མཐིང་མདོག་གཞི་རྒྱ་ཡངས་པའི་ཁོར་
འོད་ཀྱི་ཟེར་ཐག་བརྐྱངས་པའི་གསེ
མཛེས་དགུའི་མཚར་སྡུག་ངོམ་པའི་
བག་ཡངས་ལྷོད་པོའི་ངང་ནས་ལྟད་མོ་
སྔོ་ལྗང་རྩྭ་རྩེར་ཆགས་པའི་དྭངས་
མཚར་སྡུག་ཉི་མའི་འོད་ལ་ཞེན་ལོག་
འོད་ཀྱི་ཐིགས་ཕྲེང་རེ་རེ་ཇེ་ཆུ
ཡངས་པའི་རྩྭ་ཐང་སྟེང་དུ་རང་ཡལ་
གཏིང་ཟབ་རྒྱ་མཚོ་ཆེན་པོའི་འོད་
དམར་སེར་མཚམས་སྤྲིན་མཛེས་མའི་
བསིལ་བུ་རླུང་གིས་བསྐྱོད་པའི་རླ
གསེར་མིག་འཁྱུག་རྩལ་རྒོད་པོས་
རབ་སྡུག་སེར་ཆེན་མེ་ཏོག་ལང་ཚོ་
རྐང་དྲུག་གླུ་བྲོ་འཁྲབ་བཞིན་རྩེ
ཞིམ་མངར་བཅུད་དུ་སིམ་པའི་སྦྲང་
ངོམ་མེད་ལོངས་སུ་སྤྱོད་པའི་འདུ་
སྟོང་བསམ་མཐའ་བརྒྱ་སྙེགས་པའི་
ཞི་ལྷོད་ཟུང་དུ་འབྲེལ་བའི་ཚོར་
ཁྲ་ཆུང་མིག་ལ་ཤར་བའི་མཛེས་ལྗོ
མཉེན་མོའི་སོར་རྩེ་རྒྱུད་ནས་དེ་
2012.12.26.
རབ་མཛེས་ཡིད་དུ་འོང་བའི་ཁོར་ཡུག་གི་བཀོད་པ།།
མཉེན་མོའི་སོར་རྩེས་བསྐྲུན་པའི་གསོན་ཉམས་དེ་མཐོང་དུས།།
གངས་རིའི་མཐའ་ནས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་སུ།།
བེའུ་ཆུང་འཚོ་རུ་འགྲོ་བའི་སྣང་བ་དེ་ཤར་སོང་།།
སྡེབ་ལེགས་ཚིག་གི་མཛེས་པས་སེམས་ཁམས་དེ་གཡོ་ཞིང་།།
སྙན་འཇེབས་ངག་གི་དབྱངས་རྟའི་འགྱུར་ཁུག་དེ་ཐོས་ན།།
མཛེས་དགུའི་སྙན་པར་གྲགས་པའི་ཚངས་སྲས་ཀྱི་བུ་མོས།།
ཁྱོད་ལ་དངོས་སྒྲུབ་མི་རྩོལ་རང་ཞིག་ཅི་ཡོད།།