ཤར་ཕྱོགས་ཁུག་རྟ།
༄༅། ། ༧གོང་ས་སྐྱབས་མགོན་ཆེན་པོ་ཐུགས་ཕམ་བྱུང་བ་དང་བོད་མིའི་སྤྱི་ཚོགས་ནང་བློ་འཚབ་ཀྱི་ས་ཡོམས་ཆེན་པོ་ཞིག་བརྒྱབས་སོང་བ་དེས། ལོ་རྒྱུས་དང་བརྩེ་དུངས། བདེན་པ་དང་གནས་ལུགས། རྣམ་དཔྱོད་དང་བྱམས་བརྩེའི་ངོས་ནས་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་ཡང་དག་པར་རྙེད་སོང་བ་དང། ཡང་དག་པར་མཇལ་ཡོད་པ་ཞིག་མཚོན་གྱི་ཡོད་ཅིང། ནམ་ཞིག་སྤྱི་ཚོགས་ཀྱི་འགྱུར་བ་ཤུགས་ཆེའི་དབང་གིས་བོད་ཀྱི་བླ་སྤྲུལ་ལམ་ལུགས་འདི་ཉིད་རྒྱུད་མཐུད་མ་དགོས་པའི་དུས་སྐབས་ཤིག་ཤར་ནའང། ༧གོང་ས་ཆེན་པོའི་ཆབ་སྲིད་དང་ཆོས་ལུགས། སྤྱི་ཚོགས། ཚན་རིག་སོགས་དང་འབྲེལ་བའི་རླབས་ཆེན་དགོངས་གཞི་རྣམས་དུས་གཏན་དུ་གནས་ངེས་པའི་རྟགས་མཚན་གསལ་བོ་འདི་དག་གིས། བོད་མི་ཚོར་༧གོང་ས་ཆེན་པོ་ཐུགས་ཕམ་བྱུང་སྐབས་བློ་འཚབ་ཅི་ཆེར་སྐྱེ་བ་ནི་དོན་དང་ལྡན་པའི་ཕྱོགས་སུ་གོམ་པ་སྤོ་བཞིན་པར་ངོས་འཛིན་བྱས་ཆོག་པ་ཞིག་རེད།
ང་ཚོས་ཨ་འཐས་ཀྱིས་རང་རང་གི་རིགས་དང་རུས་རྒྱུད། ཡུལ་གྱིས་གོམས་པའི་གཤིས་ལུགས། དེར་དགོས་པའི་རིག་གནས་རྣམ་གྲངས་མང་པོ་ཅི་ཙམ་བསྐྲུན་ན་མ་བསྐྲུན་ན། ཅི་ཙམ་བདག་གཅེས་བྱས་ན་མ་བྱས་ན། མདོར་དེད་ན་སེམས་ལྡན་དང་སེམས་མེད་དངོས་པོའི་ཡིན་ལུགས་མཐར་ཐུག་པ་རྩད་གཅོད་བྱེད་པའི་རིག་པ་ཞིག་ལས་བརྒལ་འགྲོ་ས་ཅི་གང་མེད་སྟབས། ༧གོང་ས་ཆེན་པོས་འདོམས་གནང་མཛད་པའི་དངོས་པོའི་ཡིན་ལུགས་འཚོལ་བའི་རྣོ་དབལ་གྱི་སོ་ཁ་རེ་རེ་ནི་ཅི་ཙམ་བསྐལ་བ་འཇིགས་པའི་དུས་སྐབས་ཤིག་མ་བྱུང་བར། མིའི་རིགས་ཀྱི་འཚོ་གནས་འཆའ་ཕྱོགས་ཀྱི་སྲོག་སྙིང་གོང་ན་མེད་པ་དེ་ཡིན་ནའང། རང་ཅག་བོད་མི་རྣམས་ཀྱིས་༧གོང་ས་ཆེན་པོའི་རླབས་ཆེའི་དགོངས་གཞི་དག་གི་དར་ཆ་འཛུགས་ཡུལ་ཁེབས་ཀྱིས་བསྐྲུན་ཐུབ་མེད་པ་ནི་ངོ་ནོངས་དགོས་པ་ཞིག་ཡིན་ལ། དེའི་ཁར་དྲིན་པོ་ཆེ་ལ་ཁ་རྒྱག་བཤད་པའི་བྱ་སྤྱོད་ཅིག་ཀྱང་རྒྱུན་མཐུད་དུ་འབྱུང་གི་ཡོད་པའི་རྒྱབ་མདུན་འཕྲོས་ཡུལ་དང་བཅས་པ་སྐབས་སྔ་མ་རྣམས་སུ་བརྗོད་ཟིན་པ་ལྟར། ཐུགས་ཕམ་བྱུང་བའི་རྗེས་འབྲེལ་དུ་བཀའ་ཤག་གིས་གསལ་བསྒྲགས་སྔ་ཕྱི་གཉིས་སྤེལ་བ་དང། མང་གཙོའི་དུས་དྲན་ཉིན་དེ་དོན་གསལ་བཤད་གནང་བ། དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྗེས་ནོན་ལམ་སྟོན་ཚ་ནན་དང་བཅས་སྤྱི་ལྷན་ནང་ལྷ་དགོངས་གསལ་དྭངས་ཀྱི་གྲོས་ཆོད་བཞག་པས་མ་ཟད། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྐབས་ཀྱང་གྲོས་ཆོད་བཞག་ཡོད་པ་རེད།
ངས་༼ དཀྲོགས་གཏམ་གྱི་རྒྱབ་མདུན་དང་བདག་གི་རེ་བ༽་ཞེས་པའི་རྩོམ་ཡིག་ཏུ་ཅི་ལྟར་གསལ་བྲིས་ཟིན་པ་ལྟར། ཐུགས་ཕམ་བྱུང་བ་ནས་དེ་རིང་བར་གྱི་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ལ་གཟིགས་པ་ཡིན་ན། ཟུར་གང་ཞིག་ནས་ད་དུང་ལོག་སྐད་སྣ་ཚོགས་རྒྱག་འདོད་ཀྱི་རྣམ་འགྱུར་ཆེ་ཕྲ་སྟོན་བཞིན་པ་དེས། མི་མང་གི་ཁ་ན་ཤེས་རབ་ཀྱི་མིག་ཡོད་ཅེས་པ་ལྟར་ངེས་པར་དུ་མངོན་དང་མི་མངོན་པའི་ཁེ་ཕན་ཕྱོགས་ཁག་གིས་བསམ་བློ་ཏན་ཏན་ཅིག་གཏོང་དགོས་པར་འདུག་ལ། ལྷ་དགོངས་དྭངས་གསལ་ཡོང་རྒྱུར་དགོངས་སེལ་མ་ཞུས་ཚེ་མི་རབས་གསར་པའི་དཔུང་ཁག་གིས་གནས་ཚུལ་འདི་རྣམས་ཡན་གར་མི་གཏོང་བ་ཐག་བཅད་ཆོག་པ་ཞིག་རེད། གསལ་བོར་ཞུས་ན་རྩ་དོན་ཆིག་སྒྲིལ་གྱི་གཞི་རྩའང་གནད་དོན་འདི་འདྲས་དྲང་འཁྱོག་གང་ལའང་བསྒྱུར་ཐུབ་པས་ན། ཁེ་ཕན་འཐབ་རྩོད་ཀྱི་ངན་གོམས་གླེན་ཤེད་ད་ནི་དྲང་པོའི་ལམ་ཁར་ཅི་ནས་ཀྱང་ཞུགས་རོགས་ཞེས་སྐུལ་འདོད་ཀྱང་བྱུང་ལ། མང་གཙོའི་ཁེ་ཕན་དང། རང་དབང་གི་ཐོབ་ཐང་དང་འོས་འགན་ལ་ཁ་དཀྲི་བའི་བྱེད་སྟངས་འདི་རིགས་འདས་མ་ད་གསུམ་ལ་བོད་མི་རིགས་ཀྱི་མདུན་ལམ་སྟེང་གི་གེགས་རྡོ་ཡིན་པའང་ད་ནི་སྤངས་ན་མི་མཛེས་སམ།
རེ་མ་བཞག་ས་ནས་ཐོན་པའི་སྐད་ཆ་ཞིམ་པོ་ཞིག་སྟེ། ཁྲི་ཟུར་བསོད་སྟོབས་ཀྱིས་”ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་སུ་བཀའ་སློབ་གནང་བ་དེ་ངས་མཐོང་བྱུང་། གནས་ཚུལ་དེའི་རིགས་གཙོ་བོ་ཐུགས་ཕམ་བཟོ་མཁན་དེས་ལྷ་དགོངས་དྭངས་གསལ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། མ་འོངས་པར་གང་མགྱོགས་ཞུ་གི་རེད་བསམ་ཡོད། དེ་ལྟར་མ་བྱས་པ་ཡིན་ན་དྲིན་ལན་ལོག་འཇལ་དང་། ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཀྱང་མ་འོས་པ་ཞིག་རེད། “གསུངས་པ་ནི་དོན་ལ་གནས་པ་ཞིག་རེད་ལ། འཛམ་གླིང་སྤྱི་འགྲོས་ལྟར་མི་མང་ལ་འགན་ཁུར་གྱི་ཡོད་ན། ངེས་པར་དུ་དགོངས་སེལ་ཞུས་ནས་སྔ་འགྱོད་ཕྱིས་སྡོམ་ཅི་ནས་ཀྱང་བྱེད་དགོས་པར་མཐོང།།
དཀྲོགས་གཏམ་གྱི་རྒྱབ་མདུན་དང་བདག་གི་རེ་བ། གཟིགས་ན་འདིར་ནོན། https://www.khabdha.org/?p=33249#more-33249་་
ཐོག་མར་ཤར་ཕྱོགས་རྒྱ་ནག་པོའི་ཁུག་རྟ་ལྟས་ངན་ཁྱེད་རང་གིས་རང་རེ་གངས་ཅན་པ་རྣམས་ཀྱི་མང་བསྐུར་དབུ་ཁྲིད་དང་༧གོང་ས་མཆོག་གི་ཡང་གདེང་འཇོག་ཆེན་པོ་གནང་བའི་སྲིད་སྐྱོང་གཙོས་པའི་རང་རེའི་བསྒྲིགས་འཛུག་འདི་ཉིད་ཀྱི་དབུ་ཁྲིད་ཁག་ལ་གཞི་མེད་སྒྲོ་བསྐུར་ཀྱི་ངན་སྨྲས་ག་ཚོད་ཞུས་པ་དེ་དག་ལ་སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་སྡོམ་སེམས་ཀྱི་བཤགས་སྡོམ་ཚང་མས་མཐོང་རྒྱུ་ཡོད་པ་ཞིག་ཞུས་དང་དེ་ནས་མི་ལ་ཁ་རྒྱག་པ་བཤད་ཆོག་གི་རེད་
༧གོང་ས་མཆོག་ཐུགས་ཕམ་ཏུ་འཇུག་ཁན་ངོ་མ་དེ་༧ གོང་ས་མཆོག་གི་བཀའ་དྲིན་གྱི་འཚོ་བཞིན་དུ་བོད་བསྟན་སྲིད་ཀྱི་དགྲ་བོ་༧གོང་ས་མཆོག་ལ་གཞི་མེད་བསྐུར་འདེབས་སྣ་ཚོགས་ཞུ་བཞིན་པ་རྒྱ་འདྲེ་དོལ་རྒྱལ་རྗེས་འདྲང་བ་དེ་ཚོ་རེད་ཁ་བདེ་པོ་བཤད་ཤེས་ན་དེར་ཤོད་
དེ་མིན་རང་གཙན་ཐབ་རྩོད་པ་ཚོ་རང་རེ་གངས་ཅན་པའི་ཐོབ་ཐང་ཡོད་པ་ཞིག་རྩོད་བཞིན་པ་རེད་མ་ཟད་གངས་ཅན་པ་སྤྱིའི་བདེ་དོན་གྱི་ཆེད་དུ་བློས་གཏོང་ཆེན་པོ་བྱེད་བཞིན་པ་ཡིན་པ་ཞ་ར་ཁྱོད་ཀྱི་མཐོང་གི་མི་འདུག་གམ་ཁྱེད་རང་གཙན་ཐབ་རྩོད་པར་དགྲ་བོ་མཐོང་མཐོང་བྱེད་དགོས་པ་དེ་འདྲ་ལས་ངན་ག་རེ་ཡིན་ན་
ཁྱེད་ལམ་དབུ་མ་ལ་མོས་པ་ཁ་ཞེ་གཉིས་མེད་ཞིག་ཡིན་ན་རང་གི་མིག་གིས་མཐོང་རྒྱུ་ཡོད་པའི་ལས་སྒུལ་ཞིག་སྤེལ་དང་ཁ་རྒྱག་པ་རྐྱང་རྐྱང་བཤད་ཡག་དེ་དབུ་མའི་ལམ་གྱི་ལས་སྒུལ་མིན་པ་ཤེས་པར་གྱིས་
དགོངས་དག་ཞུ་ཁྱེད་རང་གིས་ཞུས། སྐུ་མདུན་ནི་བྱིས་བ་ནི་མ་རེད། མི་སུ་ཡིན་ཡང་དགའ་སྐྱོ་ཟུང་འབྲེལ་གྱི་འཚོར་བ་ཡོད་པས་གང་གི་ཐུགས་ཕམ་ཅུང་ཙམ་ལ་ཆེན་པོ་གླེང་རིན་ཡོད་པ་མ་འདོད། ཆུང་ངུ་ཆེན་པོ་བཟོས་ནག་ཁུལ་དཀྲུགས་པའི་སྔ་ལྟས་རེད། ད་ལྟའི་བོད་ཀྱི་གཞོན་སྐྱེས་ཚོ་ནི་ལག་ཉེས་བླངས་དོར་ཤེས་མཁན་ཡིན་པས་དམ་ཚིག་དང་བཀའ་དྲིན་རྐྱང་རྐྱང་གིས་སྐྱོང་ཐུབ་ཀྱི་མ་རེད། དེ་མཁྱེདན་པ་མཛོད། ཁུག་རྟ་ལགས། ཐུགས་རྗེ་ཆེ། དངོས་གནས་གླེང་རིན་མེད་སྐད་ཆ་རང་རེད། མི་རིགས་གཞན་གྱི་ཐོས་ན་ངོ་ཚ་རེད། ཁྱེད་ཀྱིས་དེ་ལྟར་རྒྱབ་བ་གོང་ས་མཆོག་ལ་དགའ་མཁན་ཞིག་ཡིན་ཡང་མི་དགའ་བ་ཆགས་བཤད་ཅིག་རེད། སེམས་གཏིང་གི་སྐད་ཆ་ཡིན།
ནོར་བཅོས།
དགོངས་དག་ཞུ་ན་ཁྱེད་རང་གིས་ཞུས། སྐུ་མདུན་ནི་བྱིས་བ་ནི་མ་རེད། མི་སུ་ཡིན་ཡང་དགའ་སྐྱོ་ཟུང་འབྲེལ་གྱི་འཚོར་བ་ཡོད་པས་གང་གི་ཐུགས་ཕམ་ཅུང་ཙམ་ལ་ཆེན་པོ་གླེང་རིན་མེད་པ་འདོད། ཆུང་ངུ་ཆེན་པོ་བཟོས་ན་ནང་ཁུལ་དཀྲུགས་པའི་སྔ་ལྟས་རེད། ད་ལྟའི་བོད་ཀྱི་གཞོན་སྐྱེས་ཚོ་ནི་ལག་ཉེས་བླངས་དོར་ཤེས་མཁན་ཞིག་ཡིན་པས་མི་རབས་སྔོན་མ་ལྟར་དམ་ཚིག་དང་བཀའ་དྲིན་རྐྱང་རྐྱང་གིས་སྐྱོང་ཐུབ་ཀྱི་མ་རེད། དེ་མཁྱེདན་པ་མཛོད། ཁུག་རྟ་ལགས། ཐུགས་རྗེ་ཆེ། དངོས་གནས་གླེང་རིན་མེད་པའི་སྐད་ཆ་རང་རེད། མི་རིགས་གཞན་གྱི་ཐོས་ན་ངོ་ཚ་རེད། ཁྱེད་ཀྱིས་དེ་ལྟར་ཨུ་ཚུགས་རྒྱབ་ན་གོང་ས་མཆོག་ལ་དགའ་མཁན་ཞིག་ཡིན་ཡང་མི་དགའ་བ་ཆགས་བྱེད་ཅིག་རེད། སེམས་གཏིང་གི་སྐད་ཆ་ཡིན། སྐད་ཆ་ཚར་ཟིན། སྐྱར་སྐོར་ཡང་སྐོར་གྱིས་སྨས་ན་ཕན་ཐོགས་མེད་པ་འདོད།
ཐུགས་ལ་ཕོགས་ན་དགོངས་དག
དབུ་མས་ངར་བཙན་གནོད་། རང་བཙན་གྱིས་དབུ་མ་ལ་གནོད། དེ་ནི་རང་བྱུང་གི་ཆོས་ཉིད་རེད། བདེ་པ་ཉིད་རྒྱལ་གྱུར་ཅིག། ང་ནི་རང་བཙན་དང་དབུ་མ་གཉིས་གྱི་བར་ལ་ཡོད་པའི་དབུ་མ་གཉིས་པ་ཡིན།
ད་ཁུག་རྟ་ཁྱོད་བཤད་རྒྱུ་མ་མང་༧གོང་ས་མཆོག་དགོངས་པ་འཁྲུགས་དང་མ་འཁྲུགས། དགོངས་པ་དྭངས་དང་མ་དྭངས་སོགས་ཀྱི་སྐོར་བཤད་མཚམས་བཞག་ན་ཡག སྐད་ཆ་འདི་ཚོ་མཐུན་འབྲེལ་ག་གནོད་སྐྱོན་གཏོང་བྱེད་རེད། མི་མང་པོས་ཁུག་རྟ་ཁྱོད་རྒྱ་མིས་མངགས་པ་ངོས་འཛིན་བྱེད་མཁན་མང་པོ་འདུག་ཀྱང་ད་བར་ཡིད་ཆེས་བྱས་མེད། ད་ནི་ཁྱོད་ཀྱི་རྩོམ་ཡིག་ཁག་གི་འགྲོས་ལ་ལྟས་ན་དོགས་གཞི་ཡོང་རྒྱུ་དོན་ལ་གནས་འདུག་གོ
ཁུག་རྟ་ནི་ཆབ་བྲག་ལྷ་མོའི་གསོས་ཕྲུག་རེད་ཟེར་མཁན་འདུག ལྷ་མོ་སྐྱབས་ཀྱིས་དབུ་མའི་ལམ་ལས་འགུལ་ཁང་གི་ནང་ལ་ཐབས་ཤེས་ཀྱིས་བཅུག། དེ་ནས་རྩོམ་པ་པོའི་མཐུན་ཚོགས་ནང་བཅུག་པ་རེད་ཟེར་གྱི་འདུག། དེས་ན་ལྷ་མོ་སྐྱབས་ཀྱང་རྒྱ་མིས་མངགས་པ་རེད་དམ། དེ་ཡིན་མི་སྲིད། ཁོང་སྤྱི་ཟུར་ཡིན་པ་མ་ཟད། མི་ཡག་པོ་ཡོད་པ་རེད་ཟེར་བ་གོ་མྱོང་།
མེ་ཏོག་ལྷ་མཛེས་མཁྱེན་ནོ།། མེ་ཏོག་དཀར་པོ་ལ་ཆུ་བླུགས་རོགས། རྣམ་དབྱེ་བཞི་པ།
མེ་ཏོག་དཀར་པོ་ལ་དགའ། རྣམ་དབྱེ་གཉིས་པ།
མེ་ཏོག་དཀར་པོ་མེ་ཏོག་ལྷ་མཛེས་ཀྱི་དགའ་བོ་ཡིན། རྣམ་དབྱེ་དགུ་བ།
རྣམ་དབྱེ་དང་པོ་མིན་པར་ཤོག ཧ་ཧཧཧཧ
མེ་ཏོག་དཀར་པོས་མེ་ཏོག་ལྷ་མཛེས་རུམ། རྣམ་དབྱེ་བཅུ་པ།
དབུ་མ་རྣམ་པས་རང་བཙན་པ་ལ་སྐྱོན་བརྗོད་ཁོ་ན་གསུངས་ཀྱིས་མ་ཞུགས་པ་བོད་མི་མང་ལ་ཕན་པའི་ལས་འགུལ་གནད་ལ་ཕིག་པ་ཞིག་གནང་དང་། བོད་ལ་ཤ་རྩ་ཡོད་ན་བོད་མི་རིགས་ཀྱི་རིག་གཞུང་དང་བོད་གཞི་ལུས་མི་མང་གིས་སྡུག་ངལ་དགོངས་པ་བཞེས་རོགས།
མེ་ཏོག་དཀར་པོ་དང་མེ་ཏོག་ལྷ་མཛེས་གཉིས་ཀྱིས་གཉེན་སྒྲིག་བྱས། རྣམ་དབྱེ་གསུམ་པ
མེ་ཏོག་དཀར་པོས་མེ་ཏོག་ལྷ་མཛེས་ལ་སྐྱིད་པོ་ཡག་ཐག་ཆོད་བཏང། རྣམ་དབྱེ་བཅུ་གཅིག་པ།
མེ་ཏོག་ལྷ་མཛེས་ཀྱི་པད་མ་དང་མེ་ཏོག་དཀར་པོའི་ནོར་བུ་རིན་པོ་ཆེ། རྣམ་དབྱེ་དྲུག་པ
ཁུག་རྟའི་སྐད་ཆ་ལས། མེ་ཏོག་དཀར་པོ་དང་མེ་ཏོག་ལྷ་མཛེས་གཉིས་ཀྱི་སྐད་ཆ་དེ་སྙན་སོང་།
ཆོས་དང་ཆབ་སྲིད་འགྲོ་གླེང་གྱི།
དགའ་ཞིག་མགོ་རྨོངས་དགའ་ཞིག་ཁྲོ།
དེ་བས་འདོད་གཏམ་བཤད་ན་ལེགས།
འདོད་གཏམ་མི་དགའ་ཕལ་ཆེར་དཀོན།
ངས་བཀའ་འདྲི་ཞིག་ཞུ་རྒྱུ་ཡོད། ད་བར་བོད་ཕྱི་ནང་གི་བོད་མི་བཅུ་ཕྲག་དྲུག་ལ་ཉེ་བ་ཞིག་གིས་འབོད་ཚིག་དང་པོ་དེ་༧རྒྱལ་བ་བསྟན་འཛིན་རྒྱ་ཚོ་བོད་དང་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཡིན། བོད་ནང་གདན་དྲངས་དགོས་ཞེས་ཁོང་གི་མཚན་ནས་བོས་ཏེས་རང་ལུས་སྒྲོན་མེར་བཏེགས་དང་འདེགས་བཞིན་པར། རྒྱ་གཞུང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཡ་ལན་སྤུ་ཙམ་ཡང་མེད་མཁར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་འཇིག་བསྐུལ་གྱི་ཞྭ་ནག་གཡོགས་ཏེས་མེ་ལྕེ་ལྷེམ་ལྷེམ་དུ་འབར་ཀྱིན་པར་ཡང་རྡུང་བརྡེག་ཚ་ནན་བཏང་དང་གཏོང་བཞིན་པར་ཁོང་ཐུགས་ཕམ་བྱུང་ཡོད་དམ་མེད། གལ་ཏེ་བྱུང་ཡོད་ན་ཁོང་གིས་དེའི་སྐོར་གསུང་ཚིག་གཅིག་ཀྱང་མེད་པའི་རྒྱུ་མཚན་གང་ཡིན་ནམ། ད་དུང་བོད་མི་རིགས་ག་ཚོད་གཅིག་རང་ལུས་སྒྲོན་མེར་འདེགས་དགོས་སམ།
ཁུག་རྟ་ཁྱོད་དོན་གྱི་དགོངས་སེལ་ཞུ་དགོས་མཁན་གཙོ་བོ་དེ་ཆགས་ཡོད། དང་པོ་སོ་སོས་སྤྱི་ཚོགས་ནང་དཀྲིགས་ཤིང་རྒྱབ་པ་དེ་དག་གི་ཆེད་དུ་དགོངས་སེལ་ཞུས། དེ་ནས་གཞན་ལ་ཤོད་ཅིག།
ལྟས་ངན་ཤར་ཕྱོགས་ཀྱི་སྲིན་བྱ་ནག་པོ་ཁྱོད་སྲུང་མ་དམར་ནག་གཉིས་ཀྱིས་ད་ལྟ་ཕྲལ་མ་ཉིད་དུ་སྙིང་ཁྲག་ཚ་པོ་ཧུབ་ཀྱིས་མཆོད་ཅིག། འདྲེ་ངན་རྒྱ་དམར་ཀྱི་ཉུལ་མ་ཁྱོད་ཁ་ནས་དབུ་མ་བཤད་དེ་དོན་གྱི་དམིགས་ཡུལ་ང་ཚོ་བཙན་བྱོལ་གྱི་སྒྲིག་འཛུགས་འདི་དང་འཆམ་མཐུན་གྱི་སྤྱི་ཚོགས་འདི་ཕུ་དཀྲུགས་མདའ་དཀྲུགས་བྱེད་རྒྱུ་དེ་རེད། ད་དུང་བོད་རང་བཙན་འཐབ་རྩོད་པ་རྣམས་ལ་ལྟས་ངན་ཁྱོད་ཀྱིས་ངན་སྨད་དང་འདྲེ་མཐོང་མཐོང་བྱེད་སྟངས་དེ་ལ་བལྟས་ན་འདྲེ་ངན་ཁྱོད་ལ་རྒྱ་དམར་གྱིས་ལས་འགན་གང་འདྲ་ཞིག་སྒྲུབ་ཏུ་གཏང་ཡོད་དམ།
དབུ་མ་གླེང་ན་མགོ་བོ་ནག་འཐོམ་འཐོམ། །
རང་བཙན་དྲིས་ན་ཁ་ལྕེ་མདར་ར་ར། །
རང་བཙན་དབུ་མ་ཟུང་གི་ཁུག་སོ་ན། །
གླེན་པའི་སྐད་ཆ་ཉུང་ན་དགའ་བ་ལ། །
དང་པོ་སྨྱུག་མིང་ལ་གཅིག་གཟིགས་དང་། ཤར་ཕྱོགས་ནི་རྒྱ་ནག་ལ་གོ་དགོས། དེས་ན་རྒྱ་ནག་གི་དངུལ་ཁུག་སྲུང་བའི་འདྲེ་རྟ་ལག་དམར་ཞེས་འབོད་ན་ཆོག །མི་ངན་འདིས་དང་པོ་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་སོགས་ལ་ཁ་བཏང་། དེ་ནས་ཡང་སྐྱར་གོ་སྐབས་བཙལ་ནས་སྐད་ཆ་ལ་འགྱུར་བ་བཏང་། ཕྱི་ཚུལ་གྱི་རྣམ་པ་དབུ་མ་ཡིན་མདོག་བྱས་ནས་དོན་གྱི་བཙན་བྱོལ་སྤུན་ཟླ་ཕན་ཚུན་བར་དཀྲུགས་ཤིང་འདྲ་མིན་གཏོང་ཨེ་ཐུབ་བལྟས་ཏེ། ༧གོང་ས་མཆོག་གི་བཀའ་སློབ་ལ་ལོག་འབྲེལ་འདྲ་མིན་བྱས་ནས་ནང་ཁུལ་ཁ་འཐོར་ཏུ་གཏོང་བས་ཐབས་ཤེས་རྐྱང་བྱེད་པ་ལས། ཁྱོད་གཉིད་ལོག་པ་ལས་ད་ལྟ་རུང་སད་པ་འདྲ་བོ་ཞིག་བྱས་ནས་སྐད་ཆ་མགོ་གཞུག་ལོག་དགོས་དོན་ག་རེ་ཡིན། སྔོན་མ་བསམ་བློ་མ་བཏང་བར་སྐད་ཆ་བཤད་ནས་ད་ལྟ་བསམ་བློ་འཁོར་བ་ཡིན་ན། རྗེས་མ་ཡང་བསམ་བློ་གཞན་པ་ཞིག་མི་འཁོར་བས་ཡིད་ཆེས་སུ་ལ་ཡོད། གང་ལྟར་བོད་པ་ཚོ། མི་ངན་འདི་དང་འབྲེལ་བ་ཡོད་ཚད་དང་དེ་ཡི་ཕྱོགས་གཏོགས་ཀྱི་སྐད་ཆ་བཤད་མཁན་ཚོ་ལ་དོ་སྣང་དང་དོགས་ཟོན་བྱེད་རོགས། རི་བོང་ཅལ་འདྲོགས་མི་བྱེད་རོགས་ཞུ། །
རང་ཚུགས་མི་ཐུབ་ཅིང་སྤུན་ཟླ་ནང་ཁུལ་ཁྲག་བཞིན་དཀྲུག་འདོད་ཀྱིས་ཤར་ཁུག་ལྟས་ངན་འདིས་རྩོད་གཞི་རྐྱང་སྒྲིག་ཨེ་ཐུབ་ལྟ་བཞིན་མཆིས། ཁ་གཅིག་གི་ནང་ནས་གཏམ་མགོ་རྔ་མི་མཚུངས་བ་རྐྱང་མ་གཏོགས་དོན་མཐུན་གྱི་སྐད་ཆ་གཅིག་བཤད་པ་མཐོང་མ་སོང་། བློ་སེང་གིས་སྐྱག་ལུད་བཞིན་ཕུད་པ་ལ་རྒྱུ་མཚན་ཞིག་མེད་ན་མཁས་དབང་ཁོང་གིས་ཕྱག་ལས་དེ་འདྲ་ག་བ་གནང་གི་རེད། ད་ཡང་རྡ་ས་ནས་སྡོད་མ་ཐུབ་པ་ཞིག་མ་བྱས་གོང་མགོ་བོ་དམའ་རུ་བཏེགས་ནས་བསྡད་ན་བཟང་།
སྤྲུལ་སྐུ་གཉིས་ཀྱིས་ནང་འཛིངས་བྱས་སོང་།
གཅིག་གིས་མགོ་བོ་མཐོ་རུ་བཏེགས་ནས།།
གཞན་ལ་མགོ་བོ་དམའ་རུ་ཐོངས་ཟེར།།
སྤྲུལ་སྐུ་རྣམ་པའི་མཛད་པ་བསམ་ན།
བོད་འདིའི་བསྟན་པ་ཡར་འགྲོ་རེད་འདུག།
གང་ལྟར་བོད་པ་ཚོ། མི་ངན་འདི་དང་འབྲེལ་བ་ཡོད་ཚད་དང་དེ་ཡི་ཕྱོགས་གཏོགས་ཀྱི་སྐད་ཆ་བཤད་མཁན་ཚོ་ལ་ དོ་སྣང་དང་དོགས་ཟོན་བྱེད་རོགས། རི་བོང་ཅལ་འདྲོགས་མི་བྱེད་རོགས་ཞུ། ཟེར།
འཛེམ་སོན་མེད་པ་རང་དོན་དོར་བའི་ཤར་ཕྱོགས་ཁུག་རྟ་ལགས་ལ་རྒྱབ་སྐྱོར་ཡོད། ཁྱེད་ཀྱིས་བཤད་པ་དག་དངོས་གནས་བདེན་པ་རེད། ཐུགས་ཕམ་བྱུང་བ་འདི་ལངས་ཕྱོགས་ཤིག་དང་འབྲེལ་བ་ཡོད་པ་མ་རེད། ནམ་རྒྱུན་བོད་མིའི་ཆིག་སྒྲིལ་གྱི་གཞི་རྩ་གཏོར་བརླག་བྱེད་མཁན་དག་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱས་རྗེས་དང་དམིགས་ཡུལ་ལོག་པར་སྤྱོད་པའི་བོད་མི་ཉུང་ཤས་ཤིག་གིས་ག་དུས་ཡིན་ན་དཀྲུགས་ཤིང་རྒྱབ་བསྡད་ཡོད་པ་རེད། འཇམ་ནོར་དང་ལྷ་བཟང། ཀླུ་མཁར་སོགས་ནི་མི་སྒེར་བ་ཙམ་རེད། དེས་ཅི་གང་སྐྱོན་གྱི་མ་རེད། ཡིན་ངོ་མ་བསྟན་བཤིག་ལོག་སྨོན་སྨོན་ལམ་མཐར་ཕྱིན་དང། ཁམས་པ་རྫུན་མ་གསེར་རྟ་ཚུལ་ཁྲིམས་སོགས་ཕ་མེས་ཀྱི་བླ་བཙོང་མཁན་ཁག་ཅིག་གིས་ཁམས་པ་མི་མང་ལ་མགོ་བསྐོར་བཏང། བོད་གངས་ཅན་གྱི་ཆིག་སྒྲིལ་ལ་གཏོར་སྐྱོན་གཏོང་བ་ནི་དངོས་གནས་རེད། ཤར་ཕྱོགས་ཁུག་རྟས་འཛེམས་སོན་མེད་པར་རྒྱུ་མཚན་ལྡན་པའི་ཐེར་འདོན་བྱས་པས། ཉེ་སྔོན་སྨོན་ལམ་མཐར་ཕྱིན་ཁོང་ཁྲོས་མ་བཟོད་ནས་་གྲོས་ཚོགས་ནང་ཤར་ཕྱོགས་ཁུག་རྟའི་མིང་འདོན་དགོས་པ་ཆགས་པ་རེད། ཡིན་ཡང། བདེན་པ་རྣམ་པར་རྒྱལ་བ་ཡིན་ཙང། གྲོས་ཚོགས་ནང་ཁོ་རང་ཁུ་སིམ་མེར་བཞག་པ་རེད། དྲ་ངོས་འདིར་དྲ་འབུ་མང་དག་ཅིག་ཏུ་བརྫུས་ནས་ཤར་ཕྱོགས་ཁུག་རྟ་དང། ལམ་དབུ་མའི་སྲིད་བྱུས་སོགས་ལ་སྐྱོན་བརྗོད་བྱེད་པ་ནི་ཚང་མས་མཐོང་མཐོང་པ་ཡིན་སྟབས་གད་མོ་ཤོར་རྒྱུ་ལས་གཞན་ཅི་ཡོད། དགོངས་སེལ་ཞུ་མི་དགོས་ན་སྤྱི་ལྷན་དང་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་ཚང་མ་ལྐུགས་པ་ཆགས་པ་རེད་དམ། གཞོན་ལྷན་གྱིས་ཀྱང་དགོངས་སེལ་ཞུས་ཟིན་པ་ཡིན་ཅེས་ཚོགས་གཙོས་ཨ་རིའི་རླུང་འཕྲིན་ནང་འདང་དགོང་གསུངས་སོང། དེས་ན་ནོར་བ་ལ་དགོངས་སེལ་མི་ཞུ་ན་ལས་འབྲས་དང་བཟང་སྤྱོད་ཅིག་གང་དུ་ཡོད། དེ་བས་ཚང་མས་གཟབ་གཟབ་གནང་རོགས།
ཡིན་ནའང། སྤྲུལ་སྐུ་དབང་ཆེན་ཟེར་བའི་ལོག་སྨོན་དམ་ཉམས་ཐའེ་ཝན་དུ་སྡོད་པ་འདིས་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་འདྲ་མིན་ཞུས་ཡོད་པས་དངོས་གནས་མི་འདི་ལ་གཟབ་གཟབ་གནང་རོགས།
སྤྱིར་གཏང་ང་ཚོས་བོད་འདི་རང་བཙན་མི་ཐོབ་པའི་ཁ་སྙོག་དྲ་མང་པོ་བྱུང་བ་འདི་
དཔོན་པོ་དེ་བླ་མ་ཞིང་ཡིན་པའི་རྐྱེན་གྱི་རེད་་དཔེ་ན་བླ་མའི་བཀའ་དེ་མི་དམངས་ཀྱིས་མ་སྒྲུབ་པ་
ཡིན་དེ་ལ་བླ་མ་ལ་མ་དགའ་མཁན་དང་དད་ལོག་འདྲ་པོ་རང་གི་བསམ་འཆར་བཤད་ན་བླ་མ་ལ་ངོོག་འདྲ་པོ
མི་མང་པོས་བསམ་ཚུལ་མི་འདྲ་བ་ཡོང་སྲིད་པ་རེད་། དེ་ལ་ཐུགས་ཕམ་མི་ཕམ་ཡོད་མ་རེད་། བོད་མི་ཡོངས་རྫོགས་བསམ་པ་གཅིག་ཡོང་སྲིད་མ་རེད་
མ་འོང་པ་གང་བྱེད་དགོས་རེད་གཙོ་བོ་བོད་ནང་ལ་གནས་གཏང་ག་འདྲ་འདུག་གལ་ཆེན་པོ་རེད་། སྐད་ཆ་རྙིང་པ་དེ་ཚོ་
ཡང་མ་སློང་ན་ཡག་གི་རེད་། མི་ཁ་ཤས་ཀྱིས་ཆ་སྲིད་ཕན་པའི་སྐད་ཆ་ཞིང་བཤད་ན་དེ་བླ་མའི་ལུགས་དང་མ་མཐུན་ན་དེ་དགྲ་བྱེད་པ་སོགས་ཧ་ཅང་ཐབས་སྐྱོ་བོ་རེད་བསམ་གྱི་འདུག
དམངས་གཙོ་ཡང་དག་པ་ཞིང་ཡིན་གང་ལབ་ན་ལབ་ཆོག་གི་རེད་་་དེ་ལ་དགོང་དག་མི་དག་ཡོད་མ་རེད་
མི་ངན་ཤར་ཕྱོགས་ཁུག་རྟ་འདིས་ནམ་ཡིན་རུང་། ཕུ་དཀྲུགས་མདའ་དཀྲུགས་བྱེད་ཀྱིན་འདུག་ད་ང་ཚོ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག ཁྱོད་ལ་རྒྱབ་གཉེར་ཟླ་ཚེ་ཡོད་བསམ་ནི་སྤོ་པ་མ་ཆེ། ཁྱོད་ཀྱིས་ལས་འབྲས་ཁེ་མ་བླང་ནའང་བོད་མི་རིགས་ཡིན་བསམ་གྱི་མེད་པ་དེ་བསམ་ཡུལ་ལས་འདས་པ་རེད། ང་ཚོ་བོད་པ་ནང་མི་ངན་འདི་འདྲ་ཞིག་སྐྱེ་འདུག སྨོན་ལམ་ལོག་པ་གཟུགས་ཅན་ཞིག་མིན་ན་ཅི་ཡིན། དངུལ་དངོས་ཙམ་ལ་ལྟ་ནས་སྡིག་པ་དམིགས་བཙུམ་བྱེད་སྟངས་ལ་ལྟས་ན་བོད་ཀྱི་ལ་རྒྱ་ཅུང་ཙམ་ཞིག་མེད་པ་འདྲ།།
ཡ་ཡ། ད་དགོངས་དག། ཤར་ཕྱོགས་ཁུག་རྟ་ལགས་དགོངས་པ་དྭངས་བར་གསོལ། ད་ང་ཚོ་འདས་ཟིན་པ་འདས་ཟིན་པ་བྱས། མ་འོངས་བོད་མིའི་བདེ་སྡུག་གི་དོན་དུ་འགྲོ། བོད་ནང་ལ་རང་སྲོག་ཚུན་ཆད་མེར་བསྲེགས་ནས་བོད་མིའི་བདེ་རྩ་སྲུང་བཞིན་ཡོད་ན། ང་ཚོ་རྙོག་འདྲ་འདི་འདྲས་ནང་ལ་མགོ་བོ་འཁོར་བསྡད་ན་དོན་ཆེན་ཤོར་ས་རེད།
ཀུ་ཀྲི་པེ།
མི་ངན་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་རྒྱ་དམར་པའི་ལག་ཆ་གསལ་པོ་རེད། གོང་༧་ས་མཆོག་གི་ཐུག་རྒྱས་པོ་གནང་སའི་གང་ཟག་དེ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ལགས། དེ་ལ་གཞི་མེད་སྒྲོ་བསྐུལ་དང་ཉེས་མེད་ཉེས་འཛུགས་བྱས་པ་དེ་ལ་བསྟེན་ནས་གུང་ཁྲན་གྱི་ལག་ཆར་ཡིན་པ་གསལ་པོ་རེད།
མངའ་རིས་འཕྲིན་ལས། གསེར་འབྲུག་སྡེ་ལྔ། མེ་ཏོག་ལྷ་མཛེས། ཁ་བ་དཀར་པོའི་ཕོ་གསར། སྤྲུལ་སྐུ་དབང་ཆེན་སོགས་དྲ་འབུ་འདི་ཚོས་ད་བར་གང་འབྲི་ཅིག་བལྟས་ན། ད་དངོས་གནས་གད་མོ་ཤོར་གི འདི་ཚོ་ངོས་མི་ཟིན་མཁན་དཀོན་པོ་ཡིན་རྒྱུ་རེད། དངོས་གནས་སྐད་ཆ་བཤད་འདོད་ན་གདོང་སྟོན་མི་ཐུབ་པ་ག་རེ་ཡིན་ནམ།།།
ད་ང་ཚོ་ཕན་ཚུན་ངོ་མ་ཕྲད་པས་ངན་ཚིག་དང་། སྐྱོན་བརྗོད་གང་བྱས་ན་མི་འགྲུག་རྒྱུ་མེད་བསམ་ན། དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་གོ་ན་ཆེས་ཐ་ཤལ་ནང་ནས་་ཐ་ཤལ་ཅན་པོ་མི་ཞིག་རེད། དེའི་རིག་མ་གནང་ན་བཟང་། གཞོན་ནུ་ཚོགས་པའི་ལྟ་སྤྱོད་ལ་སྐུ་མདུན་ཐུགས་ཕམ་དགོས་དོན་ཨི་ཡོད། དེ་ཕམ་ན་དགའ་ལྡན་ཕོ་བྲང་གི་སྐབས་རིང་ཡོང་དགོས་རེད་པ་ད་བར་གཞོན་ཚོགས་བཙུག་ནས་ལོ་གྲངས་༤༠ ལྷག་ལ་ཉེ། ཡང་ལ་ལས་མཁས་དབང་མིང་ལྡན་འཇམ་དབྱངས་ནོར་བུ་སོགས་རེད་ཟེར་འདུག། དེ་ཡིན་སྲིད་པ་ཏེད། ཁོང་ཚོས་ལྟ་བའི་ལང་ཕྱོགད་ལ་དུས་ནམ་ཡང་སྐུ་འདུན་དགག་ཆ་ཡོད་མ་རེད། མང་གཙོ་ལམ་ལ་ཕྱོགས་སྤྱོད་ཀྱི་མི་ཞིག་རེད། རེད་དེ་ལ་ལས་དོན་དཀྲོག་གཏམས་ལ་བོད་གཞུང་མེད་བཟོས་པ་རེད། བསྡུ་གདོག་རཉགྱབ་པ་རེད་ཟེར་གྱིད་ཡོད། དེ་བདམ་བློ་སྲོང་པོར་བཏང་ན་དོན་ངུ་སྐུ་མདུན་ལ་གཞི་ནེད་བསྐུར་འདེབས་བྱུང་བ་རེད། དེའི་སྐོར་ཐམས་ཅད་གཟབ་ནན་གནང་དགོས་
ལྷ་མཚོ་དང་ཤར་ཁུག་གཅིག་པ་རེད། ཤར་ཁུག་གིས་སྨྱུག་མིང་འདྲ་མི་འདྲ་བཀོལ་ནས་སོ་སོར་བསྟོད་པ་ཡང་བྱེད་ཀྱི་ཡོད། འཁྲབ་རྩལ་ཧ་ལས་པ་ཡོད་མཁན་ཞིག་གི་བཟོ་ལྟ་འདུག
སྐོར་ལོག བརྡ་ལོག
དེ་རིང་མདོ་ཁམས་རྒྱལ་སྲས་ཀྱིས་གནད་འགག་ཅིག་གསུངས་འདུག དངོས་གནས་ད་ཚོད་ཟིན་ན་ཡག་གི་རེད། སྤྱི་ཚོགས་རྙིང་པའི་འགྲོ་སྟངས་དེང་སང་ག་བ་ཡོང་གི་རེད། དངོས་གནས་ཟུར་དུ་ཐོན་ན་ཐོན་རྐྱང་བྱས་ན་སྟབས་བདེ་བོ་ཆགས་ཀི་རེད། དེ་མིན་དམ་ཚིག་ཟོང་ཁ་ཆིག་སྒྲིལ་བྱས་ན་ཕན་གྱི་རེད། མི་དེ་དག་གིས་དགོངས་སེལ་ཞུས་ན་དངོས་གནས་ཡག་པོ་རེད། འཇམ་དབྱངས་ནོར་བུ་དང། ཀླུ་མཁར་བྱམས་ལྟ་བུ་ནི་རྣམ་འགྱུར་མི་སྒེར་བ་ཞིག་རེད། དེ་ཚོ་འདྲ་བོས་གེ་གནང་གི་མ་རེད་བསམས། མདོ་དོན་ཆུ་བཞི་སྒང་དྲུག་གི་ཤ་ཁྲག་ལོག་པར་བེད་སྤྱོད་གཏོང་མཁན་རེ་ཤོས་ཀྱིས་བསམ་བློ་གཏོང་དགོས་ཀྱི་འདུག དུས་ལ་བབས་འདུག སྲིད་སྐྱོང་མཆོག་གིས་ཀྱང་འཛེམ་སོན་མེད་པ་གནང་རོགས།། ཆིག་སྒྲིལ་གྱི་དཀའ་ངལ་ངོ་མ་གང་དུ་ཡོད་མེད་ངོས་ཟིན་གནང་རོགས། ཡོངས་བསྒྲགས་གནང་རོགས།
ཤར་ཕྱོགས་ཁུག་རྟ་ཁྱེད་ནས་ཁྲམ་པ་ཟླ་བ་ཚེ་རིང་དང་མཉམ་དུ་ལས་ཀ་མ་བྱེད་དང། ཁྱེད་ལ་མདུན་ལམ་དངོས་གནས་ཡག་པོ་ཡོད་པ་རེད། མི་དེ་དངོས་གནས་ཁྲམ་པ་རང་རེད། བྱ་བ་ལམ་འགྲོ་ཡོང་གི་མ་རེད། ཁྱེད་ནས་དགོངས་པ་བཞེས་རོགས། ཁྱེད་ཀྱི་རྣམ་དཔྱོད་རྣམས་ས་ཆ་གཙང་མ་ཞིག་ནས་འདོན་རོགས། དགོངས་དག་བསམ་ཚུལ་ཡིན།།
ཡང་བཀྲ་ཤིས་ཚེ་རིང་ཟེར་མཁན་དྷ་ས་ལ་ཡོད་ལོ་རྒྱུས་མཁས་དབང་ཟརེ་རེད། སྐཡ་མདུན་ལ་འང་ཟུར་ཟ་མང་བོ་བྱས་པ་རེད། དགོངས་སེལ་ཞུས་ན་དགའ
སྤྱིར་སྨྲ་བརྗོད་ལ་རང་དབང་དགོས་ན། རྒྱལ་ཁྱབ་དེའི་རྩ་ཁྲིམས་དང་སྲིད་འཛིན་མན་ཆད་ལ་སྐྱོན་བརྗོད་ཀྱིས་དག་ཐེར་བྱེད་ཆོག་པ་ཞིག་རེད། འོན་ཀྱང་༧གོང་ས་མཆོག་གི་བཀའ་དྲིན་ཁོ་ན་དང་། ཆོས་ཕྱོགས་ཀྱི་དམ་ཚིག་ཁོ་ན་ཐུགས་ལ་བསྣགས་པ་ཡིན་ན་དེ་ལྟར་བྱས་ན་གང་ནས་འགྲིགས། གང་ལྟར་ང་ཚོ་ནི་བོད་པའི་སྲོལ་རྒྱུན་གྱི་དམ་ཚིག་ཙམ་ལས་དོན་ལ་སྡོམ་དང་དམ་ཚིག་ལ་གནས་མེད་པ་གསལ་པོ་རེད།
ཡོད་ཚད་དག་སྣང་དང་ཡིད་ཆེས་ཀྱི་རྗེས་སུ་བསྐྱོད་ཐུབ་པ་བྱུང་ནའང་༧སྐྱབས་མགོན་ཁོང་ལྟ་བུའི་སྐུ་དུས་སུ་ང་ཚོར་མི་སྐྱོན་མོད། འོན་ཀྱང་གོམས་གཤིས་དེ་མུ་མཐུད་ནས་འཇགས་པ་ཡིན་ན་གཞུང་དང་སྲིད་དོན་པར་སྐྱོན་བརྗོད་མི་ཆོག་ཅིང་།ཡོད་ཚད་བཟང་པོ་དང་། ལེགས་པོར་བསྒོམ་དགོས་པའི་དུས་སྐབས་ཤིག་ཏུ་འགྱུར་སྲིད་པ་མིན་ནམ།
ཆབ་སྲིད་ཀྱི་ཕྱོགས་ནས་ལྟ་གྲུབ་མི་མཐུན་པའི་རྩོད་གླེང་ཇི་ལྟར་བྱུང་ཡང་། མིང་མང་གིས་ཕྱོགས་གཅིག་རྩ་འཛུགས་དང་ཕྱོགས་གཅིག་རྩ་མེད་བཟོས་པ་ཡིན་ན། མཐར་ཐུག་གི་འབྲས་བུ་དེ་བཟང་བྱས་ལ་ལེགས་སོ་བརྗོད་རྒྱུ་ཙམ་ལས། ངན་བྱས་ལ་སྐྱོན་བརྗོད་མི་ཆོག་པའི་གཞུང་ཞིག་ཏུ་འགྱུར་བ་ཡིན་ལ། དེ་འདྲའི་གཞུང་དེ་འཛིན་པའི་མི་སྣ་སྡུག་པོ་ཞིག་བྱུང་ན་མི་དམང་གི་དབང་ཆ་ཡོངས་རྫོགས་གཞུང་བཞེས་ཀྱིས་དམར་ཕྱོགས་ཀྱི་སྲིད་གཞུང་བསྒྱུར་དཀའ་ཞིང་། ཡ་ང་བ་ཞིག་ཏུ་འགྱུར་རྒྱུའི་ལམ་བུ་མིན་ནམ།
བྲག་རི་ཤིང་ནག་འཐབ་པའི་རི་སྐད་དེར།
སྨུག་པས་ནག་བུན་ཁྲིད་པའི་རི་གྲོང་དུ།
ཁྱི་སྤྱང་ངན་པའི་ལག་སྦྲེལ་དུས་ཚང་འགས།
མི་རིགས་མཐུན་བསྒྲིལ་ལ་བརྒྱའི་བླ་སྲོག་བཅད།
རང་གི་མི་རིགས་རང་དབང་ཐབ་རྩོད་ཆད།
རང་བཙན་གཏམ་དུ་སྨྲས་ན་སྲོག་ལ་ཉེས།
རང་འཁོའི་ཏ་རེ་གནམ་ལ་ཕྱར་ཐེང་རེས།
རང་དབང་གཏམ་གྱི་སྨྲ་སྒོ་མགོ་སྐེ་བྲེག།
རང་དབང་དམངས་གཙོ་སྟོང་པའི་བྲག་ཅའི་སྒྲ།
མི་རིགས་ལ་བརྒྱ་་ཟེར་བ་ཁ་གཡངས་ཙམ།
ནང་ཁུལ་དབྱེ་འབྱེད་ཕྱི་ནང་གསངས་གསུམ་དེས།
མི་རིགས་མཐུན་བསྒྲིལ་གཏོར་བའི་སྙིང་གི་མདའ།
ཆོས་ལྡན་གངས་ཅན་ལྗོངས་ཀྱི་ལས་བསྐལ་དེ་
ཆོས་མིན་ལས་ངན་བསགས་པའི་འབྲས་བུ་ཡིས།
མཐའ་ཁབ་ཀླ་ཀློ་ཡུལ་གྲུར་གང་སར་དུ།
ནང་ཁུལ་མི་མཐུན་ཁ་མཐོར་གནས་ལ་སྐྱོ།
ལྷག་བསམས་དམ་དུ་གཅང་བའི་མདུན་པ་འདིས།
ནམ་ཞིག་རྨོངས་གཉིད་སེལ་བའི་རེ་བ་ཆེ་།
རང་དབང་གོ་སྐབས་འཕྲད་པའི་དུས་རབ་འདི།
རང་དབང་ལོངས་སུ་སྤྱོད་ན་མཁས་པ་ཡིན།
ཐན་བྱ་ལགས། ཐན་སྐད་མ་རྒྱགས། དམངས་གཙོའི་ལམ་སྲོལ་གཙང་མ་ཡིན་ན་དེའི་ལམ་ལུགས་ནང་དུ་བློ་ཕམ་བྱུང་སོང་ཟེར་བ་ཡོད་ཀྱང་། དེ་ལ་དགོངས་སེལ་ཞུ་རྒྱུའི་ལམ་ལུགས་ཡོད་པ་མ་རེད། ཁྱེད་ཀྱི་༧་གོང་ས་མཆོག་ཁ་ལ་འཁྱེར་ནས་དོམ་ལ་༧གོང་ས་མཆོག་ལོ་རྒྱུས་ནང་ནག་ཉེས་བཟོས་ཐབས་བྱེད་ཀི་འདུག ད་ངོ་མ་ཁྱེད་ཀྱི་ཕ་ཚབ་སུ་ཛུ་ལན་ཀྲི་ན་ཡོད་པཁྱེད་གཉིས་རྒྱ་དམར་གྱི་སོ་བ་ངོ་མ་ཡིན་པ་གཏིང་ཇེ་གསལ་རེད། ཁྱེད་རང་༧གོང་ས་མཆོག་ལ་དད་པ་ཡོད་ལབ་ནས་མིག་ནང་ནས་ཁྲག་ཐོན་ཡང་ང་ཚོ་ཁྱེད་ལ་དོགས་པ་ཡོད།
༧གོང་ས་མཆོག་ཐུགས་ཕམ་འབྱུང་གཞི་ནི་རང་བཙན་རྩོད་པ་དང་འབྲེལ་བ་མེད་པ་བཀའ་སྤྱི་གཉིས་ཀས་བསྒྲགས་གཏམ་སྤེལ་ཟིན་པས་དེའི་སྐོར་ལ་བཤད་དགོས་པ་གང་ཡང་མ་མཐོང་། འདིར་བཤད་དགོས་པ་ནི་མི་ཁག་ཅིག་གིས་གོང་ས་མཆོག་ལ་ཟུར་ཟ་བྱེད་ཀྱི་ཡོད་པ་འདི་ཚོ་ཧ་ཅག་གི་ཐབས་སྡུག་རེད་ལ། ངོ་མ་དྲིན་ཆེན་ལག་པ་རྡོ་རྡུང་ཞེས་པ་དེ་རེད། བཀའ་དྲིན་ལ་བསམ་ཤེས་བྱེད་པ་ནི་འགྲོ་བ་མིའི་བཟང་སྤྱོད་ཡིན་པ་ལས་རྗེས་ལུས་ཀྱི་བསམ་བློ་ནམ་ཡང་མིན་པས་མི་ཇི་སྲིད་གནས་པ་དེ་སྲིད་དུ་གནསདགོས་པ་ཞིག་རེད།
འཇིག་བྱེད་སྤྲུལ་པ་མེ་ཏོག་དཀར་པོ་ཡི།་་་་གསང་བའི་ལིངྒ་འཁྲོས་པའི་དབལ་ཆུའི་ཐིག་་་དབྱངས་ཅན་སྤྲུལ་པ་མེ་ཏོག་ལྷ་མཛེས་མའི།་་་པད་མའི་མཚོ་རུ་ཞུགས་པའི་འདོད་པའི་དཔལ།་་་་་་ལྷ་མཛེས་ཁྱོད་ཀྱིས་འདིར་ལྟར་འདུག་ཅེས་སུ།་་་་བཤད་པར་སྤོབ་ན་བདག་ནི་ཉན་པར་སྤྲོ།་་་་་ཅི་ཕྱིར་ཞེ་ན་འདོད་པའི་བདེ་བ་དེ།་་འདོད་ཁམས་པ་ཡིས་ཤིན་ཏུ་འདོད་པས་སོ།
སྨྲ་བརྗོད་རང་དབང་གི་ཚད་གཞི་དེ་་་གང་ཟག་སུ་འདྲ་ཞིག་ལ་་་་་རང་ཉིད་ཀྱིས་དོག་གཞི་གང་འདྲ་ཡོད་ན་་་དེ་ལ་དོག་སློང་བྱེད་མཆོག་པ་རེད་་་་་་དོག་གཞི་བྱས་ས་གང་ཟག་དེས་་་་དོག་སློང་གི་དྲི་བ་ཁག་ལ་ཁུང་ལྡན་འཕེར་བའི་ལན་གནང་དགོས་པ་དེ་་་་དམངས་གཙོ་ཡི་ཁྲིམས་ལུགས་དང་མཐུན་པ་རེད་་་་་སྤྱིར་དམངས་གཙོ་ཚང་མ་གཅིག་པ་མིན་པ་དེ་ཤེས་དགོས་ངེས་རེད་་་་་རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་ཡི་ཁྲིམས་དང་མཐུན་པའི་དམངས་གཙོ་ལ་ལོངས་སྤྱོད་ཤེས་དགོས་པ་རེད་་་་ཁྲིམས་ནི་་ངོ་ལྐོག་དང་་་མཐོ་དམའ་་་་་དབུལ་ཕྱུག་ལ་ཁྱད་མེད་དྲང་བདེན་ལ་་སྲུང་སྐྱོབ་་བྱེད་ཐབས་གཙོ་བོ་དེ་རེད་་་་་ངེས་པར་དུ་་་་དུས་ནམ་ཡང་ཁྲིམས་སར་རང་ཉིད་་དྲང་བདེན་ཡིན་དགོས་ཁྲིམས་སར་འདྲ་གཉམ་ཡིན་ལུགས་དེ་ཤེས་དགོས་པ་གལ་ཆེན་པོ་རེད་་་་་་
ངོ་མ་བཤད་ན་སྤྱི་ཚོགས་མི་འདྲ་མི་གཅིག་པ་ལ་གང་ཡང་ཡོད་པ་རེད་་་་་་དྲང་སྙོམས་ཞིག་གཏན་ནས་བྱུང་མྱོང་མེད་པ་རེད།་་ཚང་མ་ལ་འཇིག་རྟེན་ཆོས་བརྒྱད་དགོས་པ་རེད་རང་དོན་རང་གིས་བསྒྲུབ་གཞན་ལ་བསྟུན་མཁས་བྱས་ན་བཟང་གི་དེ་མིན་ལམ་ཁ་འདྲ་ཡོད་ན་འགའ་འགྲོ་གི་ཁེ་ཕན་ཡོད་ནསྤྱི་དོན་འདི་སྒྲུབ་མཁན་མང་ལ་མེད་ན་རང་བཞིན་གྱིས་ཐོན་མཁན་མང་ངོ།་་་་་་་་་་་་་་་་་
ཤར་ཕྱོགས་ཁུག་རྟས་མི་དེ་དག་གི་མིང་འདོན་རོགས།
དྲྭ་འབུ་འགའ་ཞིག་ལ་སྤྲིངས་པའི་དྲི་བ། དང་པོ ༽ ཁྱེད་རྣམས་བོད་བཙན་པོའི་གདུང་བརྒྱུད་ཀྱི་མི་བུ་དངོས་གནས་ཤིག་ཡིན་ནམ། གཉིས་པ༽ བོད་ནང་ནས་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བཏང་ཟིན་པའི་རྒྱལ་གཅེས་པ་དག་གི་བཞག་པའི་ཞལ་ཆེམས་རྣམས་གོ་མྱོང་དང་ཐོས་མྱོང་ཡང་ན་དོན་ལ་བསམ་མྱོང་ཙམ་ཡང་ཡོད་དམ། གསུམ་པ ༽ རྒྱ་ནག་དམར་པོ་གཞུང་གིས་སྐྱབས་བཅོལ་བོད་མིའི་ནང་ཁུལ་ད་བར་དཀྲུག་ཤིང་ཆེན་པོ་སློང་མ་ཐུབ་པའི་ལས་དོན་རྣམས་དྲྭ་འབུ་ཐ་ཤལ་ཁྱེད་རྣམས་ཀྱིས་རང་འགུལ་གྱིས་བསྒྲུབ་རྒྱུ་ཡིན་ནམ། མཐའ་དོན་དྲྭ་འབུ་གཅིག་གིས་མིང་རྫུན་བཅུ་གྲངས་སྤྱོད་པ་མ་ཟད། ད་དུང་༧ གོང་ས་༧ མཆོག་དང་བོད་ཀྱི་རིས་མེད་ཀྱི་བླ་ཆེན་འགའ་ཞིག་ལ་གཞི་མེད་ཀྱི་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱེད་པ་དང་། དེའི་དབང་གིས་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་དཀྲུག་ཤིང་་སྣ་ཚོགས་ཐེབས་པ་དང་། བོད་ནང་དུ་བཞུགས་པའི་བོད་མི་རྣམས་བློ་ཕམ་དུ་བཅུག་པའི་སོགས་ཉེས་ཚོགས་ཧ་ཅང་ཆེ་བའི་བྱ་བ་དུ་མར་ཡོང་དང་ཡོང་བཞིན་འདུག་ན་ཁ་བརྡ་དྲྭ་བ་འདིས་བཟང་ངན་གྱི་ཚོར་བ་གང་ཡང་མེད་པ་བོད་མི་རིགས་ཀྱི་འཇིག་ཉེན་གྱི་སྐབས་འདིར་གང་ཞིག་གི་ཆེད་དུ་གཉེར་བཞིན་ཡོད་དམ། སྤྱི་ཚོགས་ཀྱི་སྡེ་ཚན་གང་ཞིག་ཡིན་ཀྱང་དམིགས་ཡུལ་དང་སྒྲིག་འཛུག་གང་ཡོད་པ་་དག་དང་མི་འགལ་བ་བྱེད་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེ་དེ་ཡིན་ནམ་སྙམ། གལ་སྲིད་དེ་ལྟར་མ་བྱུང་ན་ཁེ་གྱོང་གང་ཆེ་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་པ་ཡིན་པ་ནི་ཕྱི་མ་དྲག་ན་སྔ་དྲག་མ་སོང་བས་དུས་ལས་མི་གཡོལ་བ་བྱེད་དགོས་ངེས་སུ་མཐོང་།
རྒྱ་དམར་སྦྱིན་བདག་ཆེན་མོ་ས་ནས། ལས་ངན་ཤར་ཁུག་ཟེར་བ་འདིར། ད་རེས་དཀྲུགས་གླའི་དངུལ་ཕོན་ཆེན་རག་གི་རེད། མི་འདི་འདྲ་གང་དྲག དམངས་གཙོའི་ཡུལ་ནང་ལས་ངན་འདི་འདྲ་བསོག་དུས་ཅི་བྱེད་འདི་བྱེད་མེད་པ་བཟོ་ཡིས་འདུག མི་རིགས་ཀྱི་ཞབས་འདྲེན་ངོ་མ་རེད།
དེང་སང་དྲ་འབུ་མང་པོ་ཞིག་གིས་བཤད་བསམས་པ་ཞིག་མ་ཤོད་པ་བྱས། མིས་བཤད་པས་རུས་པ་ན་དུས། ལམ་སེང་རྒྱ་དམར་གྱི་སོ་པ་ཡིན་ན་ཅིག་རེད་ཟེར་བ་དེ་དངོས་གནས་ཐབས་སྐྱོ་བོ་རེད། སྔོན་མ་ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་རེད་ལབ་ན་ཅུང་ཙམ་དཀྲུགས་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང། དེང་སང་མི་ཚང་མ་གཉིད་སད་ཡོད་ཙང། དེ་འདྲ་ཞིག་བཤད་པས་ག་ལ་ཕན།
གནས་ཚུལ་དེ་སྤྱི་ཚོཊ་ནང་ཡལ་ཟིན་པ་རེད། གཙང་མ་ཡང་ཆགས་ཟིན་པ་རེད། ད་བསྐྱར་དུ་དེའི་སྐོར་གླེང་རྙོག་བཟོས་ནས་མ་ཡོངས་རོཊ། ཚང་མས་ཆིག་སྒྲིལ་ལ་འབད་རོཊ། མཚན་སྨན་ཞུ་མཁན་བྱུང་ན་དེའི་སྐབས་དགོངས་དག་ཞུ་རུ་བཅུག་ཆོག་ཀཱ།
གནས་ཚུལ་དེ་ཡལ་ཟིན་པ་རེད་དེ། རྒྱ་ངན་ཚང་གི་རྒྱུ་ཁྱི་དེ་ཚོས་ཡར་སླང་ཡོང་གི་འདུག།
སྐད་ཆ་རྙིང་པ་གད་རྙིང་རེད་མ་གཡུག་ན་ཡག་པོ་རེད། སྔོན་མ་ཚར་བ་ཚར་རེད་་ད་ནས་མ་འོང་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལམ་ལུགས་ལ་ཡིད་ཆེས་བྱེད་ནས་བོད་དེ་ཡར་རྒྱས་འགྲོ་བ་ལ་ཚང་མའི་ཐབས་ཤེས་གང་ཐད་ནས་ཤུགས་རྒྱབ་དགོས་རེད་།
མཁན་དབང་ཁོང་ནི་ནུབ་ཕྱོགས་ལྟ་བ་ཤུགས་ཆེན་ཡོད་པ་རེད་ཁོང་ལ་ཆོ་ག་དང་ཆོས་ལུགས་སོགས་ཕྱོགས་རིགས་མེད་པའི་མི་རེད་།
ང་ཚོས་ཚང་མའི་རྡོག་རྩ་ཅིག་བསྒྲིགས་ཀྱིས་ཤུགས་རྒྱབ་ན་བོད་ལ་བདེན་མཐའ་གསར་མགྱོག་གི་གསར་གྱི་རེད་།
བོད་ལ་སྲིད་འཛིན་དེ་བླ་མ་ཞིང་མ་ཡོང་བའི་སྨོན་ལམ་ཞུ་། ལོ་མི་ལོ་རྒྱབ་ཕྲག་གོང་ནས་བླ་མའི་སྲིད་བཟུང་ནས་ད་ལྟར་བར་དུ་
ལུས་སྡོད་ཡོད་པ་རེད་། བདེན་པ་ཡིན་མི་རང་གི་རྟགས་པ་བྱེད་དགོས་རེད་། དགེ་ལུགས་གཉིས་བཀའ་རྒྱུད་གཉིས་རྙིང་མ་བདུད་འཇམ་གཉིས་་ཆུ་སྒང་གཉིས་་པན་ཆེན་གཉིས་་ཆ་ཚང་ཡོང་ས་་ཅིག་ནས་རེད་
དོན་དངོས་ཐོག་རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ཟེར་མཁན་སུ་རེད། ངས་བལྟས་ན་ཧ་ཅང་ཉུང་ཉུང་ཞིག་ལས་ཡོད་པ་མ་རེད། དེ་ལ་རྒྱལ་བ་རིན་པ་ཆེ་ཡང་ཐུགས་ཕམ་བྱུང་དགོས་དོན་མེད་དམ་སྙམ། ངས་བལྟས་ན་མདུན་ནས་རྒྱལ་བ་རིན་པོ་ཆེའི་གསུངས་པ་ལ་མངོན་པར་སྟོད་ཅིང་། རྒྱབ་ནས་གདོང་འབག་གཞན་ཞིག་བེད་སྤྱོད་བྱེད་མཁན་རིགས་ལ་དངོས་གནས་ཐུགས་ཕམ་ཡོང་སྲིད་པ་རེད།
བོད་མི་མང་གྲོས་ཚོགས་ཀྱིས་ཚོགས་ཐོག་ཏུ་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་སྤྱི་མོས་བྱས་ཡོད་པ་རེད། འོན་ཀྱང་། རྒྱབ་ཏུ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འདོད་པ་མེད་ཚུལ་དངོས་སུ་ཤོད་མཁན་དང་། ཤུགས་ལ་རྣམ་འགྱུར་འཛིན་མཁན་གཉིས་ཀ་ཡོད་པ་དངོས་ཡོད་རེད་པ། དེས་ན་ཇི་ལྟར་བྱས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གྲོས་ཚོགས་ནང་སྤྱི་མོས་བྱུང་བ་རེད། ངས་ནི་འདི་ལྟར་བསམ་བློ་འཁོར་ཡོང་གི་འདུག རྒྱལ་བ་རིན་པོ་ཆེས་གྲོས་མགོ་བཏོན་ཅིང་། བཙན་བྱོལ་བོད་མི་བརྒྱ་ཆ་དྲུག་ཅུ་རེ་བཞི་ཡིས་བརྒྱ་སྐྱོར་ཐོབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་གྲོས་ཚོགས་ར་བའི་ནང་ནས་རྒྱབ་སྐྱོར་དང་མོས་མཐུན་ཡོད་མདོག་མདོག་གི་རྣམ་འགྱུར་སྟོན་ཅིང་། ར་བ་དེ་ལས་ཕེབས་ཚར་དུས་རང་ཉིད་ལ་ལྟ་བ་ལངས་ཕྱོགས་ཡོད་མདོག་དང་། རང་ཉིད་མི་རང་ཚིགས་ཅན་ཞིག་ཡིན་མདོག་སྟོན་ཆེད། ད་དུང་དེ་ལས་ཀྱང་ཐབས་སྐྱོ་བའི་ཚུལ་འཆོས་ཀྱི་གདོང་འབག་མང་པོ་ཞིག་གི་ཆེད་དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཁ་གཏོང་བ་དང་། སྐྱོན་བརྗོད་པ་སོགས་གནང་གི་འདུག་པ་དག་ནི་དངོས་གནས་ངོ་གཉིས་མ་རང་རེད།
ཐུགས་ཕམ་བྱུང་ན་འདི་དག་ལ་ཡོང་གི་རེད། ཕྱི་གསལ་ནང་གསལ་བྱས་ཏེ་དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་མི་གནང་མཁན་དག་ནི་དེ་བས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་ཡོང་དགོས་པ་འདྲ་ཞིག་མ་རེད་དམ། ཁོང་ཚོས་མ་མཐའ་ཡང་རྒྱལ་བ་རིན་པོ་ཆེ་ལ་མངོན་ལྐོག་རྒྱབ་མདུན་མེད་པའི་ལས་ཀ་གནང་གི་ཡོད་པ་རེད། མ་ཟད་ཁོང་ཚོས་(མི་རེ་ཟུང་ཕུད་)རྒྱལ་པ་རིན་པོ་ཆེ་ལ་དད་པ་དམ་ཚིག་དང་། གུས་ཞབས་བླ་ན་མེད་པ་གནང་གི་ཡོད་པ་རེད། དད་པ་དང་ཆབ་སྲིད་ཀྱི་ལྟ་བ་གཉིས་སོ་སོར་བྱས་ནས་རང་བཙན་གྱི་ལྟ་བ་མངོན་གསལ་དོད་པོས་རྒྱུན་འཁྱོངས་གནང་གི་ཡོད་པ་རེད། ངས་ནི་འདི་དག་ལ་གུས་ཞབས་དང་ཆེ་མཐོང་ཞུས་ཀི་ཡོད།
ལྷག་པར་ལྷག་ཏུ་བོད་ཀྱི་འཐབ་རྩོད་ཀྱི་ཀ་བ་ལྟ་བུའི་གཞོན་ནུ་ལྷན་ཚོགས་ཀྱིས་ནི་དུས་ནམ་གྱི་ཚེ་ཡང་རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བཅུག་མྱོང་མེད་པ་ཚང་མས་གསལ་པོ་ཤེས་དགོས་པ་རེད། འདས་པའི་ལོ་རྒྱུས་ནང་གི་གཞོན་ནུ་ལྷན་ཚོགས་དང་ད་ལྟའི་སྤྱི་ཚོགས་ནང་གི་གཞོན་ནུ་ལྷན་ཚོགས་གང་ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་ངོམས་སུ་འོས་པའི་ཚོགས་པ་ཞིག་ཡོད་པ་འདི་ཁོ་ན་ཡིན་པ་ཚང་མས་ཤེས་དགོས་པ་རེད། གཞོན་ནུ་ལྷན་ཚོགས་ལ་གནང་བའི་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དག་ལས་ཀྱང་གསལ་པོ་ཤེས་ཀི་རེད།
གོང་གསལ་གྱི་རྩོམ་ཡིག་དང་མཆན་བུ་ཚང་མ་ཞིབ་ཀློག་བྱས་པ་ཡིན། ང་ཡག་ཁྱོད་སྩོགས་ཀྱི་ཚིག་ཉོག་ཏག་ཏག་ལས་བརྗོད་དོན་དངོས་ལ་རེག་པ་དང་། གུས་ཞབས་ཡོད་པ། གུ་ཡངས་ཡོད་པའི་གཏམ་གླེང་རེ་ཟུང་ལས་མཐོང་མ་སོང་བས་དངོས་གནས་སེམས་ལ་སྐྱོ་སྣང་ཞིག་བྱུང་སོང་།
རྡ་སར་ལས་ཁུངས་རྫུན་མ་ཞིག་བཙུགས་ཡོད་པའི་(དབུ་མའི་ལམ་མི་མང་ལས་འགུལ་ཁང་།)དེས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་ཏིལ་འབྲུ་ཙམ་ཡང་བྱས་མ་མྱོང་ཟེར་ན་འགྲིག
འོན་ཀྱང་། དཀྲིགས་ཤིང་རྒྱག་མཁན་གྱི་གཞི་མ་ཡིན་པར་གདོན་མི་ཟ། ཉེ་ཆར་རྡ་སའི་ཚོགས་པ་བཅུ་གཅིག་གི་མཚན་རྟགས་བསྡུས་ནས་ཅིག་ཅིག་བྱས་ན་རྡུང་རབས་དང་མིག་མིག་བྱས་ན་ཁྲིམས་ལ་གཏུགས་རབས་བཤད་མཁན་གཙོ་བོ་ཡང་ཁོ་ཚོ་མ་ཡིན་ནམ།
དོན་ངོ་མི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེར་ཡང་སྐྱོན་བརྗོད་བྱེད་མི་ཆོག་པ་མ་རེད། འོན་ཀྱང་། སྐྱོན་བརྗོད་དེ་དོན་ལ་འབབ་མིན་གང་ཟག་སྒེར་སོ་སོ་ནས་ཞིབ་འཇུག་བྱེད་རྒྱུ་རེད།
གལ་སྲིད། རོ་མན་མི་སེར་ཞིག་གིས་ང་ཚོའི་རྒྱལ་ཁབ་དམངས་གཙོ་ཡིན། འོན་ཀྱང་། བླ་ཆེན་པོབ་ལ་སུ་ཞིག་གིས་ཀྱང་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཆོག་གི་མ་རེད་ཟེར་ན་ང་ཚོའི་རྣ་བར་འགྲོ་རྒྱུ་མ་རེད། དཔེར་ན་དང་ཆ་མཚུངས་རེད།
དམངས་གཙོའི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཡང་། གནད་དོན་དེ་འདྲ་ཐེངས་དུ་མར་བྱུང་མྱོང་འདུག དཔེར་ན། ཁ་རོན་ཤར་མའི་ལོས་ཟི་བོ་ཡ་རྒྱལ་ཁབ་ཀྱི་དམངས་གཙོའི་འཕེལ་རིམ་ལྟ་བུ་རེད། ད་དུང་ང་ཚོ་རིམ་པས་རིམ་པས་འགྲོ་རྒྱུ་རེད། འདི་གོང་ས་ཆེན་པོས་དགོངས་པ་ཡང་རེད། མི་སོ་སོར་ལེགས་ཉེས་དཔྱོད་པའི་ཤེས་རབས་དང་དཔྱད་བརྗོད་སྤེལ་བའི་སྤོབས་བ་དགོས།
དགོངས་དང་ཞུ་དགོས་ཟེར་ཡ་དེ་ཚོ་འབྲེལ་མེད་དོན་གཞན་གྱི་སྐད་ཆ་རེད། འོན་ཀྱང་། བོད་ཡིག་གཅིག་བུ་ཙམ་ལས་གཞན་སྦྱངས་མ་མྱོང་མཁན་ཞིག་ལ་མཚོན་ན་དེང་རབས་ཀྱི་ཤེས་ཡོན་དེ་འདྲ་མེད་པར་ང་ཚོས་བསམ་ཤེས་ཐུབ་དགོས་པ་ཞིག་ཀྱང་རེད།
བོད་མིའི་སྤྱི་ཚོགས་ལ་ཕན་མ་ཐག་རུང་གནོད་མ་སྐྱེལ་ཐུགས་རྗེ་ཆེ།
ཁ་གཅིག་གྲགས་ན་རྒྱ་མིའི་སོ་བ་དང་།།
ཁ་གཉིས་གྲགས་ན་དོལ་རྒྱལ་རྗེས་འབྲང་ཟེར།།
ཁ་སེམས་མཐུན་སྒྲིལ་མེད་པའི་དྲ་གྲོགས་ཚོ།།
ཁ་རོགས་རང་ཡུལ་ཕྱོགས་སུ་ལན་གཅིག་ལྟོས།།
ཚིག་རྩོག་ཚིག་ངན་བརྗོད་ལ་མ་འབད་པར།།
དོན་ལྡན་རིག་པ་སྒྲུབ་ལ་མཆན་ཞིག་ཞོག།
ལྷག་བསམ་རྣམ་དག་དོན་ལྡན་ཡོད་པ་ན།།
ཁ་རྩོད་ནང་ལ་མ་རྒྱག་ཕྱི་ལ་རྒྱོབ།།
རྒྱ་མའི་སོ་བ་ཞེས་སུ་ལའང་ཟེར་མྱོང་མེད། ཤར་ཁུག་གི་ལས་ཀ་བྱེད་སྟསང་ལ་རིམ་པ་བཞིན་དུ་ལྟས་ན་ངོ་མ་དོགས་པ་ཞིག་སློང་གི་འདུག།
ཕྱི་དགྲ་དགྲ་བོ་ཡོངས་གྲགས་སྐྲག་དོན་མེད།།
ནང་དགྲ་དགྲ་བོ་མི་མངོན་བདུད་རྒན་དག།
དུས་ནས་དུས་སུ་ཡན་གར་མ་གཏོང་བ།།
བདེན་མཐའ་གསལ་ལ་དགོས་པའི་སྤོབས་པ་ཡིན།།
རྒྱ་མི་གུང་བྲན་དོལ་རྒྱལ་ཚོགས་པ་སོགས།།
དགྲ་བོ་ཡིན་པ་འཛམ་གླིང་ཡོངས་གྲགས་རེད།།
གསལ་ལ་མ་གསལ་མངོན་ལ་མ་མངོན་པར།།
མང་གཙོ་ལ་སོགས་དགོངས་གཞི་དཀྲུགས་བྱེད་དུ།།
བེད་སྤྱོད་གནང་བ་འདི་རྣམས་མ་ཕམ་ན།།
བོད་ལ་སྐྱིད་པའི་ཉི་མ་ཅི་ལྟར་ཤར།།
མཆན་མང་དག་ཅིག་བཀོད་ནས་འདུག་ཀྱང་དོན་དུ་འཁེལ་ཞིང་གནད་ལ་ཕིག་པའི་གཏམ་ཞིག་མ་མཐོང་སོང་བས་འཕུར་ནས་འགྲོ་་་་་་་
༧གོང་ས་མཆོག་ཐུགས་ཕམ་བྱུང་གཏན་ནས་མི་སྲིད། ལྔ་དགུའི་ལོར་རྒྱ་དམར་གྱིས་དྲག་དམག་གི་ལག་ཏུ་བོད་རྒྱལ་ཁབ་ཤོར་ནས་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡང་ཐུགས་ཕམ་མེད། ཆེས་ཐབས་སྡུག་གི་སྐྱབས་བཅོལ་གྱི་སྒྲིགས་འཛུག་ཐོག་མར་འཛུག་སྐབས་ཀྱི་སྐུ་ངལ་དག་གིས་ཐུགས་ཕམ་མེད། ལི་ཐང་ཨ་ཐར་སོགས་ཀྱིས་བོད་སོག་ལས་ཁུངས་གྱིས་ངན་སྐུལ་དང་དུ་ལེན་དུས། གུང་ཐང་ཚུལ་ཁྲིམས་སོགས་ཀྱིས་རང་གཞུང་དང་མི་མང་བར་རྒྱུ་དངོས་ཀྱིས་འགལ་བ་གཏོང་སྐབས། སྐུ་དྲག་ཚོས་སྔར་རྒྱུན་གྱི་གོ་ས་མཁྲེགས་འཛིན་གྱི་བློ་ངན་འཆིང་སྐབས། ང་ཚོའི་དབུ་ཁྲིད་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ཐུགས་ཕམ་མྱོང་མེད། དེང་སྐབས་བོད་ཡོངས་ལ་མི་རིགས་ཀྱི་ལ་ཞེན་དང་། གཅིག་སྒྲིལ་གྱི་འདུ་ཤེས་སྔ་ལས་ཟབ་ཏུ་འགྲོ་བཞིན་པ་་དང་། བོད་ཀྱི་གནད་དོན་རྒྱལ་སྤྱི་ཅན་དུ་ཕྱོགས་པ་དང་། ཁོང་གིས་ཐུགས་འདོད་ལྟར་བཙན་བྱོལ་བོད་གཞུང་མང་གཙོ་ཡང་དག་པར་བསྒྱུར་ཐུབ་པ་སོགས་ཀྱིས་ཁོང་ཐུགས་སྔར་ལས་དགྱེས་བཞིན་ཡོད་པ་རྟོགས་ཐུབ། མ་གཞི་༧གོང་ས་མཆོག་ནི་དཀྲོག་གཏན་རེ་ཟུང་གིས་ཐུགས་ཕམ་འགྲོ་བ་ཞིག་གཏན་ནས་ཡིན་མི་སྲིད། ཁོང་གི་མཁྱེན་རྒྱ་ནི་ནམ་མཁའི་མཐའ་དང་། ཁོང་གི་ཐུགས་སྤོབས་ནི་རི་རྒྱལ་ལྷུན་པོ་བཞིན་ནམ་ཡང་མཉམ་མི་སྲིད།
ང་ནི་ཕྱི་དགྲ་ལ་མི་སྐྲག་ ནང་དགྲ་ལ་སྐྲག། སེམས་ལ་ཡང་ན་ཟུག་ནང་དགྲ་ཆེ།། སྤུན་ཟླ་ཚོ། ཁ་སེམས་མཐུན་ནས་འགྲོ་ཡ་།།
སེམས་པ་ཡག་པོ་བྱོས་རོགས་་་་་་་་་་་་རྡོག་རྡོག་ཡིན་་་་་་་་་་་་་་་ཁེ་ཕན་ལ་བསམ་བློ་མ་གཏོང་རོགས་་་་་་་་་་་་་་
གཤམ་གསལ་དབྱིན་ཚིག་འདི་ལ་བོད་འགྲེལ་གནང་ཐུབ་མཁན་སུ་ཡོད་དམ།
Einstein stated: “The reactionary politicians have managed to instill suspicion of all intellectual efforts into the public by dangling before their eyes a danger from without. Having succeeded so far they are now proceeding to suppress the freedom of teaching and to deprive of their positions all those who do not prove submissive, i.e. to starve them.” His advice: “Every intellectual who is called before one of the committees ought to refuse to testify, i.e. he must be prepared for jail and economic ruin, in short, for the sacrifice of his personal welfare in the interest of the cultural welfare of his country.” Concluding, Einstein said, “If enough people are ready to take this grave step they will be successful. If not, then the intellectuals of this country deserve nothing better than the slavery which is intended for them.”
མི་སུ་དང་སུ་ཡིན་པ་མིང་སྨོས་ནས་བཤད་ན་འགྲིག་པ་རེད། མིང་གཅིག་ཀྱང་བཏོན་རྒྱུ་མེད་པར་གཅིག་བཤད་ཡོང་དུས་དཀྲུགས་ཤིང་ཡིན་ན་བསམས་ཡོང་གི་འདུག མིའི་མིང་བཏོན་ན་རྒྱལ་ཁབ་དང་ལུང་པ་ཚང་མའི་ནང་ཉེས་ཅན་བརྒྱ་ཕྲག་མང་པོར་སྐྱོན་བརྗོད་ཙམ་ཡིན་པར་འཛིན་བཟུང་བཙོན་འཇུག་སོགས་བྱེད་ཀྱི་ཡོད་ཀྱང་སྤྱི་ཚོགས་ལ་འཁྲུགས་གང་ཡང་ཐེབས་ཀྱི་མེད། མིང་བཏོན་ན་ཕར་ཕྱོགས་དེས་ཀྱང་དག་འབུད་བྱེད་ཀྱི་རེད་ལ་དེ་དུས་སུ་བདེན་སུ་རྫུན་གསལ་པོ་ཤེས་ཐུབ། དེ་མིན་སུ་ཡིན་འདི་ཡིན་མེད་པར་གཅིག་བྱས་པ་དང་བྱེད་སྡོད་ཀྱིད་ཡོད་པ་འདྲ་པོ་མི་ཕན་ཚུན་དོགས་པ་རྣམ་རྟོག་ནང་ཡིད་ཆེས་མེད་པ་དང་འཆམ་མཐུན་མི་ཡོང་བ་གཅིག་སྒྲིལ་གཏོར་ཐབས་བྱས་པ་འདྲ་བ་ཞིག་ལས་གང་ཡང་མི་འདུག
མཆན་དང་པོ་འཇོག་མཁན་དྲང་གཏམ་གྱི་བུ་ལགས།༼ གོང་ས་མཆོག་གི་བཀའ་དྲིན་གྱི་འཚོ་བཞིན་དུ་བོད་བསྟན་སྲིད་ཀྱི་དགྲ་བོ་༧གོང་ས་མཆོག་ལ་གཞི་མེད་བསྐུར་འདེབས་སྣ་ཚོགས་ཞུ་བཞིན་པ་༽ ཚིག་འདིའི་ནང་དོན་ཅི་རེད། འབྲི་མི་ཤེས་ན་ཤེས་མདོག་མ་བྱེད། སྔོན་ལ་རྣམ་དབྱེ་བདུན་པོ་རེ་རེ་བཞིན་ཟླ་རེ་ལ་སྦྱོངས་ཤིག
༥༩ ཕྱི་དགྲ་དགྲ་བོ་རྒྱལ་བ་ཁོ་ནར་སྐྲག །
ནང་དགྲ་དགྲ་བོ་ཚང་མའི་ཁོག་ན་འདུག །
དུས་ནས་དུས་སུ་ཡན་གར་གཏོང་འདོད་མེད། །
བདེན་གཏམ་གསལ་བའི་ཐབས་ཤིག་གསུངས་རོགས་གནང་། །
༥༧ ཁ་གཅིག་གྲགས་ཀྱང་གྲགས་ས་སྣ་ཚོགས་ཡོད། །
རྗེས་སུ་འབྲངས་ཀྱང་འབྲངས་ཡུལ་སྣ་ཚོགས་ཡོད། །
མི་མང་ཁ་ལ་ཡེ་ཤེས་སྤྱན་མེད་ན། །
ཁྱི་ངན་ཀུ་ཅོ་རང་ལ་ཟུག་དོན་མེད། །