འདུས་བྱུང་ཕུན་ཚོགས་ཚེ་རིང་།
མིག་ཡོད་ཀྱང་ལྟ་མི་ཆོག
ཁ་ཡོད་ཀྱང་བཤད་མི་ཆོག
རྐང་ཡོད་ཀྱང་བཙུག་མི་ཆོག
རྣ་ཡོད་ཀྱང་ཉན་མི་ཆོག
ས་ཡོད་ཀྱང་སྡོད་མི་ཆོག
དེ་ནི་ང་ཡི་ཕ་ཡུལ་རེད།
གོང་གི་རི་མོ་འདི་དང་སྙན་ཚིག་འདི་གཉིས་གཤམ་གསལ་གྱི་གསར་འགྱུར་འདི་བཀླགས་རྗེས་དབང་མེད་དུ་སེམས་ནང་བོད་ཀྱི་ད་ལྟའི་གནས་སྟངས་སྤྱི་དང་ལྷ་པར་དུ་རྒྱལ་ས་ལྷ་སའི་ཁོར་ཡུག་དང་གནས་སྟངས་ལྷང་ངེར་དྲན་པ་དེ་རང་ཉིད་ཀྱི་ཉམས་མྱོང་གཞི་བཞག་ཐོག་བརྩམས་པ་ཞིག་ཡིན། གཤམ་གྱི་དྲྭ་ཐག་དེ་གཉིས་ལས་གསལ་ཐུབ།
http://tibettimes.net/news.php?showfooter=1&id=6158
དོན་ཚན་ལྔ་དེའི་གཙོ་བའི་ནང་དོན་རྣམས་འདི་ལྟར་རེད་འདུག
„དང་པོ། སྡོད་སའི་མགྲོན་ཁང་ངམ་གནས་ཚང་གི་ངོ་སྤྲོད་ཡི་གེ
གཉིས་པ། ཨུ་ཡོན་ལྷན་ཁང་གི་ངོ་སྤྲོད་ཡི་གེ
གསུམ་པ། རང་ཉིད་ཀྱི་ཐོབ་ཁོངས་ཡི་གེ
བཞི་པ། ཐོབ་ཐང་ལག་འཁྱེར།
ལྔ་པ། ལྷ་སར་གནས་སྡོད་ཆོག་པའི་ཡི་གེ“
དེ་ན་ཕྱོགས་ཡོངས་ནས་ལྟ་དུས་མི་ཞིག་ལ་དབང་པོ་ལྔ་ཚང་ཡོད་རུང་བེད་སྤྱོད་བཏང་མི་ཆོག་པའི་གནས་སྟངས་ཤིག་ལ་འགྱུར་ཡོད་པའི་བོད་གངས་ཅན་གྱི་ས་མཐོ་དེ་མཚོན་པར་བྱེད།
མིག་ཡོད་ཀྱང་། ༸གོང་ས་མཆོག་གི་སྐུ་པར་མཇལ་མི་ཆོག
ཁ་ཡོད་ཀྱང་། ཏང་གི་སྐྱོན་ཆ་བཤད་མི་ཆོག
རྐང་པ་ཡོད་ཀྱང་། རང་ཡུལ་ལ་བཙུག་མི་ཆོག
རྣ་ཡོད་ཀྱང་། རང་གཞན་གྱི་བདེན་པ་ཡོད་ཚད་ཉན་མི་ཆོག
ས་ཡོད་ཀྱང་། བོད་མིས་བོད་སར་བདག་བཟུང་དང་སྡོད་མི་ཆོག
མི་ཆོག་པ་ནི་གང་ཡིན་ཡང་ཡོད་པ་རེད།
དེ་ལ་སྐོར་ནས་འགྲོ་ན་ག་འདྲ་འདུག
རྡོ་ཡིས་བསྣན་པའི་རྩ་རྡོའི་མཐའ་སྐོར་ནས་སྐྱེས་བ་དེ་ཆོས་ཅན་ནོ།
མི་ཆོག་པ་ལྔ་ཞིས་པ་ནི་དེང་དུས་ཀྱི་སྤྱི་ཚོགས་ནང་ལམ་ཡོད་ཀྱང་འགྲོ་བའི་གོམ་ཆུང་ལ་གཟིགས་དགོས་པ་དང་གཞན་ལ་གནོད་སྐྱོན་དང་ཕོགས་ཐུག་མེད་པ་མི་རང་དབང་ཡོད་ཀྱང་རུང་མེད་ཀྱང་རུང་ཅིག་མཚུངས་རེད་ངོས་ཀྱིས་དྲེན།
སྒྱུ་རྩལ་པ་ཕུན་ཚེ་མཆོག་ནི་རིག་གཞུང་བྱེད་སྒོ་སོགས་ཞི་བའི་ཐབས་ཀྱིས་བོད་དོན་རྩོད་མཁས་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ཁྲོམ་གཞུང་ལ་སྐད་འབོད་གནང་པ་གཅིག་པོ་མིན་པར་ཁོང་གི་གནང་སྲོལ་ལ་གདེངས་འཇོག་གང་འཚམས་ཡོད་འོས་སྙམ་བྱུང་ལགས། དབུས་པ་ལྕེ་བདེ་འཇམ་རྡོར་ནས།
མི་ཆོག་པ་འདི་ལྔ་པོ་སྷ་ས་བ་ལ་ཚང་ཡོད་པས་ད་ཡིན་ན་འདི་ཁམས་དང་ཨ་མདོ་བའི་དཀའ་ངལ་ཞིག་ཡིན་པ་འདྲ།
བོད་བོད་ས་ནས་བདལ།
རྒྱ་བོད་ས་ལ་བསུས།
དྲག་པོ་ཡི་ལམ་ཞིག་མེད་ན་རྒྱུ་འབྲས་ཡི་ལམ་ཞིག་མེད་པ་གསལ་བོ་རེད། ཕན་ཚུན་གཉིས་ཀྱི་སྲོག་ལ་རྒོལ་ནིའི་ལས་འདྲ་མ་རྩམ་ན་ད་ང་ཚོ་ཚང་མ་ཚར་འདུག།
དབུ་མའི་ལམ་དེ་ཁ་ཙམ་རེད་ཅེས་རང་བཙན་གཙང་མ་རྒྱ་མིས་སྐྲུན།།།།
བོད་རྒྱ་ཞི་མོལ་ཕྱི་ཚོལ་ཙམ་ཞེས་དོན་དུ་རང་བཙན་རྨང་གཞི་བཙུགས།།
གཞོན་ནུ་ཚོགས་པ་རྗེས་འབྲངས་བཅས་པ་འཇིགས་སྐུལ་བ་ཞེས་རང་བཙན་སྐྲུན།།
བོད་སར་བོད་ཀྱི་མཐོངས་ཆེན་དགོས་ཞེས་དོན་དུ་རང་བཙན་རྒྱ་མིས་སྒྲུབ།།
བོད་རང་བཙན་ཡིན་ཀྱང་བཤོད་དབང་མེད།
ལམ་དབུ་མར་འདོད་པ་མེད་ཅེས་ལབ་མི་ཆོག
རྒྱ་མི་དགྲ་པོ་ཡིན་ཀྱང་དེ་ལྟར་ལབ་མི་ཆོག
རྒྱལ་མཚན་ནོར་ནུར་པཎ་ཆེན་རྫུན་མ་ལབ་མི་ཆོག
དགེ་འདུན་ཆོས་ཀྱི་ཉི་མ་བཙོན་ནས་གློད་དགོས་ལབ་མི་ཆོག
དེ་ནི་བཙན་བྱོལ་གཞུང་གི་སྲིད་ཇུས་ཡིན།
ཕན་གསོད་དགྲ་བོ་བྱམས་ཀྱིས་སྐྱོང་བ་དང་།
རང་རིགས་དུ་ཁར་ཐུགས་ཀྱིས་གཟིགས་མྱོང་མེད།
ལས་དམན་བོད་མི་འདི་ཡི་ལས་དབང་ལ།
འཛམ་གླིང་རྒྱལ་སྤྱི་ཡིས་ཀྱང་གཟིགས་མྱོང་མེད།