ཨོ་རྒྱན་ཉི་མ།
ཚ་སྒང་པ་དཔལ་ལྡན་བློ་གྲོས་ཁོ་རིགས་པ་སྨྲ་བ་དང་། རིག་གཞུང་གསར་རྙིང་གཉིས་ཀ་སྲང་ལ་གཞལ་ཏེ། ཡོ་སྲང་བྱེད་ནི་ཡིན་ཟེར་མཁན་ཞིག་རེད། རེད་དེ་ནུབ་ཕྱོགས་ཀྱི་རིག་གཞུང་གི་གཏིང་མ་དཔོག་པའི་བློ་གྲོས་གསར་བུ་བ་དག་དང་། ཚེ་འདིའི་ཉེར་སྤྱོད་ཁོ་ན་ལ་ཞེན་པ་ཆེ་བའི་མུ་སྟེགས་པ་དག་ལས། དམིགས་བསལ་གྱི་རྣམ་དཔྱོད་ལྡན་པའི་མཁས་པ་ཞིག་གིས་ཆེ་བརྗོད་ཀྱི་གཏམ་དང་། ཡི་རང་ཡོད་ཚོད་མ་རེད། གང་ཡིན་ཞེ་ན་ཤེས་ཡོན་པ་ཟེར་བ་དེ་ཁ་བདེ་མོ་བཤད་ཤེས་པ་ཙམ་མ་རེད་ལ། ཡོད་ཚད་ལོག་པར་སྨྲ་བའི་གང་ཟག་ཅིག་ནི་དེ་བས་ཀྱང་ག་ལ་ཡིན། དེ་ཕྱིར་དཔྱད་བརྗོད་གང་ཡིན་ཡང་མི་རིགས་དང་རིག་གཞུང་མཐའ་དག་ལ་སྒོ་ཀུན་ནས་སྨན་པ་དང་། གང་བཤད་པ་དེ་ཉིད་རང་གི་ལག་ཏུ་ཐོགས་མཁན་ཞིག་ལ་མཁས་པ་ཟེར་བ་རེད། འདས་དང་མ་འོངས་ཀྱི་དགག་བྱ་དང་དགོས་པ་ལ་ལྟ་མི་ཤེས་པར། ད་ལྟའི་དངུལ་ལོར་འབའ་ཞིག་སྐྱབས་སུ་འཛིན་པ་ནི་དུད་འགྲོ་ལས་ཀྱང་ལོད་པར་འདོད། དེ་ཙམ་དུ་མ་ཟད་ཁོའི་རྒྱུད་ལ་དད་པ་དང་དག་སྣང་ཟེར་བ་རྩ་བ་ནས་མེད་པ་ང་ཚོས་ཐག་བཅད་དེ་སྨྲ་བཏུབ་ལ། དེས་མི་ཚད་ཁོས་ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི། ཐར་པ་ཐམས་ཅད་མཁྱེན་པ་སོགས་གཏན་ནས་ཁས་མི་ལེན་པ་ནི་ལོག་རྟོག་སྙིང་སྟོབས་ཀྱིས་རྟོགས་ནུས།
དེ་ཕྱིར་སངས་རྒྱས་དཀོན་མཆོག་སྤྱི་བོར་བཀུར་མཁན་ཞིག་དང་། དེས་གསུངས་པའི་ཆོས་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ན། ཅིའི་ཕྱིར་ཚ་སྨྱུག་ལ་ཡིད་སྨོན་ཤོར་བ་རེད། ཚ་སྨྱུག་ལ་དུང་ཞིང་དད་པ་རང་ཉིད་ཆོས་པ་མིན་པར་ཁས་བླངས་པར་མ་ཟད། མཁྱེན་ལྡན་སངས་རྒྱས་དང་། དཔྱོད་ལྡན་རྒྱན་དྲུག་མཆོག་གཉིས། དྲན་དབང་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱིས་མ་རྟོགས་པ་ཞིག་ཡོད་པར་ཁེ་འཆེ་ཞིང་། དེ་ལ་ཡིད་སྨོན་འཆོར་ན་གྲྭ་བའམ། ཆོས་པའི་གྲལ་ནས་དགོངས་པ་ཞུས་ན་ལེགས་པར་སེམས། དགག་སྒྲུབ་དང་། དཔྱད་བརྗོད་བྱེད་མིན་ནི་རང་དབང་རེད་དེ། ཕྱིན་ཅི་ལོག་ཏུ་སྨྲ་བའི་གང་ཟག་གི་རྗེས་སུ་འབྲངས་ཏེ། གནས་ལུགས་ལ་བརྒོལ་བ་ནི་རང་ཉིད་ཀྱིས་རང་ཉིད་ལ་མཐོང་ཆུང་དང་། དོན་དམ་གྱི་ཆོས་པ་དང་། འཇིག་རྟེན་ཡང་དག་པའི་མིའི་གྲལ་ནས་ཐུར་དུ་དྲངས་ཏེ། དམའ་འབེབས་བྱེད་པ་མིན་ནམ། སྤྱིར་བཏང་རང་ཉིད་ཤཱཀྱའི་རྗེས་འཇུག་ཡིན་ན་སངས་རྒྱས་ཀྱི་བཀའ་ལ་བརྩི་དགོས་པ་དེ་ང་རང་ཚོའི་འོས་འགན་རེད། སངས་རྒྱས་ལ་སྐྱབས་སུ་རྩ་བ་ནས་མ་སོང་ན་རང་དགར་རེད། དེ་མིན་ཆོས་བཤད་མཁན་གནའ་སྔ་མོ་ལས་དེང་སང་མང་བ་དང་། སླད་ནས་དེ་བས་མང་ངེས་རེད། རེད་དེ་ང་ཚོ་ཚང་མ་ལག་ལེན་ལ་རྡུག་ཏུ་འགྲོ་བཞིན་པ་རེད། རང་གིས་ལག་ལེན་རྩ་བ་ནས་མེད་པར་ཁ་བདེ་མོ་ཁོ་ནས་དུས་ཚོད་གྲོན་པ་ནི། དེང་སང་གི་སྤྲོ་འཆམ་པའི་ལམ་སྟོན་པ་དང་གཅིག་མཚུངས་རེད། དེ་ཕྱིར་གཙོ་བོ་གྲྭ་བ་ཚོས་ཐུགས་ལ་བཞག་ན་དྲན་བཞིན་ཡོད། བདེན་པ་མི་འདུག་དྲན་ན་བསྐྱུར་བཞག་ན་འགྲིགས་པ་རེད།
དེང་སང་དགག་སྒྲུབ་བྱེད་དུས་མི་གཞི་དང་། སྨྲ་བརྗོད་རང་དབང་ལ་བཀག་འགོག་མི་བྱ་བར་གཞན་ཞིག་ནས་དགག་སྒྲུབ་བྱ་དགོས་ཞེས་ཨ་མདོའི་སྨྱོན་པ་དེ་ཚོ་དང་། ཁམས་དང་། དབུས་གཙང་གི་འཆལ་པོ་དེ་ཚོས་འདི་འདྲ་ཞིག་བཤད་བཞིན་པ་རེད། ངས་བལྟས་ན་མི་གཞི་ནི་སྤྱོད་པ་མ་རེད་བསམ་བློ་རེད། བསམ་བློས་འཕུལ་བའི་ལྟ་གྲུབ་དགག་དགོས་པ་རེད། དེབ་དགག་ནས་གང་བྱེད། ཤོག་གུ་རྩ་དང་ཤིང་ལས་བྱུང་བ་རེད། སྣག་རྩ་ནི་རྡོ་སོགས་ལས་བྱུང་བ་རེད། དེབ་གཟུགས་ནི་འཆར་འགོད་པས་བྱས་པ་དང་། ཡི་གེ་ནི་མི་རིགས་ཀྱི་རེད། ངོ་མ་གང་ཟག་དེའི་ལྟ་གྲུབ་འགྲིགས་མིན་བཤད་དགོས་པ་རེད། དེ་མི་གཞི་རེད། རིག་གཞུང་ལ་དགག་སྒྲུབ་བྱ་དགོས་ན། མི་རིགས་དང་ཆོས་ལུགས་ཤིག་གི་ལྟ་གྲུབ་ལ་དགག་སྒྲུབ་བྱ་དགོས་པ་རེད། ལྟ་བ་ནི་ངེས་ཤེས་རེད། གྲུབ་མཐའ་ནི་འཇོག་མཚམས་རེད། དེ་གཉིས་ཀ་གཙོ་བོ་སྤྱི་སྒེར་གང་རུང་གི་ནང་གི་བསམ་བློའི་གྲུབ་ཆ་ཞིག་རེད། དེ་ཕྱིར་ལྟ་གྲུབ་ལ་དགག་རྒྱག་ལས། མི་གཞི་ལ་མི་རྒོལ་ཟེར་བ་ནི་སེམས་གསོ་ཙམ་རེད། དགག་སྒྲུབ་བྱེད་དུས་མིའི་བསམ་བློ་དང་དང་། ལྟ་གྲུབ་ལ་བྱ་དགོས་པ་རེད། དཔེར་ན་བོད་ཀྱི་རིག་གཞུང་ལ་དགག་སྒྲུབ་བྱེད་ཡོང་ན་བོད་པའི་བསམ་བློ་ལ་དགག་སྒྲུབ་བྱེད་པ་རེད། ཚ་བས་རང་གི་སྔོན་གྱི་ལྟ་གྲུབ་སྔ་རྒོལ་དུ་བཞག་སྟེ་དགག་སྒྲུབ་ཀྱི་ཁུར་བླངས་པ་རེད། ཁོས་རིག་གསར་བའི་རྗེས་སུ་འབྲང་ཁུལ་བྱས་ཀྱང་། རིག་གསར་གྱི་ལེགས་ཉེས་གཏན་ནས་མ་རྟོགས་པའི་གཡམ་རྒྱུགས་མཁན་ཞིག་རེད། དེ་ཕྱིར་ཚ་སྨྱུག་གི་མི་གཞི་ནི་བོད་ཀྱི་མི་གཞི་ཡོངས་སུ་སྟོར་ཞིང་། ནུབ་ཕྱོགས་དང་རྒྱ་ནག་གསར་བའི་མི་གཤིས་དོངས་སུ་འགྱུར་མ་ཐུབ་བར་མ་དོར་ལུས་པའི་སེམས་ཅན་ཞིག་ཡིན་ནམ་བསྙམ། དཔེར་ན་མི་གཞི་ལ་རྣམ་གྲངས་གཉིས་ཡོད་པར་སེམས།
རང་སྟོབས་ཀྱི་མི་གཞི་ནི་ལྷན་སྐྱེས་སུ་ཡོད་པ་དེ་རེད། གཞན་སྟོབས་ཀྱི་མི་གཞི་ནི་ལྟ་གྲུབ་དང་། རིག་གཞུང་གིས་བསྒྱུར་བའི་བསམ་བློ་ལ་ཟེར་བ་རེད། མི་གཞི་ལ་སྐྱོན་ཡོད་ན་མི་གཞི་ལ་ཐད་གར་དགག་སྒྲུབ་བྱ་དགོས། གང་ཟག་དེའི་ལྟ་བ་ནི་གང་ཟག་དེའི་མི་གཞི་ལས་ལོགས་ཤིག་ཏུ་དུས་ནམ་ཡང་ངོས་འཛིན་མི་རུང་། མི་གཞི་ལ་དམའ་འབེབ་མི་བྱེད་པར་དེའི་ལྟ་གྲུབ་ལ་དགག་དགོས་ཟེར་བ་ནི་གཡོ་སྒྱུའི་གཏམ་རེད། དཀོན་མཆོག་གསུམ་ལ་བསྐུར་བ་བཏབ་ན་དང་དུ་བླངས་ནུས་ལ། ཚ་སྨྱུག་གི་སྐྱོན་མཚང་བརྗོད་དུས་མི་བཟོད་པའི་གང་ཟག་དེ་ནི་ཕྱི་རོལ་པ་ཞེས་བྱའོ།། ནང་པ་མ་ཡིན་པ་ཞེས་སྨྲའོ། །རང་ཉིད་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རང་དབང་ཟེར་བ་དང་། མང་གཙོ་ཟེར་བ་དེ་དག་བེད་ཆོད་གཏོང་ཤེས་དགོས་པ་རེད། དེ་མ་ཟད་རང་ཉིད་གྲྭ་བའི་སྤྱི་ཚོགས་ཤིག་ཏུ་ཡོད་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་དང་། དམ་པའི་ཆོས་ཉམས་སུ་ལེན་མཁན་ཞིག་ཡིན་པའི་ཆ་ནས་ལོག་ལྟ་ཅན་གྱི་རྗེས་སུ་འབྲང་ན། མི་དགེ་བཅུའི་ནང་གི་ཉེས་པ་ལྕི་ཤོས་དེ་བསགས་པ་མིན་ནམ། མེས་པོའི་བརླ་བརྡུང་། དཀོན་མཆོག་གི་རྐང་འདྲེན་བཞིན། མི་རིགས་དང་། རིག་གཞུང་བཅས་པར་སྐྱོན་བརྗོད་བྱེད་བཞིན་པའི་གང་ཟག་ཅིག་ལ་ཆེད་བརྗོད་ཀྱིས་ལེགས་སོ་འཕུལ་བ་ནི་རང་གི་མཚང་བརྡོལ་བ་ལས་ཕན་ཐོགས་ཤིག་ཡོད་པར་མ་མཐོང་། ལྟ་བ་མཉམ་གནས་ཟེར་དུས་ལྟ་ལོག་ཡང་དག་ཏུ་འཛིན་པ་དང་། གྲྭ་བའི་སྤྱི་ཚོགས་སུ་གནས་བཞིན་ཆོས་མིན་སྨྲ་ཞིང་། དེའི་རྗེས་སུ་འབྲང་ཆོག་པ་དེ་སུའི་དགོངས་བཞེད་རེད། རྒྱལ་བའི་བཀའ་དང་། རྗེས་འཇུག་མཁས་པའི་གསུང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོངས་དང་འགལ་ཡོད་པར་སེམས།
ཨོ་ཉི་སྤྲུལ་རྐུ་ལགས།
༡་་་རྣམ་དཔྱོད་ལྡན་པའི་མཁས་དབང་ཚ་བ་མདའ་སྨྱུག་ལགས་རྣམ་དཔྱོད་ལྡན་པ་ཞིག་མ་རེད་ཅེས་ཁྱོད་ཀྱིས་ཅི་ཙམ་ངུ་སྐད་བརྒྱབ་ཀྱང་དོན་མེད་རེད། ཁྱོད་འདྲ་བ་སྟོང་གིས་མདའ་སྨྱུག་གྱི་ཁ་གཏད་ཆོད་ཀྱི་མ་རེད། ཁ་གཏད་བཅག་ཐུབ་ན་གནད་ལུགས་དང་མཐུན་པའི་དགག་སྒྲུབ་བྱེད་དགོས་པ་རེད། དེ་མིན་ངུ་སྐད་ནི་ངུ་སྐད་རང་རེད།
༢་་་ ད་ལྟའི་དངུལ་ལོར་འབའ་ཞིག་སྐྱབས་སུ་འཛིན་པ་ནི་དུད་འགྲོ་ལས་ཀྱང་ལོད་པར་རེད་ཅེས་བཤད་འདུག་ཀྱང་དངུལ་ལོར་འབའ་ཞིག་གི་རྗེས་སུ་ནུབ་ཕྱོགས་ཡུལ་དུ་སྐྱ་མིན་སེར་མིན་གྱི་ཆོས་བཙོང་བ་དེ་ནི་ཁྱོད་རང་རེད་བསམས་ཀྱི་འདུག མདའ་སྨྱུག་ལགས་ནི་གྲྭ་པ་ཚོད་ལྡན་ཞིག་ཡིན་ས་རེད་མ་གཏོགས་ཁྱོད་ལྟ་བུ་གྲྭ་པ་ལོག་ཚར་ནའང་ཆོས་བཤད་ནས་ལྟོ་གོས་འཚོལ་མཁན་ཞིག་ཡིན་ས་མ་རེད།
༣་་་་རང་གིས་ལག་ལེན་རྩ་བ་ནས་མེད་པར་ཁ་བདེ་མོ་ཁོ་ནས་དུས་ཚོད་གྲོན་པ་བྱེད་མཁན་ནི་ཁྱོད་རང་རེད། ལྟོས་དང་། ཁྱོད་རང་གྲྭ་ལོག་ཡིན་བཞིན་དུ་་་་ཚུལ་ཁྲིམས་སྲུང་མ་ཐུབ་བཞིན་དུ་ཁ་ཕྱིར་འཁོར་ནས་གྲྭ་བ་ཕྱི་གཙང་ནང་གཙང་དག་ལ་ཀམ་པུང་དྲར་བལྟ་མི་ཆོག དེའི་ནང་དུ་ཆགས་སྤྱོད་མང་པོ་བལྟ་གྱི་ཡོད་པས་ཡག་པོ་མ་རེད་ཅེས་ཁྱོད་ཀྱིས་བཤད་ཡོད་རེད། ག་རེ་ཡིན་ཟེར་ནས་ཁ་བདེ་མོ་བཤད་ཀྱི་ཡོད་དམ། སོ་སོས་ཆགས་སྤྱོད་བྱས་པར་མ་ཟད་དགོན་པའི་ནང་དུ་བག་སྟོན་མཛད་སྒོ་བྱས་པ་རེད། ངོ་ཚ་མེད་པའི་མི་ཟེར་ན་ཁྱོད་འདྲ་པོ་ལ་ཟེར་གྱི་རེད། ཁྱོད་རང་གིས་དམ་ཚིག་སྡོམ་པ་ལག་ལེན་གྱི་ཐོག་ནས་ཚུལ་བཞིན་དུ་སྲུང་བསྡད་ཡོད་ན་གཞན་ལ་ལབ་ན་འགྲིག་པ་རེད། སོ་སོའི་ལག་ལེན་ལ་ལྟོས་དང་།
༤་་་་ཁྱོད་ཀྱིས་་་༼དེང་སང་དགག་སྒྲུབ་བྱེད་དུས་མི་གཞི་དང་། སྨྲ་བརྗོད་རང་དབང་ལ་བཀག་འགོག་མི་བྱ་བར་གཞན་ཞིག་ནས་དགག་སྒྲུབ་བྱ་དགོས་ཞེས་ཨ་མདོའི་སྨྱོན་པ་དེ་ཚོ་དང་། ཁམས་དང་། དབུས་གཙང་གི་འཆལ་པོ་དེ་ཚོས་འདི་འདྲ་ཞིག་བཤད་བཞིན་པ་རེད།༽ཅེས་བཤད་འདུག དགག་སྒྲུབ་བྱེད་དུས་ཕ་རོལ་པོའི་ལྟ་གྲུབ་ལ་དགག་སྒྲུབ་བྱེད་དགོས་པ་ལས་ཕ་རོལ་པོའི་ཁ་འགྱོག་འདུག་སྣ་གཡོལ་འདུག ཁྱི་རེད། འདྲེ་རེད། དུར་འགྲོ་རེད་ཟེར་ནས་དམོད་མོ་བརྒྱབ་ན་མཁས་པས་དགག་སྒྲུབ་བྱེད་སྟངས་དེ་མ་རེད་ཅེས་པའི་དོན་དག་རེད། དཔེར་ན། ཁྱོད་ཀྱིས་ཚ་བ་མདའ་སྨྱུག་ལགས་ཀྱི་ལྟ་གྲུབ་དགག་བྱ་སྤུ་ཙམ་མེད་པར་མུ་སྟེགས་པ་རེད། ལོག་ལྟ་ཅན་རེད། དུར་འགྲོ་རེད་ཟེར་བ་ལྟ་བུ་ལ་གོ་དགོས་ཀྱི་རེད།།
༥་་་་དཀོན་མཆོག་གསུམ་ལ་སྐུར་བ་བཏབ་པར་དང་ལེན་བྱེད་མཁན་མི་འདུག་ལ་སྐུར་བ་བཏབ་མཁན་ཡང་མི་འདུག བོད་ཀྱི་རང་མཐོང་ཅན་གྱི་ཆོས་པ་དེ་ཚོ་ནི་སངས་རྒྱས་དཀོན་མཆོག་མ་རེད་ལ་དགེ་འདུན་དཀོན་མཆོག་ཡང་མ་རེད། ཁོ་ཚོའི་བཤད་པའི་ཆོས་ནི་དེ་ལས་ཀྱང་ཆོས་དཀོན་མཆོག་ག་ལ་ཡིན། ཁོ་ཚོ་ལ་དགག་སྒྲུབ་བྱས་པ་ནི་འོས་ཤིང་འཚམས་པ་ཞིག་རེད། དཔེར་ན། ཚ་བས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་དགག་ཡོད་རེད། དོན་དང་ལྡན་པ་རེད་ལ་འོས་ཤིང་འཚམས་པ་རེད། ཨོ་ཡ་་་ད་མང་པོ་འབྲི་བའི་དུས་ཚོད་མེད། ད་རིང་དེ་ཙམ་ཡིན།
ང་འདིར་སླེབ་ནས་དངུལ་གྱི་དོན་དུ་ཐེངས་གཅིག་ཀྱང་ཕྱིན་མེད། དངུལ་ཡང་མེད།
ཨོ་ཉི་འདིས་ངུས་སྐད་རྐྱང་བཏོན་ཡོང་གི་འདུག མི་གཞི་ཟེར་བ་མ་རེད་་་་མི་གཤིས་ཟེར་བ་རེད་
མི་གཤིས་དང་དེ་ཡིས་བྲིས་པའི་དེབ་ཀྱི་སྐད་ཆ་གཉིས་ལས། མི་གཤིས་ལ་དགག་དགོས་ཟེར་བ་ནི་རྣམ་དཔྱོད་ཀྱི་རྩལ་རྩ་བ་ནས་མེད་པའི་རྟགས་རེད། མི་གཤིས་ངན་པ་དེ་ཡིས་བྲིས་པའི་སྐད་ཆ་དེབ་རྩོམ་དགག་དགོས་པ་རེད། མི་དེ་ཡི་གཤིས་ཀ་ནི་མི་དེ་འཆི་ཚར་དུས་ས་སྟེང་འདི་ནས་མི་དེ་དང་མཉམ་དུ་ཡལ་ཚར་བ་རེད། མི་གཤིས་ངན་པ་དེ་ཡིས་བྲིས་པའི་རྩོམ་སྐྱག་དེ་ཚོ་ནི་བསྐལ་པའི་བར་དུ་གནས་ངེས་རེད། དེ་ཡིས་བྲིས་པའི་ལོག་རྟོག་སྐུར་འདེབས་རྫུན་གཏམ་དཀྲུགས་ཤིང་ཆགས་སྡང་རྨོངས་གསུམ་གྱི་གཏམ་ངན་དེ་མི་རབས་ནས་མི་རབས་ཀྱི་བར་དུ་གཏམ་ངན་དེ་ལུས་ངེས་རེད། དེ་ལ་བརྟེན་ནས་རྨོངས་པ་ཆགས་སྡང་གིས་བཟི་བ་དེ་ཚོས་སླར་ཡང་སྒྲོ་བསྐུར་གྱི་གཏམ་ངན་དེ་ཚོ་ལུང་འདྲེན་བྱེད་ཀྱིན་གཞན་མགོ་གཡོག་སྟེ་ལམ་ངན་དུ་འཁྲིད་པའི་ཆ་ལག་ཏུ་བེད་སྤྱོད་ཀྱི་རེད། དེ་ནི་ཧ་ཅང་གི་ནག་ཉེས་ཚབ་ཆེན་ཞིག་རེད། དཔེར་ན། ཨོ་ཉི་གཤིས་ངན་ལྔ་ལམ་དུ་ཕྱིན་ཀྱང་ཁྱོད་ཀྱིས་བྲིས་པའི་སྒྲོས་བསྐུར་རྫུན་གཏམ་འཆལ་གཏམ་གྱི་རྩོམ་སྐྱག་དེ་རིགས་མི་རབས་ནས་མི་རབས་ཀྱི་བར་དུ་གནས་ཏེ་སྤྱི་ཚོགས་དང་ཆོས་ལུགས་གྲུབ་མཐའི་དབར་གྱི་དཀྲུགས་རྡོར་འགྱུར་ངེས་རེད། བོད་ཀྱི་གཏམ་དཔེར། རོ་ས་འོག་ཏུ་ཕྱིན་ཀྱང། གཏམ་ངན་ས་སྟེང་དུ་ལུས། ཟེར་སྲོལ་ཡོད།
ཚ་བ་མདའ་སྨྱུག་ལ་ངན་སྨྲས་ཙམ་དུ་མ་ཟད་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ནི་ནང་པ་སངས་རྒྱས་པ་མ་རེད། ལྟ་ལོག་པ་རེད། ཕྱི་རོལ་པ་རེད། ཟེར་ནས་ཇི་ཙམ་བཤད་ཀྱང་ཕ་རོལ་པོའི་ལྟ་བར་འགྱུར་བ་ཐེབས་མི་སྲིད།
ཚ་བ་མདའ་སྨྱུག་གིས། ང་ཡིས་བྲིས་པའི་དེབ་ལ་དགག་པ་རྒྱབ་མཁན་མེད་ན། དགག་པ་མ་རྒྱབ་པ་མིན། དགག་པ་མ་ཐེབས་པར་བརྩི་གི་ཡིན་ཟེར་ཡོད། དེ་ལྟར་ན་ཁྱོད་ཀྱིས་ཀྱང་ཁོ་ཡི་མི་གཤིས་ལ་དམའ་འབེབས་བྱེད་པ་ཙམ་ལས་ཁོ་ཡི་དེབ་ཀྱི་སྟེང་ལ་དགག་པ་མི་རྒྱབ་པ་ནི་་་་་དགག་པ་མ་རྒྱབ་པ་མ་རེད། དགག་མ་ཐུབ་པའི་སྐྱོན་དུ་ཟད་དོ།
དགག་རེས་ཡག་པོ་ཞེ་དྲག་བྱས་ཤག ཡག་པོ་ཞེ་དྲག་རེད། འོན་ཀྱང་ད་དུང་ནང་དོན་མ་གོ་བ་ཞིག་ནི། མི་གཞི་ཟེར་ན་ག་རེ་ཟེར་གི་ཡོད་རེད། དེའི་དོན་ཅི་ཞིག་རེད་དམ། ཚ་བ་མདའ་སྨྱུག་ཅིག་མ་ཅིག་ཅེས་མང་བོ་ལབ་འདུག ཚ་བ་མདའ་སྨྱུག་ཟེར་བ་ག་རེ་རེད་དམ། དེས་ཅི་ཞིག་བྱས་པ་རེད། དེ་ཅི་ཞིག་བྱེད་མཁན་རེད། བོད་མི་དཔོན་པོ་ཞིག་རེད་དམ་ཡང་ན་གཞན་ཞིག་རེད།
ཨོ་ཉི་ཁག་མེད། མདའ་སྨྱུག་གིས་ཁོ་དང་ཁོ་འདྲ་བའི་སྐྱོན་ཐེར་འདོན་གནང་བ་དེ་ཉིད་མཚང་ཐོག་ཏུ་ཁེལ་བ་རེད།
ཚ་བ་མདའ་སྨྱུག་གིས། ང་ཡིས་བྲིས་པའི་དེབ་ལ་དགག་པ་རྒྱབ་མཁན་མེད་ན། དགག་པ་མ་རྒྱབ་པ་མིན། དགག་པ་མ་ཐེབས་པར་བརྩི་གི་ཡིན་ཟེར་ཡོད། དེ་ལྟར་ན་ཁྱོད་ཀྱིས་ཀྱང་ཁོ་ཡི་མི་གཤིས་ལ་དམའ་འབེབས་བྱེད་པ་ཙམ་ལས་ཁོ་ཡི་དེབ་ཀྱི་སྟེང་ལ་དགག་པ་མི་རྒྱབ་པ་ནི་་་་་དགག་པ་མ་རྒྱབ་པ་མ་རེད། དགག་མ་ཐུབ་པའི་སྐྱོན་དུ་ཟད་དོ། ་་་་ཟེར།
ཨོ་ཉིད། ད་ལྟ་མདའ་སྨྱུག་དང་དགེ་ཆོས་སོགས་ནས་གང་གསུང་བཞིན་པ་དེ་དག་ཁོང་རྣམ་པས་གསར་པ་ཞིག་བཟོས་པ་མ་རེད། སྔོ་མོ་ནས་ཡོད་བསྡད་པའི་རྩོད་པ་ལ་དཔེ་གསར་པ་ཞིག་དང་བཤད་སྟངས་མི་འདྲ་བ་ཞིག་ནས་བཤད་པ་རེད། སྔ་མོའི་དགག་ཤགས་དེ་ཚོ་གཟིགས་ཐུབ་ན་མདའ་སྨྱུག་དེ་ཙམ་མི་སྐྱོན།
ད་ལྟ་ང་ཚོར་མུ་སྟེགས་པ་དངོས་སུ་རྩོད་མཁན་མེད་པ་སྟབས་ཡག་ཤག་མ་གཏོགས། ཁོང་ཁྲོས་དབང་གིས་ངུ་ནས་སྡོད་རྒྱུ་ལས་ལྷག་མི་འདུག
ཕྱི་རོལ་པ་ཞིག་གིས་དེ་ལྟར་བཤད་ན་འཐད་མོད། ཨ་ཁ་་་་་བོད་པའི་ནང་པ་ཞི་གིས་་་་་
ཕྱི་རོལ་པ་ཞིག་ནས་ནང་པའི་བསྟན་པ་དེ་ཡིད་ཆེས་བྱས་མི་འོས་པའི་རྒྱུ་མཚན་ལུང་པ་གང་བཤད་ན་དེར་བདེན་ཁ་སྟེར་རྒྱུ་ཡིན་ནམ། ཡང་ན་ལན་ཞིག་དང་ཡང་ན་བདེན་ཁ་སྟེར་རྒྱུ་ལས་འོས་མེད། དེ་བཞིན་ནང་པ་ཞིག་ལའང་ཡང་ན་ལན། དེ་མིན་བདེན་ཁ་འབྱིན་པ་གཅིག་མཚུངས་དགོས།
ལར་ནས་ནང་པ་ཡིན་པ་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་ཡོད་པ་ཁས་མི་ལེན་ནམ། ཁས་ལེན་ན་ཁ་རྡུང་གཏོང་བ་ལས་གསལ་བཤད་བྱས་ཐུབ་ན་གཉིས་ཕན་ཡོང་གཤིས།
མུ་སྟེགས་རྟ་དབྱངས་གསལ་བཤད་ལམ་ནས་ཐེ་ཚོམ་གཅོད། དེ་བཞིན་སློབ་དཔོན་ཐོ་བཙུན་སྤུན་མཆེད་གཉིས་སོགས།
ཁ་བརྡའི་དྲ་བདག་ལྷན་རྒྱས་སུ།
ངའི་སྨྱུག་མིང་ཀརྡོ་གཉེར་ཕྱག་པ་འདི། གཉེར་ཕྱག་པ་ཙམ་བཅོས་ནས་ཁ་བརྡར་འཇུག་ཆོག་པར་ཞུ་བཞིན་ཡོད་ལགས།
ཚ་བ་དགག་པ་རྒྱབ་རྒྱུར་དཀའ་ལས་ཅི་ཡོད། མི་རེའི་ཁོངས་ན་མི་མཐུན་པའི་ལྟ་གྲུབ་རེ་དང་། དེའི་སྒྲུབ་བྱེད་རྒྱུ་མཚན་རེ་རེ། གཞན་འདོད་ལ་འགོག་བྱེད་རེ་རེ་ཡོད་པ་སྨྲོས་ཅི་དགོས། ཚད་མ་མངོན་སུམ་ལས་ཁས་མི་ལེན་ཞིང་། རང་གིས་དབང་མངོན་གྱིས་མ་མཐོང་བ་ཀུན་མེད་པར་འདོད་མཁན་མུ་སྟེགས་རྒྱང་འཕེན་པ་ལས་ལྷག་ཅིག་ཚ་བས་གང་ཡང་བ་བཤད་མི་འདུག ད་སྐབས་བོད་མི་རྣམས་བཙན་དབང་དང་དཔལ་འབྱོར་གྱི་མགོ་སྒོར་འོག་རང་གི་རིག་གཞུང་རྩ་མེད་དུ་བརླགས་བཞིན་པའི་དུས་འདིར། ཚ་བའི་དེབ་འཐོན་པ་འདི་ནི་མུ་གེའི་སྐབས་ཀྱི་ཟླ་ལྷག་ཟེར་བ་དང་གཅིག་མཚུངས་རེད། ངོས་གནས་རིག་གཞུང་རྒྱུད་འཛིན་དགོས་པའི་དུས་ཀྱི་གཉན་ཕྲེང་འདིར་མི་ལྟ་བུ་ཞིག་བྱུང་བ་དེ་བོད་མི་རིགས་ལ་ལམ་འགྲོ་མེད་པའི་རྟགས་མཚན་རེད། དེས་ན་མི་འདིའི་རིགས་དང་དེབ་འདིའི་རིགས་ལ་བདག་པོ་མ་རྒྱབ་ཁྱབ་སྤེལ་མ་བྱེད། དགག་དགོས་པའང་མེད་ཅིང་སྒྲུབ་དགོས་པའང་མི་འདུག དགག་སྒྲུབ་སྣ་ཚོགས་བྱས་ནའང་ཁ་དྲག་རྒྱུ་མེད་མཁན་ཞིག་ཇི་ལྟར་འོངས། དགག་སྒྲུབ་སྣ་ཚོགས་བརྒྱུད་ངན་པ་སྐད་གྲགས་བཟོས་ན་ཕན་འདོགས་གང་ཡང་མེད། ཚ་བ་ལ་དགོས་པ་དེ་དགག་སྒྲུབ་རེད། དགག་སྒྲུབ་ལ་བརྟེན་ནས་ཁོས་རང་ཉིད་སྐད་གྲགས་ཅན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བཅིངས་ཡོད། དེ་རང་སྐྱུར་ཞོགས་དང་སྙིང་པོ་མེད་པའི་རྟོག་སྐྲུང་དེ་འདྲ་རང་བཞིན་གྱིས་ནུབ་འགྲོ་རྒྱུ་རེད། དེས་ན་ཆོས་ལ་ཡིད་ཆེས་ཤིང་། རང་གི་རིགས་གཞུང་ལ་ལྷག་བསམ་དཀར་བ། བསྟན་པ་སྤེལ་མ་ཐུབ་ཀྱང་གནུབ་རྒྱུར་མི་དགའ་བའི་མི་ཞིག་ཡིན་ན། དེབ་འདི་ཉོ་འཚོང་བྱེད་པ་སོགས་ཀྱིས་མཚོན་དངོས་ཤུགས་བརྒྱུད་གསུམ་ནས་མི་འདི་རིགས་ཕན་ཐོགས་ཤིང་། མི་འདི་རིགས་བསྐྱེད་སྲིང་བྱེད་པའི་ལས་ལ་མ་ཞུགས་ན་ལེགས་ཤོས་རེད།
ང་ཚོར་བདེན་པའི་ལན་དང་། ལུང་རིག་གི་རྒྱབ་དཔུང་ཡོད་ན་བློ་ལྷོད་གེར་ཞུགས་པ་ལས་དངང་སྐྲག་དེ་འདྲ་དགོས་དོན་མེད་པ་རེད། ངས་མཐའ་སྐོར་རི་སྐོར་ནས་བརྗོད་ནའང་། བཤད་འདོད་པ་དེ་ག་རེང་རེད། སྲིད་དོན་པ་ཞིག་ཡིན་ན་མི་དེ་རང་ལ་རྒྱབ་ཕྱོགས་དུས་བློ་འགུག་ཐབས་ངེས་པར་བྱས། ཆོས་པ་ཞིག་ཡིན་ན་བཟོད་སྒོམ་དང་སྙིང་རྗེ་ལོས་བྱས། ཕྱོགས་གཉིས་ཀར་ཕན་པ་ཁོ་རང་ལ་གསལ་བཤད་དང་དགག་ལན་ཡང་དག་པ་གནང་རྒྱུ་དེ་རེད། ངན་དམོད་དང་ཁ་རྡུང་ནི་ཕྱོགས་གཉིས་ཀར་མི་དགོས་པ་རེད། གཉིས་མིན་ཕུང་སུམ་པ་ཞིག་ཡིན་ན་ངས་ལབ་མི་ཤེས།
རང་གི་དབང་མངོན་གྱིས་མ་མཐོང་ན་མེད་པར་འདོད་མཁན་རྒྱང་འཕེན་པ་དང་། རང་གི་དབང་མངོན་གྱིས་མ་མཐོང་བཞིན་དུ་ཡོད་པར་འདོད་མཁན་བོད་པའི་རྨོངས་དད་རིང་ལུགས་པ་གཉིས་ལ་གཅིག་བཟང་གཅིག་ངན་གྱི་ཁྱད་པ་ཞིག་ཅང་ཕྱེ་དཀའ་མོ་རེད།
བོད་པའི་རྨོངས་དད་རིང་ལུགས་པས་དམྱལ་བ་མ་མཐོང་བཞིན་དུ་སྐྲག་སྣང་སྐྱེས་པ་དང་བདེ་ཆེན་དག་པའི་ཞིང་ཁམས་མ་མཐོང་བཞིན་དུ་འགྲོ་འདོད་སྐྱེས་པ་འདི་ནི་དེང་གི་ཚན་རིག་པ་ཚོས་དགོད་མོ་ཤོར་བའི་གཞི་ཞིག་ལས་གནད་ལུགས་ཡོད་པའི་དོན་ཞིག་ག་ནས་ཡིན།
བོད་པའི་ཆོས་ལུགས་པའི་བླ་ཆེན་མཁན་ཆེན་ཚོས་བོད་མི་རིགས་ཀྱི་ཀླད་པའི་ནང་དུ་རྨོངས་དད་ཀྱི་ས་བོན་བཏབ་ཡོད་ལ་ཀླད་པ་ཆོས་ཀྱིས་བཟི་བཅུག་ནས་མགོ་སྐོར་བཏང་བ་ནི་གྲངས་ཀྱིས་ག་ལ་ཆོད། ཀླད་པ་ཆོས་ཀྱིས་བཟི་བའི་རྨོངས་དད་པ་ཞིག་གི་རྩ་ནས་ཆོས་ལུགས་པས་དཔལ་འབྱོར་གྱི་བཤུ་གཞོག་བྱེད་པ་ནི་ལས་སླ་མོ་ཞིག་དང་། བསམ་བློའི་ཁ་ཕྱོགས་བསྒྱུར་ནས་རང་འདོད་ལྟར་ཁྲིད་འགྲོ་ཆོག་པ་ནི་དེ་ལས་བཤད་མ་དགོས་པ་ཞིག་ཡིན།།
མ་ཟད་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱིས་གསུངས་པ་ལྟར་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲབས་བྱས་ནས་བོད་མི་རིགས་ཀྱི་འཇིག་རྟེན་བྱ་བཞག་ལ་ཐུར་ཤོར་ཕྱིན་པ་ནི་སྔོན་བྱུང་གི་ལོ་རྒྱུས་ལ་བལྟས་ན་ཤེས། སྐྱོ་སྣང་རིང་ལུགས་དྲིལ་བསྒྲགས་བྱས་མཁན་ཚོས་ངོས་ནས་བོད་མི་རིགས་འཇིག་རྟེན་བྱ་བཞག་ལ་སྐྱོ་བ་སྐྱེས་བཅུག་ནས་རང་ཉིད་ཀྱིས་བོད་ཀྱི་འཇིག་རྟེན་ཡོད་ཚོད་དབང་བསྒྱུར་བྱས་པ་ནི་མིག་མདུན་དུ་ཡོད་དོ།།
བོད་མི་རིགས་ཀྱི་རིག་གཞུང་རྙིང་པ་བོན་ཆོས་གཏོར་བརླགས་མཁན་དང་བོན་གྱི་ཡིག་ཆ་མང་པོ་མེ་ལ་བསྲེགས། ཆུ་ལ་གཡུགས། སྤུར་རྒྱལ་བཙན་པོའི་མགོ་ལ་གླང་རྭ་བཙུགས་ནས་བསད། བོད་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཡིག་ཆ་རྣམས་རྩ་མེད་བཏང་མཁན་བོད་ཀྱི་ཤྭཀྱའི་ཆོས་ལུགས་པས་བཀོར་གཟན་ཚོ་མིན་ན་སུ་རེད་དམ།
ཤྭཀྱའི་ཆོས་ལུགས་ལ་ཨང་གསར་བྱས། བོད་བཙན་པོའི་ཕ་མེས་ཆོས་ལུགས་དང་སྲིད་འབྱོར་རིག་རྩ་མེད་བཏངས་མཁན་བཀོར་གཟན་ཁྱོད་ཚོས་བྱས་ལས་ལ་བརྟེན་ནས་བོད་རྒྱལ་ཁབ་རྩ་འཐོར་དུ་སོང་བ་རེད། རྙིང་གཏོར་པ་ཚོ། ངོ་ཚ་ཡ་ཡོད་པེ། ད་དུང་རྒྱ་གར་བའི་ཤྭཀྱའི་ཆོས་ལུགས་ཤིག་ལ་ཧ་ལམ་བོད་ཀྱི་སྒེར་བདག་མིན་ནམ་བསམས་བསམས་འདྲ་ཞིག་བཤད། སྙིང་རྗེ་་་་རང་ངོ་དང་གཞན་ངོ་དབྱེ་བ་མི་ཤེས་མྱི་ཁྱོད་ཚོ།།
སྤྱིར་གཏང་མི་ཞིག་གཞུང་ཆེན་ཀ་པོད་ལ་ཐོས་བསམ་རྗེས་སུ་རིགས་སྟོབས་ཕེལ་ནས་རྣམ་དཔྱོད་ཅན་གྱུར་པ་མ་ཟད་སྟོན་པ་ཤཱཀྱ་ཐུབ་པ་ལ་བརྒྱ་ཆ་༩༩མི་ཕྱེད་པའི་དད་པ་དང་དྭངས་བ་ངལ་རངས་དགའ་བ་སོགས་སྐྱེས་ཀྱང་། འགའ་ཞིག་གིས་ལྟ་བ་དེ་ལས་ལྡོག་ཚུལ་སྟོན་ན་ནི་མི་ཤེས། དེ་མིན་དེ་ལས་ལྡོག་པ་ནི་དངོས་ནས་ཡ་མཚན་རང་རེད་བསོད་ཟད་ཟེར་ན་རྒྱལ་བའི་གསུང་དེ་འདྲ་མང་པོ་ཞིག་མཇལ་རྒྱུའི་སྒོ་སྐབས་ཐོབ། བསོད་ལྡན་ཟེར་ན་་ད་ངོ་མི་ཤེས། འོན་ཀྱང་ཚ་བ་མདའ་སྨྱུག་པ་ཁོང་རླགས་སོང་བ་དེ
གང་འདྲ་ཡིན་ནམ། ཁོང་བདེ་བར་གནས་པར་ཤོག
བོན་པོ་ལ་ཡིག་ཆ་དང་པོ་ནས་མེད་ན་མེ་ལ་གང་བསྲེགས་པ་རེད། གཏོ་ངག་འགའ་ཞིག་གུ་རུས་ནང་པའི་ལྟ་སྒོམ་དང་སྦྲེལ་ཏེ། བཞག་པ་རེད།
བོན་པོ་མེ་ལ་བསྲེགས་པ་རེད་ཅེས་བཤད་ན་བསམ་བློ་གཏོང་གི་ཡིན། བོན་དཔེ་མེ་ལ་བསྲེགས་པ་རེད་ཟེར་ན་རྐུབ་ནས་གད་མོ་འཆོར་ཡོང་གི་འདུག
བོན་པོའི་དཔེ་ཆ་མང་མེད་པས་རྒྱུ་མཚན་ཁྱོད་ལ་ཅི་བཤད་ཀྱི་ཡོད་དམ། བོད་རྒྱལ་ཁབ་སྲིད་པ་ཆགས་ནས་བཟུང་སྟོབས་འབྱོར་མངའ་ཐང་བོད་པོའི་སྐབས་སུ་དར་བ་རེད། དེ་དུས་མེད་ན་ག་དུས་ཡོད་རེད།་་་ཧཧཧ
མི་དབང་སྲོང་སྒམ་པོ་ཁྲི་ལ་བཞུགས་སྐབས། བོན་པོའི་ལུགས་སྲོལ་གནམ་གྱི་ཉི་ཟླ་སྐར་གསུམ་དཔང་བཙུགས་ནས་ཕྱིའི་དགྲ་ནང་འདྲེན་མི་བྱེད་པའི་མནའ་གན་བཞག་སྐབས། རྒྱལ་བློན་དམ་ཚིག་མཐུན་དུས། བོན་གཡུང་དྲུང་གི་བསྟན་པ་དར་དུས་བོད་རྒྱལ་ཁབ་འདི་ནི་འཛམ་གླིང་ཐོག་ཏུ་དེང་རབས་དེའི་དེང་སང་གི་སྟོབས་ཆེན་ཨ་རི་རྒྱལ་ཁབ་ནང་བཞིན་རེད་དོ། བོད་ལ་ཡོད་ན་དེ་དུས་ཡིན་ལ་མེད་ན་དེ་དུས་ཡིན།
ཨོ་རེད་་་རྐུབ་དགོད་མོ་ག་འདྲ་བྱས་ནས་དགོད་ཀྱི་ཡོད་རེད། ཁྱོད་ཀྱིས་རྐུབ་དགོད་མོ་དགོད་ཤེས་ཀྱི་ཡོད་ན་ཡུང་རོབ་ནང་དུ་ཁྲོམ་སྟོན་བྱོས་དང་སྒོར་མོ་རེག་གི་རེད།་་་་ཧཧཧཧ འགྲོ་བ་མིའི་ཁ་ནས་དགོད་མོ་ཤོར་ཤེས་པ་ལས་རྐུབ་དགོད་མོ་ཤོར་ཤེས་མཁན་ཁྱོད་རང་ཙམ་ཡིན་གྱི་རེད་དོ་་་་་་་ཧཧཧ
ཨོ་རེད་་་བོན་པོལ་དཔེ་ཆ་མང་པོ་མེད། བོན་པོ་ལ་ཡི་གེ་མེད།་་་་ཧཧཧ ཟེར་ན་སུ་དགོད་མོ་ཤོར་དགོས་རེད་དམ། བོན་པོ་ཐོན་མི་སམ་བྷོ་ཊས་བཟོས་པའི་ཡི་གེ་འདི་ཤཀྱའི་བའི་རྗེས་འབྲངས་པ་བོད་པ་ཚོས་བེད་སྤྱོད་བྱས་དང་བྱེད་བཞིན་པ་མིན་ནམ། ངོ་མ་སྙིང་རྗེ། མེད་མཁན་ཤཀྱའི་རྗེས་འབྲངས་བའི་བོད་མི་ཚོ་རེད། ཁྱོད་ཚོ་ལ་ཡི་གེ་མེད་པ། བོན་པོ་ཐོན་མི་བཀའ་དྲིན་ཅན་ཁོང་མེད་ན་བཀའ་བསྟན་འགྱུར་ག་པ་འབྲི་གི་ཡིན་ནམ།་་ཧཧཧ ཧམ་པ་བཤད་མ་བསྡད་ཨ།