གླིང་གཅེར་བུས་སྒྲ་ཐག་ནས་བསྒྱུར།
མཱ་ལཱ་ལཱ་དང་ཁོ་མོའི་སྐད་ཆ།____ཁོ་མོའི་མཉམ་འབྲེལ་རྒྱལ་ཚོགས་སྟེགས་བུའི་སྟེང་གི་སྐད་ཆ།
དུས་ཡུན་རིང་པོ་ཞིག་གི་རྗེས་དེ་རིང་སླར་ཡང་འདིར་གཏམ་བཤད་བྱེད་ཐུབ་པ་དེ་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད། ཆེས་བཀུར་འོས་པའི་མི་སྣ་རྣམ་པའི་ཁྲོད་དུ་སླེབས་པ་འདི་ནི་ངའི་མི་ཚེ་འདིའི་དུས་སྐབས་གལ་ཆེ་ཞིག་ཡིན། དེ་རིང་འདིར་ངས་ཞིང་གཤེགས་དཔའ་མོ་བི་ནཱ་ཛིར་བྷུ་ཊོ་མཆོག་གི་དར་གོས་གྱོན་པ་འདི་ཡང་ངའི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད། ངས་གང་ཞིག་ནས་ངའི་གཏམ་བཤད་འདིའི་འགོ་ཚུགས་དགོས་མིན་ཤེས་ཀྱིན་མི་འདུག ངས་མི་མང་གིས་ངའི་གཏམ་བཤད་ཀྱི་ནང་དོན་ཐད་རེ་འདུན་གང་འདྲ་ཞིག་བྱ་མིན་ཤེས་ཀྱིན་མེད།
ཡིན་ཡང་། ཆེས་ཐོག་མ་དེར་ངས་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁོང་གི་ངོར་འུ་ཚོ་སུ་ཞིག་ཡིན་ཡང་ཚང་མ་འདྲ་མཉམ་རེད། དེ་བཞིན་ང་དྲག་སྐྱེད་ཡོང་བ་དང་མི་ཚེ་གསར་བ་ཞིག་འཐོབ་པར་སྨོན་ལམ་འདེབས་མཁན་གྱི་སྐྱེ་བོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ། མི་ཚོས་ང་ལ་བརྩེ་སེམས་ཇི་ཙམ་ཞིག་བསྟན་སོང་བར་ངས་ཡིད་མི་ཆེས་པ་ལྟ་བུ་འདུག ང་ལ་འཛམ་གླིང་གི་ས་ཕྱོགས་ཡོངས་ནས་ལེགས་སྨོན་གྱི་ཤོག་བྱང་དང་ལེགས་སྐྱེས་སྟོང་ཕྲག་མང་པོ་འབྱོར་བྱུང་། ཁོ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ། བྱིས་པ་དག་ལ་ཐུགས་རྗེ་ཆེ་ཞུ། ཁོ་ཚོའི་ལྷད་མེད་པའི་སྐད་ཆས་ང་ལ་སེམས་ཤུགས་བསྩལ་བྱུང། ངའི་རྒན་རབས་པ་རྣམས་ལའང་ཐུགས་རྗེ་ཆེ་ཞུ། ཁོ་ཚོའི་སྨོན་ལམ་གྱིས་ངའི་སྟོབས་ཤུགས་རྒྱས་བྱུང་། ད་དུང་ངས་པ་ཀི་སི་ཐན་དང་དབྱིན་ཇིའི་ནང་གི་སྨན་ཞབས་པ་རྣམ་པ། སྨན་པ་རྣམ་པ་དང་སྨན་ཁང་གི་ལས་བྱེད་ཡོངས་དང་། ཡུ་ཨེ་ཨི་སྲིད་གཞུང་གིས་ངའི་དྲག་སྐྱེད་དང་བསྐྱར་གསོན་ལ་རོགས་རམ་དང་མཐུན་རྐྱེན་སྦྱར་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུབས་ཞབས་བྷན་ཀེན་མོན་དང་ཁོང་གི་ཤེས་ཡོན་དང་པོར་འཇོག་པའི་ལས་འཆར་ལ་ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དང་རྒྱལ་ཚོགས་ཚོགས་ཆེན་གྱི་ཚོགས་གཙོ་རྣམ་གཉིས་ཀྱིས་མགོ་ཁྲིད་ནས་ང་ཚོས་མུ་མཐུད་དེ་ལས་དོན་བསྒྲུབ་པར་སྐུལ་འདེད་གཏོང་བར་ཐུགས་རྗེ་ཆེ་ཞུ།
བརྩེ་བའི་མིང་སྲིང་རྣམ་པ། ཁྱེད་ཚོས་དྲན་དགོས་པ་ཞིག་ལ་མཱ་ལཱ་ལཱ་ཉིན་མོ་ནི་ང་གཅིག་པོའི་ཉིན་མོ་མ་ཡིན་པར། དེ་རིང་ནི་བྱིས་པ་ཕོ་མོ་སུ་ཞིག་གིས་རང་གི་ཐོབ་ཐང་གི་ཆེད་དུ་འབོད་སྒྲ་སྒྲོག་མཁན་དག་གི་ཉིན་མོ་ཡིན་ཆོག ད་དུང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་སྤྱི་ཚོགས་ཞབས་ཞུ་བ་བརྒྱ་སྟོང་མང་པོས་ཐོབ་ཐང་ཐད་ལ་སྐད་ཆ་རྐྱང་པ་བཤད་པ་ཙམ་མ་ཡིན་པར། ཁོ་ཚོས་རང་གི་དམིགས་འདུན་དེ་ཞི་བདེ་དང་། ཤེས་ཡོན། འདྲ་མཉམ་སོགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད་པ་རེད། འཇིག་སྐུལ་རིང་ལུགས་པ་ཁོ་ཚོས་སྟོང་ཕྲག་མང་པོ་བསད་ཅིང་ས་ཡ་མང་པོར་རྨས་སྐྱོན་བཟོས་ཡོད་པ་རེད། ང་ནི་དེ་དག་ཁྲོད་ཀྱི་གཅིག་ཡིན། དེར་བརྟེན། ང་འདི་ནས་ཡར་ལ་ལངས་ཡོད། ང་ནི་དེ་དག་མང་པོའི་ཁྲོད་ཀྱི་བུ་མོ་གཅིག་ཡར་ལ་ལངས་བ་དེ་རེད། ངའི་གཏམ་བཤད་འདི་ཡང་ང་གཅིག་པོའི་ཆེད་དུ་མིན་པར་། ངས་གཏམ་བཤད་དེ་ཁོ་ཚོའི་ཆེད་དུ་བཤད་བཞིན་ཡོད། འབོད་སྐད་སྒྲོག་ཐབས་བྲལ་ཅིང་གོ་མཁན་མེད་པ་ཚོའི་ཆེད་དུ་བཤད་བཞིན་ཡོད། ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་ཚོའི་ཆེད་དུ་བཤད་བཞིན་ཡོད། ཁོ་ཚོའི་ཞི་བདེ་ལྡན་པའི་འཚོ་གནས་ཀྱི་ཐོབ་ཐང་ཆེད་དུ་བཤད་བཞིན་ཡོད། །ཁོ་ཚོར་འདྲ་མཉམ་ཀྱི་གོ་སྐབས་རག་པའི་ཐོབ་ཐང་གི་ཆེད་དུ་བཤད་བཞིན་ཡོད། ཁོ་ཚོར་ཤེས་ཡོན་པ་བྱ་བའི་ཐོབ་ཐང་གི་ཆེད་དུ་བཤད་བཞིན་ཡོད།
བརྩེ་བའི་གྲོགས་པོ་རྣམ་པ། སྤྱི་ལོ་གཉིས་ཐིག་བཅུ་གཅིག་ལོའི་ཟླ་བཅུ་བའི་ཚེས་དགུ་ཉིན་ཏཱ་ལེ་བྷན་ཚོས་ཁོ་མོའི་གཡོན་ཕྱོགས་ཀྱི་ཀླད་ཟུར་དུ་མེ་མདའ་བརྒྱབ་སོང་། ཁོ་ཚོས་ངའི་གྲོགས་མོར་ཡང་མེ་མདའ་བརྒྱབ་ཡོད་པ་རེད། ཁོ་ཚོས་བསམ་ན་མདེའུ་ཡིས་ང་ཚོ་གྲགས་མེད་དུ་བཏང་ཡོད་འདོད་ཀྱང་། ཁོ་ཚོ་ཕམ་སོང་། དེ་ལས་ཀྱང་གྲགས་མེད་གཏོང་འདོད་ལས་འབོད་སྒྲ་སྟོང་ཕྲག་མང་པོ་ཡར་ལ་བསླངས་སོང་། འཇིགས་སྐུལ་བའི་འདོད་འདུན་ནི་ངའི་དམིགས་འདུན་བརྗེ་སྒྱུར་བྱ་རྒྱུ་དང་རྨི་ལམ་རྨི་མཚམས་འཇོག་འདོད་པ་དེ་ཡིན། ཡིན་ཡང་། ཁོ་ཚོས་ངའི་མི་ཚེ་ལ་འགྱུར་བ་ཅི་ཡང་གཏོང་མ་ཐུབ་། ཁོ་ཚོས་ཕམ་ཉེས་སུ་གཏོང་ཐུབ་པ་དེ་ནི་ཉམ་ཞན། འཇིགས་སྣང་། ཡི་མུག རེ་ཟད་དག་ཡིན་ལ། དེ་ལས་ཀྱང་སྟོབས་ཤུགས། ནུས་མཐུ། སྙིང་རུས། སྤོབས་སེམས་དག་སྐྱེས་སུ་བཅུག་སོང་། ༼ཐལ་སྒྲ༽ ང་ནི་སྔར་བཞིན་སྔོན་གྱི་མཱ་ལཱ་ལཱ་དེ་ཡིན། ངའི་དམིགས་འདུན་ཀྱང་སྔར་བཞིན་ཡིན། རྨི་ལམ་ཡང་སྔར་བཞིན་ཡིན། ངའི་རེ་འདོད་ཀྱང་སྔར་བཞིན་ཡིན། བརྩེ་བའི་མིང་སྲིང་རྣམ་པ། ངས་སུ་ལ་ཡང་རྒོལ་བ་བྱེད་ཀྱིན་མེད། ངས་དེ་རིང་གི་སྐད་ཆ་དག་ཀྱང་མི་སྒེར་གྱི་འཁོན་ལན་ཆེད་དུ་ཏཱ་ལེ་བྷན་ལ་བཤད་ཀྱིན་མེད་ལ་འཇིགས་སྐུལ་ཚོགས་པ་གཞན་ལ་ཡང་བཤད་ཀྱིན་མེད། ངས་འདི་ནས་བཤད་པའི་སྐད་ཆ་དག་ནི་འཛམ་གླིང་གི་བྱིས་པ་ཡོངས་ལ་ཤེས་ཡོན་ཐོབ་ཐང་འདྲ་མཉམ་ཡོང་ཆེད་བཤད་པ་ཡིན། ངས་ད་དུང་ཏཱ་ལེ་བྷན་གྱི་བུ་དང་བུ་མོ་ཚོར་ཤེས་ཡོན་ཐོབ་ན་འདོད་ཀྱིན་ཡོད་ལ། དེ་མིན་གྱི་འཇིགས་སྐུལ་བ་དང་ཐལ་སྤྱོད་རིང་ལུགས་པའི་བུ་དང་བུ་མོ་ཚོར་ཡང་ཤེས་ཡོན་འཐོབ་ན་འདོད་ཀྱིན་ཡོད། ང་ནི་མཐའ་ན་ང་ལ་མེ་མདའ་རྒྱག་མཁན་གྱི་མི་དེར་ཡང་གཏན་ནས་སྡང་གི་མེད། གལ་ཏེ་དེ་རིང་ང་ལ་མེ་མདའ་ཞིག་ཡོད་པ་དང་མེ་མདའ་བརྒྱག་མཁན་ཀྱི་མི་དེ་ངའི་མདུན་དུ་ཡར་ལངས་ཡོད་པའི་དབང་དུ་བཏང་ན་ཡང་། ངས་ཁོ་བོར་མེ་མདའ་རྒྱག་མི་སྲིད།
འདི་ནི་བྱམས་བརྩེ་སྟེ། མོ་ཧཱ་མཱ་ཏ་སྟེ་སྙིང་རྗེའི་དེད་དཔོན་དང་། ཡི་ཤུའི་སྟོན་པ་མ་ཤི་ཀ སངས་རྒྱས་ཤཱཀྱ་ཐུབ་པ་སོགས་ལས་ངས་བསླབ་པ་ཡིན། འདི་ནི་ སྐུ་ཞབས་མཱ་ཊིན་ལུ་ཐཱར་ཁེན་དང་། ནཱལ་སཱ་ལ་མན་ཌ་ལཱ། མོ་ཧཱ་མ་ཏ། ཨཱ་ལི། ཇིན་ནཱ་སོགས་འཛམ་གླིང་ལ་འགྱུར་བཅོས་བཏང་མྱོང་མཁན་དག་གི་ཁ་ཆེམས་ཡིན། འདི་ནི་འཚེ་མེད་ཞི་བའི་རིང་ལུགས་ཀྱི་ལྟ་གྲུབ་ཞིག་ཡིན་ཏེ། གན་དྷི་དང་བྷཱ་ཤཱ་ཁན། ཨ་མ་ཊེ་རེ་སཱ་སོགས་ནས་ངས་བསླབ་པ་ཡིན། འདི་ནི་བཟོད་སྒོམ་སྟེ། ངས་ཕ་མ་གཉིས་ཀྱིས་ང་ལ་བསླབ་པ་ཡིན། ཞི་འཇམ་དང། འགྲོ་མི་ཡོངས་ལ་བརྩེ་བར་བྱ་འདི་ནི་ངའི་རྣམ་ཤེས་ཀྱིས་བདག་ལ་བཤད་པ་ཡིན།
བརྩེ་བའི་མིང་སྲིང་རྣམ་པ། ང་ཚོས་མུན་ནག་གི་ངོ་གདོང་མཐོང་དུས་ད་གཟོད་དཀར་འོད་ཀྱི་གལ་ཆེའི་རང་བཞིན་རྟོགས་ཐུབ། ང་ཚོས་རང་ཉིད་་གྲགས་མེད་ཚོར་མེད་ཡིན་དུས་ད་གཟོད་སྐད་སྒྲའི་དགོས་གལ་རྟོགས་ཡོང་། དེ་ལྟར་དུ། ང་ཚོ་གནས་སྡོད་བྱེད་སའི་པ་ཀི་སི་ཐན་ནུབ་ཕྱོགས་ཀྱི་ས་ཝཱཊ་ས་ཁུལ་དུ་ང་ཚོས་མེ་མདའ་མཐོང་དུས་སྨྱུ་གུ་དང་འབྲི་དེབ་ཀྱི་གལ་ཆེའི་མཁོ་གལ་རྟོགས་ཡོད། སྨྱུ་གུ་ནི་མཚོན་ཆ་ལས་ཀྱང་དཔའ་སྟོབས་ཆེ་ཟེར་བ་ཅིས་མ་བདེན། ཐལ་སྤྱོད་རིང་ལུགས་པ་དག་ནི་སྨྱུ་གུ་དང་འབྲི་དེབ་ཀྱི་སྟོབས་ཤུགས་ལ་སྐྲག་དང་སྐྲག་བཞིན་ཡོད་པ་རེད། དེ་ལས་ཀྱང་ཁོ་ཚོ་ཤེས་ཡོན་ལ་སྐྲག་ཅིང་ཤེས་ཡོན་གྱིས་ཁོ་ཚོར་འཇིགས་སྣང་སྐྱེད་ཀྱིན་ཡོད་པ་རེད། ད་དུང་ཁོ་ཚོ་བུད་མེད་ཀྱི་ནུས་མཐུ་ལ་སྐྲག་གིན་ཡོད་བ་རེད། བུ་མེད་ཚོས་ནུས་མཐུ་ཡིས་ཁོ་ཚོར་འཇིགས་སྣང་སྐུལ་བཞིན་ཡོད་པ་རེད། རྒྱུ་མཚན་དེའི་རྐྱེན་གྱིས་ཧཱལ་ཝཱལ་བྷོག་ཏྲལ་ཧཱ་ནས་ཁོ་ཚོས་ཉེས་མེད་ཀྱི་སློབ་མ་བཞི་བཅུ་ལྷག་དང་བུད་མེད་དགེ་རྒན་དང་ཤེས་ཡོན་ཞབས་ཞུ་བ་ཇི་འདྲའི་བསད་སོང་། ད་དུང་ཁོ་ཚོས་ཉིན་རྒྱུན་སློབ་གྲྭ་དག་ཁྲག་ལ་བསྒྱུར་བཞིན་ཡོད་དེ། རྒྱུ་མཚན། ཁོ་ཚོ་བསྒྱུར་བཅོས་ལ་སྐྲག་ཅིང་འདྲ་མཉམ་ལ་སྐྲག་གིན་ཡོད། འདི་དག་གིས་སྤྱི་ཚོགས་འཆམ་མཐུན་ཡོང་བར་དོགས་ནས་སྐྲག་གིན་ཡོད་པ་རེད། ངས་འདི་འདྲ་ཞིག་དྲན་གིན་འདུག
ང་ཚོའི་སློབ་གྲྭའི་བུ་ཞིག་ལ་གསར་འགོད་པ་ཞིག་གིས་བཅར་བའི་སྐབས། ཅིའི་ཕྱིར་ཏཱ་ལེ་བྷན་ཚོས་ཤེས་ཡོན་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད་ཟེར། ཁོང་གིས་དཔེ་དེབ་ཅིག་གི་མིང་ནས་བཟུང་སྟེ། སྟབས་བདེ་བའི་དྲི་ལན་ནི་དོན་ངོ་མར་ཏཱ་ལེ་བྷན་ཚོས་དཔེ་དེབ་ཀྱི་ནང་དུ་ཅི་ཞིག་བྲིས་ཡོད་པ་གཏན་ནས་རྟོགས་ཀྱིན་མེད་ཟེར། ཁོ་ཚོས་བསམ་ན་དཀོན་མཆོག་ནི་ཉམ་ཞན་དང་མཁོས་ཆུང་ཞིག་སྟེ་བུད་མེད་ཚོ་སློབ་གྲྭར་འགྲོ་བ་ཙམ་ཞིག་ཀྱང་འགག་དགོས་པར་འདོད་ཀྱིན་ཡོད། འཇིགས་སྐུལ་བ་ཚོས་ཨེ་སི་ལམ་དང་༼པཱ་ཤ་ཐུན༽སྤྱི་ཚོགས་ཀྱི་མིང་གི་བཟུང་ནས་དོན་ངོ་མར་ཁོ་ཚོ་མི་སྒེར་གྱི་ཁེ་ཕན་ཆེད་དུ་ཡིན་པ་རེད།
བརྩེ་བའི་མིང་སྲིང་ཚོ། པཱ་ཀི་སི་ཐན་ནི་ཞི་བདེ་ལ་དགའ་བའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན། ༼པཱ་ཤི་ཐུན༽་ཚོས་རང་གི་བུ་དང་བུ་མོ་ཚོར་ཤེས་ཡོན་ཐོབ་འདོད་སྐྱེས་ནས་ཡོད། དེ་བཞིན་ཨེ་སི་ལམ་ནི་ཞི་བའི་ཆོས་ལུགས་ཤིག་གམ་འགྲོ་མི་ཡོངས་ལ་སྤུན་ཟླའི་བརྩེ་སེམས་འཆང་མཁན་ཞིག་ཡིན། ཨེ་སི་ལམ་གྱིས་བྱིས་པར་སློབ་གསོ་སྤྲོད་པ་ནི་ཁོ་ཚོའི་ཐོབ་ཐང་ཡིན་མིན་ཙམ་མ་ཡིན་པར་དེ་ལས་ཀྱང་ཁོ་ཚོས་ལས་འགན་ནམ་འགན་འཁྲི་ཡིན་ཞེས་བཤད་ཀྱིན་ཡོད་པ་རེད། བཀུར་འོས་པའི་སྤྱི་ཁྱབ་དྲུང་ཆེ་ལགས་སུ། ཞི་བདེ་ལ་ཤེས་ཡོན་མེད་ཐབས་མེད་པ་ཞིག་ཡིན། འཛམ་གླིང་གི་ས་ཕྱོགས་མང་པོ་དང་ལྷག་པར་དུ་པཱ་ཀི་སི་ཐན་དང་ཨ་ཧྥཱ་གྷ་ནི་སི་ཐན་གྱི་ཁུལ་དུ་དམག་འཁྲུག་དང་རྩོད་རྙོག འཇིགས་སྐུལ་བའི་རྐྱེན་གྱིས་ཕྲུ་གུ་མང་པོ་སློབ་གྲྭར་འགྲོ་ཐུབ་ཀྱི་མེད། ད་ཆ་ང་ཚོ་དམག་འཁྲུག་དེ་རིགས་ལ་ཐང་ཆད་སོང། བུད་མེད་དང་ཕྲུ་གུ་རྣམས་ལ་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འདྲ་མིན་མྱོང་བཞིན་ཡོད། རྒྱ་གར་ནང་དུ་དབུལ་ཕོངས་ཀྱི་བྱིས་པ་མང་པོ་ལོ་ན་མ་སོན་པའི་ངལ་རྩོལ་པར་གྱུར་བཞིན་ཡོད་ལ་ནཱ་ཇེ་རི་ཡ་ནང་དུ་སློབ་གྲྭ་མང་པོ་རྩ་གཏོར་དུ་སོང་ཡོད། ཨ་ཧྥཱ་གྷ་ནི་སི་ཐན་ས་ཁུལ་ལ་ལོ་ངོ་བཅུ་ཕྲག་རིང་གི་ཐལ་སྤྱོད་རིང་ལུགས་པའི་རྐྱེན་གྱིས་བྱིས་པ་མང་པོར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ལོ་ཆུང་སྐབས་ནས་ནང་ལས་བྱེད་དགོས་པ་དང་ལོ་ན་མ་སོན་གོང་ནས་ཆང་ས་རྒྱག་དགོས་པ། དེ་བཞིན་དབུལ་ཕོངས། རྨོངས་པ། དྲང་བདེན་མ་ཡིན་པ། རིགས་རྒྱུད་དབྱེ་འབྱེད། གཞི་རྩའི་ཐོབ་ཐང་ཡང་མེད་པ་བཅས་ཀྱི་དཀའ་ངལ་ནི་སྐྱེས་པ་དང་བུད་མེད་གཉིས་ཀར་འཕྲད་བཞིན་ཡོད།
བརྩེ་བའི་གྲོགས་པོ་རྣམ་པ་ཚོ། དེ་རིང་ངས་དམིགས་སུ་བཀར་ནས་བུད་མེད་དང་བྱིས་པའི་ཤེས་ཡོན་ཐོབ་ཐང་སྐོར་ལ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ཁོང་ཚོའི་ནི་མནར་གཅོད་ཆེ་ཤོས་མྱོང་བཞིན་ཡོད། དུས་སྐབས་ཤིག་ལ་བུད་མེད་སྤྱི་ཚོགས་ལས་འགུལ་བ་རྣམས་ཀྱིས་སྐྱེས་པ་རྣམས་བུད་མེད་ཚོས་ཆེད་དུ་ལངས་དགོས་ཞེས་ཤོད་ཀྱི་ཡོད་ཀྱང་། ད་ཐེངས་ང་ཚོ་རང་ངོས་ནས་སྒྲུབ་ཀྱི་ཡིན། ངས་སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་ཐོབ་ཐང་ཆེད་སྐད་ཆ་ཤོད་མི་དགོས་ཞེས་ཤོད་ཀྱི་མེད་ཀྱང་ང་རང་གི་འདོད་པར་རང་འགན་རང་འཁུར་ཐུབ་པའི་བུད་མེད་ཀྱིས་རང་གི་ཆེད་དུ་འཐབ་རྩོད་བྱས་ན་སྙམ་གྱི་ཡོད།
བརྩེ་བའི་མིང་སྲིང་ཚོ། ད་ཆ་ཡར་ལངས་ནས་ཤོད་དགོས་པའི་དུས་ལ་བབས་ཡོད། ང་ཚོས་འཛམ་གླིང་དབུ་ཁྲིད་རྣམ་པར་ཐབས་བྱུས་རང་བཞིན་གྱི་སྲིད་ཇུས་རྣམས་ཞི་བདེ་དང་བདེ་སྐྱིད་ལྡན་པས་ཤིག་བསྐྲུན་པར་བསྒྱུར་བཅོས་གཏོང་བར་འབོད་སྒྲ་བསྒྲག་དགོས། ང་ཚོས་འཛམ་གླིང་དབུ་ཁྲིད་རྣམ་པར་ཞི་བདེའི་གྲོས་མཐུན་ཅི་འདྲ་བཞག་ཀྱང་བུད་མེད་དང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྒྲ་བསྒྲག་དགོས། གྲོས་མཐུན་གང་ཞིག་བཞག་རུང་བུད་མེད་ཐོབ་ཐང་ལས་རྒྱབ་འགལ་དུ་སོང་བ་ཞིག་ཡིན་ཚེ་ནམ་ཡང་ངོས་ལེན་བྱ་ཐབས་མེད། ང་ཚོས་རྒྱལ་ཁབ་ཀྱི་སྲིད་གཞུང་རྣམས་ལ་འཛམ་གླིང་ཡོངས་ཀྱི་བྱིས་པ་མཐའ་དག་ལ་རིན་མེད་དང་ངེས་པར་བྱ་དགོས་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་ཐུབ་པའི་འབོད་སྒྲ་བསྒྲག་དགོས། ང་ཚོས་རྒྱལ་ཁབ་ཀྱི་སྲིད་གཞུང་རྣམས་ལ་བྱིས་པ་རྣམས་གནོད་འཚེ་དང་མནར་གཅོད་མྱོང་བཞིན་པ་ལས་སྐྱོབ་ཆེད་འཇིགས་སྐུལ་རིང་ལུགས་དང་དྲག་པོའི་འཐབ་རྩོད་རྣམས་མེད་པར་བཟོ་དགོས་པའི་འབོད་སྐད་བསྒྲག་དགོས། ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དག་གི་བུ་མོའི་ཤེས་ཡོན་གྱི་གོ་སྐབས་རྒྱ་བསྐྱེད་གཏོང་དགོས་པའི་འབོད་སྒྲ་སྒྲོག་དགོས། སྤྱི་ཚོགས་དང་མི་སྡེ་ཡོངས་ཀྱི་བཟོད་སྒོམ་ལྡན་པ་ཞིག་དང་། རིགས། རུས། ཤ་མདོག ཆོས་ལུགས། ཕོ་མོ་བཅས་ཀྱི་དབྱེ་འབྱེད་མེད་པ་དང་། ངེས་པར་དུ་བུད་མེད་རྣམས་ཡར་རྒྱས་ཡོང་བ་ལ་རང་དབང་དང་འདྲ་མཉམ་ཡོང་དགོས་པའི་འབོད་སྐད་བསྒྲག་དགོས། ཅི་སྟེ་ང་ཚོ་ཕྱེད་ཀ་མདུན་དུ་མ་བཏང་ན་ང་ཚོར་ནམ་ཡང་གྲུབ་འབྲས་སོན་མི་ཐུབ། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་སྐྱེད་མ་རྣམས་ལ་བློ་སྟོབས་དགོས་ལ་རང་ལ་ཡོད་པའི་སྟོབས་ཤུགས་ངོས་འཛིན་དགྱི་བཞིན་རང་གི་ནུས་མཐུ་ཡོངས་སུ་མངོན་དགོས་པའི་འབོད་སྐད་བསྒྲག་དགོས།
བརྩེ་བའི་མིང་སྲིང་ཚོ། ང་ཚོར་དགོས་པ་ནི་མ་འོངས་འོད་སྣང་ལྡན་པ་ཞིག་ཡོང་ཆེད་བྱིས་པ་རྣམས་ལ་སློབ་གྲྭ་དང་ཤེས་ཡོན་དགོས། ཞི་བདེ་དང་ཤེས་ཡོན་ལྡན་པའི་དམིགས་འདུན་གྱི་ཆེད་ང་ཚོ་མུ་མཐུད་འགྲུལ་བཞུད་བྱ་རྒྱུ་ཡིན། སུས་ཀྱང་ང་ཚོར་བཀག་འགོག་བྱ་ཐུབ་ཐབས་མེད། ང་ཚོས་རང་ཉིད་ཀྱི་ཐོབ་ཐང་གི་ཆེད་དུ་སྐད་སྒྲ་སྒྲོག་གི་ཡིན་ལ་ང་ཚོའི་སྐད་སྒྲ་དེ་བརྒྱུད་ནས་བསྒྱུར་བཅོས་ཐུབ་ངེས་ཡིན། ང་ཚོས་སྐད་སྒྲའི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ་ང་ཚོའི་སྐད་སྒྲས་འཛམ་གླིང་ཡོངས་ལ་འགྱུར་བ་གཏོང་ཐུབ། རྒྱུ་མཚན། ང་ཚོ་ཚང་མ་ཤེས་ཡོན་གྱི་དོན་གནད་ཐོག་ལ་གཅིག་ཏུ་སྒྲིལ་ཡོད། གལ་སྲིད་ང་ཚོའི་དམིགས་འདུན་མངོན་དུ་འགྱུར་དགོས་ན་ང་ཚོར་ཤེས་རིག་གི་སྟོབས་ཤུགས་རྒྱས་དགོས་ལ་ང་ཚོ་ཚང་མས་གཅིག་སྒྲིལ་དང་མཉམ་རུབ་བྱ་དགོས།
བརྩེ་བའི་མིང་སྲིང་ཚོ། མི་ས་ཡ་མང་པོ་དབུལ་ཕོངས། རྨོངས་པ། དྲང་བདེན་མ་ཡིན་པའི་དཀའ་སྡུག་གིས་མནར་བཞིན་ཡོད་པ་དེ་ང་ཚོས་བརྗེད་མི་རུང་། བྱིས་པ་ས་ཡ་མང་པོ་སློབ་གྲྭ་ལས་ཁ་བྲལ་ནས་གནས་ཡོད་པ་དེ་བརྗེད་མི་རུང། ང་ཚོའི་མིང་སྲིང་མང་པོས་ཞི་བདེ་དང་འོད་སྣང་འཕྲོ་བའི་མ་འོངས་པ་ཞིག་ལ་རེ་སྒུག་བྱེད་བཞིན་པ་དེ་བརྗེད་མི་རུང། ང་ཚོས་གོ་ལ་ཡོངས་ལ་ཡིག་རྨོངས་དང་དབུལ་ཕོངས། འཇིགས་སྐུལ་བར་རྒོལ་བའི་འཐབ་རྩོད་ཅིག་མགོ་བརྩམ་དགོས། ང་ཚོས་དེབ་དང་སྨྱུ་གུ་ལག་ཏུ་འཁྱེར་དགོས། དེ་དག་ནི་སྟོབས་ཤུགས་ཆེ་ཤོས་ཀྱི་མཚོན་ཆ་ཡིན། བྱིས་པ་གཅིག དགེ་རྒན་གཅིག སྨྱུ་གུ་གཅིག དེབ་གཅིག་གིས་འཛམ་གླིང་ལ་འགྱུར་ལྡོག་གཏོང་ཐུབ། ཤེས་ཡོན་ནི་ཐབས་ལམ་ཁོ་ན་དེ་ཡིན་པས་ཤེས་ཡོན་ཐོག་མར་འཇོག་དགོས།
བུ་མོ་མླ་ལླ་ལ་ནི་ནུབ་ཕྱོགས་པའི་ཁེ་ཕན་ཆེད་གསོ་སྐྱོང་བྱས་བའི་ནེ་ཙོ་ཆུང་ཆུང་ཞིག་ཡིན་ཁོ་མོ་རྒྱབ་ལོག་ན་ཡོངས་འཛིན་མང་པོ་ཡོད། ནུབ་ཕྱོགས་པའི་ལོ་དུ་མའི་སྔོན་་ལ་ཤར་གངས་པོ་རི་རྐེད་ནས་བོད་ཕྲུག་ག་ཚོད་ལ་མེ་མདའ་རྒྱབ་སོང་ངམ། དེའི་ཚོ་ལ་བུ་མོ་མ་ལ་ནང་བཞིན་བདག་པོ་རྒྱབ་སོང་ངམ། ཁྱེད་རང་གི་དཀའ་ལས་རྒྱབ་པ་ལ་རྗེས་སུ་ཡིད་རང་ཞུ།
བཀའ་སློབ་པེ་ཡག་པོ་གནང་འདུག དྲང་པོར་ཞུས་ན། རྡ་རམ་ས་ལས་བོད་ནས་ཡོང་མཁན་ཁྲོད་མ་ལ་ལ་ལྟ་བུའི་མི་སྣ་གང་མང་རྒྱལ་སྤྱིའི་སྟེགས་བུ་ཆེ་མ་ཆུང་གསུམ་སྒང་འཇོག་ཐུབ་ཀྱི་ཡོད་པའི་ཁར། དེ་ནི་བོད་དོན་ཐག་གཅོད་ཐད་བསྐུལ་འདེད་བླ་ན་མེད་པ་ཞིག་ཡིན་མོད། དེ་ལས་ལྡོག་ནས་གདོང་པ་རྙིང་པ་ཁོ་ན་བསྐྱར་སྟོན་ཡང་སྟོན་འོག་མི་ལོ་དྲུག་ཅུ་ལྷག་བརྒལ་བས། དེ་རིང་གི་གནས་སྟངས་འདིར་ལྷུང་པ་རེད། བོད་པའི་ཁྲོད་མ་ལ་ལ་ལྟ་བུ་ཉུང་མཐར་ཡང་བརྒྱ་ཕྲག་ཡོད་ངེས་ཡིན།
་་་་་་་་ ང་ནི་མཐའ་ན་ང་ལ་མེ་མདའ་རྒྱག་མཁན་གྱི་མི་དེར་ཡང་གཏན་ནས་སྡང་གི་མེད། གལ་ཏེ་དེ་རིང་ང་ལ་མེ་མདའ་ཞིག་ཡོད་པ་དང་མེ་མདའ་བརྒྱག་མཁན་ཀྱི་མི་དེ་ངའི་མདུན་དུ་ཡར་ལངས་ཡོད་པའི་དབང་དུ་བཏང་ན་ཡང་། ངས་ཁོ་བོར་མེ་མདའ་རྒྱག་མི་སྲིད།
འདི་ནི་བྱམས་བརྩེ་སྟེ། མོ་ཧཱ་མཱ་ཏ་སྟེ་སྙིང་རྗེའི་དེད་དཔོན་དང་། ཡི་ཤུའི་སྟོན་པ་མ་ཤི་ཀ སངས་རྒྱས་ཤཱཀྱ་ཐུབ་པ་སོགས་ལས་ངས་བསླབ་པ་ཡིན། འདི་ནི་ སྐུ་ཞབས་མཱ་ཊིན་ལུ་ཐཱར་ཁེན་དང་། ནཱལ་སཱ་ལ་མན་ཌ་ལཱ། མོ་ཧཱ་མ་ཏ། ཨཱ་ལི། ཇིན་ནཱ་སོགས་འཛམ་གླིང་ལ་འགྱུར་བཅོས་བཏང་མྱོང་མཁན་དག་གི་ཁ་ཆེམས་ཡིན། ་་་་་་་་་་
ཐ་ཤལ་ལས།
བུད་མེད་རྣམས་ནི་ཤེས་རབ་རང་བཞིན་ཡིན་པར་གསུངས། །
མོ་ཆུང་རྣམས་ནི་མ་འོངས་ཨ་མ་བྱེད་སྲིད་པས། །
ད་ལྟའི་ཨ་མ་མ་འོངས་རྨོ་མོར་ཆགས་ངེས་པས། །
ནུ་མོ་ཨ་མ་རྨོ་མོར་བགྲོད་པ་ཐ་ཤལ་ལས། །
ཨོ་ཧོཧོཧོཧོ། དེ་རིང་ཡིན་ན་ཀ་རྡོ་གཉེར་ཕྱག་པས་སྙན་ངག་བརྩམས་འདུག་ཡ།
བུད་མེད་རྣམས་ནི་ཤེས་རབ་རང་བཞིན་ཡིན་པར་གསུངས། །
མོ་ཆུང་རྣམས་ནི་མ་འོངས་ཨ་མ་བྱེད་སྲིད་པས། །
ད་ལྟའི་ཨ་མ་མ་འོངས་རྨོ་མོར་ཆགས་ངེས་པས། །
ནུ་མོ་ཨ་མ་རྨོ་མོར་བགྲོད་པ་ཐ་ཤལ་ལས། །
འགྲེལ་བཤད་ཅིག་རྩོམ་རོགས་གནང་། རྡོ་རྗེའི་ཚིག་ཟེར་བ་དེ་འདྲ་ཡིན་ན་མ་གཏོགས་གོ་དཀའ་བར་སྣང་།
བུད་མེད་ཀྱི་ནུས་པ་ནི། ཤེས་རབ་བསྐྱེད་པར་ཕན། སྐྱེས་པའི་ནུས་པ་ནི། ཐབས་སྤེལ་བར་ཕན། རྡོ་རྗེའི་ཚིག་ནི། ངས་ནི་ཤོད་རྒྱུ་མ་བྱུང་། སྤོབས་མཐས་གང་གོ་བ་དེ་ནི། རང་གི་དག་སྣང་ལས་ཤར་བར་ངེས། ཧཧཧ།། །།
ཤེས་རབས་རང་བཞིན་བུད་མེད་ལ། །
དམོད་པ་རྩ་ལྟུང་བཅུ་བཞིའི་གཅིག །
འདི་ཡང་སྤོབས་པས་ཤེས་པར་གྱིས། །