http://www.tibetanparliament.org/files/HHreply/hhreply.pdf
༡ རྒྱ་གཞུང་གི་གཞུང་འབྲེལ་གཏམ་བཤད་ཀྱི་མི་མཐུན་གྱི་རླུང་གིས་གཡོ་མ་ཐུབ་པ།
༢ ཟམ་གདོང་བླ་མའི་བཀའ་གང་གསུང་སྒྲུབ་ཀྱི་ཡིན་ཁ་ལ་ཁྱེར་ནས་དཀའ་ངལ་མང་པོ་ཞིག་བགྲང་སྟེ་གྲོས་ཚོགས་ཀྱི་གཤོག་འོག་ལ་རླུང་བརྒྱབ་པས་གཡོ་མ་ཐུབ་པ།
༣ གྲོས་ཚོགས་ཀྱི་ལྟ་རྒྱ་དང་བློ་རྒྱ་ཐུང་བའི་གྲོས་ཆོད་ཀྱིས་གཡོ་མ་ཐུབ་པ།
ངོ་མཚར་ཆེ་བའི་ཐུགས་བསྐྱེད།
ད་བར་དུ་བོད་མི་དམངས་ལ་གནང་བའི་དམངས་གཙོའི་སྒྲོམ་གཞི་དེ་ནི། གལ་སྲིད་རྔན་པ་ཞིག་ཡིན་ན། དེ་ནི་དངོས་པོ་ཞིག་གི་རིན་ཐང་ལས་མ་འདས། ད་རེས་གནང་བའི་དམངས་གཙོའི་རྔན་པ་དེ་ནི། མི་དམངས་ལ་རྣམ་དཔྱོད་དང་ནུས་པའི་རྔན་པ་ཞིག་ཡིན་པས། བོད་མིའི་ཕུགས་རྒྱང་ལ་ཕན་པའི་རྔན་པ་ཇི་འདྲའི་ཡག་པོ་ཞིག་གནང་བ་མ་རེད་དམ། སྔོན་མའི་དམངས་གཙོའི་རྔན་པ་དེ་ང་ཚོས་ལོངས་སུ་སྤྱོད་དགོས་བྱུང་ན། སྐུ་ཉིད་ཀྱི་རྣམ་དཔྱོད་དང་ནུས་པ་ལ་མ་བརྟེན་པར་ལོངས་སུ་སྤྱོད་ཐབས་བྲལ་བའི་རྔན་པ་ཞིག་རེད། དེ་བས་དེ་ནི། དམངས་གཙོའི་རྔན་པ་ངོ་མ་ཞིག་རེད་མི་འདུག ད་རེས་ཀྱི་དམངས་གཙོའི་རྔན་པ་དེར་ལོངས་སུ་སྤྱོད་དགོས་བྱུང་ན། བོད་མི་རང་ངོས་ཀྱི་རྣམ་དཔྱོད་དང་ནུས་པ་ལ་ཐུག་ཡོད་པས་དམངས་གཙོའི་རྔན་པ་དངོས་གནས་པ་ཞིག་རེད།
སྔོན་མའི་སྐབས་སུ། ཁྱེད་རང་དམངས་གཙོ་མར་གནང་མཁན་རེད་ལ། དམངས་གཙོར་དངོས་སུ་ལོངས་སུ་སྤྱོད་སྐབས། ཁྱེད་རང་གི་རྣམ་དཔྱོད་དང་ནུས་པ་དེ། རང་བཞིན་གྱིས་དམངས་གཙོའི་འགོག་རྡོར་གྱུར་ཡོད་པ་རེད། རྒྱུ་མཚན་ནི། ཁྱེད་རང་གི་རྣམ་དཔྱོད་དང་ཟིལ་ཤུགས་ཀྱིས་ཁྱེར་ཏེ་མི་དམངས་ལ་རྣམ་དཔྱོད་དང་ནུས་པ་འདོན་ཡུལ་བྲལ་བས་སོ།
ད་རེས་ཡིན་ན། དམངས་གཙོའི་་འགོག་རྡོར་གྱུར་ཡོད་པའི་དམངས་གཙོའི་དབུ་ཁྲིད་ཁྱེད་རང་གིས་རང་གིས་རང་ཉིད་ཟུར་དུ་བསལ་ཏེ་མི་དམངས་ལ་གོ་ཡངས་པོ་ཞིག་ཕྱེས་པ་འདི་ལས་བཀའ་དྲིན་ཆེ་བ་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོ་རིན་ཆེན་གསེར་གྱིས་བཀང་ནས་ཕུལ་ཡང་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་གཞལ་བའི་གོ་སྐབས་ག་ལ་ཡོད་དེ་མེད་དོ།
ང་ཚོའི་མདུན་དུ་བསྲིངས་པའི། དམངས་གཙོའི་ཐང་ག་དེ་ཇི་འདྲའི་ཆེ། ཇི་འདྲའི་ཡངས། ཇི་འདྲའི་རིང་། ཇི་འདྲའི་དཀའ་ཁག་ཆེ་བ་ཞིག་ཡིན་སྲིད། ཡིན་ནའང་། བཀའ་དྲིན་ཆེ། ལས་དབང་གི་ལྷ་སྐལ་ལགས། ཐུགས་གཡེང། རྩ་ནས་མ་གནང་རོགས་གནང་། ངེད་ཚོ་ནུར་དགོས་ན་ནུར། གོག་དགོས་ན་གོག ལངས་ཐུབ་དུས་ལངས་ནས་འགྲོ་གི་ཡིན།
བོད་མི་དམངས་ལ། རེ་བ་ངོ་མ་དེ། ད་ལྟ་གཞི་ནས་མགོ་ཚུགས་པ་རེད། འོབས་སུ་ཐེངས་རེ་ལྷུང་གི་རེད། ཤེས་རབ་ཐེངས་རེ་འཕེལ་གི་རེད། འཚོ་བའི་ཉམས་སད་ངོ་མ་དེ་ད་ལྟ་མགོ་ཚུགས་པ་རེད། སྐུ་ཉིད་ལ་མཚོན་ནའང་། ཆབ་སྲིད་ཀྱི་སྒྲོམ་ལས་ཐར་བས་རང་དབང་གི་གོམ་ཁ་ཡང་དུ་ཕྱིན་པ་རེད། མཚན་སྙན་གྱི་གྲགས་པ་སྔར་ལས་རྒྱས་མགོ་ཚུགས་པ་རེད།
བཀྲ་ཤིས་པའི་ཉི་མ། དོན་འགྲུབ་པའི་ཉི་མ། རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉི་མ། ང་ཚོ་རང་རྐང་དུ་ལངས་ནས་རང་ལམ་འདེད་མགོ་ཚུགས་པའི་ཉི་མ།
རྩོམ་པ་པོ་མེད་པའི་རྩོམ་ཡིག་འདི་འོ་ཙམ་འདུག།རྩོམ་པ་པོ་སུ་ཡིན་གསལ་དགོས་པ་གལ་ཆེན་པོ་རེད་ལགས།ཁ་བརྡ་ཚང་དེའི་སྐོར་ལ་དོ་སྣང་དགོས་འདྲ།
གོང་གིས་ཟླ་བ་ཆོས་འཛོམས་ཀྱིས་གསུངས་པ་བདེན་པ་རེད་དངོས་གནས་རྩོམ་པ་པོ་སུ་ཡིན་མིན་མི་ཤེས་པ་རྩོམ་ཡིག་འདི་དག་སྤེལ་ཡོང་དུས་དངོས་གནས་ཡ་མཚན་རེད།
ལག་པའི་གང་འཛིན་འཛིན་ཐམས་ཅད་སྤེལ་མ་ཡོང་རོགས།
ཁ་བརྡ་ཚང་ལ་ཞུ
བསམ་འཆར་མིན་ལ་རེ་བ་ཡིན།
གོང་གི་རྩོམ་ཡིག་དེ་དངོས་གནས་ཡག་པོ་མཐོང་། བོད་མི་ཚང་མས་ཐུགས་བསམ་བཞེས་དགོས་པའི་དུས་སུ་སླེབས་ཡོད།
༧ གོང་ས་མཆོག་གི་ཐུགས་དགོངས་ལྟར་ང་ཚོས་རང་འགན་རང་གིས་བླངས་སྟེ་རང་དབང་བརྩོན་ལེན་བྱེད་
དགོས། བློ་མ་ཕམ། ཡིད་མ་ཆེད། ང་ཚོ་ལ་མ་འོངས་མདུན་ལམ་འོད་སྟོང་འབར་བའི་རེ་བ་ཡོད།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གི་རྣམ་དཔྱོད་དང་ཟིལ་ཤུགས་ཀྱིས་ཁྱེར་ཏེ་མི་དམངས་ལ་རྣམ་དཔྱོད་དང་ནུས་པ་འདོན་ཡུལ་བྲལ་ཟེར་བ་བདེན་པར་མ་མཐོང༌། དེང་དུས་ང་ཚོའི་སྤྱི་ཚོགས་སུ་ལྟ་བ་དང་ལངས་ཕྱོགས་ཐ་དད་འཛིན་མཁན་གྱི་སྒེར་དང་ཚོགས་པ་མང་པོ་ཡོད་པ་སྨོས་ཅི་ལ་དགོས། དེ་དག་ལ་རྣམ་དཔྱོད་དང་ནུས་པ་འདོན་ཡུལ་མེད་པར་གང་དུ་ལུས་འདུག
༸གོང་ས་མཆོག་ནི་བླ་ན་མེད་པའི་མང་གཙོའི་དབུ་ཁྲིད་ཅིག་ཡིན་པ་ལས། མང་གཙོའི་འགོག་རྡོ་རེད་ཟེར་བ་ནི་དོན་དངོས་དང་རྒྱབ་འགལ་དུ་སོང་འདུག
༈ ༧གོང་ས་མཆོག་གི་གསུང་འཕྲིན་མར་བཀའ་ཤག་ལ་ཕྱིར་སློག་གནང་བ་ལ་གུས་པས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། མ་འོངས་སྔོན་སུས་ཀྱི་དེ་འདྲའི་ཕྱག་ལས་བཟང་པོ་མཛད་པ་དེ་ལ་ཁྱེད་༧གོང་ས་ཐམས་ཅད་མཁྱེན་པ་ཡིན་པ་མངོན་སུམ་གྱི་ར་ཕྲོད་ཐུབ་ཀྱི་འདུག །དེ་བཞིན་༧གོང་ས་མཆོག་གིས་གསུངས་པ་ལྟར་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་ངེས་པར་ད་ནས་ཟུང་མཚམས་འཇོག་གནང་དགོས། །གང་ལ་ཞེས་༧གོང་ས་མཆོག་གི་བཀའ་ཡིན། ཁོང་༧སྐྱབས་མགོན་གོང་ས་མཆོག་གིས་ཐུགས་བསམ་རྒྱ་ཆེ་གཏིང་ཟབ་ཞིག་བཞེས་ནས་གསུངས་པ་ཞིག་ཡིན། དེ་ལ་ང་ཚོ་བོད་མི་ཚང་མའི་བརྩི་སྲུང་གནང་དགོས། བོད་རྒྱལ་ལོ།།