རེབ་ཐོག་མདའ།
བོད་སྐད་དག་མའི་ཁ་ལ་སྒོ་ཟ་བརྒྱབ་འདུག།
མི་ཚེའི་མདུན་ལམ་སྣེ་མོ་དྲི་བས་ཁེངས་དུས།།
མེས་པོའི་ལོ་རྒྱུས་རྟོགས་པའི་བཙན་པའི་རྒྱུད་ཅིག།།
ཁ་སང་དེ་རིང་ན་གཞོན་གྲས་ན་ཡོད་ན།།
དབྱིན་སྐད་ཐ་ཐོར་བོད་སྐད་གདངས་ལ་བསྲེས་བཞིན།།
གོམས་གཤིས་བཅོས་མ་ཕྱི་ཡི་ལུས་ལ་བྲིས་དུས།།
དམིགས་ཡུལ་རབ་རིབ་ཞིག་གི་ནང་རོལ་དེ་ནས།།
མི་རབས་གསར་པའི་བསམ་བློའི་གཏིང་དེ་ཟབ་ན།།
བོད་ཡིག་འབྲི་ཀློག་བོར་བའི་རང་དབང་ཡུལ་ནས།།
ཡིག་རྨོངས་གྲངས་དེ་མེད་རབས་སྐད་ཅོར་རྒྱག་བཞིན།།
ལད་ཟློས་འཚོ་བར་གོམས་པའི་གཤིས་དེ་དོར་ནས།།
རང་ཁ་རང་གསོ་ཐུབ་པའི་བུ་ཞིག་ཡོད་ན།།
རྒྱལ་རབས་ལོ་རྒྱུས་གཞུང་ལ་ཆ་མེད་སྣང་བས།
དེང་རབས་གསར་པའི་གྲུ་ན་རྗེས་ལ་ལྷག་བཞིན།།
དབྱིན་སྐད་ཐ་ཐོར་ཀློང་གི་ས་མཐའི་བོད་པས།།
དབྱངས་གསལ་སོ་བཞིའི་རིན་ཐང་ཅུང་ཙམ་རྟོགས་ན།།
ཕྱི་སྐད་སྦྱངས་ལ་བརྩོན་པའི་བྲེལ་འཚུབ་ཀློང་ནས།།
རང་སྐད་དག་མ་གད་སྙིགས་ཅི་བཞིན་གཡུག་པའི།
སློབ་ཆེན་མིང་ཡིག་ཁུར་བའི་གཞོན་སྐྱེས་ཁྲོད་ན།།
ཞེན་པ་བོད་ལ་དཀར་བའི་ཤེས་ལྡན་ཡོད་ན།།
སྐྲ་ལོའི་ཁ་དོག་གོན་པའི་གྱོན་སྟངས་བརྗེ་བཞིན།།
གཤིས་ཀ་བཅོས་མ་ཞིག་ལ་གཡེང་བའི་ཁྲོད་ན།།
བོད་པའི་གཟུགས་ཅན་མྱི་ཡི་ཚོགས་སྡེ་འདི་ན།།
ཁ་བ་བོད་ལ་དུངས་པའི་མྱི་ཞིག་ཡོད་ན།།
རྒྱང་རིང་གྲུ་ཁ་གང་ཞིག་རྨི་ལམ་རྨི་བཞིན།།
གཞིས་ཀྱི་ཕུ་ནུ་དེ་ཚོ་སྙིང་ནས་བོར་བའི།།
ས་མཐའི་གནས་ཚང་འདི་ཡི་མྱི་ཡི་ཚོགས་ལ།།
གངས་རིའི་བུ་ང་སྙིང་ནས་ཨ་ཐང་ཆད་ཀི།
གཞན་སྐད་མི་ཤེས་ངག་ལ་བཙན་གྱིས་སློབ་བཞིན།།།
བོད་ཆས་གཙང་མ་གྱོན་ན་གད་མོ་ཤོར་བས།།
དེང་རབས་གསར་པའི་ཁྲོད་ཀྱི་རི་ཁུག་འདི་ན།།
མི་ཡི་རིན་ཐང་བོར་བ་ཇེ་མང་རེད་འདུག།།
རིག་གནས་ཡོད་མེད་གཉི་ཀ་སྒེར་དོན་ཁྲོད་ན།།
འཇོན་ཐང་ཆེ་ཆུང་ཡོད་ཚད་འགྲུལ་བཞུད་ཀློང་ན།།
ཕྱི་ཡི་འཚོ་བའི་ངོགས་ན་རང་དབང་ཆེ་ཡང་།།
གཞིས་ཀྱི་ཕ་ཡུལ་དྲན་མཁན་ཅང་ཉུང་གི།།
མི་གཤིས་དྲང་མོ་མེད་པ་ས་མཐའི་སྡེ་ནས།།
མགོ་བདེ་ཁ་ཡག་ཅན་གྱིས་ཁེ་བཟང་རག་གི།།
སྐྱོན་ཅན་དྲང་པོར་རློམ་པའི་ཕྱི་རོལ་འདི་ནས།།
བློ་སེམས་གཏད་ན་ཆོག་པའི་མྱི་ཡང་ཉུང་གི།
ཕྱི་ལོ ༢༠༡༣ ཟླ ༤ ཚེས ༡༩་ཉིན་ལ་དཔེ་མཛོད་ནས་བོད་པའི་གཞོན་སྐྱེས་འགའ་དང་གླེང་མོལ་སྐབས་ཀྱི་ཚོར་བ།
ངུ་སྐད་རྒྱབ་འདུག
ཐོག་མདའི་སྐད་ཆ་ཐོག་ལས་རྣོ་བ།།
ར་མ་ལུག་ཚོའི་མཚང་ལ་ཕོག་འདུག།
ཚིག་གསུམ་བཤད་པའི་དོན་གོ་ཆོད་འདུག།
བུ་ཞིག་སྐྱེས་པའི་སྐྱེས་གོ་ཆོད་འདུག།
དགའ་དུས་དགའ་ཚོད་མེད་ན་ན་ཚ་རེད།
སྡུག་དུས་སྡུག་ཚོད་མེད་ན་ན་ཚ་རེད།
ན་ཚ་འདི་ཡི་ནད་ངོ་མ་ཟིན་པར།།
དུས་རབས་ད་ལྟ་བར་མང་པོ་སྨྱོས།།
ཁ་བྱང་གི་དག་ཆ་ལ་མགོ་འཐོམ་སོང། མི་གཞི་མེད་པ་་་་་ཞེས་པ་མི་ཡི་གཞི་རྩ་མེད་པ་ལ་གོ། མི་གཤིས་ཟེར་བ་བརྡ་སྤྲོད་དང་གཞུང་ལུགས་སོགས་སུ་མང་དུ་མཐོང་མྱོང། བརྡ་སྤྲོད་འགའ་ཞིག་ནས་མི་གཞི་ཞེས་བྲིས་པའང་མཐོང། ངོ་མ་བྱེད་ན་མི་གཤིས་ཟེར་ན་གོ་རྒྱུ་ཆེ།
རྒན་བན་དེ་བ། ཁྱོད་དོན་མེད་པས་མ་ངལ་ཅིག ཨ་མདོ་བྲིས་ཚད་དག་མ་རེད། དེ་ལ་འགྲིག་དང་མ་འགྲིག་བཤད་ན་སྡུག་གྱོང་རེད། ཁོང་ཚོས་རྟུག་དྲིའི་སྦིང་སྒྲའང་དག་མ་འདོད་རེད།
ལུང་རྟོགས་ལ།
བོད་པའི་ལ་རྒྱ་འདུག་པས་ཁྱོད་ལ་དགའ།།
ལ་རྒྱ་འཁྱེར་སྟངས་འདི་ཡིས་ཁྱོད་ལ་སྡུག །
ཁ་སང་ཞིག་ན་ཚར་གཅོད་བྱས་ཟིན་པས།།
འབར་འབུར་མ་བྱེད་ཉོ་ཆ་བཟེད་ཡོང་ངོ་།།
ཨ་མདོས་བྲིས་ཚད་ཅེས་པར་བཅོས།
མེ་དཀར་འདི་ཁ་བརྡ་དྲ་བའི་་་་ཚོགས་ཆེན་ཞལ་ངོར་བསྐོས་པ་ཡིན་པས་སུས་ཀྱང་ངོ་ལོག་བྱེད་མི་ཉན།
མེ་དཀར་འདི་ཁ་བརྡ་དྲ་བའི་་་་ཚོགས་ཆེན་ཞལ་ངོར་བསྐོས་པ་ཡིན་པས་སུས་ཀྱང་ངོ་ལོག་བྱེད་མི་ཉན། མེ་དཀར་ལགས་ང་ལོ་བརྒྱད་ཅུ་ཟིན་ལ་ཉེ་གྲབས་ཡོད་པས་རྒན་པར་གུས་ཞབས་གནང་རོགས།
ང་ཚོའི་ལུང་པར་མྱི་གཞི་དང་མྱི་གཤིས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ།
མྱི་གཤིས་ནི་མྱི་རང་ངོ་ནས་དགའ་མིན་དགའ་སྡུག་སྟོན་པ་ལ་ཟེར།
མྱི་གཞི་ནི་ཕ་རབས་མ་རྒྱུད་ནས་རྐང་རྩ་་མེད་པའི་མྱི་ངན་དག་ལ་ཟེར།
ཨ་མདོའི་མྱི་སྐད་འདི་ཚོ་མི་གོ་ན་ཁག་མེད། གོ་བཞིན་དུ་གོ་འདོད་མེད་ན་སྐྱོ་བ་ལ།
བོད་པའི་ལ་རྒྱ་མེད་ལ་ང་མི་དགའ།།
རྒྱ་དགའ་ཅན་ལ་དེ་བས་ང་མི་དགའ།།
མེ་ཏོག་དཀར་པོ་སྡུག་ཚོད་མ་ཟིན་ན།།
སྟོན་འཇུག་བ་མོས་འདབ་ལོ་གཅོམ་ཡོང་ངོ་།།
ཨ་མདོའི་སྐད་འདི་དང་ལ་དྭགས་སྐད། འབྲུག་པའི་སྐད་འདི་ཚོ་བོད་སྐད་དང་ཐག་ཉེ་ཡོད་པས་བརྒྱ་ཆ་ལྔ་བཅུ་ཙམ་ཧ་གོ་ཡོང་།
ཡང་མེ་དཀར་སྐྱག་ཞར་མས་མི་གྲལ་མ་ཆོད་པའི་ཕྲག་དོག་གི་ངུ་ཟུག་ཅིག་ཤོར་འདུག
སུ་ལ་ཕྲག་དོག ཨ་མདོ་ལ་ཨེ། ཕྲག་དོག་བྱ་ཡུལ་ནི་ཏོག་ཙམ་ཡིད་སྨོན་ཤོར་ས་ལ་ཡིན་མོད། ཨ་མདོ་བ་ནི་ངའི་ངོར་སྤྱིར་བཏང་ཞིག་ལས་ཁྱད་དུ་འཕགས་པ་ཅང་མིན།
ཨ་མདོ་བ་ནི་བོད་ཀྱི་སྐད་ཡིག་རིག་གཞུང་གི་མ་རྩ་ལྟ་བུ་ཡིན། འོན་ཀྱང་ཡི་གེ་ནང་ལ་ཨམ་སྐད་མང་པོ་ཞིག་འབྲི་ཡོང་བ་ནི་ལེགས་པོ་ཞིག་མ་མཐོང་།
མེ་ཏོག་དཀར་པོ་ཟེར་བ། སྐད་ཆ་བཤད་སྟངས་ལ་ལྟས་ན་མི་གཤིས་དེ་ཙམ་མེད་གྲས་སུ་འདུག
མེ་དཀར་ཆོས་ཅན། མི་གཤིས་དེ་ཙམ་མི་ལེགས་ཏེ། ཨ་མདོ་བས་བཤད་ཚད་ཁས་མ་ལེན་པའི་ཕྱིར།
དགུང་ལོ ༨༠ སོན་པའི་རྒན་ལ་དྭགས་པར་ཁ་རྡུང་གཏོང་མཁན་སྤོབས་མཐའ་དང་ཁྲི་རལ་སོགས་ཆོས་ཅན། ལེགས་ཏེ། ཨ་མདོའི་ཕྱོགས་བཟུང་བའི་ཕྱིར།
མེ་དཀར་ཆོས་ཅན་་་རྒན་ལ་དྭགས་པ་ལ་རྒྱབ་སྐྱོར་ཡོད་དེ་་་ས་མཚམས་མི་བོད་པར་བརྫུ་མཁན་ཡིན་པའི་ཕྱིར།
ལུང་རྟོགས་ཆོས་ཅན། བལ་འབྲུག་ལ་མི་དགའ་སྟེ། ཕྲག་པ་དོག་པའི་ཕྱིར།
མེ་དཀར་ཆོས་ཅན་མི་དཀྱོག་ལོག་ཁོག་ནག་ཡིན་ཏེ།སྤོབས་པ་དང་ཁྲི་རལ་སོགས་ཀྱིས་བོད་སྤྱིའི་སྐད་ལུགས་ཕྱུག་པོ་བཟོ་དགོས་ཚུལ་གསུངས་སྐབས།མེ་དཀར་གྱིས་གང་ཐུབ་ཅི་ཐུབ་ཀྱིས་ཨ་མདོ་སྐད་བོད་སྐད་མིན་སོགས་ཉ་དང་ཉུང་མ་བསྲེ་བའི་ཕྱིར།
གྲོགས་ཐོག་མདའ་ལགས་ནས་ཡག་པོ་དཔེ་བྲིས་འདུག་ངོ་མ་རེད་རང་བཞིན་བརྗོད་པ་རང་རེད་མི་གཞི་དང་མི་གཤིས་མི་ལུགས་སོགས་གང་གིས་ཀྱང་མ་ཟུན་བའི་བཙན་བྱོལ་གཞིས་ཆགས་ཁག་གི་བུ་བུ་མོ་དག་གི་སྐད་ཆ་དང་གོམས་གཤིས་སོགས་མཐོང་ཚེ་སེམས་གཏིང་ནས་ན་ཟུག་འབྱུན་མྱོང་བ་གྲངས་ཉུང་མིན་ང་ཚོའི་ཤུལ་ལུས་བོད་རིགས་དག་གི་རེ་བསྙག་དང་འཚོར་བསྒྲུབ་སོགས་ཁོ་ཚོ་ལྟ་བུ་ཞིག་ལ་ལྟོས་དགོས་ན་ཚར་སོང་། གོང་ནས་མི་གཞི་དང་མི་གཤིས་སོགས་ལ་འགྲེལ་བ་མང་པོ་ཟིག་གནང་སོང་མི་གཞི་ནི་དཔེར་ན་ཤིང་སྡོང་གི་རྩ་འདྲ་བོ་ཡིན་མི་གཤིས་ན་ཡལ་ག་ལྟ་བུ་རྩ་བ་བརྟན་བོ་དང་ཆུ་ལུད་སོགས་བླུག་བདེ་བ་མ་ཡིན་ན་ཡལ་ག་ཅི་ཙམ་ཡག་རུང་དུས་ཡུན་ཐུང་ཐུང་རེད་།
བཙན་བྱོལ་བ་དང་མཐའ་མཚམས་མིའི་མི་གཞི་དང་མི་གཤིས་གཞན་གང་ལ་ཡང་བལྟ་མི་དགོས། མེ་དཀར་ལ་བལྟས་ན་ཤེས་ཡོང་། ཧཧཧ
མཐའ་མཚམས་ཟེར་བའང་མདོར་ན་ཕར་དང་ཚུར་ཟེར་བ་ལྟ་བུ་རེད། མ་གཞི་བོད་མཐའ་ཁོབ་ཡིན་པ་བོད་རང་གི་མཁས་པ་དག་གིས་བཤད། དེ་ནི་རང་རྒྱུས་རང་ལ་ཆེ་བས་ཡིན།
བོད་པ་ཟེར་བ་དེ་ལུང་རྟོགས་འདྲ་པོ་ཡིན་ན་་དཔེ་བསགས་པ་རེད། སུས་བྱམས་སྐྱོང་བྱེད་གི་འདུག་ན་དེ་ལ་རྒོལ། གང་ལྟར་རྒྱུ་དག་མེད་མཁན་ཞིག་ཏན་ཏན་རེད། སྙིང་མ་རྗེ་ཨ།
རེབ་ཐོག་མདའ་ང་ལ་རྒྱུས་ཡོད་མཁན་ཞིག་དང་། ཕལ་ཆེར་དྲ་ཚིགས་འདི་དང་གོ་སྐབས་འདི་བཟུང་ནས་ངའི་དེ་ཉིད་དམར་པོ་ཁྱབ་བསྒྲགས་བྱས་འདུག་པའི་ཚོར་བ་སྤྲད་བྱ྄ུང་།
རེད་་་མེ་དཀར་དང་མེ་དཀར་ལྟ་བུའི་མཐའ་མཚམས་ཀྱི་བོད་རིགས་འདི་དག་གིས་བཙན་ཤུགས་དང་སྟོབས་འབྱོར་མཐོང་ན་ཁ་ཉ་ཉ་དང་སྒྱིད་པ་ཞ་ཞ་བྱེད་ཀྱི་རེད། དེ་མིན་མི་རིགས་གཅིག་པ་དང་རིག་གཞུང་གཅིག་པ་སོགས་ཀྱི་ལ་རྒྱ་ཞེས་པ་ཞིག་དང་། ཉམ་ཞན་ལ་རྒྱབ་སྐྱོར་བྱེད་པའི་བཟང་སྤྱོད་དང་དྲང་བདེན་ཞེས་པ་ཞིག་དྲི་ཙམ་ཡང་མི་འདི་དག་ལ་བྲོ་ཡི་མ་རེད། མདོར་བསྡུས་ན་མི་འདི་ཚོ་ནི་ཁེ་ཕན་རིང་ལུགས་པ་དག་དག་རེད།
གལ་ཏེ་རྒྱུ་མཚན་ལོ་རྒྱུས་གཏམ་དཔེ་ཡིས།།
ཁུར་གྱིས་ལྕི་བའི་ང་ཡའི་གཏམ་ལན་དག །
ཁུར་བར་བཟོད་དོ་དྲན་ན་སྒུགས་ཤིག་དང་།།
ལུང་ཁྱོད་ལུག་རྔ་བཞིན་དུ་མི་བཟོ་རེ།།
རེབ་
བོད་སྐད་དག་མའི་ཁ་ལ་སྒོ་ཟ་བརྒྱབ་འདུག།
མི་ཚེའི་མདུན་ལམ་སྣེ་མོ་དྲི་བས་ཁེངས་དུས།།
མེས་པོའི་ལོ་རྒྱུས་རྟོགས་པའི་བཙན་པའི་རྒྱུད་ཅིག།།(པོའི)
ཁ་སང་དེ་རིང་ན་གཞོན་གྲས་ན་ཡོད་ན།།
དབྱིན་སྐད་ཐ་ཐོར་བོད་སྐད་གདངས་ལ་བསྲེས་བཞིན།(།སྲེ)
གོམས་གཤིས་བཅོས་མ་ཕྱི་ཡི་ལུས་ལ་བྲིས་དུས།།
དམིགས་ཡུལ་རབ་རིབ་ཞིག་གི་ནང་རོལ་དེ་ནས།།
མི་རབས་གསར་པའི་བསམ་བློའི་གཏིང་དེ་ཟབ་ན།།
བོད་ཡིག་འབྲི་ཀློག་བོར་བའི་རང་དབང་ཡུལ་ནས།།
ཡིག་རྨོངས་གྲངས་དེ་མེད་རབས་སྐད་ཅོར་རྒྱག་བཞིན།།
ལད་ཟློས་འཚོ་བར་གོམས་པའི་གཤིས་དེ་དོར་ནས།།
རང་ཁ་རང་གསོ་ཐུབ་པའི་བུ་ཞིག་ཡོད་ན།།
ཕྱི་སྐད་སྦྱངས་ལ་བརྩོན་པའི་བྲེལ་འཚུབ་ཀློང་ནས།།
རང་སྐད་དག་མ་གད་སྙིགས་ཅི་བཞིན་གཡུག་པའི།
སློབ་ཆེན་མིང་ཡིག་ཁུར་བའི་གཞོན་སྐྱེས་ཁྲོད་ན།།
ཞེན་པ་བོད་ལ་དཀར་བའི་ཤེས་ལྡན་ཡོད་ན།།
གཞན་སྐད་མི་ཤེས་ངག་ལ་བཙན་གྱིས་སློབ་བཞིན།།།࿉
བོད་ཆས་གཙང་མ་གྱོན་ན་གད་མོ་ཤོར་བས།།
དེང་རབས་གསར་པའི་ཁྲོད་ཀྱི་རི་ཁུག་འདི་ན།།
མི་ཡི་རིན་ཐང་བོར་བ་ཇེ་མང་རེད་འདུག།།࿉
རིག་གནས་ཡོད་མེད་གཉི་ཀ་སྒེར་དོན་ཁྲོད་ན།།
འཇོན་ཐང་ཆེ་ཆུང་ཡོད་ཚད་འགྲུལ་བཞུད་ཀློང་ན།།
ཕྱི་ཡི་འཚོ་བའི་ངོགས་ན་རང་དབང་ཆེ་ཡང་།།
གཞིས་ཀྱི་ཕ་ཡུལ་དྲན་མཁན་ཅང་ཉུང་གི།།࿉(ཧ)
མི་གཤིས་དྲང་མོ་མེད་པ་ས་མཐའི་སྡེ་ནས།།
མགོ་བདེ་ཁ་ཡག་ཅན་གྱིས་ཁེ་བཟང་རག་གི།།࿉
སྐྱོན་ཅན་དྲང་པོར་རློམ་པའི་ཕྱི་རོལ་འདི་ནས།།
བློ་སེམས་གཏད་ན་ཆོག་པའི་མྱི་ཡང་ཉུང་གི།
རྩོམ་ཡིག་འདི་ལེགས། ཧ་ཅང་ལེགས།
གོང་གི་མཆན་བུ་དེ་སུ་ཡིན་མི་ཤེས་ཡང་། ཐུགས་རྗེ་ཆེ། སྐྱོན་བཏོན་པར་དགའ་ནས་ཡོད།
སྐུ་ཉིད་ཀྱི་རྩོམ་ལྟ་བུ་མཐོང་ན་ང་ཡང་དགའ་མཁན་ཞིག་ཡིན།