—–རྣོ།
སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བོད་ཡིག་གི་བུད་མེད་རྩོམ་འབྲི་བ་ཉུང་ཤོས་ཤིག་ལས་མེད་ལ། ཡོད་པ་དག་ཀྱང་ལོ་ཟླ་དང་ཁོར་ཡུག་གིས་ས་རུ་ཟགས་པའི་ཤུལ་ན། ལོ་ན་གཞོན་ཞིང་མཛེས་མའི་གཤིས་ཉམས་འཛོམ་པོ་ཞིག་ཡོད་པ་ནི་བདེ་པོ་འཚོ་གཅིག་པུ་རེད། འདི་ནི་མོ་རང་མཚོན་ན་རང་བྱུང་གིས་གནང་བའི་གོ་སྐབས་ཤིག་རེད། དེ་ཡང་ཡིན་ཏེ་ཨ་མཆོག་ཚེ་རིང་སྐྱིད་ཅེས་པའི་མཛེས་མ་དེ་རྒས་ཤུལ་ན་ད་ལྟ་སུ་འདུག་ཅེ་ན། ངས་ཚིག་ཆོད་པས་དེ་ནི་བདེ་པོ་འཚོའོ་ཟེར་ངེས། དེ་ནི་བདེ་པོ་འཚོ་ལ་སྦྱང་སྟོབས་ཀྱི་རྩོམ་གཤིས་ལེགས་པོ་ཞིག་དང་། རང་བཞིན་སྐྱེ་འབྲས་མཚར་ལ་སྡུག་པ་ཞིག་འདུག་གོ།
རྩོམ་གྱི་ཐད་ནས་འཁྱུག་ཙམ་གླེང་ན་མོ་རང་སློབ་འབྲིང་སྐབས་སུ་བྲིས་པའི་<<ལོ་ཡག་སྙེ་མ་>>ཞེས་པའི་རྩོམ་དེབ་དེས་ཁ་གྲགས་ཡོང་བར་མ་ཟད། ན་ནིང་ལོ་མཇུག་ཏུ་ཕུད་པའི་སྙན་དེབ་<<ཕྱིར་མིག་>>གཉིས་ཀྱིས་ངོ་འཕྲོད་པར་བྱས་ཡོང་།
ཡིན་ནའང་དེ་རིང་ངས་གླེང་འདོད་པ་ནི་རྩོམ་ཡིག་ཁག་མ་ཡིན་པར་བདེ་པོ་འཚོ་མཛེས་མ་ཞིག་ཡིན་མིན་དེ་ཡིན། བདེ་པོ་འཚོ་ནི་མོ་ལོ་ཉི་ཤུར་བུད་མ་ཐག་པ་ཞིག་དང་། གཟུགས་པོ་དྲང་ཞིང་རིང་ཚད་འབྲིང་ཙམ་ཡོད། ཤ་རྩ་དཀར་ཞིང་འཇམ་གཤིས་ལྡན་ལ། སྐྲའང་གནག་ལ་སྟུག་པ་ཞིག་ཡོད། དེ་ལྟ་ནའང་མོས་དུས་རྒྱུན་སྐྲ་ཐུང་ཐུང་ཞིག་ལས་མི་འཇོག་ཅིང་། དེའང་ནམ་དུས་མང་ཆེ་བར་ལྟག་རྒྱབ་ནས་བསྡམས་པས་སྐྲ་སྣེ་བྱ་ཕོའི་རྔ་མ་འདྲ་བོ་དེ་གཟུགས་པོའི་འགུལ་སྐྱོད་ལྟར་ཅུང་ཙམ་རེ་འགུལ་ཡོང་། བཞིན་རས་དཀར་ལ་གདོང་དབྱིབས་སྒོང་གཟུགས་སུ་མཆིས། ཁ་ཆུང་ཞིང་སྣ་ནི་ལྷོ་ཁོ་རེ་ཡར་སོང་ནས་མཛེས་བཟོ་བྱས་པ་ཞིག་མིན་འགྲོ་སྙམ་པ་ཞིག་ཡོད། མིག་ནི་དབྱངས་ཅན་ལྷ་མོའི་བསྟོད་རྩོམ་ཁྲོད་ཀྱི་མིག་ཟུང་དེ་ཡིན་ལ་མིག་ཟུང་འབྱེད་འཛུམ་ལས་སྐད་ཆ་བཤད་ཤེས་པའི་རིགས་དེའང་ཡིན། ཤ་ཡི་རྒྱགས་ཚད་རན་ཞིང་ནུ་མ་གཉིས་ཆ་དུང་གཟུགས་ཀྱིས་ཅུང་འབུར་དུ་དོད་ལ། རྐུབ་ཀྱང་དོར་མའི་རིགས་གང་དང་ཅི་ཞིག་གྱོན་ཡང་ཕྱི་ལོགས་སུ་ཅུང་འབུར་དུ་དོད་པས་དངོས་གནས་མཛེས་མ་ཞིག་ལ་འཛོམ་དགོས་པ་ཚང་མ་འཛོམས་ཡོད།
གཞན་མོ་རང་གནའ་དེང་ཞབས་བྲོ་འཁྲབ་པར་ཧ་ཅང་མཁས་པར་མ་ཟད། ཞབས་བྲོ་འཁྲབ་སྐབས་བཞིན་གྱི་འཛུམ་རིས་ནི་ཤི་ཡང་བརྗེད་མ་ཐུབ་པའི་འཛུམ་པ་ཉིད་དུ་ཟད་སྟབས་ལྟད་མོ་དག་དགའ་བའི་འབོད་སྒྲ་དབང་མེད་ཤོར་ཡོང་། སློབ་གྲྭའི་བུ་དག་གིས་ཀྱང་མོ་རང་ལ་བརྩེ་བསྐུར་བ་རྩིས་སུ་མེད་ལ། འུ་ཐུག་ནས་མིང་སྲིང་དང་གྲོགས་པོ་བསྒྲིགས་པའང་ཉུང་ཉུང་མིན། ད་དུང་དགེ་རྒན་ཆགས་རྒན་དག་གིས་མོ་རང་དང་མོ་རང་གི་སློབ་གྲོགས་ཚོར་བལྟ་བའི་མིག་ཟུང་ཡེ་ནས་འདྲ་བས་སློབ་གྲོགས་ཚོའི་ཁྲོད་ནའང་དེར་འཁང་ར་བྱེད་མཁན་ཧ་ཅང་མང་བ་མོ་ལ་མཚོན་ན་རྒྱུན་ལྡན་དུ་འཕྲད་མྱོང་ཞིང་འཕྲད་སྲིད་པའི་བྱ་ལས་ཤིག་རེད།
བདེ་པོ་འཚོ་དུས་ནམ་ཞིག་ཡིན་ཡང་གྱོན་གོས་གཙང་མ་གོན་པར་དགའ་ཞིང་གོན་པ་དེ་དག་ཀྱང་རང་ཉིད་ཀྱི་གཟུགས་པོར་ཧ་ཅང་འོས་འཚམས་གྱོན་པར་མཁས་པར་མ་ཟད། ད་དུང་ངོ་ཚ་སྨིན་པོ་ཞིག་དང་སེམས་གཤིས་གཉོམ་མོ་ཞིག་ཡོད་པ་དེ་ཡིས་ཀྱང་མཛེས་པའི་སྟེང་ལ་རྒྱན་དང་རྒྱན་གྱི་སྟེང་ལ་ཕྲ་ཞིག་བཏབ་ཡོད་དོ།།
རང་མིང་དངོས་སུ་བཏོན་མི་ཕོད་པའི་རྣོ་ལགས། བདེ་པོ་འཚོ་ལ་སེམས་ཤོར་ཡང་ཁ་ཐུག་ལབ་མ་ཕོད་ནས་ལུས་ཡོད་པ་འདྲ། དེ་འདྲ་ཡིན་ན་མཇེ་ཀོག་དེ་བཅད་ནས་མ་ནིང་བཟོ་ཤོག་དང་ཡག་ཀི་ཕོ་ལུས་ལེན་གོ་མ་ཆོད་པ་རེད་གདའ་་་་་་་
རྣོ་ལགས་ཀྱིས་དཀའ་ལས་རྒྱབ་ནས་བུ་མོ་བདེ་བོ་ཚོ་ལ་བསྟོད་འདུག འོན་ཀྱང་མཛེས་མ་རེད་ཟེར་བ་ཙམ་ལས་བདེན་དཔང་གི་པར་ཞིག་ཀྱང་རེག་མི་འདུག འདི་འདྲའི་རྩོམ་ཡིག་ཅིག་མཉམ་དུ་པར་ཞིག་ངེས་པར་དུ་འཇོག་དགོས་མོད། ད་ངས་བལྟས་ན་པར་ཞིག་ཐབས་ཤེས་གང་བྱས་ཀྱང་མ་ཐོབ་པ་ཡིན་རྒྱུ་རེད། པར་ཞིག་རེག་གི་མི་འདུག་གམ། པར་ཞིག་ཀྱང་མི་རེག་ན། ལུས་འབྲེལ་བྱེད་རྒྱུ་སྨོས་མེད་རེད། །
ལུས་མཛེས་མ།
ངག་སྙན་མ།
སེམས་བརྩེ་མ།
གྲོགས་དངོས་མ།
མཛེས་མ་ཐམས་ཅད་མཛེས་མ་མིན། །རང་སེམས་ཤོར་བ་མཛེས་མ་ཡིན། །ཅེས་པའི་ངག་རྒྱུན་དེ་གཞི་གྲུབ་འདུག་གདའ།
བདེ་མོ་འཚོ་ནི་སྙན་ངག་མཁས་པ།།
བདེ་མོ་འཚོ་ལ་ལང་འཚོ་མཛེས་མ།།
བདེ་མོ་འཚོ་ཉིད་མཛངས་མའི་རྒྱལ་མོ།།
བདེ་མོ་འཚོ་བཞིན་བཙན་བྱོལ་མེད་དོ།།
བདེན་པ་རེད། ཁོ་མོ་ཡག་མ་ཞིག་ཡིན།
ད་ངོ་མ་གྲྭ་ལོག་ཚོད་མདོག་བུད་དང་ཐལ
རྩོམ་གྱིས་ངོ་མི་འཕྲོད་པ་དག་ལ། པར་ཞིག་གིས་ལྷག་པར་ངོ་འཕྲོད་འགྲོ་བ་ཅང་ཡོད་བ་མ་རེད། སྐད་ཆ་ཉུང་ངུས་བཤད་ན། གལ་སྲིད་བདེ་པོ་འཚོ། མཛེས་མ་མི་འདུག་ལབ་མཁན་ཞིག་ཡོད་ན། མི་དེ་ལ་རྩ་གཅིག་མི་ཚང་བ་ཐག་ཆོད་ཡིན།
དངོས་གནས་བདེ་པོ་མཚོའི་སྐོར་ལ་སྐྱིད་པོ་བྲིས་འདུག ངས་ནམ་རྒྱུན་བདེ་པོ་མཚོ་དེ་འདྲ་ཞིག་རང་ཡོད་སྣང་ཤར་བསྡད་ཡོད། དངོས་སུ་ནི་མཇལ་མ་མྱོང་།ཨ་ལ་ལ་ལ་ཧོ ། །
ཧཧཧཧཧ། དགོད་རྒྱུ་སྒལ་ཚིགས་ནང་ནས་ཡོང་གི མཛེས་མ།
རྣོ་ལགས་ལ་དངོས་གནས་རྩ་གཅིག་མི་ཚང་གི་ཡ། ཁྱོད་ཀྱིས་བདེ་པོ་འཚོ་མཛེས་མ་ཨང་དང་པོ་ཞིག་མཐོང་ཡོད་ཀྱང་མི་ཚང་མས་མཐོང་གི་མ་རེད། གང་ཡིན་ཞེ་ན་མི་རེར་དགའ་ཕྱོགས་ཤིག་ཡོད་པ་རེད། ཕག་གི་མིག་ལ་སྐྱག་པ་མཛེས་ཟེར་བ་གོ་ཨེ་མྱོང་། གལ་ཏེ་བདེ་པོ་འཚོ་དེ་འདྲའི་མཛེས་མ་ཞིག་ཡོད་ན་བོད་ཀྱི་མཛངས་མའི་འགྲན་བསྡུར་གྲལ་ནས་ཐོབ་དགོས་རེད། དེ་ཐོབ་ན་ཡོངས་གྲགས་སུ་མཛེས་མའི་མིང་ཐོབ་པ་རེད་དོ། དེ་མིན་ཁྱོད་ཀྱིས་མཐོང་བ་ཙམ་གྱིས་མཛེས་མར་མི་རྩིའོ། པར་གྱིས་ངོ་མི་འཕྲོད་ན་རྩོམ་གྱིས་དེ་བས་ཀྱང་ངོ་ག་ལ་ཕྲོད། །
བདེ་པོ་འཚོ་རྩོམ་མཁན་ཞིག་རེད་ཟེར་ན་བོད་ནས་ཡོང་བ་ཚོའི་ནང་གི་ཡིག་རྨོངས་པ་མིན་ཚད་རྩོམ་མཁན་ཡིན། བདེ་པོ་འཚོ་མཛེས་མ་ཟེར་ན་དེ་ཁྱོད་རང་གི་མཐོང་སྣང་རེད། བདེ་པོ་འཚོ་ལོ་ཉི་ཤུ་ལ་བུད་མ་ཐག་རེད་ཟེར་ན་ཁྱོད་རང་གི་མིག་དེ་གྲྭ་ལོག་ཅིག་གི་མིག་ཡིན་ཙང་རེད། བདེ་པོ་འཚོ་ལོ་རྒན་སུམ་ཅུའི་ནང་ཡོད་རེད་དཱ།
སྐད་འཕྲིན་དར་བ་ནས་བདག་གིས་”རྣོ་”ཟེར་བའི་སྨྱུག་མིང་འདི་སྤྱད་ནས་ཚིག་གྲུབ་ཁ་ཤས་ཀྱང་བཟོས་མྱོང་། ཉེ་ལམ་སྨྱུག་མིང་འདི་སྤྱོད་མཁན་བོད་ཕྱི་ནང་གཉིས་ན་རེ་ཟུང་ཡོད་པ་འདྲ། དེ་བཞིན་གོང་རྩོམ་འདི་བདག་གི་སྐད་ཆ་མ་ཡིན་པའི་གསལ་བཤད་ཙམ་དུ་ས་ཐག་ཉེ་རིང་གང་རུང་གི་གྲོགས་པོ་ཡོངས་ལ།
ད་ལྟའི་བཙན་བྱོལ་བོད་པའི་མཛངས་མའི་འགྲན་བསྡུར་ནི་རྣམ་པ་མེད་ཅིང་ཤེས་ཡོན་མེད་པའི་གླེན་མའི་འགྲན་བསྡུར་ཞིག་ཡིན་པ་མ་ཤེས་སམ། གཞན་མི་མང་པོ་ཞིག་གིས་འདི་སྤྱོད་བཞིན་འདུག་པས་ངས་ཀྱང་དེ་ལྟར་སྤྱད་པ་ཡིན་མོད། སྒེར་གྱིས་བདག་ཏུ་བཟུང་བའི་མིང་ཞིག་ཏུ་གྲུབ་ཚར་ཡོད་ན་ནི་ད་ནས་བདག་གིས་མི་སྤྱོད་དོ་ཞེས་པ་དེ་ཡིན།
རྣོ་ལགས། བོད་ཀྱི་བུད་མེད་འགྲན་བསྡུར་གྲལ་ནས་ཨང་དང་བོ་ཐོབ་ན་སྤྱི་ཚོགས་ཤིག་གི་མཛེས་མའི་མིང་ཐོབ་པ་རེད། མི་རེར་གཉིས་ཀྱི་མིག་ལ་མ་མཛེས་པ་ཡོད་པ་ལགས། དེ་མིན་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་དུ་མཛེས་མའི་མིང་ཐོབ་པ་སུ་ཞིག་གིས་སྦས་སུ་མེད་པའོ། །
རྣོ་ལགས་ཀྱིས་ཡག་པོ་བྲིས་འདུག
རྣོ་ཟེར་བ་འདིའི་མྱིག་ནང་ན་ཚྭ་ལུང་ཞིག་ཡོད་པ་ཐག་གིས་ཆོད། ཉེ་སྔོན། བཙན་བྱོལ་སྤྱི་ཚོགས་ལ་ལྟ་ཁུལ་བྱས་དུས། མེད་མུག་ཡིད་ཆད་ཀྱི་ཐན་སྐད་ཁ་བརྡ་ནས་གྲགས་པ་རེད།
དེ་རང་། བདེ་འཚོའི་རྐུབ་ཤ་ལ་བལྟས་དུས། མེད་མི་འཛོམས་པ་ཡོད་ཡོད་ལ་སྤྲོས་ནས་འཆལ་སྐད་ཁ་བརྡ་ནས་གྲགས་སོང་།
ཆགས་རྒན་འདི་སྙིང་རྗེ་ཡ་འདྲ་ཞིག་འདུག། ཧ་ཧ་ཧ།
ག་རེ་བཤད་མོད་བདེ་པོ་འཚོ་ལ་དགའ་ནས་ཡིན་ནའང་འདྲ་ཆགས་རྩོམ་དེར་དགའ་ནས་ཡིན་ནའང་འདྲ་རྩོམ་གཞན་ལས་རྩོམ་འདིར་མཆན་བུ་མང་པོར་བཏགས་པ་དེ་ལ་དགོས་པ་རྒྱུ་མཚན་ཞིག་འདུག
གནམ་ལགས། ཁྱོད་རང་ཚོ་ཤིན་ཏུ་ནས་མ་དགའ་རུང་། བདེ་པོ་འཚོ་མཛེས་མ་ནི་ཡོད་པ་རེད། དེ་གཅིག་བྱས། ངས་བྲིས་པ་དག་མི་འགྲིག་པ་དང་མི་ལེགས་ན། ཁྱོད་ཀྱིས་དེ་ལས་ལེགས་ཤིག་ཕྲིས་དང་། དགའ་བསུ་ཡོད། ཡི་རང་ཡོད།
བདེ་པོ་མཚོ་ནི་ངོ་དེབ་གྱི་དྲ་གྲོགས་ཡིན། ཁོ་མོ་བོད་ཡིག་ལ་དགའ་ཞིང་རྩོམ་འབྲི་ལ་དུང་མཁན་ཞིག་ཡིན་པ་དངོས་ཡོད་རེད་ལ་དགའ་འོས་པ་ཞིག་ཀྱང་རེད། དེ་མིན་ཁོ་མོ་མཛེས་མ་རེད་ཟེར་ན་ནི་དེ་ཙམ་འཐད་པ་ཞིག་མ་རེད། ལྷག་པར་ཁོ་མོ་ལོ་ཉི་ཤུ་བུདམ་ཐག་པ་རེད་ཟེར་ན་་་་་ཧཧཧ
བདེ་པོ་མཚོ་ཟེར་བ་འདི་ཨ་མདོའི་མིང་ཞིག་ཡིན་ནམ། ཁམས་པའི་རེད། འདི་ལ་བདེ་མོ་མཚོ་མི་ཟེར་བ་ཅི་ཡིན་ནམ། ལགས།