ཀླུ་སྨྱོན།
བསླབ་པ་ཕྱིར་འབུལ་ཞུ་དུས་དེང་སྐབས་ཁ་པར་བརྒྱུད་ནས་འབུལ་མཁན་འདུག དཔེར་ན་གཅིག་ནི་དེང་སྐབས་ཁེ་ན་ཀྲར་བཞུགས་པའི་སྒོམ་སྡེ་ལྷ་རམས་པ་ཡིན་བསམས་སོང་། ཁ་པར་ལས་བསླབ་པ་འབུལ་ཆོག་ན་གློག་ཀླད་ལས་ལུང་རྒྱུན་ཞུ་མི་ཆོག་པ་ག་རེ་ཡིན། བདག་ཅག་གི་སྟོན་པའི་སྐུ་དུས་སུ་ལུང་རྒྱུན་དང་ཁྲིད་རྒྱུན་ཞུ་བའི་ལུགས་སྲོལ་འདི་ཡོད་དམ། བསྟན་པའི་གཏད་རབས་ཟེར་བ་དང་སྡོམ་རྒྱུན་ཟེར་བ་ཞིག་མ་གཏོགས་ཁྲིད་རྒྱུན་ཟེར་བ་དེ་རྒྱ་གར་དུ་གལ་ཆེར་རྩི་སྲོལ་ཡོད་དམ་མེད། ཕྱོགས་གླང་ཆོས་གྲགས་སོགས་ཀྱིས་རང་གི་སློབ་དཔོན་དག་ལས་མདོ་ལུགས་ཀྱི་ཁྲིད་ཞུས་འདུག་མ་གཏོགས་ལུང་ཞུས་ཟེར་བ་ཞིག་ཕལ་ཆེར་མི་འདུག བཀའ་འགྱུར་སོགས་ཀྱི་ལྗགས་ལུང་འདོན་སྲོལ་དེ་ཡང་བོད་པའི་རང་བཟོ་ཞིག་ཡིན་ནམ་མིན།
ཁ་པར་ལས་བསླབ་པ་འབུལ་ཆོག་ན
ཟེར། སུས་ཆོག་ཟེར།
བསླབ་པ་ཕྱིར་འབུལ་ཞུ་དུས་དེང་སྐབས་ཁ་པར་བརྒྱུད་ནས་འབུལ་ན་འགྲིག་གི་རེད་སུས་ཀྱང་ལབ་མྱོང་ཡོད་མ་རེད།
བསླབ་པ་ཕྱིར་འབུལ་ཞུ་དུས་དེང་སྐབས་ཁ་པར་བརྒྱུད་ནས་འབུལ་མཁན་འདུག་ཀྱང་དེ་ཚོ་ལ་ལྟ་ཡ་ཡོད་མ་རེད།
ཁེ་ན་ཀྲར་བཞུགས་པའི་སྒོམ་སྡེ་ལྷ་རམས་པ་ཡིན་ན་ཡང་མི་དེ་ལ་ཆ་བཞག་ཡ་ཡོད་མ་རེད། ཆགས་སྲེད་ཀྱིས་གཞན་དབང་དུ་གྱུར་ཡོད་པའི་མི་ཞིག་རེད།
བཀའ་འགྱུར་སོགས་ཀྱི་ལྗགས་ལུང་འདོན་སྲོལ་དེ་ཡང་བོད་པའི་རང་བཟོ་ཞིག་ཡིན་དོན་མེད། རྒྱ་གར་གྱི་ལོ་ཙཱ་བ་དང་པཎྟི་ཏ་ནས་བརྒྱུད་ཡོང་བ་ཤ་སྟག་རེད། ཁུངས་སངས་རྒྱས་བཅོམ་ལྡན་འདས་ལ་གཏུགས་ནས་ཡོང་གི་ཡོད་རེད།
ལུང་ཞུས་ན་ཕྱོགས་གླང་ཆོས་གྲགས་ཞུས་དགོས་ན་ཧ་ཅང་ཐལ་བ་རེད། རྫོགས་ཆེན་ཡང་ཕྱོགས་གླང་ཆོས་གྲགས་ནས་བརྒྱུད་པ་ཡིན་ངེས་རེད།
ཧ་ཧ་ཧ་ཧ།
དགོངས་པ་ཁྱོན་ནས་མ་འཚོམ་རོགས། གད་མོ་དབང་མེད་དུ་ཤོར་སོང་།
བསླབ་པ་ཁ་པར་ཐོག་ནས་ཕུལ་ཆོག་མི་ཆོག་དེ་ལེན་མཁན་ལ་རག་ལས་པ་རེད། ལེན་མཁན་གྱིས་ཆོག་ཆེན་ཐོབ་ན་དེ་ལ་མི་འགྲིག་པའི་གནོད་བྱེད་གང་ཡང་མཐོང་མ་སོང་། །
འདི་ལ་མནོ་བསམ་གཏང་དགོས་ངེས་རེད། འབུལ་མི་ཡིན་སོགས་ཐ་སྙད་ལྔ་ལྡན་དགོས་པས་ཁ་པར་྄ཐོག་ནས་འབུལ་ཆོག་མིན་ནི་འདུལ་འཛིན་མཁས་དབང་ཚོས་གསུངས་ཚུལ་ལ་བརྟེན་དགོས་སོ།
དབྱངས་ཅན་འབངས་ཀྱི་ཞུ་བ་ལ།།
ཁྲག་འཐུང་གླིང་པས་ཡུད་ཙམ་དགོངས།།
ལུང་ནི་གལ་ཆེར་བཀའ་དང་ནི།།
དགོངས་འགྲེལ་དག་ལས་ན་མང་གསུངས།།
གང་ཕྱིར་མདོ་སྡེ་རྣམ་མང་པོར།།
ལུང་ནོད་པ་འམ་ཁ་ཏོན་བྱེད།།
ལ་སོགས་མང་དུ་མང་དུ་རྣམས།།
ལུང་ནི་གལ་ཆེའི་ཤེས་བྱེད་ཉིད།།
དེ་བཞིན་བ་སུ་བན་དུས་ཀྱང་།།
དབུགས་འབྱུང་རྔུབ་ཀྱི་སྒོམ་ཚུལ་ནི།།
ཕྱི་རོལ་པ་ཡིས་མི་ཤེས་ཏེ།།
དེ་ལ་ལུང་མེད་པས་སོ་གསུངས།།
དེས་ན་གཞན་ལ་དོགས་སློང་ཆེད།།
བཀོད་ན་དེ་ལྟར་བས་མོད་ཀྱི།།
དབུ་མ་ཚོས་ནས་དཀྲོག་པ་ན།།
ཕྱིན་ཆད་བག་ཡོད་བསྟེན་པར་རིགས།།
མཛོད་རང་འགྲེལ་ལས། “ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི། ཕྱི་པའི་མ་ཡིན་ནོ། །ལུང་མེད་པའི་ཕྱིར་དང་། བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་རོ།”
འབུལ་ཡུལ་མི་ཡིན་ཞེས་བཅོས་རོག།
ནོར་བཅོས་དང་བཅས་བསྐྱར་གཏོང་ཞུས།
དབྱངས་ཅན་འབངས་ཀྱི་ཞུ་བ་ལ།།
ཁྲག་འཐུང་གླིང་པས་ཡུད་ཙམ་དགོངས།།
ལུང་ནི་གལ་ཆེར་བཀའ་དང་ནི།།
དགོངས་འགྲེལ་དག་ལས་ལན་མང་གསུངས།།
གང་ཕྱིར་མདོ་སྡེ་རྣམ་མང་པོར།།
ལུང་ནོད་པ་འམ་ཁ་ཏོན་བྱེད།།
ལ་སོགས་མང་དུ་གསུངས་པ་རྣམས།།
ལུང་ནི་གལ་ཆེའི་ཤེས་བྱེད་ཉིད།།
དེ་བཞིན་བ་སུ་བན་དུས་ཀྱང་།།
དབུགས་འབྱུང་རྔུབ་ཀྱི་སྒོམ་ཚུལ་ནི།།
ཕྱི་རོལ་པ་ཡིས་མི་ཤེས་ཏེ།།
དེ་ལ་ལུང་མེད་པས་སོ་གསུངས།།
དེས་ན་གཞན་ལ་དོགས་སློང་ཆེད།།
བཀོད་པ་ཡིན་ན་དེ་ལྟར་བས།།
དབུ་མ་ཚོས་ནས་དཀྲོག་པ་ན།།
ཕྱིན་ཆད་བག་ཡོད་བསྟེན་པར་རིགས།།
མཛོད་རང་འགྲེལ་ལས། “ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི། ཕྱི་པའི་མ་ཡིན་ནོ། །ལུང་མེད་པའི་ཕྱིར་དང་། བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་རོ།”
ཁ་པར་ལས་བསླབ་པ་འབུལ་ཆོག་དང་། གློག་ཀླད་ལས་ཐད་ཀར་རྒྱང་སྲིང་གིས་ལུང་རྒྱུན་གསན་བཞེས་གཉིས་ཅུང་ཟད་འདྲ་བའི་ཆ་འདུག
འཕྲིན་གྱིས་བསྙེན་པར་རྫོགས་པ་ཡོད། ཡིན་ཀྱང་དེ་ལ་ཁྱད་ཆོས་ཁ་ཤས་ཚང་དགོས་པ་རེད། དེས་ན་ལུང་རྒྱུན་དྲ་རྒྱ་ཁག་བརྒྱུད་ནས་ཞུ་ན་ཐོབ་མིན་ཡང་ལུང་གནང་བ་པོ་ལ་རག་ལས་ཀྱི་རེད། བླ་མའི་གསུང་ཐད་ཀར་གོ་ན་མ་གཏོགས་ལུང་དང་དབང་ཐོབ་ཀྱི་མེད་ན་རྒྱན་གྲགས་བརྒྱུད་ནས་ཀྱང་ཐོབ་ཀྱི་མེད་དམ། ཁ་བར་བརྒྱུད་ནས་ཁྲིག་ཚིགས་སྨྲ་ན་དགེ་སློང་ལ་ལྟུང་འབྱུང་གི་མེད་དམ།
སླབ་པ་ཕུལ་བ་ལ་ངེས་པར་དུ་མི་ཡིན་མི་དགོས། ཤིང་སྡོང་དེ་འདྲ་ལ་ཕུལ་ན་འགྲིག་གི་རེད། འོན་ཀྱང་སླར་ལེན་དུ་རུང་བ་མེད། སླབ་པ་ཕུལ་བའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ན་ཐ་སྙད་ལྔ་ལྡན་མི་ཞིག་ལ་ཕུལ་ན། སླར་ལེན་རུང་བ་ཡིན། གཙོ་བོ་ནི་ཕ་རོལ་པོས་དོན་གོ་བ་དེ་རེད། ཁ་བར་བརྒྱད་ན་འདྲ་མི་གཞན་ཞིག་དང་ལོན་བསྐུར་ན་འདྲ་གཅིག་པ་རེད། ཡིན་ཀྱང་མདུན་གྱི་མཛའ་ན་མོ་ལ་ཕུལ་ནི་གོ་མི་མཆོད་དམ་སྙམ་ཧཧཧཧ
ལུང་རྒྱུན་ཁྲིད་རྒྱུན་ཟེར་བ་བརྟག་དགོས་པ་འདུག ད་ལྟ་གསལ་པོ་ཞུ་ཐུབ་པའི་ཡིག་ཆ་འདྲ་མཐོང་མ་སོང་།
འོན་ཀྱང་རིགས་པས་དཔྱད་ན་ཁྲིད་རྒྱུན་ཟེར་བ་ངེས་པར་དགོས་པ་འདུག དེ་མིན་ད་ལྟ་བརྩོམ་པ་པོ་ཚོ་ཡོད་བཞིན་དུ་ཡང་འགྲེལ་བརྗོད་འཁྱོག་བཤད་གནང་གྱི་འདུག ཁྲིད་རྒྱུན་དེའི་བརྩོམ་པ་པོའི་དགོངས་བཞི་ངོ་མ་ཤེས་པ་དང་འགྲེལ་བ་སོགས་ལ་ཕན་ཐོགས་ནས་འདུག་བསམ། ཁྲིད་རྒྱུན་ཡོད་མེད་ཀྱི་དགོས་དོན་དེ་འདྲ་ཞིག་ཡིན་དྲོ།
བསླབ་པ་ཁ་པར་རྒྱུད་ཕུལ་བ་འདི་ཆོག་སྙམ། འདུལ་བ་ཤེས་པ་ཞིག་ཡིན་ན། བསླབ་པ་ཕུལ་ཉམས་གཉིས་ལ་མུ་བཞི་གསུངས་པ་ནས་གསལ་ཤེས་ཐུབ།
དཔེ་ཆ་མང་པོའི་ནང་བསྟན་པ་ནི་་་་ལུང་རིགས་་་གཉིས་ཟུང་དུ་འབྲེལ་ནས་གཅེས་སྐྱོང་དགོས་རབས་བཤད་ཡོད་པ་རེད། དེ་ཡང་ལུང་ཟེར་བ་ནི་གྲུབ་མཐའ་ཁག་གི་རང་ལུགས་ཀྱི་སྟོན་པ་དང་བླ་མ་རྣམས་ཀྱིས་གསུངས་པའི་བཞེད་གཞུང་ཁག་ལ་བརྗོད་པ་དང། རིགས་པ་ནི་གང་ཟག་སོ་སོའི་ལས་དང་སྨོན་ལམ་གྱི་དབང་གིས་རིག་པ་རྣོ་དང་མི་རྣོ་ཡང་ན་རིག་པ་ཡག་དང་མི་ཡག་ཟེར་བ་སོགས་ཀྱི་སྟེང་ནས་འཇོག་དགོས་པ་ཡིན་དུས། དེང་སང་ཁྱེད་ཚོས་་་ནང་པའི་རིག་པ་་་་ཟེར་བ་ཡན་བགར་བ་ཞིག་ཟུར་དུ་ཤོད་ཀྱི་འདུག་པས་དེ་ག་བ་ནས་བྱུང་བ་ཡིན་ནམ། གང་ཟག་དེ་ནང་པ་ཡིན་པའི་རྒྱུ་མཚན་གྱིས་ཁོའི་རིག་པ་དེ་ཡང་ནང་པའི་རིག་པ་ཡིན་དགོས་ན། གང་ཟག་དེ་ནང་པ་ཡིན་པའི་རྒྱུ་མཚན་གྱིས་ཁོའི་ཡོད་ཚད་ཚང་མ་ནང་པའི་ཡིན་ལབ་དགོས་སམ། །
ཁ་པར་ལས་ལུང་གསུང་མཁན་དང་། སྡོམ་པ་རྩིས་བཞེས་གནང་མཁན་དེ་ཚོ་དྲ་བ་འདིའི་སྒང་ལ་ཕེབས་ཐུབ་པའི་བཟོ་མི་གདའ། དྲ་འབུ་དག་གིས་འདིར་ཅི་ཙམ་བཤད་ཀྱང་ལུང་སྟོང་ནང་གི་ཀུ་ཅོ་མ་རེད་དམ།
བོན་པོ་རང་རེད། ཀླུ་སྨྱོན་ལགས་ཀྱིས་གསུངས་པའི་ལུང་རྒྱུན་ཟེར་བ་དེ་ཁྱེད་ཀྱིས་ལུང་དེ་མ་རེད། ནང་པའི་རིགས་པ་ཟེར་དུས་ཚུལ་གསུམ་ཚང་བའི་རྟགས་དེར་ཟེར་བ་རེད། དེ་ཕྱོགས་གླང་ཆོས་གྲགས་ནས་བྱུང་འདུག་ ཕྱི་པར་གཏན་ཚིགས་རིགས་པ་ཡོད་ནའང་ཚུལ་གསུམ་པའི་གཏན་ཚིགས་ཡོད་མི་འདུག
རོང་དྲི་འཚུབ་འཚུབ་ཁོ་རེད། ག་རེ་བོན་པོ་རང་རེད། ཁྱེད་རང་ཚོའི་ལུང་དེ་ཚོ་ལ་ནང་པའི་ལུང་ཟེར་ན་འགྲིག་གི་ཡོད་འགྲོ། རིགས་པ་ལ་ནང་པའི་རིག་པ་ཟེར་ན་ནང་པའི་གཞུང་ལུགས་དང་འགལ་འགྲོ་བོ་ད་དུང་མི་ཤེས་སམ། དཔེར་ན་དགེ་འདུན་ཆོས་འཕེལ་གྱི་རིགས་པ་དེ་ནང་པའི་རིག་པ་ཡིན་ཟེར་ན་ནང་པ་ཚོ་ཧ་ཅང་འདོད་རྔམ་ཆེ་སོང་བ་མ་ཡིན་ནམ། སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་ཟེར་བ་གོ་རྩ་བ་ནས་མ་མྱོང་བ་འདྲ། །
སྐད་ཅོར་ཞེ་པོ་གཅིག་འདུག རིགས་པ་ལ་ནང་པའི་རིགས་པ་གང་ན་ལབ་འདུག་གསུང་དང་། མི་ལ་ནང་པའི་མི་ཞེས་ལབ་མི་སྲིད། མཁས་དབང་ལ་ནང་པའི་མཁས་དབང་ཞེས་ལབ་མི་སྲིད། མགོ་རྙོག་མགོ་རྙོག་རེད།
ཚད་གསུམ་ཟུང་འབྲེལ་གྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཟེར་ནས་སྐད་ཆ་བཤད་ཡོང་དུས། ཚད་མ་གསུམ་པོ་དེ་ནི། རྒྱལ་བའི་བཀའ་ཚད་མ། འཕགས་པའི་ལུང་ཚད་མ། རང་གི་རིག་པ་ཚད་མ་གསུམ་བཞག་ཡོད་པ་རེད། ད་བལྟོས་དང་་་རང་གི་རིག་པ་ཚད་མ་་་ཟེར་ནས་བཤད་འདུག་མ་གཏོགས་་་ནང་པའི་རིག་པ་ཚད་མ་་་ཟེར་བཤད་མི་འདུག་བ། སྤྱིར་སྟངས་ཁྱེད་རང་ཚོའི་སྐད་ཆ་ཤོད་སྟངས་ནང་བཞིན་བྱས་ན། ཕྱི་པ་དང་ནང་ཟེར་ནས་ཆོས་ལུགས་ཀྱི་འགྲན་རྩོད་ཆེན་པོ་ཐུག་ས་དེ་རྒྱ་གར་ལུང་པ་རེད་མ་གཏོགས་བོད་ལུང་པ་མ་རེད་བ། དངོས་གནས་བྱས་ན་བོད་པ་ཚང་གིས་རྒྱ་གར་བའི་ཆོས་ལུགས་ཕྱི་ནང་གི་འགྲན་རྩོད་དེ་ལ་བྱུས་གཏོགས་ཆེན་པོ་བྱ་དགོས་པ་ཅང་མི་འདུག། བོད་པས་སོ་སོའི་ལུང་པའི་ཆོས་ལུགས་ཀྱི་གནད་དོན་དེ་ཚོ་ལ་ཐུགས་འཁུར་བྱས་ན་ཡག་ས་མ་རེད་བས། ད་གང་ལྟར་བོད་པའི་དཔེ་ཆ་དེ་ཚོའི་ནང་ལ་བོད་མི་རང་གི་རིག་པ་ཚད་མས་གཏན་ལ་ཕབས་པའི་རྣམ་བཞག་མང་པོ་ཡོད་པ་རེད། དེ་ཚོ་རོང་རྒན་གོག་ཏོ་ཚོའི་མ་ཡིན་པ་ཤེས་དགོས། ད་དུང་་་དཔྱད་གསུམ་གྱིས་དག་པའི་ལུང་་་ཟེར་བ་ཞིག་ཀྱང་ཡོད་པ་རེད། དཔྱད་པ་གསུམ་གྱིས་དག་པར་བྱེད་མཁན་དེ་གཙོ་བོ་་་རང་གི་རིག་པ་ཚད་མ་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་་་ནང་པའི་རིག་པ་ཚད་མ་ལ་བརྟེན་ནས་བྱུང་རབས་བཤད་པ་ཞིག་ད་བར་ཡོད་པར་མི་སེམས་སོ། །
འདུལ་བ་དང་མདོ་སོགས་ནས། ལུང་འབོག་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་སོགས་གསུངས་པས་དེ་དག་རེ་རེ་གོ་དོན་མ་འདྲ་བ་རེ་འཇོག་དགོས་པའི་ཕྱིར།
ལུང་རྒྱུན་དང་ཁྲིད་རྒྱུད་སོགས་ནི་རབ་བྱུང་དང་ཁྱིམ་པ་ཕོ་མོ་ཁྱད་མེད་པར་སུ་ལ་ཐོབ་ཡོད་ན་དེས་གཞན་ལ་གནང་ཆོག་ལ། ཆུ་མགོ་གངས་ལ་ཐུག་པ་ལྟར་གཅིག་ནས་གཅིག་ཏུ་རྒྱུན་མ་ཆད་པར་རྩ་བ་གང་ལ་ཁུངས་གཏུགས་ས་དགོས།