ཞོགས་པ་རེ་བཞིན། ནམ་མཁའ་སྐྱ་རིལ་མ་ཡར་ལངས་པ་ན། མི་མང་ལངས་གླུ། ཐེངས་རེར་ཐོང་།
དགོང་མོ་རེ་བཞིན། མཚན་མོའི་མཛའ་མོ། མགྲོན་དུ་མ་བསུས་སྔོན། ཉིན་རེའི་དགེ་རྩ། སྡུག་བསྔལ་གྱིས་མནར་བའི་མར་གྱུར་སེམས་ཅན་ཐམས་ཅད་དུ་དོན་དུ་སྔོས།
མི་མང་ལངས་གླུ་གཏོང་མི་ཤེས་པ་ཚོས། མགོ་སེར་འདི་ཚོའི་རྩ་ནས་སློབ་སྦྱོང་བྱོས།
ངོ་ཚ་ཡས་འབར་མ་ཐལ་ན་ཨ་མའི་ཤ།
ཁྱེད་ངོ་ཚ་ནོ་ཁག་མེད་གི་ཡ་། ང་སོ་ར་ངོ་ཚ་ཡས་ད་འབར་ཐ་འབར་ཐ་། སང་ཉིན་ནས་གློག་ཀླད་ཀོ་ཁ་ཕྱེས་ཁོམ་རེ་ཡོད་དུས་རེ་རེ་ལེན་རྒྱུ་ཡིན་། མདའ་ཚན་པ་ལགས་སུ་ཐུགས་རྗེ་ཆེ་ཞུ་།
ངག་གྲོལ་པ་རྣམས། ཁྱེད་ཚོའི་ཁ་དྲོ། ཚེ་རིང་། དངོས་གནས་མ་ཤི་བསྡད་ན་རིག་རྒྱུ་གོ་རྒྱུ་མང་པོ་གདའ།
མི་དམངས་ལངས་གླུ་དང་འབྲེལ་བའི་ཡུལ་གྱར་བའི་ལས་དབང་།
ཡུལ་གྱར་བའི་ངོས་ནས་སྐྱོན་དང་ཡོན་ཏན་གཉིས་ཀ་མྱོང་གིན་ཡོད་མོད། མང་ཆེ་བའི་ཡོན་ཏན་གྱི་ཕྱོགས་མ་གཏོགས་སྐྱོན་ཆ་གླེང་གི་མི་འདུག ཅིག་བྱས་ན། དེ་ནི་བོད་མིའི་གཤིས་ཀ་ཡིན་སྲིད། སྐྱོན་བཤད་ན་ཡོན་ཏན་ནི་ཡོད་ཡོད་པ་ཡིན། དེའི་ཕྱིར། ལྟ་སྟངས་དེ་ནི་ངས་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ངས་འདིར་སྐྱོན་གྱི་ཕྱོགས་འགའ་ཞིག་གླེང་བར་འདོད། རང་ཡུལ་གཞན་གྱི་ལག་ཏུ་ཤོར། ཐབས་ཟད་ཨུ་ཐུག་བྱས་ཏེ་གཞན་ཡུལ་དུ་འཁྱམས། ཁ་ཕྱིར་འཁོར་ཏེ་རང་ཡུལ་དུ་འགྲོ་ཟེར་ན། རི་བྱ་ཐོན་ནས་ཡུལ་བྱ་ཕུད་ཅེས་པ་ལྟར། མི་གཞན་གྱིས་ས་བཟུང་ཚར་བའི་འགྲོ་ས་མེད། གཞན་ཡུལ་དུ་ལོ་ག་ཚོད་སོང་ཡང་ས་ཆ་རང་ལ་མི་དབང་བར་གླ་ཆ་བཏང་སྟེ་འདུག་དགོས། དེའི་སྟབས་ཀྱིས། ལྕི་མོས་ལྕི་མོ་མནན་ན་མར་ནག་གི་ཁུ་བཙུར་ཞེས་པ་བཞིན་དངུལ་དངོས་ལ་མ་འབད་རང་འབད་བྱུང་། དངུལ་དངོས་བཙལ་སྟངས་ཐད་ནས་ཐབས་སྐྱོ་བོ་འབྱུང་གིན་འདུག གང་གིས་ཞེ་ན། ༡》 ཕ་ཡུལ་ནས་ལེན་པ། ༢》 ལས་ཁུངས་དང་ཟ་ཁང་། མགྲོན་ཁང་སོགས་གླ་བྱས་ཏེ་བཙལ་བ། ༣》 རོགས་སྐྱོར་ཁག་ནས་ལེན་པ། ༤》 ཕྱི་གླིང་དགའ་རོགས་བཙལ་ནས་ལེན་པ་སོགས་གནས་སྐབས་རང་ཁ་སོས་པ་ཙམ་ལས་རྨང་གཞི་བརྟན་པོ་ཞིག་རྩ་བ་ནས་འབྱུང་གི་མེད། དངུལ་དངོས་ཕར་འགྲོ་ཡུལ་ནི་ལུང་པ་དེའི་ནང་དུ་ཐིམ་འགྲོ་བ་ཡིན། དེ་ནི་ཕྱོགས་གཅིག་ནས་བལྟས་ན། ཁོང་ཚོར་ཞབས་འདེགས་ཞུ་བའི་ཆེད་དུ་སླེབས་པ་འདྲ་བོ་ཆགས་ཀྱི་ཡོད། ཁང་བ་དང་ཟ་མ། འགྲུལ་བཞུད་གླ་ཆ་ལྟ་བུ་ཉིན་རེར་གོང་ཆེར་བཏང་སྟེ་ང་ཚོའི་སྐེ་བཙུར་གྱིན་ཡོད་པ་ཧ་ཅང་གི་ཛ་དྲག་གི་གནས་བབས་ཤིག་རེད། དང་པོ་ང་ཚོའི་གནས་སྟངས་འདི་ལ་བསམ་བློ་བཏང་སྟེ་དཀའ་ངལ་འདིའི་རིགས་སེལ་མ་ཐུབ་པར་གཞན་གྱི་དོན་སེམས་འཁུར་བྱེད་པ་ནི་རུལ་མ་སྡེ་ལས་མཁས་ཟེར་བ་ཆགས་ཀྱི་མེད་དམ་བསམ་གྱི་འདུག གཞུང་གིས་སྐད་ཆ་རྫིག་པོ་བཤད་ལག་ལེན་ལ་མི་དམངས་ཀྱི་འཚོ་བ་དངོས་ལ་ཆ་རྒྱུས་དང་སེམས་འཁུར་རྩ་བ་ཉིད་ནས་མེད་ན་ག་འདྲ་ཆགས་ཡོང་ངམ། མི་དམངས་ཀྱི་བདེ་སྡུག་ལ་ལྟ་རྟོག་བྱེད་པ་ནི་གཞུང་གི་ལས་འགན་གཙོ་བོ་ཞིག་ཡིན། དེ་མིན་རྐུབ་སྟེགས་སྟེང་ན་རྟག་པར་སྡོད་མཁན་ཞིག་དགོས་ན། ལྷ་སྐུ་ཞིག་གཞུང་གི་ལས་བྱེད་དུ་བསྐོས་ན་འོས་འཚམ་མ་རེད་དམ། དེ་བཞིན་སྤྱི་དོན་ཁ་འཁྱེར་གྱིས་སྒེར་གྱི་ཚོགས་པ་འདྲ་མིན་བཙུགས་ཏེ་ཁ་གཡང་སྙན་མོ་སྣ་ཚོགས་འུར་སྒྲོག་གིས་མི་དམངས་བསླུ་བྲིད་བྱས། དོན་དངོས་ལྷག་བསམ་ལྡན་པའི་མི་ནི་འབུར་འཇོམས་བྱས། སྣ་གང་ཐད་ནས་རང་གི་ཆེ་མཐོང་དང་དཔལ་འབྱོར་བསྡུ་རུབ་སོགས་ཀྱི་ཕྱོགས་ལ་ས་འོག་དར་འཐག་གི་ལས་འགུལ་སྣ་ཚོགས་བྱེད་ཀྱིན་ཡོད་པ་མི་དམངས་ཀྱི་གོ་རྟོགས་སད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་ཡོད། དེང་དུས་ཀྱི་སྤྱི་ཚོགས་ལ་མི་བསྟུན་པའི་སྤྱི་ཚོགས་རྙིང་བའི་ལམ་དང་ལུགས་སྲོལ་ཁ་ལ་འཁྱེར་ནས་མི་དམངས་ཉམ་ཆུང་ཤེས་ཡོན་མེད་མཁན་ཚོར་མགོ་བསྐོར་སྣ་ཚོགས་བཏང་སྟེ་སྒེར་བའི་མཚན་སྙན་དྲིལ་བསྒྲགས་དང་དཔལ་འབྱོར་བསྡུ་རུབ། ཤེས་ལྡན་འབུར་འཇོམས་དང་མང་ཚོགས་དབུལ་བཟོ་བཅས་བྱེད་པ་ལས་ཡུལ་གྱར་བའི་ལས་དབང་ལ་སེམས་འཁུར་མི་བྱེད་པར་རྡོག་རོལ་གཏོང་མཁན་ལ་རྒོལ་བ་ཇི་ཙམ་བྱས་པ་དེ་ཙམ་གྱིས་ང་ཚོའི་མི་རིགས་ལ་ཁེ་ཕན་ཐོབ་ཀྱི་ཡོད། དེ་མིན་གཉའ་ཇི་ཙམ་ཞུམ་པ་དེ་ཙམ་གྱིས་རང་ཉིད་རང་གིས་འཆི་ལམ་དུ་འདེད་ཀྱིན་ཡོད། དེའི་ཕྱིར། ངས་ཐ་ཚིག་འདི་བསྒྲགས་ན་འདོད། གཞན་གྱི་གཉའ་གནོན་འོག་སྡུག་བསྔལ་མྱོང་མི་འདོད་པའི་འཛམ་གླིང་མི་མང་རྣམས་མཉམ་འབྲེལ་གྱིས་ཤིག
གཏམ་འཁྱལ་སྤེལ་བ།
སྡེ་དགེ་འཇིགས་མེད་ཁོ་བོས་བྱ་སྤྱོད་ངན་པ་དེ་ཆོ༹་རེ་རེ་ངས་མི་བཤད། ཡིན་ན་ཁོ་བོས་སོ་སོར་རྐང་པ་གཉིས་བཅུ༹གས་བྱས་པ་དེ་ཆོ༹་སྣང་མེད་དུ་བཏང་སྟེ། ཁོ་བོས་ད་དུང་མ་ཡིན་ཡིན་མདོག་བྱས་ནས་བོད་མི་སྤྱི་ཆོ༹གས་ཁྲོད་ཕུ་དཀྲུག་མདའ་དཀྲུག་གི་གཏམ་འཁྱལ་ངན་པ་ཁྱབ་སྤེལ་བྱས་འདུག་པས་ཤིན་ཏུ་ངོ་ཆ༹།
ཁོ་བོ་ཁ་དང་ཁོག་གཉིས་དངོས་སུ་འགལ་བ་ཇེ་གསལ་དུ་འགྲོ་གི་ཡོད་པ་མ་ཆ༹ད་ང་ཆོ༹ས་ཁོ་བོས་གཏམ་འཆལ་ནང་ནས་མངོན་སུམ་དུ་རྟོགས་ངེས།
གང་ཡིན་ཟེར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བླ་ཆེན་རྣམ་པ་དང་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་གནང་གི་ཡོད་པར་ཀུན་གྱི་མཁེན་གསལ་རེད།
དེར་བརྟེན་ཁོ་བོས་གཏམ་འཆལ་ནང་དོན་ལྟར་ན། རྒྱུ་མཆ༹ན་སྤུ་ཅ༹མ་མེད་པའི་ཐོག་ཡ་ང་བའི་ཤུལ་ལུས་བོད་རིགས་སྤུན་ཟླ་རྣམས་ལ་རྩིས་མེད་རྡོག་རིལ་བཏང་རྗེས། ད་དུང་ཁོ་བོས་འགྲེལ་བཤད་བྱས་དོན་ཉམ་ཐག་ཤུལ་ལུས་སྤུན་ཟླ་རྣམས་ལ་རོགས་སྐྱོར་མི་དགོས་པའི་རྒྱུ་མཆ༹ན་བཀོད་པ་དེ་ནི་ཁོ་བོ་རྒྱ་དམར་གྱི་ལོག་སྤྱོད་ལྡན་པ་མ་ཆ༹ད་ངོ་མ་རྒྱ་མི་སོ་པ་ཡིན་པར་ཀུན་གྱི་མངོན་སུམ་དུ་མཐོང་ཐུབ།
དེ་ཡང་མ་ཟད་ཁོ་བོས་ང་ལ་ལུང་སྟོན་ཡིན་མདོག་གི་འགྲེལ་བཤད་བྱས་པ་དེ་ཆོ༹་ངས་དུས་ནམ་ཡང་ཉན་མི་སྲིད་པ་མ་ཆ༹ད་ཁྱེད་ཀྱིས་སྲིད་དོན་གྱི་ཟློས་གར་འཁྲབ་པ་དེ་ཡང་གད་མོ་ཤོར་གྱི་འདུག། དེ་རིང་དེ་ཅ༹མ་འཇོག་རྒྱུ་ཡིན། སྤྱིར་བོད་མིའི་སྤྱི་ཆོ༹གས་ཁྲོད་དཀྲུག་གཏམ་སྤེལ་མཁན་ཁྱེད་ལྟར་བུ་གཅིག་ལས་མང་དྲག་མེད་ན་ཅི་མ་རུང།
ཁོ་བོས་གཏམ་འཁྱལ་དེ་ཆོ༹་བོད་ཀྱི་དུས་བབ་ནང་ནས་ཤེས་པར་གྱིས་ཤིག།།