ནོར་གླིང་ཞི་མོ་ཉམས་ཀྱིས་སྒེག་པ།།
ཀོ་པན་རྟ་ནག་ཕོ་གསར་རྫིག་པ།།
ཚེ་སྔོན་ལས་ཀྱིས་བསྐོས་པ་འདྲ་བས།།
ཁྱིམ་གཞི་གཅིག་ནས་འཛོམས་པའི་སྨོན་ལམ།།
ཧ་ཧ་ཧ་ཧ་ཧ་་་་ ་་་། སྙན་ངག་སྐྱིད་པོ་བྲིས་ཡོད་ཀི། ཧེ་ཧེ་་་་ ་་་།
ཧ་ཧ་ཧ་ཁ་བརྡ་དྲ་བ་འདི་ངོ་མ་དཀའ་དྲིན་ཆེ་བ་ནི་བོད་འཛམ་གླིང་མི་དམངས་ཀྱི་བསམ་ཚུལ་བཤད་ས་དང་
ཐ་ན་ཕན་ཚུན་བརྩེ་བའི་དགའ་རོགས་སྒྲིགས་ས་ཡང་མཆོག་ཏུ་གྱུར།
རྟ་ནག་པས་འདིས་སྒྲོལ་མ་ལས་དྲངས་ན། དྲང་ས་སྒྲོལ་མ་དེ་གང་འདྲ་ཞིག་རེད།
སྤྱན་གཉིས་འོད་ལ་འོད་རབ་གསལ་མ།།
རྟ་ནག་པའི་སྒྲོལ་མ་ལ་གཟིགས་དང་།
འདོད་པས་མྱོས་པའི་མི་ལ་མིག་མེད་པ་དེ་བདེན་པར་མཐོང་།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་་་་་་་
མྱི་སྐད་སྨྲ་མཁན་དང་། ཁྱི་སྐད་འབ་མཁན་ཀུན་པོར་ཐུགས་རྗེ་ཆེ།
བདེ་མོ