—ངོ་སྤྲོད་མཁན་ཀླུ་སྨྱོན།
མའོ་ཙེ་ཏུང་༼༡༨༩༣.༡༢.༢༦_༡༩༧༦.༩.༩༽ནི་ཕོ་ཡིན་ལ་རྒྱ་རིགས་ཡིན་པ་དང་། མཚན་གཞན་ལ་རུང་ཀྲི་སོགས་ཉེར་དྲུག་ཡོད་ཅིང་། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་འགུལ་སྤྱོད་ཀྱི་འགོ་ཁྲིད་པ་ཁྱད་འཕགས་ཅན་དང་། ཆབ་སྲིད་པ། དམག་དོན་པ་བཅས་ཡིན།
༡༨༩༣ལོའི་ཟླ༡༢པའི་ཚེས༢༦ཉིན་ལ་ཧུའུ་ནན་ཞིང་ཆེན་ཞཱང་ཐཱན་རྫོང་ཧྲོ་ཧྲན་ཁྲོན་ནས་ཞིང་བ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། ༡༩༧༦ལོའི་ཟླ༩པའི་ཚེས༩ཉིན་ལ་པེ་ཅིན་ནས་སྐུ་གཤེགས། ཁོང་ནི་རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། འཐབ་ཇུས་པ། རིག་པའི་གཞུང་ལུགས་པ། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གསར་སྐྲུན་པ་དང་འགོ་ཁྲིད་པ། ཀྲུང་ཧྭ་མི་རིགས་ཀྱི་གཙོ་འཛིན། ཕུལ་དུ་བྱུང་བའི་སྙན་ངག་པ་དང་ཡིག་གཟུགས་འབྲི་མཁན་བཅས་ཡིན་པས། མའོ་ཙེ་ཏུང་ནི་དེང་རབས་འཛམ་གླིང་ལོ་རྒྱས་ཐོག་ཏུ་ཆེས་གལ་འགངས་ཆེ་བའི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད་ཅིང་། ༼དུས་རབས་དུས་དེབ༽ཀྱིས་འདེམས་ཐོན་བྱུང་བ་ལྟར་ན། ཁོང་ནི་དུས་རབས་ཉི་ཤུ་བའི་ནང་དུ་ཆེས་དགེ་མཚན་ལྡན་པའི་མི་སྣགྲགས་ཅན་༡༠༠ཡོད་པའི་ནང་གི་གཅིག་ཡིན་ཞེས་ཟེར་བ་རེད།
དང་པོ། འཁྲུངས་སྐོར་དང་བརྒྱུད་རིམ།
༡.ཁྱིམ་ཚང་ཕལ་བ་ཞིག་ནས་སྐུ་འཁྲུངས།
མའོ་ཙེ་ཏུང་ནི༡༨༩༣ལོའི་ཟླ༡༢པའི་ཚེས༢༦ཉིན་ལ་ཧུའུ་ནན་ཞིང་ཆེན་ཞཱང་ཐཱན་རྫོང་ཧྲོ་ཧྲན་ཁྲོན་ནས་སྐུ་འཁྲུངས། ཁོང་གི་ཡབ་ཆེན་མའོ་ཐེ་ཁྲང་ནི་ཞིང་བ་ཕྱུག་པོ་ཞིག་ཡིན་ལ་ཡུམ་བུན་ཆིས་མེས་ནི་ཞིང་གྲོང་གི་བུད་མེད་ཕལ་བ་ཞིག་ཡིན།
༢.སློབ་སྦྱོང་གི་དུས་རབས།
མའོ་ཙེ་ཏུང་ལས་ལོ༩ཆེ་བའི་མ་སྤུན་ཕུ་བོ་བུན་ཡོན་ཁྲང་གིས་རྫོང་ཐོག་ཏུ་དཔེ་ཆ་འདོན་བཞིན་ཡོད་པས། ཁོས་མའོ་ཙེ་ཏུང་ལ་ཀྲིན་ཀོང་ཡུན་གྱིས༡༨༩༤ལོར་གསར་རྩོམ་མཛད་པའི་༼འཛམ་གླིང་གཉིད་ལས་སངས་དགོས་པའི་ལེགས་བཤད༽ཞེས་བྱ་བ་ཞིག་གཡར། དཔེ་ཆ་དེའི་ནང་དུ་ནུབ་གླིང་གི་དེང་རབས་བཟོ་ལས་ལག་རྩལ་དང་། ཆབ་སྲིད། དམག་དོན་སོགས་སྔོན་ཐོན་ཡིན་པ་མཚམས་སྦྱོར་གསལ་བོ་བྱས་ཡོད། མའོ་ཙེ་ཏུང་གིས་དབུགས་ཐེངས་གཅིག་གིས་ཐེངས་བཅུ་ཕྲག་འགར་ཀློག་པས། ཁོང་གིས་ད་གཟོད་རང་གི་རྒྱལ་ཁབ་འདིའི་མི་རིགས་ཉེན་ཁར་ཐུག་ཡོད་ཅིང་། ཤེས་ལྡན་མི་སྣ་གསར་བ་དགོས་མཁོ་ཆེ་བ་དང་། རྒྱལ་ཁབ་སྐྱོང་པའི་ཆེད་དུ་འབད་བརྩོན་བྱེད་དགོས་པའི་སེམས་ཐག་བཅད།
ལོ་ངོ་སུམ་བཅུའི་རྗེས་སུ་ཨ་རུའི་གསར་འགོད་པ་སི་ནུའོ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་ད་རུང་སྐབས་དེའི་གནས་ཚུལ་ཐུགས་སུ་དགོངས་ནས། ད་རུང་དཔེ་ཆ་དེའི་མགོ་བརྗོད་ཀྱི་ཚིག་འགའ་བློར་འདོན་ཐུབ་པ་སྟེ། ༼ཅོང་བརྡ་གཏོང་། ཀྲུང་གོ་མྱུར་དུ་མེད་པར་དུ་འགྲོ་ངེས་རེད༽ཅེས་ཟེར་ཞིང་། མའོ་ཙེ་ཏུང་གིས༼ངས་ཀློག་འདོན་བྱས་རྗེས་རྒྱལ་ཁབ་ཀྱི་མདུན་ལམ་ལ་སེམས་ཁུར་བྱས་ཏེ། རྒྱལ་ཁབ་ཀྱི་དར་རྒུད་ཐད་སྐྱེས་བུ་ཕལ་བ་ཡིན་ཀྱང་འགན་ཁུར་ཡོད༽ཅེས་གསུངས།
༡༩༡༠ལོར་མའོ་ཙེ་ཏུང་དགུང་གྲངས༡༦ཐོག་ཏུ་ཉེ་འབྲེལ་མངགས་ནས་ཁོང་གི་ཡབ་ཆེན་ལ་ཞཱང་ཞང་རྫོང་དུ་ཕྱི་གླིང་བའི་སློབ་གྲྭ་བཙུགས་ཡོད་པ་དེར་སློབ་སྦྱོང་བྱེད་པའི་རེ་བ་ཞུ་རུ་བཅུག དེར་ཁོང་གིས་ལཱེང་ཆིས་ཁྲོ་ཡིས་འཇར་པན་གསར་འགྱུར་ཐོག་ཏུ༼ཀྲུང་གོའི་ན་གཞོན་གཉིད་ལས་སངས་དགོས༽པའི་རྩོམ་ཡིག་ཀློག་འདོན་ཞིབ་མོ་བྱས་ཤིང་། སྤྱི་ཚོགས་ལ་སྒྱུར་བཅོས་བྱེད་པའི་བསམ་བློའི་བག་ཆག་ཞིག་རྒྱུད་ལ་འཁྲུངས།
༡༩༡༡ལོར་མའོ་ཙེ་ཏུང་ཁྲང་ཧྲཱ་ཞཱང་ཞང་དུ་ཡོད་པའི་ཞིང་ཆེན་སློབ་འབྲིང་ལ་སློབ་རྒྱུགས་འཕྲོད། མའོ་ཙེ་ཏུང་གིས་སློབ་གྲྭའི་ནང་དུ་རྩོམ་ཡིག་སྦྱར་ནས་མན་ཆིན་རྩ་རྫོགས་དང་མིན་གོ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད་སྣེ་དྲངས་ནས་ལྕང་ལོ་བྲེག ཝུའུ་ཁྲང་འོས་ལངས་གློ་བུར་དུ་དར་རྗེས། ཁྲང་ཧྲཱ་གསར་བརྗེ་ཏང་གིས་འོས་ལངས་དང་ལེན་བྱས། མའོ་ཙེ་ཏུང་གསར་བརྗེ་དམག་ལ་ཞུགས་ཤིང་། ཧུའུ་ནན་དམག་དཔུང་གསར་བའི་དམག་མི་ཞིག་ཏུ་གྱུར།
༡༩༡༢ལོའི་ཟླ༢པར་ཆིན་རྒྱལ་རབས་ཀྱི་གོང་མ་དཔོན་གནས་ལས་ཕྱིར་འཐེན་བྱས། མའོ་ཙེ་ཏུང་དམག་ལ་ཞུགས་པའི་དམིགས་ཡུལ་གྲུབ་ཅིང་། དམག་དཔུང་ལས་ཕྱིར་འཐེན་བྱས་ཏེ་ཁྲང་ཧྲཱ་ནས་བསྟུད་མར་སློབ་གྲྭར་འགྲིམ། ཟླ༣པར་མའོ་ཙེ་ཏུང་གིས་ཧུའུ་ནན་གཞུང་སྒྲུབ་མཐོ་རིམ་ཚོང་ལས་སློབ་གྲྭར་སློབ་རྒྱུགས་འཕྲོད། འོན་ཀྱང་ཟླ་གཅིག་གི་རྗེས་སུ་དབྱིན་ཡིག་གི་རྗེས་མ་ཆོད་པར་སློབ་གྲྭ་ལས་ཕྱིར་འཐེན་བྱས། ༡༩༡༣ལོའི་དཔྱིད་ཀར་མའོ་ཙེ་ཏུང་གིས་ཞིང་ཆེན་གཞུང་སྒྲུབ་དགེ་ཐོན་སློབ་གྲྭ་དང་པོར་སློབ་རྒྱུགས་འཕྲོད་ནས་ཞུགས། ༡༩༡༨ལོར་སློབ་གྲྭ་ནས་མཐར་ཕྱིན་རྗེས་མའོ་ཙེ་ཏུང་དང་། ཚེ་ཧུ་སིན། ཞའོ་ཙི་ཧྲིན། ལའོ་ཁེ་ཙན། ཁྲིན་ཀྲང་ཕུའུ་སོགས་ཀྱིས་དམངས་སློབ་ཚོགས་པ་བཙུགས།
༡༩༡༨ལོའི་ཟླ༨པའི་ཚེས༡༥ཉིན་ལ་མའོ་ཙེ་ཏུང་དང་ཚེ་ཧུ་སིན་སོགས་ན་གཞོན་ཉེར་བཞི་ཁྲང་ཧྲཱ་ནས་བྲལ་ཏེ་པེ་ཅིན་དུ་སླེབས། ཟླ༡༠བའི་ནང་པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ཀྲའུ་རིན་ལིས་ཏཱ་ཀྲོ་ལ་ངོ་ཤེས་ནས་དཔེ་མཛོད་ཁང་གི་དོ་དམ་པ་བྱས། ལིས་ཏཱ་ཀྲོ་ཡི་བྱ་སྤྱོད་ལས་མའོ་ཙེ་ཏུང་གིས་ཟླ་བ་བཅུ་བའི་གསར་བརྗེ་དང་མར་ཁེ་སི་རིང་ལུགས་ལ་རྒྱུས་ལོན་ཞིབ་མོ་བྱེད་མགོ་བརྩམས། གཞན་ཡང་ཁྲིན་ཏུའུ་ཞུག་ལ་ཐུག་ནས་ཤུགས་བག་ཆག་པོ་བཞག་ཡོད།
༡༩༡༩ལོའི་ཟླ༤བའི་ཚེས༦ཉིན་ལ་མའོ་ཙེ་ཏུང་ཕྱིར་ཁྲང་ཧྲཱར་ལོག་ནས། ཟླ༧པར་མའོ་ཙེ་ཏུང་གིས་གཙོ་སྒྲིག་བྱས་པའི་༼ཞཱང་ཅཱང་དཔྱད་རྩོམ༽དུས་དེབ་ཁྲང་ཧྲཱ་ནས་དབུ་བརྙེས། འོན་ཀྱང་ཟླ༨པར་ཀྲང་ཅིན་ཡཱོ་ཡིས་རྩད་ཆོད་ནས་སྒོ་གཏད། ཟླ༩བའི་ཚེས༡༣ཉིན་ལ་མའོ་ཙེ་ཏུང་གིས་སྐབས་དེའི་ཞིང་ཆེན་ལྷན་འབྲེལ་རང་སྐྱོང་བྱ་འགུལ་ཁྲོད་དུ་ཁྲང་ཧྲཱ་ནས༼ཏཱ་ཀོང་གསར་འགྱུར༽སྟེང་དུ་རྩོམ་ཡིག་སྤེལ་ནས། ཧུའུ་ནན་རང་སྐྱོང་བྱེད་དགོས་པའི་བཞེད་དགོངས་གནང་ཞིང་། ༼ཧུའུ་ནན་གྱི་དོན་དག་ནི་ཧུའུ་ནན་མི་དམངས་ཡོངས་ཀྱིས་རང་གིས་ཐག་ཆོད་བྱེད་དགོས༽ཞེས་གསུངས། དུས་དེར་ཁོང་གིས་ཁཱང་ཡུག་ཝིས་དང་། ལཱེང་ཆིས་ཁྲོ། ཧྭ་ཧྲིན་ཏུན། ཁེ་ལའོ་པོ་ཐེ་ཅིན་སོགས་དང་ཡང་ན་ལམ་བུ་ཕྲ་མོའི་དྲག་རྩལ་པ་དག་ལ་ཡིད་སྨོན་བྱེད་བཞིན་ཡོད་ཀྱང་མར་ཁེ་སི་ལ་ཡིད་སྨོན་འཆོར་བ་མ་རེད། ༡༩༡༩ལོའི་ཟླ༧པར༼ཞཱང་ཅཱང་དཔྱད་རྩོམ༽དུས་དེབ་ཐོག་ཏུ་དབུ་བརྙེས་ཤིས་ཚིག་སྤེལ་ནས། ཁོང་གིས་མར་ཁེ་སི་དང་ཁེ་ལའོ་པོ་ཐེ་ཅིན་གཉིས་ཀྱི་བཞེད་དགོངས་སྡུར་ན༼མར་ཁེ་སིའི་བཞེད་དགོངས་ནི་ཛ་དྲག་ཆེ་སྲིད་པ༽དང་། ༼ཁོ་པས་སྤྱོད་པའི་ཐབས་ཚུལ་དེ། ཁོ་པ་རང་ཉིད་མྱོང་དུ་འཇུག༽ཞེས་ཟེར་ཞིང་། ༼རང་སྲོག་ཕར་བསྔོས་ཀྱི་ཕུང་དཀྲུག་སློང་མཁན༽སོགས་རེད། ཁེ་ལའོ་པོ་ཐེ་ཅིན་ནི༼ཞི་འཇམ་ཡིན་ལ་འབྲས་བུ་སྨིན་པར་བྲེལ་བ་མེད་ཅིང་། མང་ཚོགས་ཕལ་བར་རྒྱུས་ལོན་བྱེད་པ་ནས་རྐང་བཙུགས་ཡོད༽ཅེས་གསུངས།
༣.ཀྲུང་གུང་ཏང་འཛུགས་དང་གོ་གུང་མཉམ་འབྲེལ་ཐེངས་དང་པོའི་དུས་སྐབས།
༡༩༢༣ལོའི་ཟླ༦པར། མའོ་ཙེ་ཏུང་གིས་ཞཱང་ཞང་ས་ཁུལ་གྱི་འཐུས་ཚབ་བྱས་ཏེ། ཀོང་ཀྲིག་ནས་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་ཞུགས། ཐེངས་འདིས་ཚོགས་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་རྫོགས་རང་གི་མིང་ཐོག་ནས་གོ་མིན་ཏང་ལ་ཞུགས་དགོས་པ་དང་། ཏང་ནང་མཉམ་འབྲེལ་གྱི་རྣམ་པ་བཀོལ་ནས་གོ་གུང་མཉམ་འབྲེལ་བྱེད་དགོས་ཞེས་ཆོད་དོན་གནང་ཞིང་། མའོ་ཙེ་ཏུང་གིས་ཚོགས་ཐོག་ཏུ་གསུང་བཤད་གནང་ནས། ཧུའུ་ནན་བཟོ་བའི་འགུལ་སྤྱོད་ཀྱི་ཉམས་མྱོང་ལྟར་ན་བཟོ་ཞིང་དང་འབྱོར་ལྡན་གྲལ་རིམ་འཐབ་ཕྱོགས་མཉམ་འབྲེལ་བྱེད་དགོས་པ་མ་ཟད། ལྷན་ཅིག་ཏུ་མི་རིགས་དམང་གཙོའི་གསར་བརྗེ་ལེགས་གྲུབ་ཡོང་བར་ཡིད་འཐད་བྱེད་པའི་དགོངས་པ་བསྟན། ཁྲིན་ཏུའུ་ཞུག་དང་། མའོ་ཙེ་ཏུང་། ལའོ་ཀྲང་ལུང་། ཚའེ་ཧུ་ཧྲིན། ཐཱན་ཕེན་ཧྲན་སོགས་ཀྲུང་དབྱང་ཅུའི་ཁོངས་མིར་འདེམས་ཤིང་། དེའི་ནང་མའོ་ཙེ་ཏུང་ཀྲུང་དབྱང་ཅུའི་དྲུང་ཡིག་ལ་འདེམས་པ། འདི་ནི་མའོ་ཙེ་ཏུང་ཀྲུང་དབྱང་འགོ་ཁྲིད་སྲོག་ཤིང་ནང་དུ་ཐེངས་དང་པོ་ཞུགས་པ་ཡིན།
ཟླ༩བར་ཀྲུང་གུང་ཀྲུང་དབྱང་གིས་མའོ་ཙེ་ཏུང་ཕྱིར་ཧུའུ་ནན་ལ་མངགས་ནས་ཀྲུང་གུང་ཞཱང་ཞང་ས་ཁུལ་ཏང་ཨུའི་ཞཱ་ཡུས་སོགས་ཀྱིས་ཧུའུ་ནན་གོ་མིན་ཏང་རྩ་འཛུགས་བྱས། ཟླ་གསུམ་གྱི་རྗེས་སུ་ཀྲུང་གུང་ཀྲུང་དབྱང་གིས་བརྡ་སྦྱོར་འབྱོར་བ་ལྟར་མའོ་ཙེ་ཏུང་ཧྲང་ཧེར་བསྐྱོད་པ་རེད།
༡༩༢༤ལོའི་ཟླ༡པར་མའོ་ཙེ་ཏུང་ཀོང་ཀྲིག་ལ་ཡོང་ནས་ཧུའུ་ནན་གོ་མིན་ཏང་རྩ་འཛུགས་ཀྱི་འཐུས་ཚབ་བྱས་ཏེ། ཀྲུང་གོའི་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་ཤིང་། གོ་མིན་ཏང་ཀྲུང་དབྱང་རྗེས་སྣོན་ལག་བསྟར་ཨུ་ཡོན་ལ་འདེམས་ཐོན་བྱུང་། ཟླ༢པར་མའོ་ཙེ་ཏུང་ཧྲང་ཧེར་མངགས་ནས་བསྟུད་མར་གོ་མིན་ཏང་ལ་རོགས་རམ་བྱས་ནས་རྩ་འཛུགས་བྱ་བ་ལས་ཤིང་། ཁོང་གིས་ཀྲུང་གུང་ཏང་གི་ནང་དུ་རྩ་འཛུགས་པུའུ་ཀྲང་གི་ལས་འགན་དང་། དུས་མཚུངས་སུ་གོ་མིན་ཏང་ཧྲང་ཧེ་ལག་བསྟར་པུའུ་ཡི་ཨུ་ཡོན་དང་རྩ་འཛུགས་པུའུ་ཀྲང་གི་ལས་འགན་ཁུར། ༡༩༢༥ལོའི་ཟླ༩བར་མའོ་ཙེ་ཏུང་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པར་ཞུགས་ཤིང་། ཟླ༡༠བའི་ནང་ཝང་ཅིན་བིས་ཀྱི་ཚབ་མ་བྱས་ཏེ། གོ་མིན་ཏང་གི་དྲིལ་བསྒྲགས་པུའུ་ཀྲང་ཁུར། ཟླ༡༢པར༼ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་ཁག་ལ་དབྱེ་ཞིབ་བྱས་པ༽ཞེས་པའི་རྩོམ་ཡིག་སྤེལ།
༡༩༢༦ལོའི་ཟླ༥བར་མའོ་ཙེ་ཏུང་གི་བྱ་བཞག་གཙོ་བོ་ནི་གསར་བརྗེ་དྲིལ་བསྒྲགས་བྱེད་པ་ནས་ཞིང་བའི་འགུལ་སྤྱོད་དུ་བསྒྱུར། ༡༩༢༧ལོའི་ཟླ༣པར༼ཧུའུ་ནན་ཞིང་བའི་ལས་འགུལ་ལ་རྟོགས་ཞིབ་བྱས་པའི་སྙན་ཞུ༽སྤེལ་ཞིང་། རྒྱལ་ཡོངས་ཞིང་བའི་འགུལ་སྤྱོད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཁུར་ནས། ཝུའུ་ཁྲང་དུ་ཏུན་ཡཱན་ཏཱ་དང་ལྷན་ཅིག་ཏུ་ཀྲུང་དབྱང་ཞིང་བའི་ལས་འགུལ་སྦྱོང་བསྒྲགས་ཁང་བཙུགས།
༤.གོ་གུང་ནང་འཁྲུག་ཐེངས་དང་པོའི་སྐབས།
༡༩༢༧ལོར༼༤.༡༢༽དོན་རྐྱེན་དང་༼༧.༡༥༽དོན་རྐྱེན་བྱུང་རྗེས། ༡༩༢༧ལོའི་ཟླ༨པའི་ཚེས༧ཉིན་ལ་མའོ་ཙེ་ཏུང་གིས་ཧན་ཁུག་ཏུ་འཚོགས་པའི་ཀྲུང་གུང་ཛ་དྲག་ཆེ་བའི་གྲོས་ཚོགས་ལ་ཞུགས་ནས། ཁོང་གིས༼མེ་མདའི་ཁ་ནས་སྲིད་དབང་ཐོན༽ཞེས་པའི་བཞེད་དགོངས་བཏོན། གྲོས་ཚོགས་ཀྱིས་མའོ་ཙེ་ཏུང་མངགས་ནས་ཧུའུ་ནན་དུ་སྟོན་སྡུད་འོས་ལངས་རྩ་འཛུགས་བྱས། ཟླ༩བའི་ཚེས༢༩ཉིན་ལ་མའོ་ཙེ་ཏུང་གིས་སྟོན་སྡུད་འོས་ལངས་དམག་དཔུང་ཁྲིད་ནས་ཅང་ཤིས་ཡཱོན་ཞིན་རྫོང་སན་ཝན་སྡེ་བར་སླེབས་དུས་སུ༼ཏང་ཀྲི་པུའུ་དེ་བརྒྱ་དཔུང་ནང་དུ་འཛུགས་དགོས༽ཤིང་། ༼ཏང་གིས་དྲག་ཆས་ལ་བཀོད་འདོམས་བྱེད་དགོས༽ཞེས་གསུངས་པར༼སན་ཝན་ལེགས་བཅོས༽ཞེས་ཟེར། སན་ཝན་ལེགས་བཅོས་ལས༼ཏང་གིས་དྲག་ཆས་ལ་བཀོད་འདོམས་བྱེད་དགོས༽པའི་རྩ་དོན་གཏན་འབེབས་བྱས། ལོ་དེའི་ཟླ༡༠བར་མའོ་ཙེ་ཏུང་ཅིན་ཀང་རི་བོར་སླེབས།
༡༩༢༨ལོའི་ཟླ༤བར། མའོ་ཙེ་ཏུང་དང་ཀྲུའུ་ཏེས་འགོ་ཁྲིད་གནང་བའི་ནན་ཁྲང་འོས་ལངས་དམག་དཔུང་ལྷག་མ་ལ་ཉིན་ཀང་ལུང་གྲོང་ཁྱེར་ནས་ལྷན་འཛོམས་བྱུང་སྟེ། དམར་དམག་ཤོག་ཁག་བཞི་བ་གྲུབ། ཟླ༥བར་མའོ་ཙེ་ཏུང་དང་ཡཱོན་ཞིན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུ་ཙི་ཀྲིན་གཉིས་གཉེན་སྒྲིག་བྱས། འོན་ཀྱང་དབྱང་ཁེ་ཧོས་ལ་གཉེན་འཐོར་བྱས་མེད་ཅིང་། དབྱང་ཁེ་ཧོས༡༩༣༠ལོར་གོ་མིན་ཏང་གི་དམག་དཔོན་ཧུ་ཅན་གྱིས་འཛིན་བཟུང་བྱས་པ་མ་ཟད་དམར་གསོད་བྱས། ༡༩༢༩ལོའི་ཟླ༡༡པའི་ཟླ་སྨད་དུ་མའོ་ཙེ་ཏུང་གིས་དམར་མདོག་ཅང་ཤིས་ལྟེ་གནས་སུ་དམག་དཔུང་གཅེས་བསྡུས་བྱས། སྐབས་དེར་ཀྲུང་གུང་ཀྲུང་དབྱང་གིས་ངོ་ལོག་པར་གཙང་བཤེར་བྱེད་པའི་ལས་འགུལ་དར་བཞིན་འདུག་པས། ཕུན་ཏེ་ཧོའི་དམག་དཔུང་ནང་དུabཚོགས་པའི་རྩ་འཛུགས་ཡོད་པ་ཤེས་པའི་ཁྱབ་བསྒྲགས་བྱས་མ་ཟད། ཀྲུང་གུང་ཏང་ཡོན་སྐོར་ཞིག་འཛིན་བཟུང་དང་སྲོག་ཆད་གཅོད་པའི་བྱེད་ཐངས་བཀོལ། ཟླ༡༢པའི་ནང་ལ་ཀོའུ་ཐེན་གྲོས་ཚོགས་ཐོག་ཏུ་དམར་དམག་འཛུགས་སྐྲུན་བྱེད་པའི་ཆེས་རྩ་བར་གྱུར་བའི་རྩ་དོན་ནི་ཏང་གིས་དམག་དཔུང་ལ་ངེས་པར་དུ་འགོ་ཁྲིད་བྱེད་དགོས་པ་དེ་གསལ་བོ་བྱས། མའོ་ཙེ་ཏུང་གིས་ལིན་པའོ་ཡི༼དར་དམར་ད་རུང་དུས་ཡུན་ཅི་ཙམ་ཞིག་ལ་བསྒྲེངས་ཐུབ༽ཅེས་པའི་ཐེ་ཚོམ་ཐད་འཕྲིན་ཡིག་བྲིས་ཏེ། ༼མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ༽ཅེས་གསུངས་ཤིང་། ༼གྲོང་གསེབ་ཀྱིས་གྲོང་ཁྱེར་བསྐོར་དགོས་པའི་བཞེད་དགོངས་བཏོན་ནས། དམར་དམག་ཤོག་ཁག་བཞི་བ་དང་། དམར་དམག་ཤོག་ཁག་བཅུ་གཉིས་པ། དམར་དམག་ཤོག་ཁག་དྲུག་པ་སོགས་ཧྥུའུ་ཅན་ཏེན་ཀྲིག་ནས་དག་སྒྲིག་བྱས་ཏེ། ཀྲུང་གོའི་བཟོ་ཞིང་དམར་དམག་ཤོག་ཁག་དང་པོ་གྲུབ་ཅིང་། ཀྲུའུ་ཏེས་སྤྱི་ཁྱབ་བཀོད་འདོམས་པ་དང་། མའོ་ཙེ་ཏུང་གིས་ཆབ་སྲིད་ཨུ་ཡོན་ཞལ་བཞེས་མཛད།
༥.དམར་དམག་རྒྱང་བསྐྱོད་བྱེད་སྐབས།
༡༩༣༠ལོའི་ཟླ༡༠བ་ནས་༡༩༣༡ལོའི་ཟླ༩བའི་བར་ལ་མའོ་ཙེ་ཏུང་དང་ཀྲུའུ་ཏེས་འགོ་ཁྲིད་མཛད་པའི་དམར་དམག་གིས་གོ་མིན་སྲིད་གཞུང་གི་ཁྱབ་རྒྱ་ཆེ་བའི་དམག་དོན་བསྐོར་བཅོམ་ཐེངས་གསུམ་ལ་ཕར་རྒོལ་བྱས་པ་མ་ཟད་རྒྱལ་ཁ་བླངས། ༡༩༣༢ལོའི་ཟླ༡༡པའི་ཚེས༡ནས་༥བར་ལ་ཅང་ཤིས་རོས་ཅིན་ནས་འཚོགས་པའི་ཀྲུང་དབྱང་སུའུ་ཁུལ་ཏང་རྩ་འཛུགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག ཞཱང་ཡིན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད་ཅིང་མའོ་ཙེ་ཏུང་ལ་དགག་པ་རྒྱབ་ནས། ༼ཆབ་སྲིད་གྲོས་ཆོད་གྲོས་གཞི༽ལ་གྲོས་འཆམ་བྱུང་བ་དང་། མའོ་ཙེ་ཏུང་གི་སུའུ་ཁུལ་ཀྲུང་དབྱང་ཅུའི་ཧྲུའུ་ཅི་ཚབ་མའི་གོ་གནས་མེད་པར་བྱས། ༡༩༣༡ལོར་གུང་ཁྲན་རྒྱལ་སྤྱིའི་མཛུབ་སྟོན་ལྟར་ཧྲང་ཧེར་ཡོད་པའི་ཀྲུང་གུང་ཀྲུང་དབྱང་གིས་ཆོད་དོན་གནང་སྟེ། ཅིན་ཀང་རི་བོ་ནས་ཀྲུང་ཧྭ་སུའུ་ཝེ་ཨེར་སྤྱི་མཐུན་རྒྱལ་ཁབ་བཙུགས། མའོ་ཙེ་ཏུང་ཀྲུང་ཧྭ་སུའུ་ཝེ་ཨེར་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་ཀྲུའུ་ཞིར་འདེམས། འདི་ནི་མའོ་ཙེ་ཏུང་ལ་ཐེངས་དང་པོར་མའོ་ཀྲུའུ་ཞི་ཞེས་འབོད་པ་དེ་ཡིན།
དམར་དམག་རྒྱང་བསྐྱོད་སྐབས་སུ་ཝང་མེན་འགོ་ཁྲིད་ཕྱོགས་ཁག་ཀྲུང་གུང་ཀྲུང་དབྱང་གི་གསར་བརྗེ་གནས་གཞིའི་ནང་དུ་ཞུགས་ནས། མའོ་ཙེ་ཏུང་ཀྲུང་གུང་དང་དམར་དམག་གི་འགོ་ཁྲིད་ལས་ཕྱིར་ཕུད་པ་མ་ཟད། བསྐོར་བཅོམ་སྔོན་མ་ཐེངས་བཞིའི་འཐབ་ཇུས་དང་སྲིད་ཇུས་མི་གཅིག་པ་ལག་ལེན་དུ་བསྟར་ནས། མཇུག་མཐར་ཀྲུང་ཧྭ་མེན་གོའི་དམག་གིས་བསྐོར་བཅོམ་ཐེངས་ལྔ་བ་བྱས་པ་ལས་ཕམ་ཁ་མྱང་བ་རེད། ༡༩༣༤ལོའི་ཟླ༡༠པའི་ཚེས༡༠ཉིན་ལ་བསྐོར་བཅོམ་ཐེངས་ལྔ་བ་ལས་ཕམ་ཁ་མྱང་རྗེས། ཀྲུང་གུང་ཀྲུང་དབྱང་དང་དམར་དམག་སྤྱི་ཁྱབ་པུའུ་ཡིས་རོས་ཅིན་ནས་དམར་དམག་གཙོ་ཤུགས་དང་ལས་ཁུངས་མི་སྣ་བརྒྱད་ཁྲི་དྲུག་སྟོང་ཁྲིད་དེ་ཞཱང་ཞིའི་ཕྱོགས་སུ་དཔུང་བསྐྱོད་བྱས་ཏེ། ཕྱིས་སུ་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱང་བསྐྱོད་ཀྱི་འཐབ་ཇུས་གནས་སྤོར་ཞེས་འབོད་པ་དེ་ཡིན་ལ་མའོ་ཙེ་ཏུང་གིས་ཀྲུང་དབྱང་སྲིད་གཞུང་གི་རྗེས་བསྙེགས་ནས་འགུལ་སྤྱོད་བྱས། ༡༩༣༥ལོའི་ཟླ༡པོའི་ཚེས་མགོར་ཀྲུང་དབྱང་དམར་དམག་ཝུའུ་ཅང་གཙང་པོར་བརྒལ་ཞིང་ཚེས༧ཉིན་ལ་ཙུང་དབྱིས་བླངས། ༡༩༣༥ལོའི་ཟླ༡པའི་ཚེས༡༥ཉིན་ནས་ཚེས༡༧ཉིན་བར་ལ་ཙུང་དབྱིས་གྲོས་ཚོགས་བསྡུས་ཤིང་། མའོ་ཙེ་ཏུང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། དམག་དོན་མི་གསུམ་ཚོགས་པའི་ཁུངས་མིར་འདེམས་ཐོན་བྱུང་ཞིང་། ཀྲིག་ཨེན་ལེ་དང་། ཝང་ཅཱ་ཞང་། མའོ་ཙེ་ཏུང་རྣམ་པ་གསུམ་པོས་དམག་དོན་མི་གསུམ་ཚོགས་པ་གྲུབ་ནས་ཀྲུང་གུང་གི་ཆེས་མཐོ་རིམ་ལ་ཞུགས། ༡༩༣༦ལོའི་ཟླ༡༢པའི་ཚེས༧ཉིན་ལ་གཅིག་གྱུར་གྱི་ཀྲུང་གུང་ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་པའོ་ཨན་རྫོང་ནས་བཙུགས་ཤིང་། མའོ་ཙེ་ཏུང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཕྱག་འགན་ལྷུར་བཞེས་གནང་བ་རེད།
༦.འཇར་པན་གྱིས་ཀྲུང་ཧྭར་བཙན་འཛུལ་བྱེད་སྐབས།
༡༩༣༧ལོའི་ཟླ༨པའི་ཚེས༢༠ཉིན་ལ་ལོའུ་ཁྲོན་ཚོགས་འདུའི་ཐོག་ཏུ་ཀྲང་བུན་ཐེན་གྱིས་སྙན་ཞུ་ཕུལ་བ་དང། མའོ་ཙེ་ཏུང་གིས་ཁོའི་བསམ་འཆར་ལ་རྒྱབ་སྐྱོར་བྱས་ཏེ། པ་ལོའུ་དམག་གི་སྟོབས་ཤུགས་རྒྱ་ཆེར་གཏོང་དགོས་པ་མ་ཟད་དགྲ་བོའི་རྒྱབ་ཕྱོགས་སུ་ཀྲུང་གུང་གིས་འགོ་ཁྲིད་བྱེད་པའི་འཇར་འགོག་ངེས་མེད་རྒོལ་རྡུང་གནས་གཞི་བཙུགས་པ་དང་། སྒེར་ཆོད་རང་བདག་གིས་ཁྱོན་ཡོངས་སུ་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ལྟར་བྱ་བཞག་སྒྲུབ། ནན་ཅིན་གོ་མིན་ཏང་ཕྱོགས་ཀྱི་བཀའ་ཡིག་ཅི་ཞིག་ཡིན་རུང་ཐོག་མར་ཡན་ཨན་ལ་ཞུས་ནས་ཐག་གཅོད་བྱེད་པར་སྒུག་དགོས། གལ་ཏེ་པ་ལོའུ་དམག་ལ་ཕན་པ་མེད་པ་ཞིག་ཡིན་ཕྱིན་ཁ་གཡར་ས་སྣ་ཚོགས་བཙལ་ནས་འགོར་འགྱངས་སུ་བཏང་པས། འཇར་འགོག་དམག་འཁྲུག་གི་དུས་མཇུག་ཏུ་ཏང་ལ་ངོ་ལོག་པའི་ཀྲང་ཀོ་ཐོས་བཤད་རྒྱུར། མའོ་ཙེ་ཏུང་གིས་བཏོན་པའི་པ་ལོའུ་དམག་གིས་དགྲ་བོའི་རྒྱབ་ཕྱོགས་སུ་ངེས་མེད་རྒོལ་རྡུང་རྒྱུན་འཁྱོངས་བྱེད་དགོས་པའི་བཞེད་དགོངས་ལ་ཕྱིར་དྲན་བྱས་ན། ལས་འགན་གཙོ་བོ་ནི་པ་ལོའུ་དམག་གི་སྟོབས་ཤུགས་རྒྱ་ཆེར་གཏོང་དགོས་པ་མ་ཟད་དགྲ་བོའི་རྒྱབ་ཕྱོགས་སུ་ཀྲུང་གུང་གིས་འགོ་ཁྲིད་བྱེད་པའི་འཇར་འགོག་ངེས་མེད་རྒོལ་རྡུང་གནས་གཞི་འཛུགས་དགོས་པ་དང་། མའོ་ཙེ་ཏུང་གིས་ཀྲུང་དབྱང་དང་པ་ལོའུ་དམག་གིས་ངེས་པར་དུ་སྒེར་ཆོད་རང་བདག་རྒྱུན་འཁྱོངས་བྱེད་དགོས་པ། པ་ལོའུ་དམག་གིས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ལྟར་བྱ་བཞག་སྒྲུབ་དགོས་པ་ནན་གྱིས་བསྟན་པ་དེ་རེད་ཟེར།
ལོའུ་ཁྲོན་ཚོགས་འདུའི་རྗེས་སུ༡༩༣༧ལོའི་ཟླ༩བར་པ་ལོའུ་དམག་ནང་ཁུལ་དུ་དམག་ཤུགས་ཕྱོགས་བསྡུས་བྱས་ནས་དམག་འཁྲུག་ཆེན་པོ་རྒྱག་དགོས་པ་དང་། དམག་འཁྲུག་བརྟན་པོ་རྒྱག་དགོས་པ། འགུལ་སྤྱོད་དམག་འཁྲུག་རྒྱག་དགོས་པ་པའི་བསམ་ཚུལ་ལ་དམིགས་ནས། མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐུ་ཚབ་བྱས་ཏེ༼སྒེར་ཆོད་རང་བདག་གི་རི་ཁུལ་ངེས་མེད་རྒོལ་རྡུང་དམག་འཁྲུག་གི་རྩ་དོན༽ཞེས་པའི་མཛུབ་སྟོན་གནང་སྟེ། པ་ལོའུ་དམག་གིས་སྒེར་ཆོད་རང་བདག་གི་ངང་ནས་རི་ཁུལ་ངེས་མེད་རྒོལ་རྡུང་དམག་འཁྲུག་རྒྱག་པའི་བླང་བྱ་བཏོན་ཞིང་། ལིན་པའོ་ཡི་ཁྲི་དཔུང༡༡༥པ་ཅིན་ཁྲ་ཅིས་རི་ཁུལ་དུ་སྣུར་བ་དང་། ཧུ་ལུང་གི་ཁྲི་དཔུང་༡༢༠པ་ཅིན་ནུབ་བྱང་གི་རི་ཁུལ་དུ་སྣུར་བ། ལིའུ་པའོ་ཁྲིན་གྱི་ཁྲི་དཔུང༡༢༠པ་སོགས་ལོའུ་ཡཱས་ཐང་གཞུང་དུ་དཔུང་བསྐྱོད་བྱས་ནས། གོ་མིན་ཏང་དམག་དཔུང་གིས་འགོག་སྲུང་བྱས་ཡོད་པའི་ས་ཁུལ་འདི་དག་ནས་གནས་གཞི་འཛུགས་དགོས་པ་དང་གོ་མིན་ཏང་ངན་རེངས་ཅན་ལ་ཕན་འབྲས་ལྡན་པའི་སྒོ་ནས་རྡུང་རྡེག་སྤྲོད་དགོས་ཞེས་གསུངས། ༡༩༤༠ལོར་ཞཱིན་སི་དམག་ལ་མཛུབ་སྟོན་གནང་སྟེ། ནུབ་ནས་ནན་ཅིན་དང་། ཤར་ནས་མཚོ་ཁ་བར། ལྷོ་ནས་ཧང་ཀྲིག་བར། བྱང་ནས་ཞིའུ་ཀྲིག་བར་ལ་ཐབས་བརྒྱ་ཇུས་སྟོང་གིས་གོ་རིམ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་ས་ཁུལ་འདི་དག་ང་རང་ཚོའི་ལག་ཏུ་ཚོད་འཛིན་བྱས་ཏེ། སྒེར་ཆོད་རང་བདག་གིས་དམག་དཔུང་རྒྱ་ཆེར་གཏོང་དགོས་པ་དང་སྲིད་དབང་འཛུགས་དགོས་ཞེས་གསུངས།
༡༩༤༡ལོའི་ཟླ༥བའི་ཚེས༡༩ཉིན་ལ་མའོ་ཙེ་ཏུང་གིས་ཡན་ཨན་ལས་བྱེད་པའི་གྲོས་ཚོགས་ཐོག་ཏུ༼ང་རང་ཚོའི་སློབ་སྦྱོང་ལ་ལེགས་བཅོས་བྱེད་དགོས༽ཞེས་པའི་སྙན་ཞུ་ཕུལ། ༡༩༤༢ལོའི་ཟླ༢པའི་ཚེས༡ཉིན་ལ་མའོ་ཙེ་ཏུང་གིས་ཡན་ཨན་དག་ཐེར་ལས་འགུལ་གྱི་མགོ་བརྩམས། ༡༩༤༢ལོའི་ཟླ༥པའི་ཚེས༢ཉིན་ལ་ཡན་ཨན་ཡཱང་ཅ་ལིན་ནས་འཚོགས་པའི་རིག་རྩལ་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་མའོ་ཙེ་ཏུང་གིས༼ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད༽ཞེས་བྱ་བ་འགྲེམ་སྤེལ་བྱས་ཏེ། རིག་རྩལ་གྱིས་མི་དམངས་མང་ཚོགས་དང་། ཐོག་མར་བཟོ་ཞིང་དམག་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས། གསུང་བཤད་འདི་ནི་གུང་ཁྲན་ཏང་གིས་རིག་རྩལ་གསར་གཏོད་ལ་སློབ་སྟོན་བྱེད་པའི་རྩ་འཛིན་དུ་གྱུར། ཟླ༥བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྲུང་དབྱང་སྤྱི་ཁྱབ་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཙུགས་ནས་དག་ཐེར་ལས་འགུལ་ལ་འགོ་ཁྲིད་མཛད། ཟླ༦པའི་ཚེས༨ཉིན་ལ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཡང༼ཏང་ཡོངས་སུ་སྤྱོད་གསུམ་དག་ཐེར་བྱེད་པའི་སློབ་སྦྱོང་ལས་འགུལ་སྤེལ་དགོས་བའི་སྐོར་གྱི་མཛུབ་སྟོན༽ཞེས་བྱ་བ་འགྲེམ་སྤེལ་བྱས། ཡན་ཨན་དག་ཐེར་ལས་འགུལ་བརྒྱུད་ནས་མའོ་ཙེ་ཏུང་གི་དགོངས་པ་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་བསམ་བློ་གལ་ཆེན་ཞིག་ཏུ་གྱུར་འདུག
༡༩༧༦ལོའི་སྔོན་ལ་མའོ་ཙེ་ཏུང་འཚོ་བཞུགས་སྐབས་སུ་ཕྱི་ཕྱོགས་སུ་ཀྲུང་ཧྭ་མིན་གོའི་དམག་དཔུང་གིས་འཇར་འགོག་དམག་འཁྲུག་ལ་ཕྱག་རྗེས་བཞག་པ་ཁྱོན་ཡོངས་སུ་ཁས་ལེན་མ་བྱས་པ་དང་། ༡༩༧༩ལོར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བར་དུ་ཅང་ཅེ་ཧྲིས་འཇར་འགོག་མ་བྱས་པའི་གཞུང་ལུགས་ད་གཟོད་ཇེ་ལྷོད་དུ་སོང་བ་རེད། མའོ་ཙེ་ཏུང་གིས་དམག་འཁྲུག་མཚམས་བྱས་རྗེས། འཇར་པན་ཕྱོགས་ཀྱི་འཐུས་ཚབ་པས་འཇར་པན་གྱིས་ཀྲུང་ཧྭར་བཙན་འཛུལ་བྱས་པར་དགོངས་དག་ཞུས་རུང་དང་ལེན་མ་བྱས།
༧.གོ་གུང་ནང་འཁྲུག་ཐེངས་གཉིས་པའི་དུས་སྐབས།
༡༩༤༥ལོའི་ཟླ༦པའི་ཚེས༡༩ཉིན་ལ་ཀྲུང་གུང་ཀྲུང་དབྱང་གིས་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོངས་གྲོས་ཚོགས་ཐེངས་དང་པོ་འཚོགས། མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་གལ་ཆེན་དངོས་སུ་ཕྱག་འགན་བཞེས་ཤིང་། ཚོགས་ཐོག་ཏུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས་ཐོན་བྱུང་བ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའི་ཀྲུའུ་ཞི་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་གཅིག་ལྕོགས་ཀྱིས་ཕྱག་འགན་ལྷུར་བཞེས་གནང་བ་རེད།
༩༤༥ལོའི་ཟླ༨པའི་ཚེས༩ཉིན་ལ་མའོ་ཙེ་ཏུང་གིས༼འཇར་པན་འདྲེ་དམག་ལ་མའཐ་མའི་དམག་འཁྲུག་ཐེངས་གཅིག་རྒྱག་དགོས༽ཞེས་བྱ་བ་གསལ་སྒྲགས་འགྲེམ་སྤེལ་བྱས། ༡༩༤༥ལོའི་ཟླ༨པའི་ཚེས༢༨ཉིན་ལ་མའོ་ཙེ་ཏུང་དང་། ཀྲིག་ཨེན་ལེ། ཝང་རོའུ་ཧྥས་སོགས་ཀྱིས་གོ་མིན་ཏང་གི་འཐུས་ཚབ་པ་ཀྲང་ཀྲི་ཀྲུང་། ཨ་རིའི་གཞུང་ཚབ་པ་ཧེ་ཨེར་ལིས་ཕེབས་རོགས་འོག་ཏུ། ཡན་ཨན་ནས་ཁྲུན་ཆེན་ལ་ཕེབས་ནས་ཅང་ཅེ་ཧྲི་དང་གྲོས་མོལ་བྱས་པས། ཟླ༡༠པའི་ཚེས༡༠ཉིན་ལ༼ཕྱོགས་གཉིས་ཀྱི་གྲོས་མོལ་ཆོད་ཡིག་བཅུ༽རེར་ལེགས་གྲུབ་བྱུང་། འོན་ཀྱང༡༩༤༦ལོའི་ཟླ༦པར་གོ་གུང་ཕྱོགས་གཉིས་ཀྱི་གྲོས་མོལ་མ་མཐུན་པ་དང་། ཕྱིས་སུ་ཕྱོགས་གཉིས་ཀྱིས་འཐབ་འཁྲུག་རྒྱག་ཞོར་དང་གྲོས་མོལ་བྱེད་ཞོར་ལས་གཞན་ཕན་ཚུན་ལ་སྐྱོན་འཛུགས་བྱས་ཏེ། ཕྱོགས་གཉིས་ཀྱི་གྲོས་མོལ་ཆོད་ཡིག་བཅུ་རེ་ཡང་མེད་པར་བྱས་ཤིང་། གོ་མིན་ཏང་གི་དྲག་དཔུང་གོ་མིན་གསར་བརྗེ་དམག་གིས་ཧུའུ་པེ་ཐང་གཞོངས་བཅིངས་འགྲོལ་ས་ཁུལ་ལ་དཔུང་འཇུག་བྱས་ནས། ཁྱོན་ཡོངས་སུ་ནང་འཁྲུག་དར་བ་རེད།
༡༩༤༨ལོའི་ཟླ༣པའི་ཚེས༢༣ཉིན་ལ་མའོ་ཙེ་ཏུང་དང་། ཀྲིག་ཨེན་ལེ། རིན་པཱས་ཧྲི་སོགས་ཀྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་ཧྲན་པེ་ཝུའུ་པོ་རྫོང་གི་ཁྲན་ཁུག་ན་ཡོད་པ་དེའི་སྣེ་དྲངས་ཏེ་ཤར་ཕྱོགས་སུ་རྨ་ཆུར་བརྒལ་ནས། ཅིན་ཁྲ་ཅིས་བཅིངས་འགྲོལ་ས་ཁུལ་དུ་བསྐྱོད། ༡༩༤༨ལོའི་ཟླ༡པ་ནས༡༩༤༩ལོའི་ལོ་སྟོད་དུ་མའོ་ཙེ་ཏུང་གིས་འགོ་ཁྲིད་འོག་ཏུ། མི་དམངས་བཅིངས་འགྲོལ་དམག་གིས་ལཱེའོ་ཧྲིན་གཡུལ་འབྱེད་དང་། ཧུའེ་ཧེ་གཡུལ་འབྱེད། ཕེན་ཅིན་དམག་གཡུལ་འབྱེད་སོགས་ཀྱི་ནང་དུ་གོ་མིན་ཏང་གི་དམག་དཔུང་ལས་རྣམ་པར་རྒྱལ་བ་དང་ནང་འཁྲུག་ལ་ཐག་ཆོད་རང་བཞིན་གྱི་རྒྱལ་ཁ་བླངས།
༡༩༤༩ལོའི་ཟླ༤པའི་ཚེས༢༠ཉིན་ལ་འབྲི་ཆུར་བརྒལ་བའི་དམག་འཐབ་དར་བ་དང་། ཟླ༦པའི་ཚེས༣༠ཉིན་ལ་མའོ་ཙེ་ཏུང་གིས༼མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པའི་སྐོར་གླེང་བ༽ཞེས་བའི་རྩོམ་ཡིག་སྤེལ། ༡༩༤༩ལོའི་ཟླ༩པའི་ཚེས༢༡ཉིན་ནས༣༠ཉིན་ལ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ། མའོ་ཙེ་ཏུང་གིས༼མིའི་རིགས་ཀྱི་སྤྱིའི་མི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་པའི་ཀྲུང་གོའི་མི་དམངས་དེ་རིང་ནས་བཟུང་སྟེ་ཡར་ལངས་བ་ཡིན༽ཞེས་ཁྱབ་བསྒྲགས་བྱས་ཤིང་། རྩ་ཁྲིམས་ཀྱི་དོན་སྙིང་ལྡན་པའི༼ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ལྷན་འབྲེལ་རྩ་འཛིན༽གཏན་འབེབས་བྱས་པ་མ་ཟད། ཁོང་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་འདེམས་ཐོན་བྱུང་བ་རེད།
༨.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ།
༡༩༤༩ལོའི་ཟླ༡༠པའི་ཚེས༡ཉིན་ལ་མའོ་ཙེ་ཏུང་གིས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐོག་ཏུ་ཀྲུང་ཧྭ་མི་དམངས་སྤྱ་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དངོས་སུ་དབུ་བརྙེས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས།
༡༩༤༩ལོའི་ཟླ༡༠པའི་ཚེས༡ཉིན་གྱི་ཕྱི་དྲོར། མའོ་ཙེ་ཏུང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་རྗེས་སུ་ཨུ་ཡོན་ཡོངས་རྫོགས་དང་ལྷན་ཅིག་ཏུ་གནམ་བདེ་སྒོ་མོ་ཆེའི་སྟེང་དུ་ཕེབས་ནས་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་མོར་ཞུགས། མཛད་སྒོའི་སྟེང་དུ་མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དངོས་སུ་དབུ་བརྙེས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས།
བྱང་གོ་རེ་ཡའི་དམག་འཁྲུག་དར་རྗེས་ཨ་རིས་ཀྲུང་གོའི་ཤར་བྱང་གི་ཏན་ཏུང་སོགས་ལ་མཁའ་རྒོལ་བྱས་ཤིང་། ༡༩༥༠ལོའི་ཟླ༡༠པའི་ཚེས༧ཉིན་ལ་ཨ་རིའི་དམག་དཔུང་ས་མཚམས་སོ་བརྒྱད་པ་ལས་བརྒལ་ནས། ཟླ༡༠པའི་ཚེས༡༩ཉིན་ལ་རྒྱལ་ས་ཕེན་རིང་བླངས་པ་མ་ཟད་ཀྲུང་གོ་དང་བྱང་གོ་རེ་ཡའི་རྒྱལ་མཚམས་ཡན་མཱ་ཡ་ལོ་གཙང་འགྲམ་དུ་དཔུང་བསྐྱོད་བྱས།
༡༩༥༠ལོའི་ཟླ༡༡པའི་ཚེས༢༥ཉིན་ལ་མའོ་ཙེ་ཏུང་གིས་ཕུན་ཏེ་ཧོས་ལ་རྒྱབ་རོགས་དམག་གི་སྤྱི་ཁྱབ་བཀའ་འཛིན་དུ་བསྐོས་ཤིང་། དཔུང་ཚོགས་བཅུ་གསུམ་པ་མངགས་ནས་ཀྲུང་གོའི་མི་དམངས་རྒྱབ་རོགས་དམག་གི་མིང་ཐོག་ནས་བྱང་གོ་རེ་ཡའི་དམག་འཁྲུག་ལ་ཞུགས། ༡༩༥༠ལོའི་ཟླ༡༡པའི་ཚེས༢༥ཉིན་ལ་རྒྱབ་རོགས་དམག་བྱང་གོ་རེ་ཡར་བསྐྱོད་ནས་དམག་འཁྲུག་ལ་ཞུགས། ཨར་འགོག་ཁྲོ་རོགས་དམག་འཁྲུག་དེ་ཀྲུང་གོ་དང་བྱང་གོ་རེ་ཡའི་ས་མཚམས་སོ་བརྒྱད་པ་ནས་མགོ་བརྩམས་ཏེ། ལོ་གསུམ་རིང་ལ་སྔ་གཞུག་ཏུ་རྒྱབ་རོགས་དམག་སུམ་འབུམ་བརྒྱད་ཁྲི་བྱང་གོ་རེ་ཡར་བསྐྱོད་ནས་དམག་འཁྲུག་ལ་ཞུགས་ཤིང་། རྒྱབ་རོགས་དམག་གིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་དམག་མི་ཁྲི༡༠༩ཚར་གཅོད་བྱས་ཤིང་། མའོ་ཙེ་ཏུང་གི་སྲས་ཆེ་བ་མའོ་ཨན་དབྱིན་སོགས་རྒྱབ་རོགས་དམག་མི་ཁྲི༡༤.༧བྱང་གོ་རེ་ཡའི་གཡུལ་སའི་ནང་དུ་ཚེ་སྲོག་ཤོར་བ་དང་། རྒྱབ་རོགས་དམག་མི་ཁྲི༢༢ལ་རྨས་ཕོག ༡༩༥༠ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཏུ་མའོ་ཙེ་ཏུང་ཀྲུང་ཧྭ་མི་དམངས་སྤྱ་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐོག་མར་འདེམས་ཐོན་བྱུང་བ་མ་ཟད། ༼ཀྲུང་ཧྭ་མི་དམངས་སྤྱ་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ལ་འགོ་འཛིན་གནང་ནས་གྲོས་འཆམ་བྱུང་བ་རེད།
༩.གསར་བརྗེ་ལོ་ལོག་པ་དང་ལོག་སྤྱོད་ཅན་གཡས་ཕྱོགས་པ་གཙང་བཤེར་བྱས་པ།
༡༩༥༦ལོར། མའོ་ཙེ་ཏུང་གིས༼འབྲེལ་བ་ཆེན་པོ་བཅུ་གླེང་བ༽ཞེས་པའི་སྙན་ཞུ་ལས། ཁོང་གིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་འབྲེལ་བ་ཆེན་པོ་བཅུ་དང་འགལ་བའི་སྐོར་གྱི་བསམ་ཕྱོགས་དྲིལ་བསྒྲགས་བྱས་པས། སྒོ་འབྱེད་བྱེད་པའི་ཐུགས་དགོངས་མངོན་པ་རེད། ཟླ༥བར་མའོ་ཙེ་ཏུང་གིས་རིག་རྩལ་ཕྱོགས་ནས་མེ་ཏོག་མཉམ་བཞད་དང་། གཞུང་ལུགས་ཕྱོགས་ནས་མཁས་བརྒྱ་མཉམ་གླེང་བྱེད་དགོས་པའི་བྱེད་ཕྱོགས་དངོས་སུ་བཏོན། ལོ་མཇུག་ཏུ་ཀྲུང་གོའི་དཔལ་འབྱོར་ལ་མཁོ་སྤྲོད་ཛ་དྲག་ཡིན་པའི་གནས་ཚུལ་བྱུང་ཞིང་། སྤྱི་ཚོགས་ཐོག་གི་འགལ་ཟླ་ཡང་བྱུང་མགོ་བརྩམས། རྒྱལ་ཡོངས་སུ་བཟོ་བ་ཁྲི་ཕྲག་གིས་ལས་མཚམས་བཞག་ཅིང་། སློབ་མ་ཁྲི་ཕྲག་གིས་སློབ་མཚམས་བཞག་ནས། སྲིད་གཞུང་གི་སྐྱོན་སྦྱོད་བསམ་འཆར་ལ་ཡང་འགྱུར་ལྡོག་བྱེད་མགོ་བརྩམས། ཀྲུང་གུང་ལས་བྱེད་པ་ཁ་ཤོས་ཀྱིས་ཀྱང་འགལ་ཟླ་འདི་དག་ཐག་གཅོད་བྱེད་པའི་ཐད་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་ཐག་གཅོད་བྱེད་ཐབས་སྤྱད་ནས་ལས་མཚམས་བཞག་ཅིང་། སློབ་མཚམས་བཞག་པ་སོགས་འགལ་བ་ཇེ་ཆེར་སོང་བས། མའོ་ཙེ་ཏུང་གིས་གནད་དོན་འདི་དག་ལ་གཙིགས་འཛིན་གནང་ནས། གནད་དོན་གྱི་འབྱུང་ཁུངས་ནི་དཔོན་ཉམས་རིང་ལུགས་རེད་ཅེས་གསུངས། ཟླ༩བར་ཀྲུང་གུང་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་སུ་མའོ་ཙེ་ཏུང་གིས་ཀྲུང་གོའི་གུང་ཁྲན་ཏང་ལ་དག་ཐེར་ཡང་བསྐྱར་བྱེད་མགོ་རྩོམ་པར་གྲོས་སྡུར་བྱས། ཁོང་གིས་ཀྲུང་གུང་ཏང་ཡོན་མང་ཤོས་ཞིག་ལ་བསམ་བློའི་ཐོག་གི་རང་སྣང་རིང་ལུགས་དང་། བྱ་བའི་ཐོག་གི་དཔོན་ཉམས་རིང་ལུགས། རྩ་འཛུགས་ཐོག་གི་ཕྱོགས་རེས་རིང་ལུགས་གནས་ཡོད་པས། ངེས་པར་དུ་ཏང་ནང་གི་བསམ་བློའི་སློབ་གསོའི་བྱེད་ཐབས་བཀོལ་ནས། ནོར་འཆུགས་ཚབ་ཆེན་འདི་དག་ངེས་པར་དུ་ཡོ་བསྲེང་བྱེད་དགོས་ཞེས་གསུངས། ཁོང་གིས་ཟླ༡༡པའི་ནང་ལ་ཀྲུང་གུང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏུ༼ངེས་པར་དུ་དོག་ཟོན་བྱེད་དགོས། དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་དར་མི་རུང་། མི་དམངས་ལ་ཁ་བྲལ་བའི་སྐུ་དྲག་རིམ་པ་གྲུབ་མི་རུང༽ཞེས་གསུངས་པ་མ་ཟད། མང་ཚོགས་ཀྱིས་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཁས་ལེན་བྱས། ༡༩༥༧ལོར་ཏང་ནང་གི་དག་ཐེར་གསར་བའི་མགོ་བརྩམས་ནས། མའོ་ཙེ་ཏུང་གིས་གསུངས་དོན། ཏང་ནང་གི་འགལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་ཚང་མར་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་བྱེད་ཐབས་བཀོལ་ནས་ཐག་གཅོད་བྱེད་དགོས་པ་ལས་དྲག་ཤུགས་བཀོལ་མི་རུང་ཞེས་གསུངས།
ཁོར་ཡུག་ཆུང་བའི་བསམ་བློ་བརྗེ་རེས་གང་མང་བྱས་རྗེས། ༡༩༥༧ལོའི་ཟླ༢པར་མའོ་ཙེ་ཏུང་གིས་ཆེས་མཐོ་བའི་རྒྱལ་སྲིད་ཚོགས་འདུ་ཐེངས་བཅུ་གཅིག་པའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཏང་ཕྱི་ནང་ཀུན་ལ་གསུང་བཤད་གནང་ནས་ཁོང་གིས་བསམ་པའི་ཁྱབ་ཁུངས་ནང་དུ་མི་དམངས་ནང་ཁུལ་ཀྱི་འགལ་བ་ཅི་ལྟར་ཐག་གཅོད་བྱེད་དགོས་པའི་བཞེད་དགོངས་དྲིལ་བསྒྲགས་བྱས། ཚོགས་ཐོག་ཞུགས་པའི་ཕྱོགས་སོ་སོའི་མི་སྣ༡༨༠༠ལྷག་ལ་ཤུགས་རྐྱེན་ཆེན་པོ་ཐེབ། གསུང་བཤད་འདིར་ཁ་སྣོན་ཅུང་ཙམ་བྱས་ནས༼མི་དམངས་ནང་ཁུལ་ཀྱི་འགལ་བ་ཐག་གཅོདགཡང་དག་པར་བྱེད་དགོས་པའི་སྐོར་གྱི་གནད་དོན༽ཞེས་བྱ་བ་བྲིས་ནས་བཀྲམས་པས། དམངས་གཙོའི་ཁག་གི་མི་དྲག་དང་ཤེས་ཡོན་ཅན་གྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབ། དོན་དངོས་སུ་ཀྲུང་གུང་དག་ཐེར་བྱེད་པའི་མགོ་བརྩམས་པས། ཏང་ཕྱིའི་མི་དྲག་ཚོས་མའོ་ཙེ་ཏུང་ལ་ལྷག་བསམ་འཁོལ་བའི་ལྟ་ཚུལ་ཡག་པོར་ཀྲུང་གུང་ཏང་ནང་ནས་སྡུར་ན་རྣམ་པ་མི་ལེགས་པ་གསལ་བོར་མཐོང་ཐུབ། ༼མི་དམངས་ཉིན་རེའི་ཚགས་པར༽སོགས་ཀྲུང་གུང་ལས་ཁུངས་གསར་འགྱུར་གྱིས་མའོ་ཙེ་ཏུང་གི་གསུང་བཤད་ལ་ཅི་ཡང་གླེང་བརྗོད་མ་བྱས་པས། མའོ་ཙེ་ཏུང་ཧ་ཅང་མི་དགའ་བར་གྱུར་འདུག
མའོ་ཙེ་ཏུང་གིས་སྔ་མོ་ནས་ཏང་ཡོངས་དག་ཐེར་བྱེད་རྒྱུར་སྐུལ་སློང་བྱས་ནས། ཟླ༤བའི་ཚེས༣༠ཉིན་ལ་དམངས་གཙོའི་ཏང་ཁག་གི་འགན་ཁུར་བ་རྣམ་པ་དང་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཁོ་ཚོར་ཧུར་ཐག་གིས་བསམ་འཆར་བཏོན་ནས་གུང་ཁྲན་ཏང་དག་ཐེར་བྱེད་དགོས་པའི་རེ་བ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གིས་དག་ཐེར་མཛུབ་སྟོན་གནང་ནས། དག་ཐེར་ལས་འགུལ་དངོས་སུ་མགོ་བརྩམས། ཚེས༡༥ཉིན་ལ་མའོ་ཙེ་ཏུང་གིས༼དོན་དག་ལ་འགྱུར་ལྡོག་བྱེད་བཞིན་ཡོད༽ཅེས་པའི་རྩོམ་ཡིག་བྲིས་ཏེ་ཏང་ནང་གི་མཐོ་རིམ་འགོ་ཁྲིད་པར་ཀློག་རེས་བསྐོར་ཞིང་། ཀྲུང་གུང་གིས་གནས་སྐབས་སུ་གཡས་ཕྱོགས་ལ་གསལ་འདེབས་བྱས་ཏེ། ཕྱིས་སུ་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་གསུངས་པ་འདི་ནི་མའོ་ཙེ་ཏུང་གིས་གཡས་ཕྱོགས་ལ་ངོ་རྒོལ་བྱེད་པའི་ཅོང་བརྡ་བཏང་བ་ཡིན། ཚེས༢༢ཉིན་ལ་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོའི་ཏང་ཁག་གི་བསམ་འཆར་ལ་ཉན། ཕྱིས་སུ་མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་གིས་གཡས་ཕྱོགས་ལ་ངོ་རྒོལ་བྱེད་པའི་ཕྱག་སྟོན་དངོས་སུ་བྲིས་ནས། ཡར་སྔོན་མི་དམངས་ནང་ཁུལ་གྱི་འགལ་བ་ལྟར་ཐག་གཅོད་བྱེད་དགོས་པའི་དག་ཐེར་ལས་འགུལ་དེ་གཡས་ཕྱོགས་ལ་ངོ་རྒོལ་བྱེད་པའི་དགྲར་འཛིན་འགུལ་སྤྱོད་དུ་བསྒྱུར་ཞིང་། མའོ་ཙེ་ཏུང་གིས་ཆེས་སྔ་མོར་གཡས་ཕྱོགས་པ༤༠༠༠ཡོད་པར་སེམས་ཀྱང་གཡས་ཕྱོགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཁྲོད་དུ་ཏིན་ཞའོ་ཕེན་དང་ཕིན་ཀྲིན་ཀྱིས་དངོས་སུ་ལག་བསྟར་བྱས་འོག་ཏུ་གཡས་ཕྱོགས་ལ་ངོ་རྒོལ་བྱེད་རྒྱ་ཆེར་བཏང་པས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་མཉམ་གླེང་གི་སྐབས་སུ་བསམ་འཆར་བཏོན་པའི་ཤེས་ཡོན་ཅན་ཁྲི༥༥ཡི་ནང་དུ་དང་ཏང་ཕྱིའི་མི་སྣ་འདུས་པར་གཡས་ཕྱོགས་པར་གྱུར་བ་རེད།
༩.མི་དམངས་ཀུང་ཧྲེའི་དུས་སྐབས།
༡༩༥༨ལོའི་ཟླ༥བར། མའོ་ཙེ་ཏུང་གི་བཞེད་དགོངས་འོག་ཏུ། སྟོབས་ཤུགས་གཅིག་སྒྲིམ་དང་། ཡང་རྩེ་ལྷུར་ལེན། མང་མགྱོགས་བཟང་བསྲི་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་ལམ་ཕྱོགས་ལ་དངོས་སུ་གྲོས་འཆམ་བྱུང་ཞིང་། མཆོང་སྐྱོད་ཆེན་པོ་དངོས་སུ་མགོ་ཚུགས་པ་མཚོན་ཡོད། ཀྲུང་གོའི་བཟོ་ལས་སོགས་དཔལ་འབྱོར་གནས་ཚུལ་ཛ་དྲག་ཆེ་བའི་སྐབས་སུ་ཀྲུང་གུང་གིས༡༩༥༨ལོའི་ཟླ༡༡པའི་ཀྲིན་ཀྲིག་ཚོགས་འདུ་འཚོགས་ཤིང་། ༡༩༥༩ལོའི་ཟླ༧བདུན་པའི་ལོའུ་ཧྲན་ཚོགས་འདུ་བསྡུས་ཤིང་། ཕིན་ཏེ་ཧོའེ་ཡིས་ལོའུ་ཧྲན་ནས་མའོ་ཙེ་ཏུང་ལ་འཕྲིན་ཡིག་ཕུལ་པས། མའོ་ཙེ་ཏུང་གིས་གཡོན་ལྷུང་ཡོ་བསྲིང་བྱེད་པའི་བཞེད་དགོངས་དེ་ཕུན་ཏེ་ཧོའི་ཏང་རྒོལ་ཚོགས་ཁག་ལ་དགག་པ་རྒྱག་པའི་ཕྱོགས་སུ་འགྱུར། ཚོགས་འདུ་གྲོལ་རྗེས་གཡས་ལྷུང་ལ་ངོ་རྒོལ་བྱེད་པའི་འགུལ་སྤྱོད་ཡང་བསྐྱར་དར་སྤེལ་བྱས་ཏེ། ཕུན་ཏེ་ཧོའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་ཕྱག་འགན་མེད་པར་བྱས་ནས། མའོ་ཙེ་ཏུང་གིས་ལིན་པའོ་ལ་ཀྲུང་དབྱང་དམག་ཨུའི་རྒྱུན་ལྡན་བྱ་བར་འགོ་འཛིན་བྱེད་པར་བཀོད་སྒྲིག་བྱས།
༡༩༥༨ལོའི་ཟླ༧པའི་ཚེས༣༡ཉིན་ལ་སུའུ་གུང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ཧེ་ལོ་ཞའོ་ཧྥུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱས། ཟླ༨པའི་ཚེས༤ཉིན་ལ་མའོ་ཙེ་ཏུང་གིས་ཀྲུང་ནན་ཧེའི་ཆུ་རྐྱལ་རྫིང་བུའི་གམ་དུ་ཁྲིས་གོས་མནབས་ནས་ནུབ་ལྭ་གྱོན་པའི་ཧེ་ལོ་ཞའོ་ཧྥུར་དགའ་བསུ་བྱས། ཕན་ཚུན་འཇལ་འཕྲལ་གནང་རྗེས་ཀྲུང་སུའུ་ཕྱོགས་གཉིས་ཀྱིས༼མའོ་ཙེ་ཏུང་དང་ཧེ་ལོ་ཞའོ་ཧྥུའུ་རྣམ་གཉིས་ཀྱིས་ཞལ་བརྡ་གནང་བའི་སྤྱི་བསྒྲགས༽སྤེལ་བ་རེད།
ཕྱིས་སུ་མའོ་ཙེ་ཏུང་དང་ཧེ་ལོ་ཞའོ་ཧྥུའུ་ཡི་གནད་དོན་གལ་ཆེན་གང་མང་ཞིག་གི་ཐོག་ནས་བསམ་ཚུལ་མ་གཅིག་པས། ཀྲུང་སུའུ་འབྲལ་བ་ངན་འགྱུར་དུ་སོང་ཞིང་། སུའུ་ལིན་གྱིས་ཀྲུང་གོར་རྒྱབ་རོགས་བྱེད་རྒྱུའི་མཚམས་བཞག་པས། མའོ་ཙེ་ཏུང་གིས་སུའུ་ལིན་གྱིས་ཕྱོགས་གང་ཅི་ཐད་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི་སྟོང་སེམས་བཅིངས་ཡོད་པ་དང་། སུའུ་ལིན་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནས་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་འགྱུར་བ་རེད་ཟེར།
ཟླ༨པའི་ཚེས༢༠ཉིན་ལ་མའོ་ཙེ་ཏུང་གིས་དངོས་སུ་བཀའ་བབས་ནས་ཅིན་མིན་མེ་སྒྱོག་འཐབ་འཁྲུག་ལག་ལེན་དུ་བསྟར་ཞིང་། ཅིན་མིན་རྫོང་དུ་བྲོས་ནས་དམག་སྒར་བརྒྱབ་ཡོད་པའི་གོ་མིན་ཏང་གི་སྲུང་དམག་ལ་མེ་སྒྱོག་འཕངས།
༡༩༦༢ལོར་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྐུལ་སློང་བྱས་ཤིང་། ༡༩༦༤ལོའི་བར་ལ་གཙང་བཤེར་བཞིའི་ལས་འགུལ་དར་སྤེལ་བྱས་པ་མ་ཟད། རིག་གནས་གསར་བརྗེ་ཆེན་པོའི་སྔོན་དཀྲོལ་རོལ་མོར་གྱུར་འདུག ༡༩༦༣ལོའི་ཟླ༣པར་རྒྱལ་སའི་གསར་འགྱུར་ཁག་གིས་མའོ་ཙེ་ཏུང་གིས༼བློ་མཐུན་ལོས་ཧྥུན་ལ་སློབ་སྦྱོང་བྱེད་དགོས༽ཞེས་པ་དང༼ལོས་ཧྥུན་དཔེ་བཟང་ལ་སློབ་སྦྱོང་བྱེད་དགོས༽ཞེས་ཕྱག་བྲིས་སྤེལ་ནས་ཀྲུང་གོའི་སྐམ་སའི་སྤྱོད་བཟང་རིག་གནས་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
༡༠. རིག་གནས་གསར་བརྗེ་ཆེན་པོ།
༡༩༦༥ལོའི་ཟླ༡༡པར། མའོ་ཙེ་ཏུང་དང་ལིན་པའོ་གཉིས་ཀྱིས་ལྷན་ཅིག་ཏུ་ལཱོ་རོས་ཆིན་ཕམ་པར་བརྒྱབ་ཅིང་། ཟླ༡༢པར་ཡཱོ་བུན་ཡོན་གྱིས༼ཧཱེ་རོས་དཔོན་མཚམས་བཞག་པ༽ཞེས་དགག་རྒྱག་རྩོམ་ཡིག་སྤེལ། རྩོམ་ཡིག་འདིར་མའོ་ཙེ་ཏུང་གིས་སྐུལ་ལྕགས་ཐོབ། འོན་ཀྱང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་བགག་འགོག་བྱས་པ་རེད།
༡༩༦༦ལོར། ཕུན་ཀྲིན་སོགས་ཀྱིས་དོན་དག་འདིར་དམིགས་ནས༼ཟླ་གཉིས་པའི་གནད་བསྡུས༽ཞེས་བྱ་བ་བྲིས་ཤིང་། མའོ་ཙེ་ཏུང་གིས་ཡིད་འཐད་མ་བརྒྱུད་པར་ཕུན་ཀྲིན་གྱིས་གནད་བསྡུས་འདི་ཏང་ཡོངས་ལ་བཀྲམས། ཟླ༢པའི་ཟླ་མཇུག་ཏུ་མའོ་ཙེ་ཏུང་དང་ལིན་པའོ་གཉིས་ཀྱིས་ཝུའུ་ཧན་དུ་གསང་བའི་ངང་ནས་ཧྲིན་དབྱང་དམག་ཁུལ་གྱི་དམག་དཔུང་སུམ་ཅུ་སོ་བརྒྱད་པ་པེ་ཅིན་དུ་གནས་སྤོར་བྱས་ཏེ། ཟླ༣པར་གློ་བུར་དུ་མི་དམངས་ཉིན་རེས་ཚགས་པར་དང་རྒྱང་བསྒྲགས་གློག་འཕྲིན་ཁང་སོགས་ལས་ཁུངས་གལ་ཆེན་ལ་ཚོད་འཛིན་བྱས་ཤིང་། ཟླ་དེར་ཅང་ཆིན་ཐེངས་དང་པོར་ཆབ་སྲིད་ཀྱི་དམིགས་སྒོར་བུད་ནས་གཏམ་བཤད་བྱས། ལོ་བཅུ་བདུན་རིང་གི་རིག་རྩལ་ལམ་ཕྱོགས་ནག་པོར་དགག་པ་བརྒྱབ། མའོ་ཙེ་ཏུང་གིས་དེའི་ཆེད་དུ༼བློ་མཐུན་ལིན་པའོ་ཡིས་བློ་མཐུན་ཅང་ཆིན་ལ་མངགས་བཅོལ་བྱས་ནས་དམག་དཔུང་རིག་རྩལ་བྱ་བའི་བཞུགས་མོལ་ཟིན་བྲིས་བཀོད་པ༽ཞེས་བྱ་བའི་ཁ་བྱང་ཕྱག་བྲིས་མཛད། དམག་དོན་ཐད་བཀོད་བསྒྲིགས་བྱས་རྗེས་མའོ་ཙེ་ཏུང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ཚོགས་འདུ་བསྡུས་ནས་ཟླ་གཉིས་པའི་གནད་བསྡུས་ལ་དགག་པ་ནན་མོ་བརྒྱབ་ཅིང་། ཕུན་ཏེ་ཧོས་དང་ལཱོ་རོས་ཆིན་སོགས་ཕམ་པར་བརྒྱབ། ཟླ༥བའི་ཚེས༡༦ཉིན་ལ་མའོ་ཙེ་ཏུང་གིས་ཧཱང་ཀྲིག་ནས་ཁཱང་ཧྲིན་སོགས་ལ་བཀོད་བསྒྲིགས་བྱས་ནས་པེ་ཅིན་དུ་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུ་བསྡུ་བར་བཅུག་ནས༼ལྔ་གཅིག་དྲུག་གི་བརྡ་སྦྱོར༽ལ་གྲོས་འཆམ་བྱུང་ཤིང་། རིག་གནས་གསར་བརྗེ་ཆེན་པོའི་ཡོལ་བ་ཡུན་གྱིས་ཕྱིས། ལོ་དེའི་དབྱར་ཁ་པེ་ཅིན་སློབ་མས་ལས་འགུལ་རྩ་འཛུགས་བྱེད་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིའུ་ཧྲོ་ཆིས་མའོ་ཙེ་ཏུང་ལ་དགོངས་པ་ཞུས་རྗེས་ལས་བྱེད་ཚན་ཆུང་བཙུགས་ནས་སྒྲིག་ལམ་ལ་སྲུང་སྐྱོང་བྱས། ཟླ༨པར་མའོ་ཙེ་ཏུང་ཕྱིར་པེ་ཅིན་ལ་ཕེབས་ནས་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས་ཏེ། ལིའུ་ཧྲོ་ཆི་ལ་དགག་པ་ནན་མོ་བརྒྱབ་པ་མ་ཟད། ༼བཀའ་འཛིན་ཁང་ལ་སྒྱོག་མདེལ་འཕེན་དགོས་དང་ངའི་ཡིག་ཆེན་གསར་འགྱུར་ཞིག༽ཞེས་བྱ་བ་ཕྱག་བྲིས་གནང་ནས། ཕྱིས་སུ་སྐོར་ཐེངས་གསར་བའི་རྒྱུན་ཨུ་འདེམས་བསྐོ་བྱས་ཤིང་། ལིན་པའོ་ཏང་ནང་གི་མི་སྣ་གྲགས་ཅན་ཨང་གཉིས་པར་གྱུར་བ་དང་ལིའུ་ཧྲོ་ཆི་ཨང་བརྒྱད་པར་ལྷུང་བ་རེད། ཀྲིག་ཨེན་ལེས་འདོན་སྤེལ་འོག་ཏུ་ལིན་པའོ་ནི་མའོ་ཙེ་ཏུང་གི་མཛའ་གཅིག་འཐབ་གྲོགས་དང་རྗེས་འཛིན་པའི་ཐོབ་ཐང་གསར་འགྱུར་ཁག་ཏུ་དར་བ་རེད། ཟླ༨པ་ནས་བཟུང་སྟེ་མའོ་ཙེ་ཏུང་གིས་དམར་སྲུང་དམག་ལ་ཐེངས་མང་པོ་འཇལ་འཕྲལ་གནང་ཞིང་། པེ་ཅིན་དང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་རྙོག་འཛིང་གི་གནས་སུ་ལྷུང་བ་དང་། ཟླ༡༢པར་པེ་ཅིན་ནས་ལིའུ་ཧྲོ་ཆི་ཕམ་པར་རྒྱག་དགོས་ཞེས་སྦྱར་ཡིག་མངོན་པར་བྱུང་བ་རེད། ༡༩༦༧ལོའི་ཟླ༡པར་མའོ་ཙེ་ཏུང་གིས་ལིའུ་ཧྲོ་ཆིར་མཇུག་མཐར་ཐེངས་གཅིག་ལ་འཇལ་འཕྲལ་གནང་བ་དང་། ཉིན་བཞིའི་རྗེས་སུ་ལིའུ་ཧྲོ་ཆི་ཚང་གི་ཁ་པར་སྐུལ་ལམ་བཅད་པ་རེད། ཟླ་དེའི་ནང་ལ་མའོ་ཙེ་ཏུང་གིས་ཡིད་འཐད་བྱུང་ནས་ཐཱོ་ཀྲིའུ་ཕམ་པར་བརྒྱབ་ཅིང་། ལོ་དེའི་དབྱར་ཚེས་མ་ཐག་ཏུ་མའོ་ཙེ་ཏུང་ལྷོ་ཕྱོགས་སུ་གཟིགས་ཞིབ་ཏུ་ཕེབས་པ་དང་། ལིའུ་ཧྲོ་ཆི་ལ་ཀྲུང་ནན་ཧེ་ནས་གཅར་རྡུང་དྲག་པོ་ཐེབས་ཞིང་། མའོ་ཙེ་ཏུང་ཝུའུ་ཧན་དུ་བཞུགས་སྐབས་སུ་དཔའ་དམག་འབུམ་དུ་གྲགས་པའི་མང་ཚོགས་རྩ་འཛུགས་ཀྱིས་བསྐོར་རྒོལ་ཐེབས་པས། ཀྲིག་ཨེན་ལེས་མགྱོགས་མྱུར་སྒོས་སྐྱོབ་ཐབས་འཐེན་པ་དང་། མའོ་ཙེ་ཏུང་བྲོས་མ་ཤོར་གྱིས་གནམ་གྲུར་བཞུགས་ནས་ཧྲང་ཧེར་འཕུར། ཕྱིས་སུ་དཔའ་དམག་འབུམ་དུ་གྲགས་པའི་མང་ཚོགས་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་ཁྲིན་ཙེ་ཏའོ་སྟེགས་བུ་ལས་ལྷུང་ནས་ཕམ་པར་བརྒྱབ་པ་རེད། ཟླ༨པར་མའོ་ཙེ་ཏུང་གིས་རིག་གསར་ཚན་ཆུང་གི་ཁུངས་མི་གཙོ་བོ་ཝང་ལིས་དང་། ཀོན་ཧྥུན། ཆིས་པུན་ཧྲུའུ་སོགས་ཕམ་པར་བརྒྱབ། ༡༩༦༧ལོའི་ལོ་སྨད་དུ་མའོ་ཙེ་ཏུང་གིས་རྒྱལ་ཡོངས་སུ་ན་གཞོན་ཤེས་ཡོན་ཅན་གྲོང་གསེབ་ཏུ་འགྲོ་དགོས་པའི་ལས་འགུལ་སྐུལ་སློང་བྱས། ༡༩༦༨ལོར་ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། མའོ་ཙེ་ཏུང་གིས་འགོ་འཛིན་འོག་ཏུ་གྲོས་ཚོགས་ཀྱིས་ལིའུ་ཧྲོ་ཆི་ཏང་ནང་ནས་ཕྱིར་ཕུད་པའི་ཆོད་དོན་སྤེལ་བ་རེད། ༡༩༦༩ལོར་ཀྲིན་པཱའོ་ཏའོ་གླིང་ཕྲན་ནས་ཀྲུང་སུའུ་ས་མཚམས་ཀྱི་འགལ་ཟླ་བྱུང་བ་རེད། ༡༩༦༩ལོའི་ཟླ༤བར་ཀྲུང་གུང་སྐབས་དགུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས་ཤིང་། མའོ་ཙེ་ཏུང་ལ་འདེམས་ཤོག་ཡོངས་སུ་ཐོབ་ནས་ཀྲུང་དབྱང་ཨུ་ཡོན་ལ་འདེམས་ཐོན་བྱུང་ཞིང་། སྐབས་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཏུ་འདེམས་ཤོག་ཡོངས་སུ་ཐོབ་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས་ཐོན་བྱུང་བ་རེད། ༡༩༧༠ལོའི་ཟླ༨པར་སྐབས་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལོའུ་ཧྲན་ནས་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲང་ཁྲོན་ཆའོ་ལ་དགག་པ་བརྒྱབ་ཅིང་། མའོ་ཙེ་ཏུང་གིས༼ངའི་བསམ་འཆར་ཅུང་ཙམ༽ཞེས་བྱ་བ་ཕྱག་བྲིས་གནང་སྟེ། རླབས་རྒྱུན་ལྡོག་པའི་སྙིང་སྟོབས་ཀྱིས་ཚོགས་འདུའི་ཁ་ཕྱོགས་བསྒྱུར་ནས་ཁྲིན་པའོ་ཏཱ་ལ་དགག་པ་བརྒྱབ་པས། ཐེངས་འདིའི་གྲོས་ཚོགས་ནི་མའོ་ཙེ་ཏུང་དང་ལིན་པའོ་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་བྱུང་མགོ་ཚུགས། ༡༩༧༡ལོའི་ཟླ༨པར་མའོ་ཙེ་ཏུང་གསང་བའི་ངང་ནས་ལྷོ་ཕྱོགས་སུ་གཟིགས་ཞིབ་ཏུ་ཕེབས་པ་དང་། ལམ་བར་ནས་བསྟུད་མར་གསལ་འདེབས་བཏང་ཞིང་ཐེངས་བཅུ་བའི་ལམ་ཕྱོགས་འཐབ་རྩོད་དྲིལ་བསྒྲགས་བྱས་ནས། ལིན་པའོ་སྲིད་སྟེགས་ལས་ལྷུང་བར་གླེང་གཞིའི་གྲ་སྒྲིག་བྱས། འཕྲིན་གསར་དེ་སྐད་ཅིག་དེ་ཉིད་ཀྱིས་ལིན་པའོ་ཡི་ཕྱོགས་སུ་འབྱོར་བས། ལིན་ལིས་གོ་ཡིས་དམག་གྲུ་ཆུང་བའི་རུ་ཁག་བཀོལ་ནས་མའོ་ཙེ་ཏུང་ལྐོག་ཏུ་བཀྲོངས་པའི་ངན་སེམས་བཅིངས་ཀྱང་བསམ་ཐོག་ཏུ་མ་ཡོང་བ་རེད། ཟླ༩བའི༡༢ཉིན་མའོ་ཙེ་ཏུང་གློ་བུར་དུ་པེ་ཅིན་ལ་ཕེབས་པས། ལིན་པའོ་སོགས་མཚན་མོར་གནམ་གྲུར་བརྡད་ནས་བྲོས་པ་སྟེ། ལིན་པའོ་དོན་རྐྱེན་བྱུང་བ་རེད། ལིན་པའོ་དོན་རྐྱེན་བྱུང་རྗེས་མའོ་ཙེ་ཏུང་གི་སྐུ་ལུས་བདེ་ཐང་མྱུར་བ་མྱུར་དུ་ཇེ་སྡུག་ཏུ་སོང་ཞིང་། ༡༩༧༢ལོའི་ཟླ༡པར་མའོ་ཙེ་ཏུང་གི་དྲན་པ་ཐོར་བ་རེད། ༡༩༧༢ལོའི་ཟླ༢པའི་ཚེས༢༡ཉིན་གྱི་ཕྱི་དྲོར་མའོ་ཙེ་ཏུང་དང་འཚམས་འདྲིར་ཡོང་བའི་ཨ་རིའི་ཙུང་ཐུང་ཉེ་ཁེ་སུན་ལ་འའཇལ་འཕྲལ་གླེང་མོལ་མཛད། ༡༩༧༣ལོར་ཀྲུང་གུང་སྐབས་བཅུ་བའི་རྒྱལ་ཡོངས་འཐུས་མོ་ཚོགས་ཆེན་འཚོགས་ནས། མའོ་ཙེ་ཏུང་གིས་བང་ཧོང་བུན་རྗེས་འཛིན་པར་བཀོལ་སྤྱོད་བྱས་ཀྱང་མ་འགྱངས་པར་རེ་བ་སྟོང་ཟད་དུ་གྱུར། ཕྱིས་སུ་མའོ་ཙེ་ཏུང་གིས་ཏིན་ཞའོ་ཕེན་ལ་གཙིགས་འཛིན་མཛད་པ་རེད། ༡༩༧༤ལོར་མའོ་ཙེ་ཏུང་གིས་ལིན་པའོ་དང་ཁུན་ཙེར་དགག་པ་རྒྱག་པའི་ལས་འགུལ་སྐུལ་སློང་བྱས་ནས། ལིན་པའོ་དང་ཁུན་ཙེ་གཉིས་ལྷན་ཅིག་ཏུ་བཞག་ནས་དགག་པ་བརྒྱབ། ལོ་དེར་མའོ་ཙེ་ཏུང་གིས་ཨེ་ཅིའི་ཙུང་ཐུང་ཧྲ་ཧྥས་ལ་འཇལ་འཕྲལ་གནང་སྐབས་གསུང་དོན། ༼ཆིན་ཧྲི་ཧུང་ནི་ཀྲུང་གོའི་བཀོས་བཀོད་རྒྱུན་འཛིན་སྤྱི་ཚོགས་ཀྱི་མིང་གྲགས་ཅན་གྱི་གོང་མ་ཨང་དང་པོ་རེད། ང་ཡང་ཆིན་ཧྲི་ཧུང་ཡིན། ལིན་པའོ་ཡིས་ང་ལ་ཆིན་ཧྲི་ཧུང་ཞེས་སྡུག་མོལ་བྱས། ཀྲུང་གོར་མཚོན་ན་ལོ་རྒྱུས་ཐོག་ཏུ་ཕྱོགས་ཁག་གཉིས་ཡོད། ཕྱོགས་ཁག་གཅིག་གིས་ཆིན་ཧྲི་ཧུང་ལ་བཟང་བསྟོད་བྱེད་བཞིན་འདུག ཕྱོགས་ཁག་གཅིག་གིས་ཆིན་ཧྲི་ཧུང་ལྟས་ངན་རེད་ཅེས་ཟེར། ངས་ཆིན་ཧྲི་ཧུང་ལ་བསྟོད་བསྔགས་བྱེད་པ་ལས། ཁུན་ཧྥུ་ཙེ་ལ་བསྟོད་བསྔགས་བྱེད་པ་མ་རེད། དེའི་རྒྱུ་རྐྱེན་ནི་ཆིན་ཧྲི་ཧུང་གིས་ཐེངས་དང་པོར་ཀྲུང་གོ་གཅིག་གྱུར་བྱས་ཤིང་། ཡིག་གེ་གཅིག་གྱུར་བྱས་པ་དང་། རྒྱལ་ཁབ་ནང་གི་རྒྱལ་ཁབ་མེད་པར་བྱས་ནས་དབང་ཆ་གཅིག་སྡུད་ལམ་ལུགས་བཙུགས་པ་རེད༽ཅེས་གསུངས། ཟླ༡༡པར་མའོ་ཙེ་ཏུང་གིས་ཁྲང་ཧྲཱ་ནས་བང་ཧོང་བུན་ལ་སྐྱོན་བརྗོད་བྱས་ནས། ཏིན་ཞའོ་ཕེན་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ཕྱག་ལས་མཛད་པར་ཕེབས་དགོས་པའི་ཐུགས་ཐག་བཅད་པ་རེད།
༡༩༧༥ལོར་མའོ་ཙེ་ཏུང་གིས་སུན་ཅང་ལ་དགག་པ་རྒྱག་པའི་ལས་འགུལ་སྤེལ་ནས། ཟླ༡༡པར་ཏིན་ཞའོ་ཕེན་ལ་དགག་པ་བརྒྱབ་ནས་གཡས་ལྷུང་ཁྲ་ལོག་རྒྱག་པའི་རླུང་ཡན་ཞེས་བྱ་བ་ལ་རྒོལ་ལན་སྤྲད། ༡༩༧༦ལོའི་ཟླ༡པར་ཀྲིག་ཨེན་ལེ་སྐུ་གཤེགས། ཟླ༤བར་པེ་ཅིན་མང་ཚོགས་ཀྱིས་གནམ་བདེ་སྒོ་ཆེའི་ཐང་ཆེན་དུ་རང་འགུལ་གྱིས་འདུ་འཚོགས་བརྒྱབ་ནས་ཡའོ་བུན་ཡོན་གྱིས་ཀྲིག་ཨེན་ལེར་ཚིག་མཚོན་བཏབས་པའི་དོན་རྐྱེན་ལ་ངོ་རྒོལ་བྱས་པ་དང་། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་ཉེ་འདབས་སུ་ཀྲིག་ཨེན་ལེར་རྗེས་དྲན་བྱེད་པའི་མེ་ཏོག་ཕྲེང་བ་དང་སྙན་ངག་གི་་སྐྱོ་དར་འབོར་ཆེན་ཕུལ་པས། སྐུ་སྙུང་བཞེས་བཞིན་པའི་མའོ་ཙེ་ཏུང་གིས་ཏིན་ཞའོ་ཕེན་གྱིས་ངན་སྐུལ་བྱས་པ་ཡིན་དགོངས་ནས། དེའི་ངོ་བོ་ནི་བཞི་ལྔའི་གསར་བརྗེ་ལོ་ལོག་དོན་རྐྱེན་ཡིན་ཟེར་ཞིང་། ཏིན་ཞའོ་ཕེན་ལ་ཏང་ཕྱི་ནང་གི་དབང་ཆ་ཡོངས་རྫོགས་མེད་པར་བཟོས། དོན་དངོས་ཐོག་ཧྭ་གོ་ཧྥུན་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ལ་ཐུགས་ཐག་བཅད་པ་རེད།
༡༡.བཀྲ་མ་ཤིས་པར་སྐུ་མྱ་ངན་ལས་འདས་པ།
ལིན་པའོ་དོན་རྐྱེན་བྱུང་རྗེས་མའོ་ཙེ་ཏུང་གི་སྐུ་ལུས་བདེ་ཐང་མྱུར་བ་མྱུར་དུ་ཇེ་སྡུག་ཏུ་སོང་ཞིང་། ༡༩༧༢ལོའི་ཟླ༡པར་མའོ་ཙེ་ཏུང་གི་དྲན་པ་ཐོར་བ་རེད། དེའི་ཕྱིས་སུ་ལིང་ཏོག་གིས་སྤྱན་ཟུང་ནུས་པ་ཤོར་ཞིང་། ༡༩༧༥ལོའི་བར་དུ་གཤེགས་བཅོས་བྱས་རྗེས་སླར་གསོ་ཅུང་ཙམ་བྱུང་ཡོད་མོད། འོན་ཀྱང་མའོ་ཙེ་ཏུང་སྐུ་སྙུང་ཅི་ཞིག་གི་དབང་གིས་སྐུ་མྱ་ངན་ལས་འདས་པ་ནི་ད་ལྟའི་བར་དུ་དཔོན་ཕྱོགས་ནས་གསལ་བསྒྲགས་བྱས་མ་མྱོང་བ་རེད།
༡༩༧༦ལོའི་ཟླ༩པའི་ཚེས༩ཉིན་ལ་སྐབས་དེར་ཕྱག་བཞེས་གནང་ཡོད་པའི་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷང་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷང་ཁང་གི་མཚན་འཛིན་ཀྲུའུ་ཞི་མའོ་ཙེ་ཏུང་པེ་ཅིན་ནས་སྙུང་གཞིས་དབང་གིས་སྐུ་མྱ་ངན་ལས་འདས་ཤིང་། དགུང་གྲངས༨༣ཡིན། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་གློག་འཕྲིན་ལས་ཁུངས་ནས་ཉིན་དེའི་ཕྱི་དྲོ་དུས་ཚོད་བཞིའི་སྟེང་དུ་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་གསལ་བརྡ་བཏང་ནས་འཕྲིན་གསར་འདི་ཁྱབ་བསྒྲགས་བྱས། མའོ་ཙེ་ཏུང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཀྲིག་ཨེན་ལེ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷང་ཁང་གི་ཨུ་ཡོན་ཀྲང་ཀྲུའུ་ཏེ་གཉིས་ཀྱི་རྗེས་སུ་སྐུ་མྱ་ངན་ལས་འདས་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གལ་ཆེན་ཡིན། ཟླ༩བའི་ཚེས༡༨ཉིན་ལ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཆེས་མཐོ་བའི་མཛད་སྒོ་བསྡུས་ཏེ། རླབས་ཆེ་བའི་གཙོ་འཛིན་དང་དེད་དཔོན་མའོ་ཙེ་ཏུང་ཀྲུའུ་ཞི་ལ་མྱ་ངན་བྱེད་པའི་ཚོགས་ཆེན་འཚོགས། ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་བང་ཧོང་བུན་གྱིས་ཚོགས་ཆེན་ལ་འགོ་འཛིན་མཛད་ཅིང་། ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཧྭ་གོ་ཧྥུན་གྱིས་མྱ་ངན་ཞུ་ཚིག་ཕུལ། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དུས་མཚུངས་སུ་འབྲེལ་ཡོད་མྱ་ངན་བྱ་འགུལ་སྤེལ་བ་རེད།
༡༩༧༦ལོའི་ཟླ༩བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་གྲོས་ཚོགས་བསྡུས་ཏེ་མའོ་ཙེ་ཏུང་གི་སྐུ་གདུང་ཡུན་རིང་བཞུགས་གནས་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དཀྱིལ་དུ་མའོ་ཀྲུའུ་ཞིའི་རྗེས་དྲན་ཚོམ་ཁང་ཆེན་མོ་འཛུགས་སྐྲུན་བྱེད་པ། ཚོམ་ཁང་ཆེན་མོ་འདི་མ་འགྲུབ་སྔོན་ལ་སྐུ་གདུང་མི་དམངས་ཚོགས་ཁང་ཆེན་མོ་ནས་གནས་སྐབས་སུ་བཞུགས་རྒྱུའི་ཆོད་དོན་གནང་བ་རེད། མའོ་ཙེ་ཏུང་གི་སྐུ་གདུང་ལ་རུལ་འགོག་བྱེད་ཐབས་བཀོལ་ནས༡༩༧༧ལོའི་ཟླ༩བར་རྗེས་དྲན་ཚོམ་ཁང་ཆེན་མོར་སྤྱན་དྲངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་པའི་རྗེས་སུ་ཏིན་ཞའོ་ཕེན་གྱིས་མའོ་ཙེ་ཏུང་གི་སྐུ་གདུང་ཡུན་རིང་བཞུགས་པར་འགྱུར་བ་མེད་པ་ཡང་བསྐྱར་གསལ་བསྒྲགས་བྱས་ཤིང་། མིག་སྔར་མའོ་ཙེ་ཏུང་གི་སྐུ་གདུང་སྔར་བཞིན་སྲུང་སྐྱོབ་བྱས་ནས་བཞུགས་ཡོད།
གཉིས་པ། སྐུ་ཚེ་གང་པོར་ཕྱོགས་སྡོམ་བྱས་པ།
༡.རང་གིས་རང་ལ་སྡོམ་ཚིག་གནང་ནས་མི་ཚེ་གང་པོར་དོན་གཉིས་འགྲུབ་ཡོད་ཞེས་གསུངས་པ་སྟེ། ཅང་ཅེ་ཧྲི་དང་འཇར་པན་བ་ཕ་རོལ་དུ་བསྐྲད་པ་དེ་ཡིན།
༡༩༧༦ལོའི་ཟླ༦པར་མའོ་ཙེ་ཏུང་གློ་བུར་དུ་སྙིང་གི་ཤ་གནད་འཁག་ནས་ཙུང་ཙམ་མིན་ན་མར་ཁེ་སི་མཐོང་ཐུབ་པར་བྱུང་བས། ཁོང་རང་གིས་ཀྱང་ཉིན་མོ་མང་པོ་མི་འདུག་པ་དགོངས་ནས། ༡༩༧༦ལོའི་ཟླ༦པའི་ཚེས༡༥ཉིན་ལ་ཧྭ་གོ་ཧྥུན་དང་། བང་ཧོང་བུན། ཀྲང་ཁྲོན་ཆོ། ཅང་ཆིན། ཡའོ་བུན་ཡོན། བང་ཧེ་རོང་སོགས་ཁོང་གི་སྐུ་མདུན་དུ་བོས་ནས་ཞལ་ཆིམས་རང་བཞིན་གྱི་ཞལ་བརྡ་གནང་ཞིང་། ཁོང་གིས་ཀྲུང་གོ་ལ་གདུང་སྒམ་ཁ་ལེབ་འགེབ་པའི་སྡོམ་ཚིག་ཅེས་པའི་གཏམ་དཔེ་ཞིག་ཡོད་པས། ང་རང་ད་དུང་གདུང་སྒམ་ཁ་ལེབ་མ་བཀབ་ཀྱང་མགྱོགས་ངེས་ཡིན་ལ་སྡོམ་ཚིག་ཡོད་ཆོག་པར་འདུག ངའི་མི་ཚེ་གང་པོར་དོན་གཉིས་འགྲུབ་ཡོད་ཞེས་གསུངས་པ་སྟེ། ཅང་ཅེ་ཧྲི་དང་ལོ་ངོ་བཅུ་ཕྲག་འགར་འཐབ་རྩོད་བྱས་ནས་ཁོ་རང་ཐེ་ཝན་གླིང་ཕྲན་དུ་ཕར་བསྐྲད་པ་ཡིན་ཞིང་། འཇར་འགོག་དམག་འཁྲུག་ལོ་ངོ་བརྒྱད་ལ་བརྒྱབ་ནས་འཇར་པན་བ་རང་ཡུལ་དུ་བསྐྱལ་བ་ཡིན། དོན་དག་གཞན་ཞིག་ནི་ཚང་མས་ཤེས་གསལ་ལྟར་རིག་གནས་གསར་བརྗེ་ཆེན་པོ་ཡིན། དོན་དག་འདི་ལ་གོང་བཀུར་བྱེད་མཁན་ཉུང་ལ་ངོ་རྒོལ་བྱེད་མཁན་མང་བས། དོན་དག་འདི་གཉིས་མཇུག་རྫོགས་མེད་པས། ཤུལ་བཞག་རྒྱུ་ནོར་འདི་ཁྱོད་ཚོ་མི་རབས་རྗེས་མར་སྤྲོད་དགོས་པ་ཡིན། ཅི་ལྟར་སྤྲོད་དགོས་ཞེ་ན་ཞི་བདེའི་ངང་ནས་སྤྲོད་མ་ཐུབ་ན་གཡོ་འགུལ་ཁྲོད་དུ་སྤྲོད་དགོས་པས། སེམས་ཆུང་མ་བྱས་ན་ཆར་དྲག་རླུང་འཚུབ་བརྒྱུད་དགོས་པར་སེམས། ཁྱོད་ཚོས་ཅི་ལྟར་བྱེད་རྒྱུ་ནི་གནམ་རྒན་མས་མ་གཏོག་ཤེས་སྲིད་པ་མ་རེད་ཅེས་གསུངས།
མའོ་ཙེ་ཏུང་གི་ཞལ་གསུང་འདི་ལས་ཁོང་གི་རྙོག་འཛིང་ཆེ་བའི་སེམས་ཤུགས་མཚོན་ཡོད་ཀྱང་ཁོང་གིས་རིག་གནས་གསར་བརྗེ་ཆེན་པོ་ནི་མི་ཚེ་གང་པོར་དོན་ཆེན་གཉིས་མཛད་པའི་ནང་གི་གཅིག་ཡིན་པ་གསལ་བོར་མཚོན་ཞིང་། རིག་གནས་གསར་བརྗེ་ཆེན་པོ་ཁས་ལེན་མ་བཡས་ན་མི་ཆོག་པའི་བཞེད་དགོངས་མཚོན་ནོ།
༢.ཉེ་ཁེ་སུན་གྱིས་ཕྱིར་དྲན་ཟིན་བྲིས་ལས་ཟིན་ཐོ་བཀོད་པ།
ཨ་རིའི་ཙུང་ཐུང་ཉེ་ཁེ་སུན་གྱི་ཕྱིར་དྲན་ཟིན་བྲིས་ལས། ༡༩༧༦ལོར་ངས་ཡང་བསྐྱར་ཀྲུང་གོར་འཚམས་འདྲི་བྱེད་སྐབས་མའོ་ཙེ་ཏུང་གི་བདེ་ཐང་ཧ་ཅང་ཚབ་ཆེན་དུ་གྱུར་ཡོད། ཁོང་གི་སྐད་མགོ་དམའ་ཞིང་གསུང་ཚིག་ཀྱང་མི་གསལ་བར་གྱུར་འདུག འོན་ཀྱང་ཁོང་གི་དགོངས་པ་ནི་སྔར་བཞིན་གསལ་ཞིང་གཏིང་ཟབ་པ་དང་། ངས་བཤད་པའི་སྐད་ཆ་འང་ཁོ་གིས་ཚང་མ་ཉན་ཤེས་ནའང་ཁོང་གིས་ལན་འདེབས་གནང་དུས་སྐད་ཆ་བཤད་མི་ཐུབ་པ་རེད། ཁོང་གིས་སེམས་ལ་ལོ་ཙཱ་བས་ཁོང་གི་སྐད་ཆའི་ཧ་མི་གོ་སྙམ་ནས་སུན་སྣང་མེད་པར་འབྲི་དེབ་བླངས་ནས་ཁོང་གི་བརྗོད་བྱ་འབྲི་བཞིན་ཡོད། གནས་ཚུལ་འདི་དག་མཐོང་ནས་ངའི་སེམས་ནས་ཧ་ཅང་བཟོད་ཐབས་མེད་པར་གྱུར། མི་གཞན་གྱིས་ཁོང་ལ་ལྟ་ཚུལ་ཅི་འདྲ་བཟུང་རུང་ཁོང་གིས་མཇུག་མཐའི་དབུགས་ཐེངས་གཅིག་གི་བར་ལ་འཐབ་འཛིང་བྱས་ཟིན་པ་སུས་ཀྱང་ཁས་ལེན་མ་བྱས་ན་མི་ཆོག་ཅེས་ཟེར། ང་ཚོས་ཞལ་བརྡ་གནང་ནས་མཇུག་རྫོགས་རྗེས་ཁོང་གི་དྲུང་ཡིག་གིས་ཁོང་བཞུགས་སྟེགས་ཐོག་ནས་སྐྱོར་ཏེ་ང་ཚོ་དང་ལྷན་ཅིག་ཏུ་རྒྱ་སྒོའི་ཕྱོགས་སུ་སོང་། འོན་ཀྱང་བརྙན་འཕྲིན་གྱི་གློག་འོད་ང་ཚོར་དམིགས་ནས་ངེད་གཉིས་ཀྱིས་མཇུག་མཐའི་ཕྱག་ཟུང་འཇུ་བའི་སྙན་པར་ཕབ་ལེན་བྱེད་སྐབས། མའོ་ཙེ་ཏུང་གིས་ཁོང་གི་ཞབས་ཞུ་བ་ཕར་དེད་ནས་གཅིག་པུ་སྒོ་ཁར་བཞེངས་ནས་ང་ལ་སྐྱེད་གནང་བ་རེད་ཞེས་ཟེར།
གསུམ་པ། མི་སྣའི་ཁྱམ་ཚང་གི་སྐོར།
༡.ཡབ་མེས་ཀྱི་སྐོར།
མའོ་ཙེ་ཏུང་གི་ཡབ་ཆེན་མིང་ལ་མའོ་ཐེ་ཁྲང་ཟེར་ཞིང་། སྐུ་ན་ཕྲ་དུས་ཀྱི་མའོ་ཙེ་ཏུང་ལ་མ་ཡུམ་བུན་སོ་ཆིན་གྱི་ཤུགས་རྐྱེན་ཧ་ཅང་ཟབ་མོ་ཡིན། མའོ་ཙེ་ཏུང་ནི་ཁྱིམ་ཚང་ནང་གི་བུ་ཆེ་བ་ཡིན་ནའང་ཁོང་གི་སྔོན་ལ་མ་ཡུམ་གྱིས་བྱིས་པ་གཉིས་ལུས་ཤོར་བྱུང་བས། མའོ་ཙེ་ཏུང་སྐུ་ན་ཕྲ་དུས་སུ་མ་ཡུམ་གྱིས་ཁྲིད་ནས་རྒྱབ་རིའི་ཆུ་ཐིག་བྲག་ཁུང་གི་བྲག་རྡོར་བུ་སྐལ་བཅོལ་བ་དང་ས་དེའི་ཡུལ་སྲོལ་ལྟར་བྱིས་མིང་ལ་ཧྲཱི་སན་ཡཱ་ཙི་ཞེས་ཟེར།
༢.བཟའ་ཟླའི་སྐོར།
མའོ་ཙེ་ཏུང་ལ་སྔ་གཞུག་ཏུ་ལྕམ་མོ་བཞི་ཡོད་ཅིང་། ལཱོ་ཡུས་ཞུག་ནི་༡༩༠༧ལོར་ཕ་མས་སྒེར་ཆོད་ཀྱིས་གཉེན་སྒྲིག་བྱས་ཀྱང་མའོ་ཙེ་ཏུང་རང་གིས་གཉེན་དོན་འདི་ཁས་ལེན་བྱས་མེད་པ་དང་། ཁོང་ལཱོ་ཡུས་ཞུག་དང་མཉམ་དུ་འདུག་མ་མྱོང་བས། མའོ་ཐེ་ཁྲང་གིས་ལཱོ་ཡུས་ཞུག་ཁོ་ཚང་གི་རུས་མཛོད་དུ་བྲིས་པ་ལས་མའོ་ཙེ་ཏུང་གིས་ངོ་རྒོལ་བྱས་པར་ཐབས་ཤེས་མེད་པར་གྱུར། ༡༩༡༠ལོའི་དཔྱིད་ཀར་ལཱོ་ཡུས་ཞུག་ནད་གཞིས་མནར་ནས་ཚེ་ལས་འདས། ༡༩༣༦ལོར་མའོ་ཙེ་ཏུང་གིས་སི་ནཱོ་ལ་གསུང་དོན། ང་རང་ལོ༡༦ཡིན་པའི་དུས་སུ་ཕ་མས་ང་ལ་ལོ༢༠ཅན་གྱི་བུ་མོ་ཞིག་མནའ་མར་བསུས་ཀྱང་ངས་ཁོ་མོ་དང་ལྷན་ཅིག་ཏུ་འཚོ་བ་རོལ་མ་མྱོང་ཞིང་། ཕྱིས་སུ་སེམས་ལ་ཡང་དྲན་མ་མྱོང་བས། ངས་ཁོ་མོ་ནི་ངའི་ཆུང་མ་ཡིན་པ་སེམས་ལ་ཤར་མ་མྱོང་བ་དང་། སྐབས་དེར་ཁོ་མོ་སེམས་ནས་དྲན་ཀྱང་མ་མྱོང་བ་ཡིན་ཞེས་གསུངས།
མའོ་ཙེ་ཏུང་གིས་གཉེན་དོན་འདི་ཁས་ལེན་མ་བྱས་ཀྱང་གང་ལྟར་རུས་ལཱོ་ཅན་འདི་སེམས་ལ་བཟུང་ཡོད། བཅིངས་འགྲོལ་བྱས་རྗེས་རུས་ལཱོ་ཅན་གྱི་ཕུ་བོ་ལཱོ་ཧྲི་ཆོན་གྱིས་མའོ་ཙེ་ཏུང་ལ་འཕྲིན་ཡིག་བསྐུར་ནས་པེ་ཅིན་དུ་ཡོང་བའི་རེ་བ་ཞུས་པས། མའོ་ཙེ་ཏུང་གིས་ཡིད་འཐད་བྱུང་བ་རེད། སྐབས་དེར་མཚོན་ན་ཉེ་རིང་གང་མང་ཞིག་གིས་པེ་ཅིན་ལ་ཡོང་འདོད་ཀྱི་རེ་བ་ཆེ་རུང་མའོ་ཙེ་ཏུང་གིས་ཁས་ལེན་མ་བྱས། འོན་ཀྱང་་ལཱོ་ཧྲི་ཆོན་ལ་དམིགས་བསལ་གནང་བ་ལས་ཁོང་གིས་སེམས་པའི་ངོགས་སུ་འགྱོད་པ་ཞིག་མཚོན་པ་ཨེ་ཡིན་སེམས།
ལྕམ་མོ་དང་པོ་དབྱང་ཁེ་ཧོས་ལ༡༩༢༠ལོར་གཉེན་སྒྲིག་བྱས་ཤིང་། གོ་གུང་མཉམ་འབྲེལ་ཐེངས་དང་པོར་ཕམ་ཁ་མྱོང་རྗེས་ཧུའུ་ནན་ཞིང་ཆེན་གྱི་ཀྲུའུ་ཞི་ཧུ་ཅན་ལག་འོག་གིས་༡༩༣༠ལོའི་ཟླ༡པར་མའོ་ཙེ་ཏུང་གི་ལྕམ་མོ་དབྱང་ཁེ་ཧོས་འཛིན་བཟུང་བྱས་ནས་དམར་གསོད་བྱས། ༡༩༥༧ལོར་མའོ་ཙེ་ཏུང་གིས་འཕྲིན་ཡིག་དང་སྙན་ངག་ཕྱག་བྲིས་མཛད་ནས་ནས་བརྩེ་དུང་མཚོན་པ་དང་མྱ་ངན་ཞུས།
ལྕམ་མོ་གཉིས་པ་ཧུ་ཙི་ཀྲིན་ལ༡༩༢༨ལོའི་ཟླ༦པར་གཉེན་སྒྲིག་བྱས། མའོ་ཙེ་ཏུང་དང་ཧྲཱི་མོ་ཐེ་ལེ་གཉིས་བར་ལ་གསང་བའི་འབྲེལ་བ་ཡོད་པས་ཧུ་ཙི་ཀྲིན་ཁོང་ཁྲོ་ལངས་ནས་སུའུ་ལིན་དུ་སོང་ཞིང་། སྲས༣དང་སྲས་མོ༣ཡོད། སྲས་མོ་ཆེ་བ་ཅིན་ཧྭ་ནི༡༩༢༩ལོར་སྐྱེས་ཤིང་། ལོ་ཕྱེད་མ་འགོར་བར་ས་དེའི་རུས་དབྱང་ཅན་གྱི་ཞིང་བ་ཞིག་ལ་ཕྱིན་ནས་གཉོར་སྐྱོང་བྱེད་དུ་བཅུག རུས་བསྒྱུར་ནས་དབྱང་ཡོ་ཧྭ་ཟེར། སྲས་བཞི་བ་མའོ་ཨན་ཧུང་གི་བྱིས་མིང་ལ་མའོ་མའོ་ཟེར་ཞིང༡༩༣༢ལོར་སྐྱེས། དམར་དམག་རྒྱང་བསྐྱོད་མགོ་བརྩམས་རྗེས་མའོ་ཙེ་ཐཱན་ལ་བཅོལ་ཀྱང་ཕྱིས་སུ་གར་སོང་མ་ཤེས། སྲས་ལྔ་བ་༡༩༣༣ལོར་སྐྱེས་ཀྱང་མ་གཞི་ཞན་པས་གཞོན་དུས་སུ་རྐྱེན་ལམ་དུ་ཤོར། སྲས་མོ་གཉིས་པ༡༩༣༥ལོར་སྐྱེས་ཀྱང་དམར་དམག་རྒྱང་བསྐྱོད་ལམ་ནས་ས་དེའི་གྲོང་མིར་བཅོལ་བས་གར་སོང་མ་ཤེས། སྲས་མོ་གསུམ་པ་ལིས་མེན་༡༩༣༦ལོར་སྐྱེས་ཤིང་། སྲས་དྲུག་པ་ཨུ་རུ་སུའི་མིང་ལ་ཨ་ལཱོ་བ་ཟེར་ཞིང་། ༡༩༣༨ལོར་སུའུ་ལིན་མའོ་སི་ཁའོ་ནས་སྐྱེས་ཀྱང་ཟླ་བཅུ་འགོར་རྗེས་རྐྱེན་ལམ་དུ་ཤོར།
༡༩༥༩ལོར་མའོ་ཙེ་ཏུང་ལོའུ་ཧྲན་རི་བོར་འཛེགས། ཁོང་དང་ཧུ་ཙི་ཀྲིན་གྱི་གྲོགས་པོ་རྒན་པ་ཙུན་ཀྲི་ལ་ཞལ་བརྡ་བྱས་རྗེས་ཁ་བྲལ་ནས་ལོ་ངོ༢༢འགོར་ཟིན་པའི་ལྕམ་མོ་དང་ཞལ་འཐལ་ཐེངས་གཅིག་ཡོང་བར་ཐག་ཆོད་བྱས། ཐེངས་འདིའི་ཞལ་མཇལ་བརྒྱུད་ནས་ཧུ་ཙི་ཀྲིན་གྱིས་ལོའུ་ཧྲན་རི་བོར་ཞེན་ཆགས་ཆེན་པོ་བཟོས་ཤིང་། སྔན་གཞུག་ཏུ་ཐེངས་གསུམ་ལ་རི་བོ་འདིར་འཛེགས་ནས་ངལ་གསོ་བྱས། མའོ་ཙེ་ཏུང་གིས་ཀྱང་ཧུ་ཙི་ཀྲིན་སེམས་ནས་ནམ་ཡང་བརྗེད་ཐབས་མེད་པར་གྱུར། ཁོང་གིས་སྐུ་གཡོག་ཞབས་ཞུ་རྣམས་ལ་ཁོང་དང་ཧུ་ཙི་ཀྲིན་གྱི་འབྲེལ་བ་ཞལ་བརྡ་བྱེད་བཞིན་འདུག་ཅིང་། ཁོང་རང་ཉིད་ལ་འགན་ཁུར་ཡོད་ལ་ཧུ་ཙི་ཀྲིན་ལ་འང་འགན་ཁུར་ཡོད་ཅེས་གསུངས། ཁོང་གིས་ད་རུང་གསུང་དོན། བརྩེ་དུང་ཕྱོགས་ཀྱི་དོན་དག་ནི་མཚམས་ལན་རེར་བལྟས་ན་བྱ་ཐབས་བྲལ་ཞིང་ཧ་ཅང་རྙོག་འཛིང་ཞིག་ཀྱང་རེད་ཅེས་གསུངས།
ལྕམ་མོ་གསུམ་པ་ཅང་ཆིན་ལ༡༩༣༨ལོར་གཉེན་སྒྲིག་བྱས་ཤིང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཀྲུང་དབྱང་རིག་གསར་ཚན་ཆུང་དང་མི་བཞི་ཚོགས་ཁག་གི་འགོ་བ་གཙོ་བོ་རེད། ༡༩༧༦ལོའི་སྟོན་ཀར་མའོ་ཙེ་ཏུང་སྐུ་མྱ་ངན་ལས་འདས་རྗེས་ཧཱའེ་རིན་ཐང་ནས་དོན་འགྱུར་བཟོ་སྐབས་སུ་ཧྭ་གོ་ཧྥུན་དང་ཡེ་ཅན་དབྱིན་གྱིས་འཛིན་བཟུང་བྱས་ཏེ། ༡༩༨༡ལོར་སྲོག་ཁྲིམས་བཅད་ཅིང་ཕྱིས་སུ་དུས་མེད་བཙོན་འཇུག་བྱས། ༡༩༩༡ལོའི་ཟླ༥བའི་ཚེས༡༣ཉིན་ལ་ཕྱི་རུ་ཁག་ཐེག་བྱས་ནས་ནད་བཅོས་བྱེད་སྐབས་རང་སྲོག་བཅད། སྲས་མོ་བཞི་བ་ལིས་ནཱ་སྐྱེས་ཤིང་ཨ་མའི་རུས་དང་བསྟུན་ཡོད།
ཅང་ཆིན་གྱིས་མའོ་ཙེ་ཏུང་གི་མིག་དབང་འཕྲོག་ཐུབ་པ་ནི་ཕྱོགས་གཅིག་ནས་ཁོ་མོས་རང་འགུལ་གྱིས་བརྩེ་དུང་མངོན་པ་དང་། ཕྱོགས་གཞན་ཞིག་ནས་སྐབས་དེར་ཁོ་མོ་ཡན་ཨན་ན་ཡོད་ཅིང་གང་ལྟར་གཞན་ལས་ཕུད་དུ་བྱུང་བ་ཡིན། ལྕང་ལོ་ནག་ལ་མིག་ཟུང་ཆེ་ཞིང་རྣམ་རིག་འཛོམས། ཅིན་ཅུའི་ཟློས་གར་ཁྲབ་སྟོན་བྱས་པའང་ཧ་ཅང་ཡག སྐབས་དེའི་རིག་གནས་འཚོ་བ་ཙུང་ཙམ་ཞན་པའི་ཁོར་ཡུག་འོག་ཏུ་ཧ་ཅང་དགའ་བསུ་ཐོབ་བཞིན་འདུག ཁོ་མོས་མཛེས་མདོག་སྟོན་པར་དགའ་ཞིང་མཛངས་མ་ཞིག་ཀྱང་ཡིན། དེ་བས་ཁོ་མོས་རྒྱན་གོས་ལ་ཧ་ཅང་ཉམས་འཇོག་བྱེད་བཞིན་ཡོད་ལ་གང་ལྟར་ལུས་གཟུགས་ཡག་པོ་ཞིག་གི་སྣང་བ་འཆར་ངེས་རེད། ཅང་ཆིན་གྱིས་ཡི་གེ་བྲིས་པ་ཡག་ཅིང་ཡིག་གཟུགས་ཀྱང་ཧ་ཅང་ཡག ཅང་ཆིན་ལྷང་ལ་བུད་པ་ནི་མའོ་ཙེ་ཏུང་ལ་ཚོར་སྣང་གསར་བ་ཞིག་ཕྱིན་པ་དུས་མཚུང་སུ་ཧུ་ཙི་ཀྲིན་ཁྱིམ་ཚང་ལས་ཁ་བྲལ་བའི་སེམས་པའི་རྨ་ཁ་དེ་ཡང་ཅུང་ཙམ་སོས་ཐུབ་པར་བྱས་ཡོད།
༣.སྲས་དང་སྲས་མོའི་སྐོར།
མའོ་ཙེ་ཏུང་དང་དབྱང་ཁེ་ཧོས་ལ་སྲས་གསུམ་བྱུང་བ་ལས། ཆེ་བ་མའོ་ཨན་དབྱིན་ནི༡༩༢༢ལོར་སྐྱེས་ཤིང་། ༡༩༥༠ལོར་བྱང་གོ་རེ་ཡའི་དམག་འཁྲུག་ནང་དུ་ཨ་རིའི་དམག་དཔུང་གིས་གནམ་གྲུས་འགད་རྫས་འཕངས་ནས་གཡུལ་ས་ལས་སྐུ་གཤེགས། སྲས་གཉིས་པ་མའོ་ཨན་ཆིན་ནི༡༩༢༣ལོར་སྐྱེས་ཤིང་། ༢༠༠༧ལོར་ཚེ་ལས་འདས། སྲས་གསུམ་པ་མའོ་ཨན་ལུང་ནི༡༩༢༧ལོར་སྐྱེས་ཤིང་། ༡༩༣༡ལོར་ཧྲང་ཧེ་ནས་ཚེ་ལས་འདས།
མའོ་ཙེ་ཏུང་དང་ཧུ་ཙི་ཀྲིན་ལ་སྲས་དང་སྲས་མོ་ལྔ་ཡོད་པ་ལས། སྲས་མོ་ཆེ་བ་ཅིན་ཧྭ་ནི༡༩༢༩ལོར་སྐྱེས་ཤིང་། ལོ་ཕྱེད་མ་འགོར་བར་ས་དེའི་རུས་དབྱང་ཅན་ཞིང་བ་ཞིག་ལ་ཕྱིན་ནས་གཉོར་སྐྱོང་བྱེད་དུ་བཅུག རུས་བསྒྱུར་ནས་དབྱང་ཡོ་ཧྭ་ཟེར། སྲས་བཞི་བ་མའོ་ཨན་ཧུང་གི་བྱིས་མིང་ལ་མའོ་མའོ་ཟེར་ཞིང༡༩༣༢ལོར་སྐྱེས་ཤིང་། དམར་དམག་རྒྱང་སྐྱོད་མགོ་བརྩམས་རྗེས་མའོ་ཙེ་ཐཱན་ལ་བཅོལ་བ་ཡིན་ཀྱང་ཕྱིས་སུ་གར་སོང་མ་ཤེས། སྲས་ལྔ་བ་༡༩༣༣ལོར་སྐྱེས་ཀྱང་མ་གཞི་ཞན་པས་གཞོན་དུས་རྐྱེན་ལམ་དུ་ཤོར། སྲས་མོ་གཉིས་པ༡༩༣༥ལོར་སྐྱེས་ཀྱང་དམར་དམག་རྒྱང་སྐྱོད་ལམ་ནས་ས་དེའི་གྲོང་མིར་བཅོལ་བས་གར་སོང་མ་ཤེས། སྲས་མོ་གསུམ་པ་ལིས་མེན་༡༩༣༦ལོར་སྐྱེས་ཤིང་། སྲས་དྲུག་པ་ཨུ་རུ་སུའི་མིང་ལ་ཨ་ལཱོ་བ་ཟེར་ཞིང་། ༡༩༣༨ལོར་སུའུ་ལིན་མའོ་སི་ཁའོ་ནས་སྐྱེས་ཀྱང་ཟླ་བཅུ་འགོར་རྗེས་རྐྱེན་ལམ་དུ་ཤོརབ་རེད།
མའོ་ཙེ་ཏུང་དང་ཅང་ཆིན་ལ་སྲས་མོ་བཞི་བ་ལིས་ནཱ་སྐྱེས་ཤིང་ཨ་མའི་རུས་དང་བསྟུན་ཡོད། ཅང་ཆིན་གྱི་རུས་མིང་གཞན་ལ་ལིས་ཡོན་ཧོ་ཟེར།
༤.ཚ་བོའི་སྐོར།
མའོ་ཙེ་ཏུང་གི་ཚ་བོ་ནི་མའོ་ཞིན་ཡཱིས་ཡིན་ལ་མའོ་ཨན་ཆིན་གྱི་བུ་ཡིན་ཞིང་པེ་ཅིན་ནས་སྐྱེས་པ་དང་། ཀྲུང་གོའི་དམག་དོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན།
༥.ཡང་ཚ་དང་ཚ་མོའི་སྐོར།
ཡང་ཚ་མའོ་ཏུང་ཏུང་ནི༢༠༠༣ལོར་སྐྱེས་ཤིང་མའོ་ཞིན་ཡཱིས་ཡི་བུ་ཡིན་པ་དང་། ཚ་མོ་མའོ་ཐེན་ཞིན་ནི༢༠༠༨ལོར་སྐྱེས་ཤིང་མའོ་ཞིན་ཡཱིས་ཡི་བུ་མོ་ཡིན།
༦.གཉེན་མི་གཞན་པའི་སྐོར།
མའོ་ཙེ་ཏུང་གི་གཉེན་མའི་ནང་དུ་གསར་བརྗེ་དང་དམག་འཁྲུག་ཁྲོད་དུ་སྐུ་གཤེགས་པའམ་ཚེ་ལས་འདས་པ༡༣ཡོད་པ་སྟེ། ནུ་བོ་ཆེ་བ་མའོ་ཙེ་མེན་དང་། ནུ་བོ་ཆུང་བ་མའོ་ཙེ་ཐཱན། ཕ་སྤུན་ནུ་མོ་མའོ་ཙེ་ཅན། ལྕམ་མོ་དབྱང་ཁེ་ཧོས། སྲས་ཆེ་བ་མའོ་ཨན་དབྱིན། ཚ་བོ་མའོ་ཁྲུའུ་ཞཱོན། མའོ་ཙེ་ཐཱན་གྱི་ཆུང་མ་ཀྲོ་ཞན་ཀོས། མའོ་ཙེ་ཐཱན་གྱི་ཕ་ཡི་ཆུང་མ་ཧུ་ཡཱས། མའོ་ཙེ་ཅན་གྱི་ཁྱོ་ག་ཁྲིན་ཧྥུན། མ་སྤུན་ཚ་བོ་བང་ཏེ་ཧུན། ཚ་མོ་དབྱང་ཀྲན། དབྱང་ཁེ་ཧོས་ཡི་ཕ་སྤུན་ཕུ་བོ་དབྱང་ཁེ་མེན། དབྱང་ཁེ་ཧོས་ཡི་མ་སྤུན་ནུ་བོ་ཞཱང་ཅུན་སོགས་ཡིན།
བཞི་བ། མི་སྣར་གདེངས་འཇོག་བྱས་པ།
མའོ་ཙེ་ཏུང་ནི་ཀྲུང་གོ་དང་ཡང་ན་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་སྔར་བཞིན་གདེངས་འཇོག་བྱས་པ་མི་གཅིག་པའི་མི་སྣ་ཞིག་ཡིན།
དམངས་ཚོགས་ལས་འགུལ་རྩ་འཛུགས་དང་། རང་མོས་རིང་ལུགས། གུང་ཁྲན་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོས་བལྟས་ན་ཁོང་ནི་ཀྲུང་གོའི་སྤྱི་ཚོགས་བསྒྱུར་བཀོད་བྱེད་མཁན་རྩུབ་སྤྱོད་ཅན་ཞིག་ཡིན་པས། མི་གྲངས་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་སྒེར་གཅོད་མཁན་རེད་ཟེར།
མའོ་ཙེ་ཏུང་ནི་འཛམ་གླིང་གི་དེང་རབས་ལོ་རྒྱུས་ཐོག་ཏུ་ཆེས་གལ་ཆེན་དང་དུས་མཚུངས་སུ་རྩོད་གླེང་ཆེས་ཆེ་བའི་མི་སྣ་གྲགས་ཅན་ཞིག་ཀྱང་ཡིན། ཀྲུང་གུང་ཕྱོགས་ནས་བལྟས་ན་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་གཙོ་འཛིན་ཞིག་ཡིན། འོན་ཀྱང་ཁོང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ཚེ་མཇུག་ཏུ་ནོར་འཆུགས་ཚབ་ཆེན་བྱུང་ཡོད་པར་སེམས། ཏིན་ཞའོ་ཕེན་གྱིས་མའོ་ཙེ་ཏུང་གི་ཕྱག་རྗེས་ནི་ཆ་བདུན་དང་ནོར་འཆུགས་ནི་ཆ་གསུམ་ཡིན་ཞེས་གསུངས་ཡོད། ཁོང་གི་ཕྱག་རྗེས་ནི་ཨང་དང་པོ་ཡིན་ལ་ནོར་འཆུགས་ནི་ཨང་གཉིས་པ་ཡིན་པས། ཁོང་ལ་སྔར་བཞིན་ཀྲུང་གོའི་མི་དམངས་ཀྱིས་དགའ་གུས་ཐོབ་བཞིན་ཡོད། མའོ་ཙེ་ཏུང་དགོངས་པར་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་ནི་རླབས་ཆེ་བའི་གུང་ཁྲན་རིང་ལུགས་པ་དང་། ཀྲུང་གོར་འགོ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་རྩ་བའི་ཐོག་ཏུ་རྒྱལ་ཁབ་གཅིག་གྱུར་བྱས་ཏེ། ཁ་འཐོར་དགུ་འཐོར་དུ་སོང་བའི་གནས་བབས་མཇུག་རྫོགས་ཤིང་། སྲིད་དབང་འཛིན་སྐབས་སུ་དབུལ་ཞིང་སྟོང་བ་ཉིད་དུ་གྱུར་བའི་ཀྲུང་གོ་གསར་བ་དབུ་བརྙེས་ཤིང་བཟོ་ལས་དང་རྒྱལ་སྲུང་ཚན་རིག་ཞིབ་འཇུག་མ་ལག་སོགས་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། ཀྲུང་གོ་མགྱོགས་མྱུར་ངང་དེང་རབས་ཅན་དུ་འགྱུར་བར་མགོ་བརྩམས་པའི་གོ་རིམ་ཁྲོད་ཀྱི་རླབས་ཆེན་གཙོ་འཛིན་ཡིན་པར་སེམས། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ལེ་རིང་ལུགས་ཀྲུང་གོར་དར་སྤེལ་བྱས་པ་ཡིན་ཕྱིན། ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་འཛིན་ལ་སློབ་སྟོན་བྱེད་པའི་བསམ་བློ་ཡིན་ལ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ནང་དུ་བཀོད་ཡོད་ཅིང་། ཁོང་གིས་གསར་གཏོད་བྱས་པའི་མི་དམངས་དམག་འཁྲུག་གི་གཞུང་ལུགས་ནི་མི་དམངས་བཅིངས་བཀྲོལ་དམག་ལ་སློབ་སྟོན་བྱེད་པའི་དམག་འཐབ་གཞུང་ལུགས་ཀྱང་ཡིན་ཟེར།
༡.ཨ་རིའི་ཙུང་ཐུང་སྔོན་མ་ཉེ་ཁེ་སུན་གྱིས་གདེངས་འཇོག་བྱས་པ།
ཨ་རིའི་ཙུང་ཐུང་སྔོན་མ་ལིས་ཁྲ་ཏེ.མེས་ཨེར་ཧོ་སི.ཉེ་ཁེ་སུན་གྱི་གསུང་རྩོམ༼འགོ་ཁྲིད་པ༽ཞེས་བྱ་བའི་ནང་དུ་བསྟན་དོན། མི་རྣམས་ཀྱིས་མའོ་ལ་ལྟ་ཚུལ་ཅི་འདྲ་བཟུང་རུང་། ཁོང་ནི་ཆེས་མཇུག་མཐར་དབུགས་ཐེངས་གཅིག་གི་བར་དུ་འཐབ་འཛིང་བྱས་པའི་འཐབ་མོ་ཞིག་ཡིན་པ་ནི་སུས་ཀྱང་ཁས་ལེན་མ་བྱས་ན་མི་ཆོག་ཅེས་གསུངས་ཡོད། མྱ་ངན་ཞུ་ཚིག་ལས། མའོ་ཙེ་ཏུང་ནི་རླབས་ཆེ་བའི་གསར་བརྗེ་འགོ་ཁྲིད་པའི་ནང་གི་ཕུལ་དུ་བྱུང་བའི་མི་རབས་ཞིག་ཡིན་ཞིང་། ཁོང་ནི་ཕྱག་རྗེས་ཡོངས་སུ་ཕུལ་ནུས་ཞིང་དོན་དངོས་ལ་གཙིགས་འཛིན་གནང་ཐུབ་པའི་གུང་ཁྲན་ཏང་མི་ཞིག་ཡིན་པ་མ་ཟད། ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་མོ་དང་ཧ་ཅང་མཁས་དབང་ལྡན་པའི་སྙན་ངག་པ་ཞིག་ཀྱང་ཡིན་ཞེས་ཟེར།
༢.ཨ་རིའི་ཙུང་ཐུང་སྔོན་མ་ཧྥུའུ་ཐེས་གདེངས་འཇོག་བྱས་པ།
ཨ་རིའི་ཙུང་ཐུང་སྔོན་མ་ཅེ་ལཱ་ཨེར་ཏེ.ལཱོ་ཏཱོ་ཧྥུའོ.ཧྥུའུ་ཐེས་མའོ་ཙེ་ཏུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་ལས། དུས་རབས་ཅི་འདྲ་ཞིག་ཡིན་རུང་ལོ་རྒྱུས་ཐོག་གི་མི་སྣ་རླབས་ཆེན་ཞིག་ཏུ་འགྱུར་བ་ནི་ཧ་ཅང་ཉུང་ཤོས་རེད། མའོ་ཀྲུའུ་ཞི་ནི་དེའི་ནང་གི་གཅིག་རེད་ཅེས་ཟེར།
༣.ཅཱིས་ཞིན་ཀཱིས་གདེངས་འཇོག་བྱས་པ།
ཨ་རིའི་བློན་ཆེན་སྔོན་མ་ཨེ་ཨར་ཧྥས་ལོས་ཏེ.ཅཱིས་ཞིན་ཀཱིས་བཤད་རྒྱུར། མའོ་ཙེ་ཏུང་འཚོ་བར་བཞུགས་པ་ནི་བློ་སྟོབས་ཀྱི་ནུས་ཤུགས་ཆེན་པོའི་དཔང་རྟགས་ཁོ་ན་ཡིན་ཞིང་། ཕྱི་རོལ་ཡུལ་གྱི་རྒྱན་སྦྲས་རྣམ་པ་ཅི་ཞིག་གིས་ཀྱང་མའོ་ཙེ་ཏུང་ལ་འོད་སྟོང་རབ་ཏུ་འཚེར་བའི་སྟོབས་ཤུགས་ཀྱི་ཚོར་སྣང་དེ་འགྲེལ་བཤད་བྱེད་ཐབས་མེད། ངའི་བྱིས་པ་ཚོས་དར་ཁྱབ་ཆེ་བའི་འོད་རྡར་སྒྱུ་རྩལ་གྱི་ཚོར་བ་གླེང་དུས། ང་རང་གིས་དེ་ལ་ཚོར་སྣང་ཅི་ཡང་འབྱུང་མ་མྱོང་པ་ཁས་ལེན་བྱེད་དགོས། འོན་ཀྱང་མའོ་ཙེ་ཏུང་གིས་སྟོབས་ཤུགས་དང་དབང་ཆའི་བློ་སྟོབས་དངོས་སུ་འདོན་སྤེལ་བྱས་པ་དེ་དངོས་སུ་ཚོར་ཐུབ་ཅིང་། ངས་ཁོང་འདྲའི་ཆེས་མཐོ་བའི་གཅིག་སྡུད་བྱེད་ནུས་ཞིང་། བློ་སྟོབས་བཅོས་མ་མ་མིན་པའི་ནུས་ཤུགས་ཞིག་གཏན་ནས་མཐོང་མ་མྱོང་ཞིང་། ཁོང་གི་ལུས་སྟེང་དུ་མཐའ་དག་སྲིད་ཀྱིས་གནོན་པའི་སྟོབས་ཤུགས་ཞིག་ཚོར་ཐུབ་པས། མའོ་ཙེ་ཏུང་གིས་མི་རྣམས་ལ་སྟོབས་ཤུགས་དང་། དབང་ཆ། བློ་སྟོབས་སོགས་ལྷན་ཅིག་ཏུ་འཛོམས་པའི་ཚོར་སྣང་ཞིག་སྟེར་ཐུབ་པ་རེད་ཅེ་གསུངས་ཡོད།
༤.ལོ་རྒྱུས་རིག་པའི་མཁས་པས་གདེངས་འཇོག་བྱས་པ།
ཨ་རིའི་ལོ་རྒྱུས་རིག་པའི་མཁས་པ་མེ་ཁེ་ཨེར.h.ཧཱ་ཐེས་བཤད་རྒྱུར། མའོ་ཙེ་ཏུང་གི་མཚན་སྙན་ནི་སྒྲིག་རིམ་ཐད་བཤད་ན་ཆོ་ཀྲི.ཧྭ་ཧྲིན་ཏུན་ལས་མཐོ་བར་འདུག མའོ་ཙེ་ཏུང་གིས་རྒྱལ་ཁབ་ལ་འགྱུར་ལྡོག་བྱུང་བར་བཅུག་པ་དེ་ཧྭ་ཧྲིན་ཏུན་གྱིས་རྒྱལ་ནང་དུ་འགྱུར་ལྡོག་བྱུང་བར་བཅུག་པ་ལས་ལྷག་ཏུ་གལ་འགངས་ཆེ་བར་འདུག་པས་སོ། མའོ་ཙེ་ཏུང་གི་མཚན་སྙན་ནི་སྒྲིག་རིམ་ཐད་ནཱ་ཕོ་ལུང་དང་གོང་མ་ཆེན་པོ་ཡཱ་ལིས་ཧྲན་སོགས་ལས་ཀྱང་མཐོ་བར་འདུག ཁོང་གིས་མ་འོངས་པའི་ཤུགས་རྐྱེན་ནི་མི་འདི་དག་ལས་མཐོ་བར་འདུག་པས་སོ།
༥. མཁས་དབང་གིས་གདེངས་འཇོག་བྱས་པ།
ཨ་རིའི་མཁས་པའི་དབང་པོ་མཱོ་ལིས་སི.མེ་སི་ནཱས་བཤད་རྒྱུར། སྔོན་ཆད་ཕམ་ཁ་དང་བར་ཆད་འདི་དག་ཡོངས་སུ་གནས་ཡོད་མོད། འོན་ཀྱང་མའོ་ཙེ་ཏུང་གི་དུས་རབས་སུ་ཀྲུང་གོའི་དེང་རབས་ཅན་གྱི་བཟོ་ལས་གསར་བརྗེ་དུས་སྐབས་ཞེས་པའི་སྡོམ་ཚིག་འདི་ནི་མེད་དུ་མི་རུང་བ་ཞིག་རེད། དུས་ཡུན་རིང་པོ་ཞིག་ལ་ཨེ་ཤ་ཡའི་ནད་རོ་ཞེས་དམའ་འབེབས་བྱས་མྱོང་པའི་ཀྲུང་གོ་ནི་དུས་རབས༢༠ལོ་རབས༥༠པའི་དུས་མགོར་སྡུར་ཚད་ཆུང་བ་བརྗོད་ཐབས་མེད་པའི་བཟོ་ལས་རྣམ་པ་ནས་མགོ་བརྩམས་ཏེ། མའོ་ཙེ་ཏུང་གི་དུས་རབས་སུ་མཇུག་རྫོགས་པའི་སྐབས་ལ་བསམ་ཡུལ་ལས་འདས་པ་ནི་འཛམ་གླིང་ཐོག་ཏུ་ཆེས་ཆེ་བའི་བཟོ་ལས་རྒྱལ་ཁབ་ནང་གི་ཆ་གཅིག་ཏུ་གྱུར་ནས་ལྷིང་ངེར་འགྱིངས་འདུག
གལ་ཏེ་མའོ་ཙེ་ཏུང་གི་དུས་རབས་སུ་བྱུང་བའི་བཟོ་ལས་གསར་བརྗེ་མེད་ན་ལོ་རབས༨༠པའི་ནང་ལ་བཅོས་སྒྱུར་བྱེད་པའི་གཞི་འཛིན་ས་ཞིག་རྙེད་མི་སྲིད་ཅེས་ཟེར།
༦.སུའུ་ལིན་གྱིས་གདེངས་འཇོག་བྱས་པ།
སུའུ་ལིན་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཉེ་ཅིས་ཐཱ.ཞི་ཨེར་ཀཱེ་ཡས་བིས་ཆི.ཏེ་སི་ཐཱན་གྱིས་བཤད་རྒྱུར། མའོ་ཙེ་ཏུང་ནི་རང་གི་དགོངས་པ་དང་ཐུགས་འདུན་གསང་བ་བྱས་ཡོད་པའི་སློབ་དཔོན་ཞིག་ཁོ་ན་རེད། མའོ་ཙེ་ཏུང་གི་གསུང་བཤད་ཁ་ཤོས་ཧ་ཅང་གོ་བདེ་བ་དང་། མའོ་ཙེ་ཏུང་གི་གསུང་བཤད་ཁ་ཤོས་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་རེད་ཅེས་ཟེར།
༧.ཧྥ་རན་སིས་གདེངས་འཇོག་བྱས་པ།
ཧྥ་རན་སིའི་ཙུང་ཐུང་སྔོན་མ་ཅེ་སི་ཁ་ཨར.ཏེ་སི་ཐཱན་གྱིས་བཤད་རྒྱུར། དེང་རབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་མགྱོགས་པོ་འདུག རྒྱལ་ཁབ་ཀྱི་གཙོ་འཛིན་གང་མང་ཞིག་མི་རྣམས་ཀྱིས་བརྗེད་སོང་མོད། མི་ཉུང་ཤོས་ཞིག་ཁོ་ན་མི་རྣམས་ཀྱིས་ཤེས་པ་རེད། དཔེར་ན་ཧྥ་རན་སིའི་དམག་དཔོན་ཆེན་མོ་ཏཱེ་གོ་ལཱོ་ཞེས་པ་ཧྥ་རན་སིའི་མིས་ཤེས་པ་དང་ཁོང་ལ་གུས་བཀུར་བྱེད་བཞིན་འདུག ཀྲུང་གོར་མཚོན་ན་མའོ་ཙེ་ཏུང་ཡང་དེ་འདྲ་རེད། གཞན་ཡང་དེང་རབས་སྤྱི་ཚོགས་ཐོག་གི་རྒྱལ་ཁབ་ཀྱི་གཙོ་འཛིན་ཚོས་མཚན་ཉིད་རིག་པའི་བསམ་བློ་མཚོན་ཐབས་མི་འདུག ཁོ་ཚོས་གནད་དོན་ཁ་ཤོས་ཐག་གཅོད་བྱེད་བཞིན་ཡོད། དཔེར་ན་དཔལ་འབྱོར་དང་། སྤྱི་ཚོགས། དམག་དོན་སོགས་རེད། ཧྥ་རན་སིའི་མིས་བལྟས་ན་མའོ་ཙེ་ཏུང་གིས་མཚན་ཉིད་རིག་པའི་བསམ་བློ་མཚོན་ཐུབ་པ་མ་ཟད་དེ་ཧུར་ཐག་གིས་ལག་ལེན་དུ་བསྟར་བ་ཡིན་པས། འདི་ནི་ང་རང་ཚོས་ཆབ་སྲིད་ལ་ངོས་ཟིན་ཐོབ་པ་ཡིན། ང་རང་ཚོས༡༧༨༩ལོར་གསར་བརྗེ་ཆེན་པོ་བྱས་པ་ལས་མཚན་ཉིད་རིག་པའི་བསམ་བློའི་ཆེད་དུ་ཁོ་ན་ཡིན། ང་རང་ཚོར་ངོས་ཟིན་གསལ་བོ་ཞིག་ཐོབ་ཡོད་པ་སྟེ་མའོ་ཙེ་ཏུང་གི་དགོངས་པ་ནི་ཀྲུང་གོ་མཚན་ཉིད་རིག་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པས། ཀྲུང་གོའི་མི་དམངས་ལ་ཆེས་ཆེ་བའི་སྟོབས་ཤུགས་དང་ཆེས་མཐོ་བའི་གོ་གནས་ཕྱིན་པ་དེ་རེད།
༨.འཇར་པན་གྱིས་གདེངས་འཇོག་བྱས་པ།
འཇར་པན་ནང་བློན་ཙུང་ལིས་བློན་ཆེན་དཔོན་རབས་གོ་བཞི་བ་ཀོན་ཀྲི་རིན་གྱིས་བཤད་རྒྱུར། མའོ་ཙེ་ཏུང་དང་འདྲ་བའི་ཆབ་སྲིད་པས་ཀྲུང་གོར་སྲིད་གནོན་རང་བཞིན་གྱི་རྒྱབ་སྐྱོར་ཐོབ་ཡོད་ལ་ཕྱི་འབྲེལ་ཕྱོགས་ནས་ཀྱང་ཀྲུང་གོ་འཛམ་གླིང་ཐོག་ཏུ་གནས་ཐུབ་པར་ཁྱད་པར་འཕགས་པའི་ཐུགས་དགོངས་ཡོད། དུས་སྐབས་ཞིག་གི་ནང་ལ་མའོ་ཙེ་ཏུང་གིས་དཔའ་མཛངས་ཞིམ་པ་མེད་པའི་ངང་ནས་ཨ་རི་དང་ཁ་གཏད་དུ་བཞེངས་ནས་ལམ་བུ་རིང་མོ་བརྒྱུད་ཡོང་བ་ལས། སྲིད་སྐྱོང་ཏང་གིས་རང་གི་རྒྱལ་ནང་དུ་འཛེམ་པ་མེད་པའི་རྒྱབ་སྐྱོར་ཐོབ་སྲིད་ཅིང་། རྒྱལ་འབངས་ཀྱིས་གནམ་འོག་ནས་རང་འགན་ཁུར་འོས་ཤིང་། རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཀྱི་མ་འོངས་པའི་ཆེད་དུ་ཐམས་ཅད་བློས་གཏོང་ཕོད་པ་དེ་མཐོང་ཐུབ། རྒྱལ་ཁབ་ཅིག་ལ་འདི་འདྲའི་སྟོབས་ཤུགས་ཡོད་སྲིད་ན་ཕྱི་འབྲེལ་ལ་ད་གཟོད་རྩ་བར་གྱུར་བའི་སྟོབས་ཤུགས་ཡོད་པས། རྒྱལ་ཁབ་ཀྱི་སྟོབས་ཤུགས་ནི་མི་དམངས་ལ་རག་ལས་ཡོད་ཅིང་། མི་དམངས་ཀྱི་སྟོབས་ཤུགས་ནི་ཕྱི་འབྲེལ་གྱི་སྟོབས་ཤུགས་ཡིན། འདི་ནི་ཕྱི་འབྲེལ་གྱི་ཆེས་རྩ་བར་གྱུར་བའི་གཞུང་ལུགས་ཡིན་ཟེར།
༩.ཙན་པཱས་ཡཱས་གདེངས་འཇོག་བྱས་པ།
ཙན་པིས་ཡཱའི་ཙུང་ཐུང་སྔོན་མ་ཁུན་ཉེ་སི.ཁཱ་བུན་ཏས་བཤད་རྒྱུར། མི་ཞིག་ལ་མཚོན་ནས་བཤད་ན་ཁོས་རྒྱལ་ཁབ་ཧ་ཅང་ཆེན་པོ་ཞིག་ལ་བཅིངས་བཀྲོལ་བྱས་ཤིང་། སྐབས་དེར་ཧ་ལམ་མི་གྲངས་དུང་ཕྱིར་ལྔ་ལྷག་ཡོད་པས། འདིར་དོན་སྙིང་ཧ་ཅང་གཏིང་ཟབ་མོ་འདུག ཁྱེད་ཀྱིས་ང་ལ་ཁོང་གི་ཚོར་སྣང་ཅི་འདྲ་འདུག་ཞེ་ན། ངས་ཁོང་ནི་མི་སྣ་རླབས་ཆེན་ཞིག་ཡིན་ལ་མི་སྣ་ཕལ་བ་ཞིག་ཀྱང་ཡིན་ཞེས་ཟེར་བས། ཁོང་གིས་འཛམ་གླིང་གསུམ་ལ་དབྱེ་ཞིབ་གནང་བ་ནི་ཧ་ཅང་ཡང་དག་པ་རེད། གང་ལྟར་དར་ཞིང་རྒྱས་པའི་རྒྱལ་ཁབ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གཅིག་མཚུངས་མ་རེད། ང་རང་ཚོས་ཁྱོད་ཚོའི་རྒྱལ་ཁབ་ལ་འདི་འདྲའི་གཙིགས་སུ་འཛིན་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། མའོ་ཀྲུའུ་ཞི། ཁོང་གི་མཛའ་གཅིག་འཐབ་གྲོགས་ཀྲིག་ཨེན་ལེ་དང་ལས་གྲོགས་གཞན་པ་རྣམས་ཀྱིས་ང་ཚོ་ལ་རོགས་རམ་བྱས་པའི་དབང་གིས་ཡིན། ཀྲུང་གོ་ནི་འཕེལ་རྒྱས་བྱུང་བཞིན་པའི་རྒྱལ་ཁབ་ཡིན་པ་མ་ཟད་སྔར་བཞིན་ཡིན། འོན་ཀྱང་ང་ཚོ་ལ་རོགས་རམ་དེ་འདྲ་མང་པོ་བྱས་པ་ནི་ཀྲུང་གོའི་འགོ་ཁྲིད་པ་མའོ་ཙེ་ཏུང་གིས་ང་ཚོའི་རྒྱལ་ཁབ་ལ་རོགས་རམ་མཁོ་གལ་ཆེ་བ་མཁྱེན་ཡོད་པས། ང་ཚོ་དཀའ་ངལ་ལ་ཐུག་ཡོད་པའི་སྐབས་སུ་རོགས་རམ་ཧ་ཅང་ཐོབ་པ་འདི་ནི་ཁོ་ཚོར་རྒྱུ་ནོར་ཧ་ཅང་འབོར་ཆེན་ཡོད་པ་མ་ཡིན་ཏེ། ཁོ་ཚོར་ཡང་ཡོད་པ་མ་རེད། ཁོ་ཚོར་ཡོད་ཚད་དེ་ང་ཚོ་དང་འཕངས་བ་མེད་པར་མཉམ་དུ་ལོངས་སུ་སྤྱད་པ་ལས་མ་འདས་སོ་ཞེས་ཟེར།
༡༠.ཏིན་ཞའོ་ཕེན་གྱིས་གདེངས་འཇོག་བྱས་པ།
མའོ་ཙེ་ཏུང་ནི་ཀྲུང་གོ་དང་ཡང་ན་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་སྔར་བཞིན་གདེངས་འཇོག་མི་གཅིག་པའི་མི་སྣ་ཞིག་ཡིན།
ཏིན་ཞའོ་ཕེན་གྱིས་དབྱི་ཏ་ལིའི་གསར་འགོད་པས་བཅར་འདྲི་བྱེད་སྐབས་གསུང་དོན། མའོ་ཀྲུའུ་ཞིའི་ནོར་འཆུགས་དང་ལིན་པའོ་མི་བཞི་ཚོགས་ཁག་གི་གནད་དོན་གྱི་ངོ་བོ་མི་འདྲ་བ་རེད། མའོ་ཀྲུའུ་ཞིས་སྐུ་ཚེ་ཧྲིལ་བོར་དུས་ཚོད་ཆེས་མང་པོ་ཞིག་གི་ནང་ལ་དོན་དག་ཧ་ཅང་ཡག་པོ་མཛད་ཡོད། ཁོང་གིས་ཏང་དང་རྒྱལ་ཁབ་ཐེངས་གང་མང་ལ་ཉེན་ཁ་ལས་བསྐྱབས། མའོ་ཀྲུའུ་ཞི་མེད་ན་གང་ལྟར་ཀྲུང་གོའི་མི་དམངས་ཀྱིས་ད་རུང་མུན་ནག་གི་ནང་ནས་དུས་ཡུན་རིང་བོ་ཞིག་ལ་འཚོལ་ཞིབ་བྱེད་དགོས་པ་རེད། མའོ་ཀྲུའུ་ཞིའི་ཆེས་རླབས་ཆེ་བའི་ཕྱག་རྗེས་ནི་མར་ལེ་རིང་ལུགས་ཀྱི་གཞུང་ལུགས་དང་ཀྲུང་གོའི་གསར་བརྗེ་ལག་ལེན་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་གསར་བརྗེ་ལ་ལ་རྒྱལ་ཁ་བརྩོན་ལེན་བྱེད་ཐུབ་པའི་འགྲོ་ལམ་བསྟན་ཡོད། འོན་ཀྱང་བཀྲ་མ་ཤིས་པ་ཞིག་ནི་ཁོང་གིས་སྐུ་ཚེ་ཧྲིལ་བོའི་ཚེ་མཇུག་ཏུ། ཁྱད་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་ནང་དུ་ནོར་འཆུགས་བྱུང་བ་རེད། ཡང་ན་ནོར་འཆུགས་མི་ཆུང་བ་ཡིན་ཞིང་། ང་རང་ཚོའི་ཏང་དང་། རྒྱལ་ཁབ། མིདམངས་ལ་ཆག་སྒོ་གང་མང་བཟོས་པས། རིག་གནས་གསར་བརྗེ་ཆེན་པོ་ནི་ནོར་འཆུགས་རེད་ཅེས་གསུངས།
དམངས་ཚོགས་ལས་འགུལ་རྩ་འཛུགས་དང་། རང་མོས་རིང་ལུགས། གུང་ཁྲན་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོས་བལྟས་ན་ཁོང་ནི་ཀྲུང་གོའི་སྤྱི་ཚོགས་བསྒྱུར་བཀོད་བྱེད་མཁན་རྩུབ་སྤྱོད་ཅན་ཞིག་ཡིན་པས། མི་གྲངས་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་སྒེར་གཅོད་མཁན་རེད་ཟེར།
ཀྲུང་གོ་གུང་ཁྲན་ཏང་གིས་བལྟས་ན་མའོ་ཙེ་ཏུང་ནི་རླབས་ཆེ་བའི་གཙོ་འཛིན་ཡིན་པ་བཤད་མི་དགོས། འོན་ཀྱང་ཆབ་སྲིད་འཚོ་བའི་ཚེ་མཇུག་ཏུ་ནོར་འཆུགས་ཚབ་ཆེན་བཟོས་ཡོད། ཏིན་ཞའོ་ཕེན་གྱིས་མའོ་ཙེ་ཏུང་གི་ཕྱག་རྗེས་ཆ་བདུན་དང་ནོར་འཆུགས་ཆ་གསུམ་ཡིན་ཞེས་གསུངས། ཁོང་གི་ཕྱག་རྗེས་ནི་ཨང་དང་པོ་ཡིན་ཞིང་། ནོར་འཆུགས་ནི་ཨང་གཉིས་པ་ཡིན་པས། སྔར་བཞིན་ཀྲུང་གོའི་མི་དམངས་ཀྱིས་དགའ་གུས་ཐོབ་བཞིན་འདུག མའོ་ཙེ་ཏུང་དགོངས་པར་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་ནི་རླབས་ཆེ་བའི་གུང་ཁྲན་རིང་ལུགས་པ་དང་། ཀྲུང་གོར་འགོ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་རྩ་བའི་ཐོག་ཏུ་རྒྱལ་ཁབ་གཅིག་གྱུར་བྱས་ཏེ། ཁ་འཐོར་དགུ་འཐོར་དུ་སོང་བའི་གནས་བབས་མཇུག་རྫོགས་ཤིང་། སྲིད་དབང་འཛིན་སྐབས་སུ་དབུལ་ཞིང་སྟོང་བ་ཉིད་དུ་གྱུར་བའི་ཀྲུང་གོ་གསར་བ་དབུ་བརྙེས་ཤིང་། བཟོ་ལས་དང་། རྒྱལ་སྲུང་། ཚན་རིག་ཞིབ་འཇུག་མ་ལག་སོགས་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། ཀྲུང་གོ་མགྱོགས་མྱུར་ངང་དེང་རབས་ཅན་དུ་འགྱུར་བར་མགོ་བརྩམས་པའི་གོ་རིམ་ཁྲོད་ཀྱི་རླབས་ཆེན་གཙོ་འཛིན་ཡིན་པར་སེམས།
མའོ་ཙེ་ཏུང་གི་དགོངས་པ་ནི་མར་ལེ་རིང་ལུགས་ཀྲུང་གོར་དར་སྤེལ་བྱས་པ་ཡིན་ཕྱིན། ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་འཛིན་ལ་སློབ་སྟོན་བྱེད་པའི་བསམ་བློ་ཡིན་ལ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ནང་དུ་བཀོད་ཡོད་ཅིང་། ཁོང་གིས་གསར་གཏོད་བྱས་པའི་མི་དམངས་དམག་འཁྲུག་གི་གཞུང་ལུགས་ནི་མི་དམངས་བཅིངས་བཀྲོལ་དམག་ལ་སློབ་སྟོན་བྱེད་པའི་དམག་འཐབ་གཞུང་ལུགས་ཀྱང་ཡིན་ཞེས་གསུངས་ཡོད།
ལྔ་བ། གསུང་རྩོམ་གལ་ཆེན།
མའོ་ཙེ་ཏུང་གི་གསུང་རྩོམ་གཙོ་བོ་ནི༼མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས༽དེབ་དང་པོ་ནས་བཞི་བ་དང་། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གིས་བསྒྲིགས་པའི༼མའོ་ཙེ་ཏུང་གི་གསུང་རྩོམ་བསྡུས༽དང་། ༼མའོ་ཙེ་ཏུང་གི་སྙན་ངག་ཕྱོགས་བསྡུས༽སོགས་བཞུགས་སོ།
དྲུག་པ། ཕྱག་རྗེས་གལ་ཆེན།
གཅིག མའོ་ཙེ་ཏུང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་དྲངས་ནས་སྤྱི་ཚོགས་རིང་ལུགས་དར་སྤེལ་བྱེད་པའི་འགྲོ་ལམ་དུ་ཞུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་གཏན་འབེབས་བྱས།
གཉིས། མའོ་ཙེ་ཏུང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་མཛད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་གསར་གཏོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་སྟེང་དུ་ཞུགས་མགོ་བརྩམས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ་བྱེད་པའི་དུས་རབས་གསར་བ་ཞིག་མངོན་འགྱུར་བྱུང་ཡོད།
གསུམ། མའོ་ཙེ་ཏུང་གིས་ཀྲུང་གོའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དུས་རབས་གསར་བ་ཞིག་གསར་གཏོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དཀའ་ཚེགས་ཆེ་ཞིང་བར་ཆད་ཡོད་པའི་དམངས་གཙོ་གསར་བ་ཞིག་འཚོལ་ཞིབ་དང་མངོན་འགྱུར་བྱེད་པའི་མགོ་བརྩམས།
བཞི། མའོ་ཙེ་ཏུང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་གོ་གནས་ཀྱི་རྨང་གཞི་བཏིངས་ཏེ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་སྲིད་སྐྱོང་གི་གོ་གནས་ལ་ལྷོད་གཡེང་མེད་པའི་འཚོལ་ཞིབ་བྱས།
ལྔ། མའོ་ཙེ་ཏུང་གིས་ཀྲུང་གོར་རྒྱལ་སྤྱིའི་ཐོག་ཏུ་རྒྱལ་ཁབ་ཆེན་པོའི་གོ་གནས་ལ་རྨང་གཞི་བཏིངས་ཏེ། རང་བཙན་རང་བདག་དང་ཞི་བདེ་མཉམ་གནས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཐད་ལྷོད་གཡེང་མེད་པའི་འབད་འབུངས་མཛད་པ་དང་བཅས་སོ།།
་་་་་་་་་་ མའོ་ཙེ་ཏུང་ནི་ཀྲུང་གོ་དང་ཡང་ན་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་སྔར་བཞིན་གདེངས་འཇོག་བྱས་པ་མི་གཅིག་པའི་མི་སྣ་ཞིག་ཡིན།
དམངས་ཚོགས་ལས་འགུལ་རྩ་འཛུགས་དང་། རང་མོས་རིང་ལུགས། གུང་ཁྲན་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོས་བལྟས་ན་ཁོང་ནི་ཀྲུང་གོའི་སྤྱི་ཚོགས་བསྒྱུར་བཀོད་བྱེད་མཁན་རྩུབ་སྤྱོད་ཅན་ཞིག་ཡིན་པས། མི་གྲངས་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་སྒེར་གཅོད་མཁན་རེད་ཟེར། ་་་་་་་
་
ཀླུ་སྨྱོན་གྱིས།
དང་པོ་དེར། ་་་་་་་་་་་མི་སྣ་ཞིག་ཡིན། ཟེར།
གཉིས་པ་ལ། ་་་་་་སྒེར་གཅོད་མཁན་རེད་ཟེར། ཟེར།
ཀླུ་སྨྱོན་ལགས་ཀྱིས་མའོ་ཙེ་ཏུང་གི་ལོ་རྒྱུས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ལོ་ཤས་གོང་དུ་ཧྭ་གོ་ཧྥུན་སྐུ་གཤེགས་སྐབས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་ནང་དུ། ཧྭ་གོ་ཧྥུན་གྱི་མི་ཚེ་ལོ་རྒྱུས་གླེང་སྐབས་ཧྭ་གོ་ཧྥུན་ནི་མའོ་ཙེ་ཏུང་གི་བུ་ཡིན་པར་བཤད་ཀྱིན་འདུག དེ་མའོ་ཡི་ནང་དུ་མི་འདུག དེ་གང་ཡིན་ནམ། གསལ་བོར་མཁྱེན་མཁན་ཡོད་ན་གསུངས་རོགས།
རིང་དྲགས་ཏེ་ཀློག་ཐུབ་མ་སོང་། མིག་བཤར་ཞིག་བྱས་པར། སྐུ་མྱ་ངན་ལས་འདས་ཞེས་ཞེ་ས་གནམ་འོག་ཏུ་མི་ཤོང་བྱས་འདུག མའོ་ལྟ་བུ་མྱ་ངན་ལས་འདས་པ་ཐོབ་ཡོད་ན་སྤྱང་ཀི་ཚང་མ་མྱང་འདས་ལོས་ཐོབ། གལ་ཏེ་ཞེ་ས་འདྲ་བྱེད་དགོས་ནའང་སྐུ་གྲོངས་ཞེས་བྲིས་ན་འོས་ཤིང་འཚམས།
ངས་ནི། མའོ་ཙེ་ཏུང་ནི། གྲངས་ཚད་མང་ཤོས་ཤོད་མཁན་ལྟར། མི་ས་ཡ་བདུན་ཅུ་ཡས་མས་ཙམ་གྱི་ཚེ་སྲོག་ལ་གནོད་མཁན་གྱི་་མི་སྡིག་ཆེན་ཅིག་ལ་རྩི་བཞིན་ཡོད། ཁོའི་སྡིག་ཕུང་དེ་མྱུར་དུ་མེར་སྲེག་གཏོང་མཁན་འོངས་བའི་སྨོན་འདུན་ཡང་ཡོད།
ཀླུ་སྨྱོན་རིན་པོ་ཆེ་རྒྱ་ནག་ལ་ཆིབས་བསྒྱུར་གནང་བསམ་འདུག ཐོངས་མཆན་རེག་པར་གནང་དོགས་མི་འདུག རྒྱ་སེར་བླ་མ་དང་རྒྱ་ནག་བླ་མ་གཅིག་ལྕོགས་ཤིག་གནང་ཐུབ་ནའང་ཡག་པོ་རེད།
༅༅། མའོ་ཚེ་ཐུང་གི་ལོ་རྒྱུས་ཀློག་ནས་གང་ཡོང། ཁོ་སྡིག་ཆེན་ཞིག་རེད། ཁོ་ལ་ཆོས་ནི་མེད། ཁོ་ལ་བྱམས་དང་བརྩེ་བ་ནི་མེད། ཁོས་རྒྱ་མི་རང་ས་ཡ་བཞི་ལྷག་བསད་པ་རེད་ཞེས་སྔོན་དུ་གོ་མྱོང།།
བོད་མི་དམར་བསད་ག་ཚོད་བཏང་ཡོད་། ཧ་གོ་གི་ཡོད་པས།
ཁོས་ལོ་རྒྱུས་བྲིས་ཏེ་དྲ་རྒྱའི་ནང་བཏང་པ་ལས་བོད་ཀྱི་ལོ་རྒྱུས་ཕྱུག་པོ་རྣམས་བྲིས་ན་ཡག་
སྡིག་ཆེན་ཁོས་སོ་སོའི་ལུང་པ་འཕྲོག་ རྩ་ཆེའི་ཆོས་རྩ་མེད་བཟོས་ དགོན་པ་ ༦༠༠༠་ལྷག་གཏོར་བཤིགས་བཏང། བོད་མི་ཉུང་ཐར་བསྡོམས་ ༢༣༢༥༥༨། བསད་པ་རེད། ཉེས་མེད་ཁ་གཡོགས་བསྙོན་འཛུགས་ག་ཚོད་བྱས་འདུག་
མཁས་པ་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་གསན་མྱོང་ངམ།
ཆ་ཚང་བཀླགས་ཡིན་འོན་ཀྱང་ཚིག་མང་པོ་ཞིག་བསྐྱར་བཟློས་བྱས་པའི་བཟོ་ཞིག་མཐོང་བྱུང། རྟགས་ཡང་དག་ཡིན་པར་ཤེས་པ་ལ་རྟགས་ལྟར་སྣང་གི་གནད་དོན་ཧ་གོ་དགོས། དེ་མིན་ཡང་དག་ཡིན་པར་བསྒྲུབ་མི་ནུས། དེ་ག་ནང་བཞིན་རང་ཕྱོགས་ཡང་དག་དང་བདེན་པ་ཡིན་པར་ཤེས་པ་ལ་གཞན་ཕྱོགས་རྫུས་མ་དང་མི་བདེན་པ་ཡིན་པར་ཤེས་དགོས་ངེས་རེད། མ་འོ་ཙེ་ཏུང་ཟེར་བ་མི་སྡིག་ཅན་ཅིག་ཡིན་པར་སྨོས་མི་དགོས་ཀྱང་མི་བུ་རླབས་ཆེན་ཞིག་ཡིན་པར་གོང་གི་གྲགས་ཅན་མི་སྣ་མང་པོས་ངོས་འཛིན་བྱས་པ་ལྟར་རེད། མ་ཟད་མི་མང་དུང་ཕྱུར་ལ་དབང་བསྒྱུར་བྱེད་མཁན་གྱི་མི་བུ་ཞིག་ཡིན་དུས་ང་ཚོས་བསམ་བློ་གཏོང་གཞི་ཡོད་པ་ཞིག་ལས་སྣང་མེད་དུ་བཞག་ན་གང་ནས་འགྲིག སྐུ་མྱ་ངན་ལས་འདས་ཞེས་བྲིས་པ་ནི་རྩོམ་པ་པོའམ་བསྒྲིགས་པ་པོ་ལ་དག་སྣང་ཡག་པོ་ཡོད་པ་ཞིག་དང་མ་ཟད། ༧ གོང་ས་མཆོག་ནས་ཀྱང་མའོ་ཙེ་ཏུང་ནི་ཁོང་གི་གཅེན་པོ་དང་འདྲ་བ་ཞིག་ཡིན་ཚུལ་གསུངས་ཡོད་པས་རེད།
མའོ་ཙེ་ཏུང་གི་ལོ་རྒྱུས་ཤེས་པ་དེ་མཁས་པའི་ཡོན་ཏན་རེད། མའོར་མཐའ་གཅིག་ཡག་པོར་བསྟོད་པ་འདི། མཁས་པའི་ཤེས་འཆལ་རེད་དོ།།
ངའི་ཕ་ཡུལ་ན། སྔོན་ཐོན་པའི་ཁྱིམ་ཚང་ཟེར་ནིའི་མི་ཚང་འགའ་ཤས་ཡོད་རབས་ཟེར། ཁོང་ཚོས། མོའོ་རྒན་གྱི་ལོ་རྒྱུས་བློ་ལ་འཛིན་པ་དང་བྱས་རྗེས་ལ་བསྟོད་གླུ་ལེན་པ། བླ་མ་ལ་འཐབ་རྩོད་བྱེད་པ། ལྷ་ཁང་ལྷ་མཆོད་སོགས་ཐོ་བས་རྡུང་ནས་གཏོར་ཞིག་བྱེད་པ་རེད་ཟེར། སྐབས་དེ་ནི། དགྱ་འདྲེ་བོད་ལ་ཐོན་པའི་སྔ་ཕྱི་ཡིན་པ་རེད་ཟེར། ཡིན་ན་ཡང་མི་རབས་དེ་དག་གི་མང་ཆེས་བ་ད་ལྟ་དམྱལ་བ་ལ་ཕྱིན་ཚར་བ་རེད་ཟེར། སྟབས་མ་ལེགས་པ་ཞིག་ལ། ད་ལྟ་ཡང་དེ་དག་གི་ལས་ངན་པའི་བུ་རབས་ཚ་རྒྱུད་ལ་ཤ་ཤད་རྒྱས་ནས། ཡུལ་ཁམས་གང་ན་མོའོ་རྒན་ལ་དུང་དུང་དྲེན་དྲེན་བྱེད་ཀྱི་ཡོད་པ་ཟེར། ཀླུ་སྨྱོན་འདི་བ་ཚང་ཡང་གནའ་རྫོད་ད་རྫོད་ཞིག་གི་ལས་སྔ་ཡོད་པ་དུ་ཁྱིམ་ཞིག་མ་ཡིན་པར་ཤོག།
མོའོ་རྒན་དམྱལ་ཡུལ་ནས་སྐལ་བ་བྱེ་བ་ཕྲག་བརྒྱ་མ་འགོར་བར་ཐར་བ་མེད་པ་རེད་ཟེར། བདེན་པ་ཡིན་ན། དགའ་བ་ལ། སྐྱིད་པ་ལ།
ཀླུ་སྨྱོན་ལགས་སུ་དེ་འདྲ་ལབ་མ་ཡོང་། གོང་ས་མཆོག་གིས་མའོ་ཙེ་ཏུང་ལ་ཕ་ལྟ་བུའི་འདུ་ཤེས་ཡོད་གསུང་པ་ནི་བརྒྱུད་ལམ་ཁག་ཏུ་ཐོན་མྱོང་། ཀླུ་སྨྱོན་ལགས་ལའང་མའོ་ཙེ་ཏུང་ལ་སྤོ་ལགས་ལྟ་བུའི་འདུ་ཤེས་ཡོད་ཆོག་གི་རེད་ལ། མི་སྒེར་གྱི་རང་དབང་རེད། ཡིན་ནའི། གནང་སྟངས་འདི་བོད་ཀྱི་ལོ་རྒྱུས་ཁྲོད་གང་འདྲ་ཆགས་མིན་ནི་དཔྱད་གཞི་གཞན་ཞིག་རེད།
མའོ་རྒན་གྱི་མི་ཚེའི་ལོ་རྒྱུས་མང་པོ་ཡོད་པའི་ནང་ནས་དབྱིན་ཡུལ་ནང་བཞུགས་པའི་རྩོམ་པ་པོ་ལྕམ་འཇུང་འཆང་ Jung Chang གི་བྲིས་པའི་”ཧ་གོ་མྱོང་མེད་པའི་མའོའི་ལོ་རྒྱུས་” ཞེས་པ་མཁས་པ་མང་པོས་མངགས་བརྗོད་དང་ཡིད་ཆེས་གནང་ཡུལ་གཅིག་པོ་དེ་རེད། མ་ཟད་རྩོམ་པ་པོ་ཁོང་གི་ཕ་མ་གཉིས་ཀ་སྐབས་དེར་མའོ་ལ་ཡིད་ཆེས་བློས་འགེལ་དང་དམར་དམག་རྒྱང་སྐྱོད་སྐབས་ཀྱི་དམར་ཤོག་ཚོགས་པའི་མི་སྣ་གལ་ཆེན་གྲས་རེད་འདུག །དེབ་དེ་ཀློག་ན་ད་ཟོད་མཁས་དབང་ཀླུ་སྨྱོན་ལགས་ནས་ངོ་སྤྲོད་གནང་བ་འདི་དང་ལྡོག་ཕྱོགས་རང་རེད་འདུག་པས་མཁྱེན་འདོད་ཡོད་པའི་ཀློག་པ་པོ་རྣམས་ནས་དེབ་དེ་གཟིགས་པའི་རེ་བ་ཡོད།
དེབ་དེའི་མིང་། MAO The Unkown Story
རྩོམ་པ་པོ། Jung Chung
She is Slao author of WILD SWANS
འདི་རྒྱ་ཡིག་ནས་གཞན་ཞིག་གིས་བསྒྱུར་པ་ཡིན་ནི། རང་དབང་བྲལ་བ་ཞིག་གིས་འདི་ལྟར་མི་འབྲི་ཀ་མེད་གྱུར་པ་ལོས་ཡིན། ཀླུ་སྨོན་ཁྱེ་ཀྱིས་བསྒྱུར་པ་ཡིན་ན་ནི། ཚིག་གང་དང་གང་། བེད་སྤྱོད་གང་དང་གང་ལ་བྱེད་དགོས་མིན་མ་ཤེས་པའི་སྐྱོན་རི་རབ་ཙམ་ཤོར་འདུག །
དེང་སང་་ཁ་བརྡ་དྲ་བ་ན་ཡང་མའོ་ཙེ་ཏུང་ལ་ཆེ་བསྟོད་མང་གི ཉེ་སྔོན་ནས་དབུ་མའི་ལམ་གྱི་ལས་འགུལ་ཚ་ཚ་འུར་འུར་བྱ་རྒྱུ་ཡིན་ཚུལ་རྡ་ས་ན་བསྒྲགས་སོང་། འདི་ཡང་དབུ་མའི་ལམ་ཚང་གི་ལས་འགུལ་གྱི་ཆ ཤས་ཤིག་ཡིན་རྒྱུ་རེད།
ངས་འདི་གཞན་གྱིས་བསྒྱུར་པ་དྲངས་པ་ཡིན། རིམ་བཞིན་སི་ཏ་ལིན་དང་ལེ་ཉིན་སོགས་ཀྱི་ལོ་རྒྱུས་འདིར་འདྲེན་རྩིས་ཡིན།
http://blog.tibetcul.com/home.php?mod=space&uid=16914&do=blog&id=291707
ངས་འདི་ནས་དྲངས་པ་ཡིན།
རྒྱ་ནག་གི་གསར་བརྗེ་དེ་དགོས་པ་ཞིག་རེད། དེ་ནི་རྒྱ་མི་དུང་ཕྱུར་ཁ་ཤས་ཀྱི་འདོད་འདུན་རེད་ལ་ཁྱིམ་མཚེས་བོད་སོགས་ལ་ཡང་ཕན་ཐོགས་ཡོད་པ་ཞིག་རེད། ཡིན་ན་ཡང་། མའོ་ཙེ་ཏུང་གིས་གསར་བརྗེ་བ་ཚོའི་བྱས་རྗེས་དེ་ཁོ་རང་གི་ཡིན་མདོག་བྱས་ནས་ཁོ་རང་རྒྱལ་པོ་བྱས་པ་རེད། མ་ཤི་བར་དུ་རྒྱལ་ས་བཟུང་བ་རེད། ཧྥ་གོ་ཧྥུང་ལྟ་བུ་ཅི་ཡང་མི་འཇོན་མཁན་ཁ་ཤས་མ་གཏོགས་པ་འཇོན་ཐང་ཡོད་པའི་གསར་བརྗེ་བ་ཚང་མ་མེད་པ་བཟོས་པ་རེད། སྐབས་དེར་ཏུན་ཞོའི་ཕུན་ལོ་ན་གཞོན་ཤོས་ཀྱི་གསར་བརྗེ་མགོ་གཙོ་ཞིག་རེད། ཁོ་ཡང་བཙོན་ལ་ཐེང་ཁ་ཤས་བཅུག་ནས་མེད་པ་བཟོ་རྩིས་བྱས་ན་ཡང་ཐ་མ་ཤི་མ་ཐུབ་པར་གསར་བརྗེ་ཡི་མཇུག་བསྐྱངས་པ་རེད། གལ་སྲིད་ཏིང་ཤོའི་ཕིན་བཙོན་ནས་ཤི་སོང་ཡོད་ན་དེང་སྐབས་རྒྱ་ནག་མུན་ནག་གི་ནང་ན་ལུས་ནས་བསྡད་ཡོད་པ་རེད། མའོ་ཙེ་ཏུང་ཟེར་བ་དེ་མི་ངན་མགོ་བདེ། སྐྱག་རྫུན་ཤ་སྟག་བཤད་མཁན། གདུག་རྩུབ་ཅན། རང་ཉིད་གཅིག་པོའི་ཁེ་ཕན་མ་གཏོགས་དྲན་རྒྱུ་མེད་མཁན། རྡར་མ་ཐ་ན་གནམ་གྲུའི་ནང་ལ་ཡང་འཕུར་མི་ཕོད་མཁན་ཞིག་རེད། ཅང་ཅེ་ཧྲིས་མི་ཤུགས་རྒྱུ་ཤུགས་ཚང་མ་བེད་སྤྱད་ནས་ཉི་ཧོན་གྱི་བཙན་འཛུལ་ཁ་གཏད་བཅག་པ་མ་གཏོགས་དམར་དམག་གིས་ཉི་ཧོན་ལ་ཁ་གཏད་ངོ་མ་ཞིག་བཅག་མྱོང་མེད་ན་ཡང་། ཡོད་ན་ཡང་མའོ་ཙེ་ཏུང་གིས་སྐྱག་རྫུན་བཤད་ནས་ཉི་ཧོན་ཕྱིར་འབུད་བྱས་པ་དེ་ཁོའི་བྱས་རྗེས་ཡིན་མདོག་བྱས་པ་རེད།
འཇར་པན་ཕྱིར་འབུད་བྱས་པ་དེ་གོ་གུང་མཉམ་འབྲེལ་གྱི་དམག་ཤུགས་དང་ཨ་རིས་རྡུལ་ཕྲན་མཚོན་ཆས་ཧེ་རོ་ཤི་མ་གྲོང་ཁྱེར་ཧྲིལ་བོ་རྩ་གཏོར་བཏང་བ་གསུམ་མཉམ་འབྲེལ་གྱི་འབྲས་བུ་རེད།
རང་རང་གི་སེམས་ཚོར་གྱི་སྐད་ཆ་བཤད་ན་དེ་ལ་དགག་བྱ་གང་ཡོད། དེ་མིན་མའོ་འཇོན་ཀྱང་རུང་མ་འཇོན་ཀྱང་རུང། གསར་བརྗེ་ཟེར་བའི་སྟོན་པ་ངོ་མ་དེ་ཁོ་རང་རེད། མི་མང་དུང་ཕྱུར་གྱི་ཁ་ལོ་བསྒྱུར་མཁན་གྱི་མི་ཞིག་རེད། མི་བཅུ་གྲངས་ཞིག་ལའང་དབང་བསྒྱུར་དང་སྣེ་འཁྲིད་བྱེད་མི་ཐུབ་མཁན་ཚོས་ཅི་ཡང་བཤད་ཀྱི་རེད། བོད་ལ་གསར་བརྗེ་ཟེར་ནས་ཧུར་བརྩོན་པ་མང་པོ་ཞིག་ཡར་ལངས་ནས་དགོན་པ་གཏོར་བླ་མར་བརྡུང་རྟེན་གསུམ་བཤིག་མཁན་དེ་ཚོ་མའོ་ཡིན་མིན་དྲང་བདེན་གྱི་བརྟག་དཔྱད་བྱས་ན་ཧོ་གོ་ཐུབ། ང་ཚོ་བོད་མི་རིགས་འདི་ག་དུས་ཡིན་ནའང་རེ་བ་རྐྱང་རྐྱང་བྱས་ནས་སྡོད་མཁན་ཞིག་རེད། ཏིང་ཤི་རྗེས་གནམ་ས་བླ་འོག་འགྱུར་གི་རེད་ཟེར་ནས་འུར་སྒྲོགས་བྱས་པ་རེད། ཏིང་ཤི་རྗེས་གསར་པ་གང་ཡང་བྱུང་མ་སོང། ཡང་ཧོང་ཀོང་ལེན་དུས་གཅིག་འབྱུང་གི་རེད་ཟེར་ནས་གྲགས་སོང་དེ་ཡང་བྱུང་མ་སོང། དེ་ནས་མི་རབས་གསར་པ་ཞི་ཅིང་པིན་མགོ་ཁྲིད་ལ་འཁོད་དུས་གཅིག་འབྱུང་གི་རེད་ནས་རེ་བ་བརྒྱབ་སོང་དེ་ཡང་གང་ཡང་བྱུང་མ་སོང། ད་རེ་བ་སྟོང་ཟད་དེའི་རིགས་མ་བརྒྱབ་ན་དགའ། ཕོ་རང་གིས་འཇོན་ཚོད་ཀྱི་ལས་ཀ་དངོས་ལ་ཞུགས།
ཀླུ་སྨྱོན་་ལགས་ཀྱིས་མོའོ་ཡི་ལོ་རྒྱུས་བཀོད་པ་ཡག་བྱུང་། ད་དུང་གུང་བྲན་ཏང་གི་མི་རྒན་ཚོའི་ལོ་རྒྱུས་མང་ཙམ་བཀོད་ན་ཡག་པོ་མཐོང་སོང་། འོན་ཀྱང་མོའི་ཡི་ལོ་རྒྱུས་དེ་རིང་དྲག་འདུག ད་དུང་ཆ་ཚང་བ་ཞིག་ཡིན་བཟོ་མི་འདུག མོའོ་ནི་མོ་དད་ཆེ་བ་ལ་ཚོད་ཅིག་མེད་པའི་སྐྱུག་བྲོ་བའི་ལོ་རྒྱུས་ཧ་ཅང་།
སྔར་སྔ་མོ་ཞིག་ལ་བོད་ཀྱི་མཐོ་རིམ་མི་སྣས་གླུ་འདི་འདྲ་བཏང་
སྐད་།
རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་།
དངུལ་ད་ཡང་ཆར་པ་འབབས་བབས་རེད་།ཟེར་དུས་དེང་སང་།
ནུབ་བདེ་ཞིང་ཨ་རི་གཉེན་དཔུང་རེད་།
དངུལ་ཌོ་ལར་གཙང་ཆུ་རྒྱུགས་རྒྱུགས་རེད་།ཟེར་འདའ།
བདེན་མིན་མི་ཤེས་ཧཧཧཧཧ
༅༅། གཞུང་པ་ཚེ་བསོད་ལགས།
གཏམ་དཔེ་དང་པོ་དེ་དངོས་གནས་ཡིན་སྐོར་ང་སློབ་གྲར་ཡོད་སྐབས་ལགས་ནས་གསུངས་མྱོང།
གཏམ་དཔེ་གཉིས་པ་དེ་ལ་མོས་མཐུན་མེད།
གང་ལགས་ཟེར་ན།
ནུབ་བདེ་ཞིང་ཨ་རི་ལུང་པ།
དངུལ་དྲོ་ལར་གཙང་ཆུ་རྒྱུགས་རྒྱུ་མེད།
ཉི་མའི་ཡོང་འབབ་ཁང་གླ་རང་དུ་རྫོགས།
ཉིན་གཉིས་ཀྱི་ཡོང་འབབ་ཟས་སོང་འདང་ཙམ་རེད།
རྫིགས་པོ་འབྱོན་མདོག་ག་ཚོད་བཤད་ཀྱང། རང་འགོ་ཐོན་ཙམ་ཞིག་རེད།
་་་་་་་་ མའོ་ཙེ་ཏུང་ཟེར་བ་དེ་མི་ངན་མགོ་བདེ། སྐྱག་རྫུན་ཤ་སྟག་བཤད་མཁན། གདུག་རྩུབ་ཅན། རང་ཉིད་གཅིག་པོའི་ཁེ་ཕན་མ་གཏོགས་དྲན་རྒྱུ་མེད་མཁན། རྡར་མ་ཐ་ན་གནམ་གྲུའི་ནང་ལ་ཡང་འཕུར་མི་ཕོད་མཁན་ཞིག་རེད། ་་་་་་
མའོ་རླབས་ཆེན་མ་རེད། མའོ་རྫབ་ཆེན་རེད།
ལེ་ནིན་གུང་བྲན་མ་རེད། ལེ་ནིན་བཙན་ཤེད་རེད།
སི་ཏ་ལིན་སྐྱོན་མང་ཐོན་ཙང་། མཐའ་མ་རོ་འཁོགས་བཏོན་པ་རེད།
སྲིད་དོན་པ་ཟེར་མཁན་དེ་མ་འོ་ནང་བཞིན་དགོས་པ་རེད། རང་རྒྱལ་གཞན་ཕམ་བྱེད་ཐུབ་མཁན། ཆོས་པ་སྲིད་དོན་པ་བྱས་ན་ཡོང་རྒྱུ་འདི་ལས་མེད། རང་ཕམ་གཞན་རྒྱལ། མ་རེད་པས་རྒན་ཀརྡོ་ལགས།་ཆོས་པ་ཆོས་པའི་ས་ལ་བཞུགས། ཆབ་སྲིད་པ་ཆབ་སྲིད་པའི་ས་ལ་འདུག་ཤེས་ན་རང་གི་རྒྱལ་ཁབ་སྐྱོང་ཐུབ་ཀྱི་རེད་དེ་མིན་ཉ་ཉུང་བསྲེས་ན་དེ་འདི་ལས་གང་ཡོང།
སྐྱེས་ཕོ་རས་བཤད་བཤད་རྫུན་ཞིག་བཤད།
རྫུན་རྔ་མ་བསུམས་ན་ཕོ་རབ་ཡིན།
རྗེ་མི་ལས་བྱས་བྱས་ཆོས་ཤིག་བྱས།
ཕོ་རང་སེམས་འདུལ་ནས་འཁོར་བ་སྤོང་།
ཕོ་མཐའ་མས་བཤད་བཤད་རྫུན་ཞིག་བཤད།
རྫུན་རྔ་མ་མ་བསུམས་རང་ཉིད་འཕུང་།
བོད་སྤྲུལ་སྐུས་བཤད་བཤད་ཆོས་ཤིག་བཤད།
ཕོ་རང་སེམས་མ་འདུལ་སྲིད་ལ་ཞུགས།་་་་་ཧཧཧ་་་་་མའོ་ཡིས་རྫུན་འདི་དང་དེ་བཤད་སོང་ཟེར་ནས་ཁུངས་སྐྱེལ་ཡ་ཡོད་དམ། ཡོད་ན་རྫུན་འདི་དང་དེ་བཤད་སོང་ཟེར་ནས་ངོ་སྤྲོད་ཤིང་གནང་རོགས་བྱོས།
འབྲི་ཆུ་ཡར་བརྒལ་ནས། མའོའི་དམར་དམག་གིས། རང་རིགས་བོད་པ་ཉེས་མེད་མང་པོ་དམར་གསོད་གཏོང་མཁན་གྱི་མའོ་རླབས་ཆེན་ཡིན་སྟངས་ཤིག་ཀྱང་རེད་དམ། ལགས།
སྔ་མོ་བོད་ཀྱི་གཏམ་དཔེ་ལ་།
རྫུན་ཕོ་རབ་ཀྱིས་ཤོག་པ་།
རྐུ་ཡིད་བཞིན་གྱི་ནོར་བུ་།
ཟེར་ལེ་འདའ་།
https://en.wikipedia.org/wiki/Mao_Zedong
…….. who was responsible for an estimated 40 to 70 million deaths through starvation, forced labour and executions, ranking his tenure as the top incidence of democide in human history. ………
མི་འབོར་ས་ཡ་བདུན་ཅུ་ཡས་མས་ཀྱི་ཚེ་སྲོག་གི་ངན་ཁག་འཁུར་དགོས་མཁན་གྱི་མི་དེ་རླབས་ཆེན་ཡིན་ན། མི་རྣམས་ཀྱི་ནང་ན་སེམས་ཅན་དུད་བདུག་རྩུབ་ཆེ་བ་ཡོད་པ་ལྟར། མའོ་རླབས་ཆེན་དུ་འདོད་མཁན་རྣམས་ནི། དུད་འགྲོ་ལས་བླུན་པ་ཤ་སྟག་ཏུ་ཐལ་ལོ།།
སི་ཏ་ལིན་གྱི་སྡིག་རོ་དེ། ཕྱིར་བཏོན་པ་ལྟར། ལེ་ཉིན་གྱི་སྡིག་ཕུང་དེ། ཕྱིར་བཏོན་རྒྱུ་ངེས་པ་རེད།
མའོའི་རོ་སྒམ་དེ་ཡང་མཐར་ཤུལ་མེད་དུ་གཏོང་རྒྱུ་ངེས་པ་རེད།
ཡག་པོ་འདུག
ལོ་རྒྱུས་ཞིབ་འཇུག་བྱེད་ན་གོང་གི་རྩོམ་ཡིག་འདི་དང་གློག་བརྙན་འདི་གཉིས་འབྲེལ་ནས་བལྟས་ན་ལེགས།
http://www.bbc.com/culture/story/20200115-how-buddhism-spread-written-language-around-the-world
་་་་་་་་་་་་་ དམངས་ཚོགས་ལས་འགུལ་རྩ་འཛུགས་དང་། རང་མོས་རིང་ལུགས། གུང་ཁྲན་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོས་བལྟས་ན་ཁོང་ནི་ཀྲུང་གོའི་སྤྱི་ཚོགས་བསྒྱུར་བཀོད་བྱེད་མཁན་རྩུབ་སྤྱོད་ཅན་ཞིག་ཡིན་པས། མི་གྲངས་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་སྒེར་གཅོད་མཁན་རེད་ཟེར།
མའོ་ཙེ་ཏུང་ནི་འཛམ་གླིང་གི་དེང་རབས་ལོ་རྒྱུས་ཐོག་ཏུ་ཆེས་གལ་ཆེན་དང་དུས་མཚུངས་སུ་རྩོད་གླེང་ཆེས་ཆེ་བའི་མི་སྣ་གྲགས་ཅན་ཞིག་ཀྱང་ཡིན། ཀྲུང་གུང་ཕྱོགས་ནས་བལྟས་ན་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་གཙོ་འཛིན་ཞིག་ཡིན། འོན་ཀྱང་ཁོང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ཚེ་མཇུག་ཏུ་ནོར་འཆུགས་ཚབ་ཆེན་བྱུང་ཡོད་པར་སེམས། ་་་་་་་་་་་ ཟེར།
ཆབ་སྲིད་པའི་ནང་ལ།
་
མའོ་གླང་དར་ཧིཊ་ལར་གསུམ། །
མི་ངན་སྐད་གྲགས་ཆེ་ཤོས་གསུམ། །
གན་དྷི་མེན་ཌལ་༸སྐུ་མདུན་གསུམ། །
མི་བཟང་སྣ་གྲགས་ཆེ་ཤོས་གསུམ། །
་
ཀརྡོས།
ཆོས་ཕྱོགས་ནང་ལ།
་
ཤྰཀ་ཐུབ་ཡི་ཤུ་མོཧ་མད་གསུམ། །
སངས་རྒྱས་དཀོན་མགྲོན་གཉེར་གསུམ། །
མའོ་གླང་དར་ཧིཊ་ལར་གསུམ། །
ཆོས་མེད་ཀླ་ཀློ་སྡིག་ཅན་གསུམ། །
་
ཀརྡོས།
མི་བཟང་སྣ་གྲགས་ཆེ་ཤོས་གསུམ། །
འདི།
མི་བཟང་སྙན་གྲགས་ཆེ་ཤོས་གསུམ། །
ལ་བཅོས་སོ།།