འབྲི་མཁན། ཚེ་རིང་།
རང་གིས་བདམས་པའི་དཔོན་པོ་དེ་སྐྱག་ལང་དུ་འགྲོ་མི་འཇུག་པ་ནི། མང་གཙོའི་ལམ་ལུགས་ལ་མོས་གུས་གནང་བའི་མི་མང་གི་འོས་འགན་ཞིག་རེད། གཤམ་གསལ་གྱི་དྲི་ཚིག་ ༡༡ དེས་བོད་ལ་མང་གཙོ་ཡང་དག་པ་ཞིག་དར་བའི་སྨོན་ལམ་ཞུ།
༡༽ འདས་པའི་ལོ་ངོ་བཞིའི་རིང་ལ་བློ་བཟང་སེང་གེ་ལགས་ཀྱིས་སོ་སོའི་རྐུབ་སྟེགས་དང་བོད་དོན་གཉིས་ལས་གང་ཞིག་ཆེས་གལ་ཆེ་བར་བརྩིས་ནས་ཕྱག་ལས་གནང་འདུག་གམ། ད་ལྟའི་ཆར་ཡང་ཁོང་གིས་གང་ཞིག་གལ་ཆེ་ཤོས་བྱས་ནས་བཀའ་མོལ་གནང་གིན་འདུག་གམ།
༢༽ ཆིག་སྒྲིལ་ནི་བོད་ཀྱི་རང་དབང་སླར་གསོ་བྱ་བྱེད་ཀྱི་སྲོག་རྩ་ཡིན་པའི་ཆ་ནས། འདས་པའི་ལོ་བཞི་ལྷག་རིང་ལ་བློ་བཟང་སེང་གེ་ལགས་ཀྱིས་དེ་ཐོག་ལ་ཕན་གནོད་ཀྱི་ཕྱག་ལས་གང་དང་གང་འདྲ་བྱས་འདུག་གམ།
༣༽ བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་འདོད་བློ་མ་ཁེངས་ཏེ་བཀའ་ཤག་ནས་ལས་མཚམས་བཞག་པ་དེ་དང་། ཁོ་མོས་བཀྲམས་པའི་དོན་ཚན་དགུ་ཅན་གྱི་ཡིག་ཆ་དེས་ང་ཚོ་ལ་གོ་བརྡ་ག་རེ་གཏོང་གི་འདུག་གམ།
༤༽ བློ་བཟང་སེང་གེ་ལགས་ཀྱི་ཐོག་ན་གནའ་སྔ་མོའི་བོད་ཀྱི་སྐུ་དྲག་ཚོའི་བྱེད་སྟངས་ལས་སྟངས་འགའ་འདུག་གམ་མི་འདུག གལ་སྲིད་ཡོད་ན་ག་ཚད་ཙམ་འདུག་གམ། ག་རེ་བྱས་ནས་་་་་
༥༽ མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བློ་བཟང་སེང་གེ་ལགས་ཀྱིས་དབུ་ཁྲིད་པའི་བཀའ་ཤག་གིས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་དུས་ཆོས་སྐྱོང་ལ་བཀའ་ལུང་ཞུས་ནས་སྲིད་ཇུས་གཏན་ལ་འབེབ་ཀྱི་འདུག བྱེད་སྟངས་དེས་གང་ཞིག་མཚོན་གྱི་འདུག་གམ།
༦༽ བོད་ཀྱི་དཔའ་བོ་དཔའ་མོ་རྣམས་གཙོས་པའི་དྲང་བདེན་ལ་མོས་གུས་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་མི་མང་ལ་ཡིད་ཆེས་བྱེད་པ་ལས། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་འགྱུར་བ་ལ་རེ་བཅོལ་བྱས་དང་བྱེད་ཀྱིན་པ་དང་། ད་དུང་ཡང་མུ་མཐུད་ནས་བྱ་དགོས་ངེས་ཡིན་ཞེས་ཡང་ཡང་གསུངས་པ་དེས་ག་རེ་སྟོན་གྱི་འདུག་གམ།
༧༽ བཀའ་ཤག་གིས་རྒྱ་ནག་གི་མཁས་དབང་དང་ཚོང་པ། ནང་པ་སོགས་བརྒྱུད་ནས་བོད་རྒྱ་གྲོས་མོལ་གནང་རྒྱུ་དེ་འདས་པའི་སྲིད་ཇུས་ལ་བཟུང་བ་དང་། ད་དུང་མུ་མཐུད་ནས་དེ་ལྟར་འཛིན་གྱི་ཡིན་ན། རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་གིས་བོད་རྒྱ་གྲོས་མོལ་ལ་དམིགས་བསལ་གྱིས་གནང་རྒྱུ་ག་རེ་ལྷག་འདུག་གམ།
༨༽ ཆབ་སྲིད་ཀྱི་ལྡོག་ཕྱོགས་ཚོགས་པ་ཞིག་མེད་ན་ཨ་མེ་རི་ཀ་ལྟ་བུར་མི་མང་གི་མངོན་འདོད་ཀྱིས་དབང་སྒྱུར་དང་སྣེ་ཁྲིད་པའི་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཧ་ལམ་ཡོང་མི་སྲིད། འདས་པའི་ལོ་བཞི་ལྷག་ཙམ་རིང་རྡ་རམ་ས་ལའི་ཆབ་སྲིད་ཀྱི་ལྡོག་ཕྱོགས་ཚོགས་པའི་ནུས་པ་ཡར་རྒྱས་སུ་ཕྱིན་འདུག་གམ། ཡང་ན། ཉམས་ཆག་ཏུ་ཕྱིན་འདུག་གམ།
༩༽ འདས་པའི་ལོ་ཁ་ཤས་རིང་བོད་ཀྱི་ཆབ་སྲིད་ཁྲོད་དུ་གཞོན་ནུ་ལྷན་ཚོགས་ཀྱི་ནུས་པ་དེ་ཇེ་ཆེར་ག་ཚོད་ཙམ་འགྲོ་ཐུབ་འདུག་གམ།
༡༠༽ འདས་པའི་ལོ་བཞི་རིང་བཀའ་ཤག་གི་དབུ་ཁྲིད་གཙོ་བོ་དེ་རྒྱ་གར་གྱི་ཕྱི་ལོགས་ལ་ཐེངས་ག་ཚོད་ཙམ་ལ་ཕེབས་འདུག་གམ། དེ་འདྲའི་ཐེངས་མང་པོ་དང་ཡང་ཡང་ཕེབས་ཀྱི་ཡོད་པ་དེས་ག་རེ་མཚོན་གྱི་ཡོད་པ་རེད་དམ།
༡༡༽ མིང་དོན་མཚུངས་པའི་རང་སྐྱོང་དེ་གལ་ཏེ་བཀའ་ཤག་གི་གཞི་རྩ་ཞིག་ཡིན་ན། སྲིད་ཇུས་དེར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ལས་དོན་སྤེལ་མཁན་གྱི་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་སོང་བར། བཀའ་ཤག་དང་བཀའ་ཤག་གི་དབུ་ཁྲིད་གཙོས་ས་གླིང་ཚ་ཚེ་བརྟན་རྡོ་རྗེའི་བུ་ཕྲུག་གཉིས་དང་བཟའ་ཟླ་བཅས་ལ་རྒྱབ་སྐྱོར་དང་རོགས་སྐྱོབ་ག་རེ་གནང་ཡོད་དམ། ཅི་ཡང་མ་གནང་བ་དེས་ག་རེ་སྟོན་གྱི་ཡོད་དམ།
ཟླ་ཚེས། ༣ ། ༡༡ ། ༢༠༡༦ ལ།
ཞབས་བྲོ་འདི་ལ་གནད་ཅིག གུག་ཙམ་བྱས་ཏེ་བརྒྱབ་ཤོག
གོང་བཀོད་རྩོམ་ཡིག་དང་འབྲེལ་མེད་མཆན་ཞིག་འགོད་པར་དགོངས་འགལ་མེད་པ་ཞུ།
ཧ་ཧ་ཧ། ཆུ་སྐྱེས་སྒྲོལ་མ་ཟེར་བ་འདི། སྔོན་མ་བོད་རིག་པའི་ཚོགས་འདུ་ཚོགས་ཤིག་ཁེ་ཎ་ཌའི་ནང་སྐོང་སྐབས།བཟའ་ཟླ་གཉིས་ཀ་ཚོགས་བཅར་བྱས་ཏེ་རྒད་པོ་རྡོ་དབང་ཕྱིར་རྒྱ་གར་དུ་ལོགས་པ་དང་མོས་ཁེ་ཎ་ཌིར་ནང་དུ་སྐྱབས་བཅོལ་ཞུས་ནས་སྡོད་མཁན་དེ་མ་རེད་དམ། ཁྱེད་ཀྱིས་སྐྱབས་བཅོལ་ཞུས་པར་མི་དགའ་བ་གཏན་ནས་མིན་ཡང་།རང་དོན་འགྲུབ་ན་ཆ་ལུགས་ངན་ན་ངན་ཟེར་བའི་ཀུན་སྤྱོད་དེས་ དེ་རྗེས་ཀྱི་བོད་རིགས་ཚོགས་བཅར་མང་པོའི་ལམ་ཁ་འགག་ཡོད་སོང་བ་ཤེས་ཡོད་ཤག ུ
ངས་བློ་སེང་ལ་རྒྱབ་སྐྱོར་མི་བྱེད་པའི་རྒྱུ་མཚན།
༡། བོད་རྒྱ་ཞི་མོལ་ཆད་ནས་རྒྱུན་མཐུད་མ་ཐུབ་པ།
༢། གྲོས་ཚོགས་སུ་ལན་འདེབས་ཁ་གསལ་མ་བྱས་པ།
༣། གཏན་འཇགས་སློབ་གྲྭ་དང་། འབུམ་ཐར་དགེ་འོས་མཐོ་སློབ་སོགས་ཀྱི་གནད་དོན་ལས་ཤེས་རིག་ལས་ཁུངས་དཀའ་ངལ་ནང་ལྷུང་པ།
༤། འཕྲོད་བསྟེན་བཀའ་བློན་གྱི་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་ལ་བཀའ་ཤག་ནས་ཐག་གཅོད་ཡག་པོ་མ་བྱུང་བ།
༥། དབུ་དཀར་ཚང་སྐལ་རྡོར་གྱི་༸རྒྱལ་བའི་སྐུ་པར་མར་ཕབ་ནས་བློ་སེང་གི་པར་བཞག་པ་དེ་ལ་ཐག་གཅོད་གང་ཡང་མ་བྱས་པ།
༦། ཨ་རིར་༸རྒྱལ་བའི་སྐུ་ཕྱར་འཐུས་ཤོར་ཐེངས་གཉིས་བྱུང་བར་འགན་འཁྲི་བརྩད་གཅོད་ཁ་གསལ་མ་བྱས།
༧། ཨ་སྒོར་འབུམ་གཉིས་དང་ཁྲི་དྲུག་དོགས་གཞི་ལ་ཁ་གསལ་གཏིང་གསལ་གྱི་ལན་འདེབས་མེད་པ།
༨། དོལ་ཚོགས་ལ་ཁ་གཏད་མ་བཅག་པར་རྒྱ་ཡན་དུ་བཏང་བ།
༩༽ བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་སྲིད་སྐྱོང་ལ་རྒྱབ་མ་བྱས་པ་དེས་བརྡ་ལན་གལ་ཆེན་ཞིག་བྱུང་བ།
༡༠༽ དང་པོ་བགྲོ་གླེང་སྡིང་ཆར་ཕེབས་འདོད་མ་བྱས་པ། གཉིས་པ་བགྲོ་གླེང་རིམ་པའི་ཞལ་རྫུན་གསུངས་པ།
༡༡༽ དུས་དབང་གི་གནས་ཚུལ་གཙང་མ་ཆགས་མེད་པ།
༡༢༽ དེ་རིང་ན་ཆུང་གཉིས་ཀྱི་རང་ལུས་མེར་སྲེག་བཏང་། སང་ཉིན་སྲིད་སྐྱོང་གིས་སྲང་ལམ་དུ་གཞས་བཏང་བ།
༡༣༽ འོས་བསྡུའི་ལས་རིམ་ནང་སྒེར་གྱི་ཆེད་དུ་གཞུང་གི་ཡོད་ཚད་བེད་སྤྱད་པ།
༡༤༽ འོས་བསྡུའི་དྲིལ་བསྒྲགས་རྒྱལ་བའི་མཚན་བེད་སྤྱོད་མང་དྲགས་པ།
༡༥༽ བོད་ལ་རྒྱལ་ཁབ་བྱུང་མྱོང་མེད་ཅེས་བཤད་པ།
༡༦༽ ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། ཆེད་ལས་པ་འབུམ་བཏོན་རྒྱུའི་ཁས་ལེན་རྒྱབ་སྐྱུར་བྱས་པ།
༡༧༽ རང་བཙན་དང་དབུ་མའི་ལྟ་བ་ངེས་གསལ་མེད་ལ། དེ་གཉིས་ལ་འགལ་བ་བྱུང་དུས་བར་འདུམ་བྱས་མེད་པ།
༡༨༽ འཛིན་སྐྱོང་གི་ལས་དོན་སྤྱི་ཡོངས་ལ་གྲུབ་འབྲས་བྱུང་མེད་པ།
༡༩༽ མ་འོངས་པའི་ལས་འཆར་མེད་པ།
༢༠༽ ནམ་རྒྱུན་ནས་ནོར་འཁྲུལ་ཁས་ལེན་མ་བྱས་པ་དེ་ནོར་འཁྲུལ་ཆེན་པོ་བཟོས་པ་བཅས་སོ།
གོང་གསལ་རྒྱུ་མཚན་ཉི་ཤུ་ལ་བརྟེན་ནས་ཁོང་མུ་མཐུད་ ༢༠༡༦ སྲིད་སྐྱོང་ལ་རྒྱབ་སྐྱོར་ཞུ་ཐུབ་མ་སོང་། །
༡། བོད་རྒྱ་ཞི་མོལ་ཆད་ནས་རྒྱུན་མཐུད་མ་ཐུབ་པ།
བོད་རྒྱ་ཞི་མོལ་དང་པོ་ཆད་ཡོད་པ།
༢། གྲོས་ཚོགས་སུ་ལན་འདེབས་ཁ་གསལ་མ་བྱས་པ།
གྲོས་ཚོགས་སུ་ཚོགས་གཙོས་བསྟོད་པ།
༣། གཏན་འཇགས་སློབ་གྲྭ་དང་། འབུམ་ཐར་དགེ་འོས་མཐོ་སློབ་སོགས་ཀྱི་གནད་དོན་ལས་ཤེས་རིག་ལས་ཁུངས་དཀའ་ངལ་ནང་ལྷུང་པ།
དཀའ་ངལ་མེད་པའི་སྲིད་སྐྱོང་གི་ལས་ཀ་མེད་པ་ནི། ཆོས་ཉིད་རེད།
༤། འཕྲོད་བསྟེན་བཀའ་བློན་གྱི་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་ལ་བཀའ་ཤག་ནས་ཐག་གཅོད་ཡག་པོ་མ་བྱུང་བ།
ཐག་གཅོད་ཕར་ཞོགས། དོན་རྐྱེན་བྱུང་ཡོད་མེད་ཤེས་མ་སོང་བས་་་ ལན་མེད།
༥། དབུ་དཀར་ཚང་སྐལ་རྡོར་གྱི་༸རྒྱལ་བའི་སྐུ་པར་མར་ཕབ་ནས་བློ་སེང་གི་པར་བཞག་པ་དེ་ལ་ཐག་གཅོད་གང་ཡང་མ་བྱས་པ།
ལབ་ལོངས་བྱུང་ཟིནད་ལ། ཐག་གཅོད་ཡང་བྱུང་ཟིན།
༦། ཨ་རིར་༸རྒྱལ་བའི་སྐུ་ཕྱར་འཐུས་ཤོར་ཐེངས་གཉིས་བྱུང་བར་འགན་འཁྲི་བརྩད་གཅོད་ཁ་གསལ་མ་བྱས།
དེའི་སྐོར་ནི། ཤོད་དཀའ་ཙམ་རེད།
༧། ཨ་སྒོར་འབུམ་གཉིས་དང་ཁྲི་དྲུག་དོགས་གཞི་ལ་ཁ་གསལ་གཏིང་གསལ་གྱི་ལན་འདེབས་མེད་པ།
ལན་བཏབ་སོང་། ལན་ལ་ཁྲིམས་ཐུག་བྱེད་མཁན་བྱུང་མ་སོང་།
༨། དོལ་ཚོགས་ལ་ཁ་གཏད་མ་བཅག་པར་རྒྱ་ཡན་དུ་བཏང་བ།
དེ་ཡང་ཤོད་དཀའ།
༩༽ བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་སྲིད་སྐྱོང་ལ་རྒྱབ་མ་བྱས་པ་དེས་བརྡ་ལན་གལ་ཆེན་ཞིག་བྱུང་བ།
བདེ་ཆོས་ཀྱིས། བཽ་སེང་ལསག་ལ་དྲིན་ལན་ལོག་འཇལ་དང་གཅིག ཡང་སྐཡར་བཀའ་བློན་གྱི་གོ་གནས་རྔམས་པ་དང་གཉིས། ཨ་མདོའི་ལུང་འཁྱེར་བྱས་པ་དང་གསུམ། སྤྱི་འཐུས་ཟླ་ཚེ་དང་། སྤེན་ཚེའི་ཁ་དབང་དུ་ཤོར་གསུམ་ལས། མོ་རང་གི་མི་ཚེ་དེ། འོག་རྟ་བཞག་ནས་བོང་བུ་བཞོན་དུ་ཕྱིན་པ་རེད།
༡༠༽ དང་པོ་བགྲོ་གླེང་སྡིང་ཆར་ཕེབས་འདོད་མ་བྱས་པ། གཉིས་པ་བགྲོ་གླེང་རིམ་པའི་ཞལ་རྫུན་གསུངས་པ།
དེ་གཉིས་ཀ་ལ་ལན་མེད།
༡༡༽ དུས་དབང་གི་གནས་ཚུལ་གཙང་མ་ཆགས་མེད་པ།
འདི་བདེན་པ་མ་རེད།
༡༢༽ དེ་རིང་ན་ཆུང་གཉིས་ཀྱི་རང་ལུས་མེར་སྲེག་བཏང་། སང་ཉིན་སྲིད་སྐྱོང་གིས་སྲང་ལམ་དུ་གཞས་བཏང་བ།
འདི་མ་ཉེས་ཁ་གཡོག་ཏུ་འདོད།
༡༣༽ འོས་བསྡུའི་ལས་རིམ་ནང་སྒེར་གྱི་ཆེད་དུ་གཞུང་གི་ཡོད་ཚད་བེད་སྤྱད་པ།
འདི་ལ་ངོས་ལེན་མེད།
༡༤༽ འོས་བསྡུའི་དྲིལ་བསྒྲགས་རྒྱལ་བའི་མཚན་བེད་སྤྱོད་མང་དྲགས་པ།
འདིའི་སྐོར་ལ་མི་ཤེས།
༡༥༽ བོད་ལ་རྒྱལ་ཁབ་བྱུང་མྱོང་མེད་ཅེས་བཤད་པ།
འདི་ནི་སྐད་ཆའི་ཟུར་གཅིག་འཁྱེར་འོངས་པར་འདོད།
༡༦༽ ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། ཆེད་ལས་པ་འབུམ་བཏོན་རྒྱུའི་ཁས་ལེན་རྒྱབ་སྐྱུར་བྱས་པ།
འདི་ལ་ངོས་ལེན་མེད།
༡༧༽ རང་བཙན་དང་དབུ་མའི་ལྟ་བ་ངེས་གསལ་མེད་ལ། དེ་གཉིས་ལ་འགལ་བ་བྱུང་དུས་བར་འདུམ་བྱས་མེད་པ།
བློ་སེང་གི་དབུ་མའི་ལྟ་མཐའ་གཅིག་ཏུ་རྒྱབ་གནང་ཡོད་པ་དང་། བར་འདུམ་དགོས་ཡ་ཅིག་ཆགས་མྱོང་མེད།
༡༨༽ འཛིན་སྐྱོང་གི་ལས་དོན་སྤྱི་ཡོངས་ལ་གྲུབ་འབྲས་བྱུང་མེད་པ།
འདི་ལ་སྐྱོན་ཆ་མེད་པ་མ་ཡིན་ཡང་། འདི་ལ་ངོས་ལེན་བྱེད་མཁན་མེད།
༡༩༽ མ་འོངས་པའི་ལས་འཆར་མེད་པ།
ལོ་བཞི་ལྔའི་སྔོན་ན་དུས་ད་ལྟའི་བར། འཆར་སྣང་མ་ཎི་གྲངས་གྲངས་བྱས་པ་མ་གོ་བས་རྒྱུ་མཚན་ཅི་ཡིན་ནམ།
༢༠༽ ནམ་རྒྱུན་ནས་ནོར་འཁྲུལ་ཁས་ལེན་མ་བྱས་པ་དེ་ནོར་འཁྲུལ་ཆེན་པོ་བཟོས་པ་བཅས་སོ།
སྐྱོན་བརྗོད་བྱས་ཚད་ལ་ནོར་འཁྲུལ་མེད་ན། ནོར་འཁྲུལ་ཁས་ལེན་ག་རེ་བྱས་ནས་བྱེད་དགོས་རེད།།
དབུས་གཙང་མི་དམངས་ལ་དྲན་སྐུལ།
བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འདེམས་ནི་སྔར་ལས་འཁྲུགས་ཆ་དོད་པ་ཆགས་ཤིང། ད་ལྟའི་ཆར་སྔོན་འགྲོ་ལས་ཀྱང་དངོས་གཞི་འཁྲུགས་་ཆ་ཆེ་བར་གྱུར། འཁྲུགས་ཆ་ཆེན་པོ་ཡོད་པ་དེ་དགའ་འོས་པ་ཞིག་ཡིན་ཀྱང། འདས་པའི་ཟླ་འགའ་ཞིག་ནང་སྤྱི་ཚོགས་ཀྱི་ཕྱི་ནང་གསང་གསུམ་ལ་ཞིབ་ལྟ་དང་མྱུལ་ཞིབ་བྱེད་སྐབས། དབུས་གཙང་མི་དམངས་ལ་དྲན་སྐུལ་འགའ་ཞིག་མ་ཞུ་ཐབས་མེད་ཆགས་སོང།
དང་པོ། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་དང་ཁོང་གི་རྒྱབ་སྐྱོར་བ་སྐོར་ཞིག་གིས་སྡིག་པ་མིག་འཚུམ་གྱིས་དབུས་གཙང་མི་བེད་སྤྱོད་བཏང་ནས་དབུས་གཙང་པ་ཕམ་ཐབས་བྱེད་ཀྱི་འདུག དཔེར་ན། སྐད་ཆ་དང་། བརྙན་འཕྲིན། པར་རིས་རྙིང་པ་བཀོལ་ནས་མགོ་སྐོར་གཏོང་བཞིན་པ་དང་། དགོས་དབང་གིས་ཚད་ལས་བརྒལ་བའི་ཟོལ་བསྟོད་དང་། གཡོ་ཇུས་བཅོས་སླད་ཀྱིས་གུས་བཀུར་ཆེ་མཐོང་ཡོད་མདོག་གིས་ར་སྤུས་བཟོས་པའི་འུར་རྡོ་ར་མགོ་ལ་ཞུ་ཐབས་བྱེད་ཀྱི་ཡོད་པ་ངེས་པར་ཤེས་དགོས།
གཉིས་པ། དབུས་གཙང་པ་ཞིག་གིས་བློ་སེང་གེ་ལ་རྒྱབ་སྐྱོར་མ་བྱས་ན། ཆོལ་ཁའི་འཐེན་འཁྱེར་ཡིན་ཚུལ་གྲགས་ཤིང། ཁམས་པ་ཞིག་ཡིན་ན་ངེས་པར་བློ་སེང་གེ་ལ་རྒྱབ་སྐྱོར་བྱེད་པ་དང་བྱེད་དགོས་ཚུལ་དེ་ཆོལ་ཁའི་ལ་རྒྱ་ལས་འཐེན་འཁྱེར་དུ་མི་བརྩིས། འོ་ན། ཆོལ་ཁ་གཅིག་སྒྲིལ་ཟེར་བ་དེ་དབུས་གཙང་པ་གཅིག་པོར་བདག་པའི་ལས་འགན་ཞིག་རེད་དམ། གནད་དོན་འདི་ཐད་ནས་དབུས་གཙང་པ་ཚོས་ངེས་པར་དུ་སོ་སོ་གང་དུ་འཐེན་ཞིང་ཚུད་ཐབས་བྱེད་ཀྱི་ཡོད་པ་ཤེས་དགོས།
གསུམ་པ། དབུས་གཙང་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལས་ཐོག མི་དམངས་དཀྱིལ་མ་ཚོས་སྤེན་པ་ཚེ་རིང་ལགས་རྒྱབ་སྐྱོར་བྱས་ན་ཁོང་གི་རྒྱུགས་ཁྱི་ཆགས་ཚུལ་བརྗོད་པ་དང་། དེ་ལས་ལྡོག་ཏེ་བློ་སེང་གེ་ལ་རྒྱབ་སྐྱོར་བྱས་ན་རྒྱུགས་ཁྱི་མི་ཆགས་པའི་གནས་ལུགས་ཤོད་རྒྱུ་ཡོད་མེད་ལ་ངེས་པར་དྭོགས་སློང་བྱེད་དགོས།
བཞི་པ། དབུས་གཙང་གི་མིང་འཁྱེར་ནས་དབུས་གཙང་དབར་དཀྲུགས་ཤིང་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་ཚུལ་ཙམ་གྱི་གཞན་དབང་དུ་གྱུར་ནས་འོས་འཕེན་གྱི་ཐོབ་ཐང་སྤྱོད་པ་ནི། འོས་འཕེན་གྱི་ཐོབ་ཐང་མེད་པ་ལས་ཀྱང་སྡུག་གི་ཡོད་པ་ཤེས་དགོས། དབུསགཙང་པ་ཚོས། བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པའི་དམ་བཅའ་དགོས་སོ།།
ཕྱི་ལོ་༢༠༡༦ཟླ་༠༣ཚེས་༠༨རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་དབུས་གཙང་པ་ན་གཞོན་ཞིག་གིས་ལྷག་བསམ་གྱིས་ཕུལ།
གྲོས་ཚོགས་ནས་བསྟོད་པ་མི་འདུག། བཀའ་བློན་རེ་བཟུང་ལ་དམིགས་ནས་བཤད་ཡོད་ཟེར། གོང་ས་མཆོག་ལ་གྲོས་ཚོགས་ཀྱི་བཀར་ཡོད་ཟེར་ཞུས་པ་ཡིན་ཟེར། མི་བདེན་བསམ་ན་ཁྱེད་ཚོས་ཚོགས་གཙོས་བསྟོད་ཡོད་ཟེར་ལུང་འདྲེན་བྱེད་བཞིན་པའི་བརྙན་ཐུང་དེ་ལ་ལྟོས་དང་། ངོ་མ་གཏམ་དྲང་པོ་འཁྱོགས་པོར་བསྒྱུར་མཁན་དེ་ཚོ་སྨྱོ་བ་འདྲ། ཨ་ཁ།
སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལ་བོད་ནང་ལ་སྐོར་ནས་ཅི་ཡང་གསུང་རྒྱུ་མི་འདུག མ་གཞི་ནས་བློ་སེང་ཁོ་རང་མ་འོང་པ་མེད་པའི་མི་ཞིག་རེད་འདུག
བདེན་པའི་རྒྱབ་ལངས་ལགས་ཀྱིས་སྤེལ་པ་ལ་རྒྱབ་སྐྱོར་བྱེད་།དེ་མིན་ད་རོང་རང་སྐད་རང་ཡིག་མི་ཤེས་བ་དང་ཉེར་གཅིག།རང་ཡིག་གཙིགས་སུ་མི་འཛིན་པ་དང་ཉེར་གཉིས’