ལྷོ་ཕྱོགས་ཉི་ཟླ།
མི་ནི་རང་བཞིན་ལྷན་སྐྱེས་ཀྱི་སྨྲ་ཤེས་ཤིང་དོན་གོ་བའི་དབྱེ་འབྱེད་ཀྱི་ནུས་བ་དང་མཆོག་ཏུ་གྱུར་བའི་རྣམ་དཔྱོད་ཞིག་གི་དྲང་ཚུགས་སུ་གནས་ཐུབ་པ་ཕལ་ཆེར་རང་ཆས་སུ་གྲུབ་ཡོད།
ཡིན་ཡང་དེང་སང་མི་འགྱུར་ནས་དུས་རབས་འགྱུར་འགྲོ་བའི་ཧ་ཅང་གི་ཚད་ཆེན་པོ་ཞིག་དང་དཀའ་ངལ་དཔག་ཏུ་མེད་པ་ཞིག་མི་ཚང་མ་ལ་རང་བཞིན་གྱི་ཡོང་བསྡད་ཡོད་པ་དངོས་མཐོང་ཡིན།
མི་བུ་ཁ་ཤས་ཞིག་གིས་ཁ་སང་གི་སྐྱོ་གུར་གྱི་གཏམ་རྒྱུད་དང་སང་ཉིན་མུན་ནག་གི་རི་གྲོང་ཡོད་ཚད་ལ་བསམ་བློ་ཅི་ཡང་མི་གཏོང་བ་མ་ཟད་ལོ་རེ་ནས་ལོ་རེར་དོན་མེད་ཀྱི་འུར་སྒྲ་དང་སྨྱོན་གཏམ་བཤད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདི་ཆེས་མཚར་བའི་སྐྱོ་སྡུག་གི་ཉིན་མོར་ཞིག་རེད།
འདི་དག་ནི་འགྲོ་བ་མི་ཞིག་ལ་མཚོན་ན་རང་བཞིན་གྱི་འཚོལ་དགོས་བའི་གྲུབ་ཆ་ཞིག་དང་སྟོང་ཆ་ཁོ་ན་ལས་གཞན་མ་འདས་སོ།
ཡིན་ཡང་། སྤྱི་ཚོགས་དང་དུས་རབས་བསམ་བློ་དང་སློབ་གསོའི་ཁ་ཕྱོགས་སོགས་གཅིག་ཏུ་སྤུངས་མ་ཐུབ་པའི་དཀའ་ངལ་ཞིག་གི་འོག་ནས་ཁྱེད་ཀྱི་རྔ་རྡུང་དང་བདག་གིས་སྤྲོ་འཁྲབ་ཀྱི་ཡིན་ཅེས་དཔེ་ལྟར་དུ་ད་དུང་ཡང་བཙན་འོག་ཏུ་ལྷག་བསྡད་ཡོད་པ་མ་ཟད་མུ་མཐུད་དུ་ཡང་གནས་མི་དགོས་བའི་ངེས་བ་གཏན་ནས་མེད།
གཞི་ནས་བསམ་བློ་ཞིག་བཏང་ན་ཕྱི་སྒྲིབ་ནང་སྒྲིབ་ཀྱི་མི་རིགས་ཤིག་དང་ཕྲག་དོགས་དང་འགྲན་སེམས་ཆེ་བའི་སྤྱི་ཚོགས་མགོ་སྟོང་འདི་དུས་ནས་དུས་སུ་འགྱུར་བ་ཞིག་མ་ཕྱིན་བར་དུ་རྒྱལ་ཐུབ་པ་ཞིག་ག་ལ་སྲིད།
ང་དང་ཁྱོད་ཅེས་བའི་ཐ་སྙད་སྐམ་པོ་ཞིག་བདག་ཏུ་གཉེར་ནས་གཅིག་གི་གདོང་ལ་གཅིག་མཆོངས་ནས་རང་རྒྱལ་དང་གཞན་ཕམ་གྱི་བསམ་བློ་ཁུག་ལྕོགས་ཁོ་ན་འདི་དོན་དུ་གཉེར་བྱ་དང་སྒྲུབ་བྱ་ཡིན་བསམ་པའི་བློ་མིག་སྒེར་གཅོད་ཀྱི་བྱ་ལས་འདི་དུས་ནས་དུས་སུ་སྙིང་ལ་སིག་ཀྱང་སེམས་ལ་བཅིངས་ཡང་རང་རྒྱལ་ཁོ་ན་ཞིག་ཅི་ནས་ཀྱང་ཡོང་ཐབས་མེད།
འདི་དག་ནི་མི་བུ་སྒེར་གྱི་ཅུང་རྒུད་ཞིག་དང་སྤྱི་ཚོགས་འདིར་འདར་སིག་ཞིག་ཐེབས་པ་ལས་མེད་སྟབས་གཞན་ལ་ཕན་པའི་བསམ་བློའི་གྲུབ་ཆ་དུལ་འབྲུ་ཙམ་ཡང་མེད་པ་མ་ཟད་མཐུན་སྒྲིལ་དང་གཅིག་སྒྲིལ་སོགས་ལ་གནོད་ཚབས་ཆེ་བའི་མི་རེ་ངོས་རེ་ནས་བསམ་བློ་གུ་ཡངས་ཀྱི་སྒམ་དཀྱིལ་དུ་གནས་ཐུབ་ན་ཅི་མ་རུང་སྙམ།
་ 2011.6.12
ཡདེང་སང་མི་འགྱུར་ནས་དུས་རབས་འགྱུར་འགྲོ་བའི་ཧ་ཅང་གི་ཚད་ཆེན་པོ་ཞིག་དང་དཀའ་ངལ་དཔག་ཏུ་མེད་པ་ཞིག་མི་ཚང་མ་ལ་རང་བཞིན་གྱི་ཡོང་བསྡད་ཡོད་པ་དངོས་མཐོང་ཡིན། ཟེར་བ་བདེན་པ་རེད། མི་ལ་མི་བུ་ཟེར་བརྗོད་ནས་མཁས་མདོག་དང་སྔོན་མཐོན་ཡིན་མདོག་བྱེད་མཁན་ཡང་གང་མང་འདུག
རྩོམ་ཡིག་དང་མཆན་བུ་གཉིས་ཀར་ཡིག་ནོར་མང་དྲག་ནས་དོན་དག་རྡོག་རྡོག་ཅིག་རེག་མ་སོང་། དགོངས་དག་ཞུ། ཧ་ཧ་ཧ
གནད་འགག་མིན་འདུག་གཡུག་ཞོག
ཀློག་པ་པོར་མཚོན་ན་རྩོམ་ཡིག་གང་འདྲ་ཞིག་ཡིན་ཡང་དེའི་གཟས་ཕྱོགས་སམ་མདོང་སྣེ་གཏད་ས་དང༌། སྤྱི་ཚོགས་འགན་འཁུར། དཔྱད་དོན་གྲུབ་འབྲས། རྩོམ་གཤིས། སྒམ་བརླིང༌། དཀྱེལ་ཡངས་སོགས་ངེས་པར་མཐོང་ཐུབ་པ་བྱ་རྒྱུ་གལ་ཆེར་མཐོང༌། དེ་མཐོང་བས་རྩོམ་པ་པོ་གང་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཁོངས་མི་ཞིག་ནས་མི་རིགས་ཀྱི་སྤྱི་ཚོགས་འགན་འཁུར་བའི་གྲལ་དུ་འཁོད་ནས། མི་རིགས་ཀྱི་རྒྱབ་མདུན་ལ་བསམ་བློ་གཏོང་མཁན་ཞིག་ཡིན་མིན་ཡང་གསལ་པོར་མཐོང་ཐུབ། དེར་བརྟེན་ལྷོ་ཕྱོགས་ཉི་ཟླར་མཚོན་ནའང༌། ཁོང་གི་རྩོམ་ཡིག་ལས་ཁོ་རང་མི་རིགས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་འགན་འཁུར་ཕྲག་ཏུ་ལེན་མཁན་ཞིག་ཏུ་མཐོང་ཐུབ་པ་མ་ཟད། རང་གཞུང་དང་རང་མི་རིགས་ཀྱི་གོང་ན་མེད་པ་དག་གི་ཐག་གཅོད་གྲུབ་འབྲས་ལ་གཟུ་བོར་གནས་ཞིང་དགེ་གཉེན་ངོ་ཤེས་པ་སྒོས་དཔྱད་བརྗོད་སྤེལ་མཁན་ཞིག་ཏུ་མཐོང༌།
དྲ་གྲོགསdawaལ་ཕེབས་པ་ཙམ་མ་ཟད་རྒྱབ་སྐྱོར་དང་ངོ་བསྟོད་མི་ཉུང་བ་ཞིག་བྱས་འདུག་པས་སེམས་སྟེང་ནས་ཐུགས་རྗེ་ཆེའོ་། དེང་སང་བོད་པའི་སྤྱི་ཚོགས་འདི་ཞེ་དྲག་འཁྲུག་པོ་འདུག་པས་མི་རེ་ངོས་རེ་ནས་བསམ་ཤེས་རེ་དང་མགོ་མཇུག་བར་གསུམ་དུ་བསམ་གཞིགས་ནན་མོ་རེ་གཏོང་རྒྱུ་འདི་ཁ་ཚ་དགོས་གཏུགས་རེད་སྙམ།
གཞན་དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་གསུངས་བ་བཟང་ངོ།