གནམ་བུ་ཡོན་ཏན།
ང་ལ་རྒྱུ་འབྱོར་མེད་པས་ཡིན་ན་ཐང་།།
རྒྱུ་ངོམས་ཆེ་ན་ཁྱོན་ནས་མི་དགའ་གི།
ང་རང་ཉམས་ཆུང་ཡིན་པས་ཡིན་ན་ཐང་།།
རྫིག་མདོག་བྱས་ན་ཁྱོན་ནས་མི་དགའ་གི།
དྲང་མོའི་གཏམ་ལ་དགའ་བས་ཡིན་ན་ཐང་།།
རྫུན་ཞིག་ཐོས་དུས་ཁྱོན་ནས་མི་དགའ་གི།
ང་རང་བླུན་པོ་ཡིན་པས་ཡིན་ན་ཐང་།།
ང་རྒྱལ་ཅན་ལ་ཁྱོན་ནས་མི་དགའ་གི།
རིགས་ལ་དོ་སྣང་མེད་པས་ཡིན་ན་ཐང་།།
རིགས་ཀྱི་མཐོ་དམན་བཤད་ན་མི་དགའ་གི།
ང་ཡིས་རྐུ་མི་ཤེས་པས་ཡིན་ན་ཐང་།།
རྐུན་མའི་རིགས་ལ་ཁྱོན་ནས་མི་དགའ་གི།
ང་ལ་གོམས་ལོབ་མེད་པས་ཡིན་ན་ཐང་།།
སྨན་དང་དུ་ནག་སྤྱོད་ན་མི་དགའ་གི།
དགའ་རོགས་མང་པོ་མེད་པས་ཡིན་ན་ཐང་།།
བུ་མོ་པག་ལ་ཚོ་ལ་མི་དགའ་གི།
བོད་ལ་རྒྱལ་ཁབ་མེད་པས་ཡིན་ན་ཐང་།
ཆོལ་ཁ་བཤད་ན་ཁྱོན་ནས་མི་དགའ་གི།
ང་ལ་རྨོངས་དད་ཆེ་བས་ཡིན་ན་ཐང་།།
བླ་མར་སྐུར་འདེབས་བྱས་ན་མི་དགའ་གི།
མི་དགའ་མང་ན་མི་སྡུག་མང་ཙམ་དགོས་དགའ་ལོག་སྡུག་ལོག་གཉིས་ཀྱི་བློ་སྐྱེ་ན་ལས་ངན་
འདམ་ལས་ཐོན་དང་ཁྱད་པར་ཅི།དེ་མིན་ཡོད་ཚད་མི་འགའ་བ་ཡིན་ཟེར་ན་མི་འགས་སྡུག་
གིས་མནར་བའི་དངོས་རྟགས་ཡིན།མི་དགའ་དགའ་འདོད་མ་བྱེད་དགའ་བས་གསོད་མི་སྡུག་
སྡུག་འདོད་མ་བྱེད་དིན་མེད་སྡུག་གིས་བསྐྱལ།
མི་དགའ་བ་དང་དེ་རྒྱུ་མཚན་གཉིས་དཔེ་དོན་སྦྱོར་དངོས་གནས་མ་ཤེས་ད།
ང་ལ་རིག་པ་མེད་པས་ཡིན་ན་ཐངས། །
བུ་མོ་པག་ལ་ཚོ་ལ་མི་དགའ་གི །ནང་གི་པག་ལ་ཡི་དོན་གང་ཡིན་ནམ། ཡང་ན་ཧིན་སྐད་བསྲེས་པ་ཡིན་ནམ།
མི་འཇོན་མི་བུར་མི་དགའ་མང་།།
ཕྲག་དོག་ཅན་ལ་དེ་ལས་མང་།།
གཞན་གྱི་བསོད་ནམས་སྨིན་པ་ལ།།
མྱིག་ལམ་དོག་པ་དམྱལ་བའི་རྒྱུ།
ལས་གྱིས་བཀོད་པའི་འབྲས་བུ་ལ།།
སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི།
སྤྱོད་པ་སྣ་མང་སྣ་ཚོགས་ལ།།
སེམས་ཁ་དོག་པ་སྡུག་པའི་ལམ།།
ཁ་སྡུག་ཡིད་སྡུག་ལུས་སྡུག་དང་།།
ཁ་ཚ་མྱིག་ཚ་ལག་ཚ་བ།།
ཁྱིམ་པ་ཕོ་མོས་མ་དུལ་བའི།།
སྡུག་གནས་སྒྲིབ་བ་དག་པར་ཤོག།
དགའ་སྡུག་མེད་པའི་མི་ལ་ཡོན་ཏན་མེད།།
ཡོན་ཏན་མེད་པའི་མི་ལ་དོན་གཉེར་མེད།།
དོན་གཉེར་མེད་པའི་མི་ལ་དགའ་སྡུག་མེད།།
དེ་ཕྱིར་ཡོན་ཏན་དགོས་ན་དགའ་སྡུག་དགོས།།
དགའ་སྡུག་མེད་པའི་མི་ལ་བླ་མ་མེད།།
བླ་མ་མེད་པའི་མི་ལ་དད་པ་མེད།།
དད་པ་མེད་པའི་མི་ལ་དགའ་སྡུག་མེད།།
དེ་ཕྱིར་བླ་མ་བསྟེན་ན་དགའ་སྡུག་དགོས།།
དགའ་སྡུག་མེད་པའི་མི་ལ་རྒྱལ་ཁབ་མེད།།
རྒྱལ་ཁབ་མེད་པའི་མི་ལ་ལ་རྒྱ་མེད།།
ལ་རྒྱ་མེད་པའི་མི་ལ་དགའ་སྡུག་མེད།།
དེ་ཕྱིར་རྒྱལ་ཁབ་དགོས་ན་དགའ་སྡུག་དགོས།།
དགའ་སྡུག་མེད་པའི་མི་ལ་སྙིང་སྡུག་མེད།།
སྙིང་སྡུག་མེད་པའི་མི་ལ་བརྩེ་བ་མེད།།
བརྩེ་བ་མེད་ངའི་མི་ལ་དགའ་སྡུག་མེད།།
དེ་ཕྱིར་སྙིང་སྡུག་དགོས་ན་དགའ་སྡུག་དགོས།།
དགའ་སྡུག་མེད་པའི་མི་ལ་སྤྱོད་བཟང་མེད།།
སྤྱོད་བཟང་མེད་པའི་མི་ལ་ཁྲེད་གཞུང་མེད།།
ཁྲེད་གཞུང་མེད་པའི་མི་ལ་དགའ་སྡུག་མེད།།
དེ་ཕྱིར་སྤྱོད་བཟང་དགོས་ན་དགའ་སྡུག་དགོས།།
དགའ་སྡུག་མེད་པའི་མི་དེ་རྡོ་ལེབ་འདྲ།།
རྡོ་ལེབ་ཁ་ལོ་བསྒྱུར་ན་ཅི་ཞིག་ཕན།།
དགའ་སྡུག་མེད་པའི་མི་དེ་བོང་བུ་འདྲ།།
བོང་བུ་ལྕགས་ཀྱིས་བཀྲབ་ཀྱང་རྒྱུགས་རྒྱུ་མེད།།
འོ་ན་སྒྲིབ་ཟད་ཀྱི་གང་དེས་ཉོན་སོང་ང།
འོ་ན་སྒྲིབ་ཟད་ཀྱི་གང་ཟག་དེས་ཉང་ཚར་སོང་ནེ་རེད།འདོང་གཏམ་ནི་འདོད་གཏམ་རང་རེད་ཡ།